| Wylie | e-texts produced with BDRC’s OCR application |
ནས་བརྒྱུད་པ། སློབ་དཔོན་མེ་ཀོ་ལས་གསུངས་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། སརྦ་དེ་བ་དྷ་ནི་ས་བཾ་ཀྲ་མ་མརྒ་ནཱ་མ། བོད་སྐད་དུ། ལྷ་ཀུན་གྱི་རྫོགས་པའི་ལམ་ཞེས་བྱ་བ། མཁའ་འགྲོ་རྣམས་ལ ་ཕྱག་འཚལ་ལོ།། མི་སྙན་དགྲ་སྔོགས་སྤངས་པ་ཡི།། དབེན་ཞིང་གསང་བའི་ས་ཕྱོགས་སམ།། ཡིད་དང་མཐུན་པའི་དགོན་པ་རུ།། རིམ་པ་འདི་བཞིན་བསྒོམ་པར་བྱ།། ཤིང་གཅིག་བྱང་ཆུབ་སེམས་ཡིན་ཏེ།། ཨ་བ་དྷཱུ་ཏིའི་ཆུ་འགྲམ་ལ། ་ལྟེ་བའི་གཏུམ་མོ་དུར་ཁྲོད་དོ།། རི་ཐོང་སྙིང་གའི་པདྨ་ལ།། དགོན་པ་རྣམ་སྣང་གནས་ཡིན་ཏེ།། ནགས་ཚལྔ་པདྨའི་གསང་བ་རུ།། བྷི་ཌ་དང་ནི་རྡོ་རྗེ་ཆུ།། བྱང་ཆུབ་སེམས་དང་བཞི་མཉམ་དོང་།། རིན་ཆེན་འབྱུང་ལྡན་འོད་དཔ་ག་མེད།། ཐིག ་ལེའི་གནས་ནི་དྲུག་ལ་བསྒོམ།། རྣལ་འབྱོར་པ་ཡི་སྒྲིབས་བསྟན།། དེ་ནིས་ལུས་ཀྱི་མཎྜལ་ནི།། རང་བཞིན་དྲི་མ་མེད་པའི་རྩ།། ལྷན་ཅིག་སྐྱེས་པའི་ཉམས་དང་ལྡན།། ཟླུམ་པོ་ན་མཁའ་ལྟ་བུ་སྟེ།། མཱཐེ་བོང་ཚད་ནི་བདེ་ཆེན་ལ།། ཨོཾ ་མམ་ཧཾ་གཉིས་གང་རུང་བསྒོམ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། མཎྜལ་བྱིན་གྱིས་བརླབས་བྱས་ནས།། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི།། རྣལ་འབྱོར་སྙིང་གའི་སྒྲ་གཅན་གྱི།། སྟེང་དུ་ཧཱུཾ་ནི་དུང་ཀ་བསམ།། མི་བསྐྱོད་པ་ཡི་རྒྱ་མཚོ་ལ།། ཨོཾ་ནི ་སྐར་མ་ལྟ་བུ་སྟེ།། སོ་སོར་རྟོག་པར་ཡེ་ཤེས་ནི།། མགྲིན་པའི་འཁོར་ལོར་བསམ་པར་བྱ།། བྱང་ཆུབ་སེམས་དང་རཀྟ་དང་།། མི་བསྐྱོད་ཆུ་ཡི་ཐིག་ལེའོ།། དེ་ལྟར་བྱིན་བརླབས་རྩ་བསྒོམས་ནས།། བསོད་ནམས་ཚོགས་ནི་བསགས་པའི ་ཕྱིར།། མཚན་མང་རྩ་དང་འཁོར་ལོ་བཞི།། ཕྱག་རྒྱ་བཞི་ཡི་རྒྱས་བཏབ་ནས།། ཐིག་ལོ་བཞི་ལོ་ཉམས་ལེན་བྱ།། ཚད་མང་བཞི་ཡིསོ་ཉམས་སྐྱེའོ།། དེ་ལྟར་རྣལ་འབྱོར་བཞི་སྒོམས་ནས།། རྫོགས་པའི་ཧཱུཾ་བསམ་བགེགས་བསྐང་ངོ་།། སྙིང ་གའི་ཁོང་སྟོང་དབུས་སུ་ནི།། བཾ་ལས་པདྨ་རཾ་ཉི་མ།། ཧཱུཾ་ལས་འབར་བའི་རྡོ་རྗེ་འཕྲོ།། ཕྱི་དང་ནང་བགེགས་མཚམས་བཅད་དོ།། དེ་ནས་རྣལ་འབྱོར་སྟེང་ཉིད་ནི།། སྐྱིལ་ཀྲུང་བཅས་ཞིང་ལུས་ཉིད་བསྲང་།། མིག་གི་དབང ་བོ་སྣ་རྩེར་གཏང་།། དངོས་པོ་ཐམས་ཅད་རྗེས་དྲན་ནས།། དྲི་མ་མེང་པའི་ནུ་མཁའ་ལ།། སྐར་མ་ལྟེ་བུའི་སེམས་ཉིད་ཀྱིས།། ཕྲ་རབས་ཙམ་གྱི་བདག་གཞན་བསྒོམ།། སྟོང་ཉིད་ལྟ་བ་བརྟན་བྱས་ནས།། རྟོགས་པའི་དབང་གི་རིམ་པ་བསྟན།། རྡོ་རྗེ ་དྲིལ་བུའི་སྦྱོར་བ་ཡིས།། དཀན་གྱི་ཕྱོགས་སུ་འགྱུར་ལྷ་མོ།། བདེ་བ་ཆེན་པོའི་ཟླ་རྒྱུན་ནི།། འབབ་བསམ་དབང་བསྐུར་ལུས་ཚིམ་མོ།། དེ་ནས་དཔའ་བོ་དཔའ་མོ་ཡིས།། གྲང་ཡང་དཔལ་ལྡན་འདུས་པའི་སྐུ།། དྲི་མེད་མེ་ལོང་གཟུགས་བརྙན ་དང་།། ན་མཁའི་སྐྱེས་བུ་ལྟ་བུ་ནི།། རང་བཞིན་ཁ་དོག་དབྱིབས་དང་བྲལ།། ཡེ་ཤེས་ལྔ་ཡི་རང་བཞིན་ནི།། ན་མཁའི་དབྱིངས་སུ་བསྒོམ་པར་བྱ།། དེ་ལྟར་རྫོགས་པའི་རིམ་པ་ནི།། སྐལ་ལྡན་རྣམས་ཀྱི་དོན་ཕྱིར་བརྩམས།། དེ་ཡིས་དགེ ་བ་གང་ཐོབ་པ།། འགྲོ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ།། ལྷ་ཀུན་གྱི་རྫོགས་པའི་རིམ་པ། གྷ་དྷ་རིས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། སོ་མ་སཱུརྱཱ་བནྡྷ་ནོ་པཱ་ཡ་ནཱ་མ། བོད་སྐད་དུ། ཉི་ཟླ་བཅིང་བའི་ཐབས་ཞེས་བྱ་བ། ་