CLOSE WINDOW

GT1231: snying rje sgom pa'i byin brlabs zhes bya ba
Wyliee-texts produced with BDRC’s OCR application

མི་སྤངས་པ་ཡི།། གང་ལ་མི་གནས་རྣལ་འབྱོར་དེ།། ཤེས་རབ་ཕ་རོལ་ཕྱིན་མ་ཡིན།། བླ་མ་བཞི་པའི་དགོངས་པའོ།། བདག་ཉིད་ཤུ་ལིའི་དགོངས་པ་ནི།། དམིགས་མེད་སྙིང་རྗེའི་རྣལ་འབྱོར་པ།། ་གཉིས་འཛིན་གཉིས་མེད་དོན་རྟོགས་ཅན།། ཟབ་མོའི་ཆོས་ཉིད་ལ་གནས་པས།། རྡོ་རྗེ་སེམས་དཔའི་གོནས་ཐོབ་འགྱུར།། རྟོག་པ་དང་བྲལ་དྲི་མ་མེང་།། རྣལ་འབྱོར་རོལ་པའི་ལྟ་སྤྱོད་ན།། ཆོས་རྣམས་རང་བཞིན་རྟོགས་གྱུར་ན།། ་བབེདེ་དང་སྡུག་བསྔལ་གཉིས་མདོ་རྟོགས།། དེ་ལྟར་རྟོགས་པས་རང་གྲོལ་འགྱུར།། རིན་ཆེན་ཕྲེང་བ་ཞེས་བྱ་བྱ། སློབ་དཔོན་སི་ལ་ཨ་ལིས་མཛད་པ་རྫོགས་སྷོ།། རྒྱ་གར་སྐད་དུ། ཀུ་རུ་ཎ་ཨདྡྷིཥྛཱ་ན་བྷ་བ་ན་ནཱ ་མཱ། བོད་སྐད་དུ། སྙིང་རྗེ་བསྒོམ་པའི་བྱིན་བརླབས་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། བླ་མའི་བྱིན་བརླབས་ཐོབ་གྱུར་པས།། སྐད་ཅིག་གཅིག་ལ་མཉམ་པར་རྟོགས།། རྒྱུད་སྡེ་རྣམས་ལ་མི་གསལ་བས།། ་སྙིང་རྗེ་སྒོམ་པའི་ཉམས་ལེན་བཤད།། རྣལ་འབྱོར་དེ་ཉིད་དྲན་བྱས་ནས།། མཚན་བཅས་མཚན་མེད་རང་བཞིན་གྱི།། སྙིང་གའི་དབུས་སུ་ཐིག་ལེ་ནི།། མུན་པའི་རབ་རིབ་བསལ་གྱུར་པ།། ཟླ་རྩེའི་སྟེང་དུ་བསམ་པར་བྱ།། རང ་བཞིན་བདག་པོ་རོལ་མཛད་པ།། དྲག་པོའི་གཟི་བོརྗིད་ཕྲེང་བས་བརྒྱན།། ཧེ་རུ་ཀ་དཔལ་མགོན་པོ་ཆེ།། བདུད་བཞི་ལས་ནི་རྣམ་པར་རྒྱལ།། ལྷན་ཅིག་སྐྱེས་པའི་དུར་ཁྲོད་གནས།། བདེ་བ་ཆེན་པོ་དགའ་བོའི་མཆོག། རོ་མྱང་ལོངས ་སྐུ་བྱུང་སེམས་ལྡན།། ཡི་གེ་རྒྱུ་མེད་ཡང་དག་གསུངས།། ལྷ་སྒོམ་ཕྲེང་སྔགས་མཚམས་གཅོད་དང་།། སྦྱིན་བསྲེག་ཀློག་སོགས་དགོས་པ་མེད།། རྟོག་པ་རྣམས་ནི་སྤང་བྱས་ནས།། འཇིགས་མེད་སྙིང་རྗེ་བསྐྱེད་བྱས་ལ།། སློབ་མ་དང ་ནིབདག་ཉིད་ཀྱི།། སྙིང་གར་བསྒོམས་པས་ཡེ་ཤེས་ནི།། ཐམས་ཅད་མཁྱེན་དང་མཉམ་པར་འགྱུར།། དེ་ཉིད་རྟོགས་པས་ཡང་དགུ་ཕྲེང་།། རྫུ་འཕྲུལ་བཞི་དྲོང་ས་བཅུ་ཐོབ།། ནམཁར་སྤྱོད་དེ་མི་སྣང་འགྲུབ།། སྐྱེ་བ ་དྲདུནུ་ཞིང་རང་སེམས་རྟོགས།། འདུས་དང་མྱ་འོངས་ད་ལྟར་ནི།། རླུང་རིག་གནོན་རིག་ཐམས་ཅད་ཀྱི།། མགལ་མེའི་འཁོར་ལོ་བསྐོར་བ་ལྟར།། སྣ་ཚོགས་སེམས་ཀྱི་རང་བཞིན་གྱི།། ཉམས་སྐྱེས་རྣལ་འབྱོར་གྲུབ་པཔོ་ཐོབ།། སྙིང ་རྗེ་སྒོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་ཏུ་ལོ་པས་མཛད་པ་རྫོགས་སྷོ།། རྨྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨ་བ་ཏཱ་རིནཱ་མ། བོད་སྐད་དུ།། ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་འབེབས་པ ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཐེག་པ་ཆེན་པོའི་བདག་ཉིད་ནི།། བདེ་ཆེན་རྒྱ་མཚོའི་བདུད་རྩི་ཡིས།། མཐའ་དབུས་མཉམ་པའི་ཚང་ན་དུ་སེལ།། དགའ་བ་ཆེ་ལ་ཕྱག་འཚལ་ལོ།། ཐེག་པ་རྣམས་ཀྱི་མཆོག ་བྱུར་པོ།། ཤེས་དང་ཤེས་བྱི་རོ་ཡེ་ཤེས་ནི།། གཞན་ལ་ཕན་ཕྱིར་རང་ལ་ནི།། བདག་གིས་གཏན་ལ་དབབ་པར་བྱ།། འཛིན་དང་འཛིན་བྱའི་རིག་པ་ནི།། སོ་སོའི་ལས་དང་རྣམ་པར་ལྡན།། དངོས་པོ་གཟུགས་ཅན་འཆིང་བར ་