| Wylie | e-texts produced with BDRC’s OCR application |
རྣལ་འབྱོར་གང་ཡང་མེང།། དེ་ལས་ཅི་ཡང་བསམ་མེ་ཁྱབ།། གང་ཞིག་སྐོམ་པའི་རྣལ་འབྱོར་དེ།། གཉིས་མང་ཡེ་ཤེས་འགྲུབ་འགྱུར་རོ།། གསལ་རིག་མང་བ་ཆོས་ཀྱི་སྐུ།། དེ་ལྟར་ཕྲ་བའི་རྣལ་འབྱོར་པས།། ་མངོན་ཤེས་ཤརཱ་ཏེ་གཉིས་མེད་རྟོགསོ།། དགའ་བའི་རང་བཞིན་འབྱུང་འགྱུར་ལ།། བཏང་སྙོམས་འབྲས་བུ་ཐོབ་པའོ།། ཁ་ཅིག་ལྷ་མོ་བཞི་བསྒོམས་ནས།། ཁ་ཅིག་དག་གི་དོན་ལ་བརྟེན།། གཉིས་མང་སྒོམ་པ་མི་ཤེས་སོ།། ཞལ་ནས ་ཞལ་དུ་བརྒྱད་པ་ཡི།། ཞལ་གདམས་གཞན་ལ་ཕན་ཕྱིར་ནི།། རཱ་ཧུ་ལས་ནི་བཤད་པར་བྱས།། ཚད་མེད་བཞི་བསམ་གྱིས་མི་ཁྱབ་པ་སྒོམ་པ་ཞེས་བྱ་བ། སློབ་དཔོན་རཱ་ཧུ་ལས་མཛད་པ་རྫོགས་སྷོ།། ། རྒྱ་གར ་སྐད་དུ། ཧཱུཾ་ཀ་ར་ཙིཏྟ་བིནྡུ་བྷ་བ་ན་ཀྲ་ནཱ་མ། བོད་སྐད་དུ། ཧཱུཾ་ཡིག་སེམས་ཉིད་ཐིག་ལོ་བསྒོམ་པའི་རིམ་པ་ཞེས་བྱ་བ། ཡུམ་རྡོ་རྗེ་འཕག་མོ་ལ་ཕྱག་འཚལ་ལོ།། གཡས་དང་གཡོན་དང་དབུས་མ་ཡི།། གྱེན་ཐུར་གནས་པའི ་དྲུག་ལ།། དེ་རྣམས་ལ་ནཱི་སྤྲིན་དྲུག་འབེབ།། དྲི་དང་ཟླ་བཱ་སྨན་གཉིས་ནི།། གྱེན་ཐུར་གཉིས་ཀྱི་དབྱེ་བ་ཡིས།། རཱྀ་ས་ནཱ་ནས་ཡང་དགུ་རྒྱུ།། ཆུ་དོང་ཉི་མྦྷ་ཀུན་འདར་མཱ།། གླེན་ཐུར་གཉིས་ཀྱི་དབྱེ་བ་ཡིས།། སྔ་མ་བཞིན་དུ་ཡང་དག ་རྨྱི།། དབུས་མ་ཨ་བ་དྷཱུ་ཏཱི་ལི།། དབུགས་དང་སྒྲ་གཅན་མི་རྒྱུ་བ།། མེ་ངང་ཆུ་ཁམས་མགྲིན་པ་ཡི།། དུས་གསུམ་གནས་པའི་ཕག་མོ་མཆོད།། ཉི་ཟླའི་ཤུཀྲ་རཀྟ་ཡི།། ཐིག་ལེ་འཛིན་བྱེད་སྒྲ་གཅན་དང་།། སེམས་ཉིད་ཐིག་ལེ ་ཇི་ལྟར་དག། ཐིག་ལེ་དེ་ནི་གང་ལ་གནས།། འཁོར་ལོ་བཞི་ཡི་དབུས་སུ་ནི།། ཁ་སྦྱོར་པདྨའི་འདབ་བརྒྱད་ལ།། དེའི་དབུས་ཉི་ཟླ་ཁ་སྦྱོར་ལ།། ནཱ་ད་བོནྡྷ་རྣམ་པར་བརྒྱན།། གནས་པ་ཕྲ་ཞིང་ཡུངས་ཀར་ཆད།། ཡི་གེ་ཧཱུཾ་ཉིད་བསྒོམ་པར་བྱ།། ་དེ་ལས་འོད་འཕྲོས་ཐིག་ལེ་བཞི།། བང་འདབ་བཞི་ལ་འཕྲོ་བར་བསམ།། ཤཱར་གྱི་ཐིག་ལེར་མཁའ་འགྲོ་མ།། མི་སྐྱོད་ཆུ་ཡིས་རང་བཞིན་ནོ།། ནུབ་ཕྱོགས་ལ་མའི་ཐིག་ལེ་ནི།། གསལ་བའི་དྲི་ནི་རྣམ་སྣང་ངོ་།། ཁཎྜ་རོ་ཧ་བྱང་ཕྱོགས ་ཏེ།། བྱང་ཆུབ་སེམས་ཀྱི་ཐིག་ལེར་འཕྲོ།། ལྷོ་ཡི་ཕྱོགས་སུ་རཱུ་བ་ནི།། ཐིག་ལེ་དམར་པོ་བསྒོམ་པར་བྱ།། གནས་བཞིའི་འཁོར་ལོ་དག་པ་ཡི།། སྐྱེ་གནས་བཞི་ནི་དག་པར་བྱས།། དེ་ལྟར་འཕྲོས་པའི་འོད་ཟེར་གྱིས།། འགྲོ་དྲུག ་སེམས་ཅན་དག་པར་བསམ།། སླར་ཡང་ཐིག་ལ་ཐིམ་པ་ཡི།། སྦྱོར་བ་འདི་ལྟར་ཤེས་པར་བྱ།། ཐི་ག་ལ་བཞི་ནི་ཧཱུཾ་ཐིམ་པའི།། ཧཱུཾ་ནི་ཟླ་ཚེས་བསྡུ་བར་བྱ།། ཟླ་ཚེས་ན་མཁའི་ཐིག་ལེ་བསྡུ།། ན་མཁའི་ཐིག་ལེ་ཁོང་སྟོང་ལ།། ཉི་ཟླའི ་ཁ་སྦྱོར་ཐིག་ལེ་ནི།། གསལ་ཞིང་ཁ་དོག་དབྱིབས་དང་བྲལ།། རྣལ་འབྱོར་པ་ཡིས་བསྒོམ་པར་བྱ།། ཧཱུཾ་ཡིག་སེམས་ཉིད་ཐིག་ལེ་བསྒོམ་པའི་རིམ་པོ་ཞེས་བྱ་བ། སློབ་དཔོན་ནག་པོ་པ་ནས་བརྒྱུད་པའི། སློབ་དཔོན་དྷརྨཱ་པས་མཛད ་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། བྲྀ་ཀྲྀ་ཏི་སིདྡྷི་ནཱ་མ། བོད་སྐད་དུ། རང་བཞིན་གྲུབ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། མདོར་བསྡུས་པ་ཡི་རིམ་པ་འདི།། བྱང་ཆུབ་སེམས ་