| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དྷ་ཏུརྦྷ་དྷ་ནཱ་མ། བོད་སྐད་དུ། གསོར་འགྱུར་གྱི་རྩི་ཞེས་བྱ་བ། ཡུམ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ།། སྦྱིན་པོའི་ཕ་རོལ་རྫོགས་པའི་ཕྱིརརོ།། གསེར་འགྱུར་རྩི་ཡི་གདམས་པ་ནི།། ཉམས ་སུ་ལེན་པའི་གང་ཟག་ལ།། ཚོགས་ནི་བསག་ཕྱིར་བཤད་པར་བྱ།། བལ་པོ་སེའུ་སྨན་ཚ་དང་།། སའུ་རྱ་བསྲེ་ཀ་སི་ས།། ཆུང་སྐྱུར་དང་ནི་སྦྱར་བར་བྱ།། ཟངས་ཀྱི་སྣོད་དུ་ཞག་གསུམ་བཞག། དེ་ནས་བདུན ་གསུམ་ཉི་ཤུ་གཅིག། ཞལ་གྱི་གདམས་པའི་སྨན་ཅི་ཡིས།། སྲབ་མོའི་ལྕགས་རྣམས་ཟངས་སུ་འགྱུར།། དངུལ་ཆུ་དང་ནི་ཁམས་དང་།། སེམས་རྩི་དང་ནི་ལྕི་བ་ནི།། ལྡེ་གུར་བྱས་ནས་དེ་ཡི་དབུས།། ཟངས་མར་བཞག་ན་དངུལ་དུ ་འགྱུར།། རྟ་མིག་དང་ནི་ལུག་རུ་དང་།། རུ་སྦལ་ཤུན་ལྤགས་ཤི་ལར་བཅས།། བཞུས་པའི་གསེར་ལ་དངུལ་བཏབ་ནས།། དེ་རྣམས་བསྡུས་པའི་ཆ་བརྒྱད་ཀྱིས།། བཞུས་པའི་ཞ་ཉོ་བཏབ་བྱས་ནས།། ཟླ་བ་ལྟར་ནི་དངུལ་འགྱུར་རོ།། དངུལ ་དང་འཁར་བ་མཉམ་བྱས་ནས།། ཞ་ཉེའི་ཚད་དུ་བསྲེ་བར་བྱ།། ཕྱི་ལྷའི་སྣོད་ཀྱི་ནང་དུ་ནི།། ཞུ་བས་ཐམས་ཅད་དངུལ་དུ་འགྱུར།། ཤ་ཆེན་སྲང་ནི་བརྒྱད་དང་ནི།། ཞ་ཉེ་དཀར་པོ་དེ་དང་མཉམོ།། ས་ཛཱ་སྲང་གཉིས་སྨན་ཚ་དང་།། དུག་བསྲུང ་གཅིག་དང་དངུལ་ཆུ་མོཉམ།། གངས་ཅན་སྨན་ནི་ཁུ་བ་ཡིས།། སྔ་མའི་སྨིན་རྣམས་མཉེ་བར་བྱ།། ཐམས་ཅད་ར་དཀར་ནང་དུ་བཅུག། ཡང་ན་ཌཱ་སིའི་སྣོད་དུ་ནི།། ཁ་སྦྱོར་བྱས་ནས་བསྲེག་པར་བྱ།། སྨན་ཕལ་བར་དུ་བཞག་ནས་བཏོན།། ་དངུལ་ནི་ཟླ་ལྟར་གྲུབ་པར་འགྱུར།། སྐྱེས་པ་ཙམ་གྱི་ཤེའུ་ཡི།། བུ་རི་ཤ་ན་བླང་བྱས་ནས།། ཉི་མོ་ཞུ་ནས་བཏབ་པར་བྱ།། དེ་ནི་བཞི་འགྱུར་ཕྱེ་ཡིས་ནི།། ཞི་ཉེ་དཀར་པོའི་ཞུན་མོར་ལ།། བཏབ་ནས་ཆུ་སྐམས་དངུལ་དུ་འགྱུར།། སྨན་ཚད་དང་ནི་ཚ ་ལེ་དང་།། ཡ་བཀཱར་ས་ཛི་ཀ། རྩི་དཀར་སྨན་ནི་ཁུ་བ་དང་།། དུག་དང་ཧ་ནུ་མ་ཤ་ཏིའི།། ཆུ་ནི་མ་ཧེའི་ཞོ་དང་སྦྱར།། ཞག་གསུམ་ཞ་ཉེའི་ནང་དུ་བཞག། དུ་བ་མི་འབྱུང་ཐབས་ཀྱིས་བསྲེག། དངུལ་འགྱུར་འཕོངས་པའི་སྡུག་བསྔལ་སེལ།། དངུལ ་འགྱུར་སྦྱོར་བ་བཤད་བྱས་ནས།། གསེར་འགྱུར་བདུད་རྩི་བཤད་པར་བྱ།། གངས་ཅན་རི་བོ་རྣམས་ལ་ནི།། རུ་ཏནྟི་ཞེས་སྨན་མཆོག་གྲགས།། ལོ་མས་ས་ཕྱོགས་ཟིལ་མི་བྲལ།། གསེར་གྱི་མདོག་ཅན་ཁུ་བ་འཛག། ཞ་ཉེ་དཀར་པོ་དངུལ ་ཆུ་ལྡན།། ཐལ་སྦྱོར་ཞལ་གྱི་གདམས་པ་ཡིས།། རེག་པས་དངུལ་ཟངས་གསེར་དུ་འགྱུར།། དང་པོ་མེ་ཡིས་དངུལ་ཆུ་ཡི།། མི་འཆོར་པ་ཡི་སྦྱོར་བ་བྱ།། དེ་ནས་སྨན་གྱི་རྩི་ཤེས་ནས།། རྣལ་འབྱོར་གསེར་འགྱུར་འགྲུབ་འགྱུར་རོ།། མི་དང་། ་ལྷན་ཅིག་མ་གནས་ན།། གསེར་འགྱུར་འགྲུབ་པར་མི་འགྱུརརོ།། དེའི་ཕྱིར་ཁ་སྦྱོར་འཁོར་ལོ་ཡིས།། ཅི་ནས་དངུལ་ཆུ་བཅིང་བར་བྱ།། དེ་བཅིངས་གང་ཡང་གསེར་དུ་འགྱུར།། ཟོས་པས་ཐམས་ཅད་རྡོ་རྗེའི་སྐུ་རུ་འགྱུར།། གསེར་འགྱུར ་རྩིའི་གདམས་པ། སློབ་དཔོན་ན་ལིས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཙིཏྟ་ཙེ་ཏི་ལ་ཤ་པ་ནོ་པ་ཡ~ཾ། བོད་སྐད་དུ། སེམས་དང་སེམས་ཉིད་འདུལ་བའི་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ ་