CLOSE WINDOW

GT1228: rang bzhin grub med pa'i gzhi'i man ngag ces bya ba
Wyliee-texts produced with BDRC’s OCR application

པས་བསྒོམ་པར་བྱ།། བླ་མའི་ཞལ་གྱི་པདྨ་ལས་ཐོབ་གདམས་ངག་བྲོས།། བདག་ཉིད་གྲུབ་པ་གང་ཞོག་དག་པའི་འབྲས་བུ་དེས།། འགྲོ་དྲུག་ཉོན་མོངས་འདམ་ལས་བརྒལ་ཕྱིར་དྲི་མེད་པ།། བྱང་ཆུབ་སེམས་ལ་གནས་ཤིང ་གྲུབ་པ་ཐོབ་པར་ཤོག། ཐབས་དང་ཤེས་གཏན་ལ་ཕབ་པའི་དངོས་གྲུབ་བསྡུས་པ་ཞེས་བྱ་བ། སློབ་དཔོན་ཙམ་རིས་གསུངས་པ་རྫོགས་སྷོ།། ། རྒྱུ་གར་སྐད་དུ། སྭ་བྷཱ་བ་ཨོཾ་སིདྡྷི་ནཱ་མ་ཨུ་བ་དེ་ཤ། བོད་སྐད་དུ། རང་བཞིན ་གྲུབ་པ་མེད་པའི་གཞིའི་མན་ངག་ཅེས་བྱ་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཨོཾ་མ་ཇི་ལྟར་མཁས་པ་ཡི།། ལྷ་ཁང་འདི་ནི་བཞེངས་པར་བྱ།། ཀ་བ་གཅིག་ལ་སྒོ་དགུ་པའི།། ཤིང་མཁན་གང་གིས་ཁང་པར་བྱས།། ཇི་ལྟར་ནམ་ཞིག ་ལྷོ་ཁང་དེར་།། འཇིག་པར་འགྱུར་བ་མི་ཤེས་ན།། བྷཱུ་ཁང་ནང་ནསྣ་ཕུག་རོན་ནི།། གནས་ནི་གང་དུ་ཚོལ་བར་བྱེད།། ཇི་ལྟར་ནམ་ཞིག་ཝཱ་ཁྱོད་དེར།། འཇིག་པར་འགྱུར་བ་མ་ཤེས་ན།། གང་གིས་གཡོགས་ནི་ལྡན་ལ་ནལ་བྱས།། སྒོ་རབ ་བསྡམས་པ་དེ་ལྟར་ན།། ཀ་བ་སྲིན་གྱིས་ཟོས་པ་ན།། ཇི་ལྟར་ནམ་ཞིག་ལྷ་ཁང་དེར།། འཇིག་པར་འགྱུར་བ་མ་ཤིས་སོ།། གང་གིས་གཡོགས་ཤིང་ཞལ་ཞལ་བྱས།། ལྷ་ཁང་ནང་ནས་ཕུག་རོན་ནི།། གནས་ནི་གང་དུ་ཚོལོ་བར་བྱེད། ་མ་རེ་དང་སྦྲང་རྩིའི་ཟས་བྱིན་ཡང་།། རིགས་ངན་གྱི་ནི་སྤྱོད་པ་འདྲ།། དེ་བཞིན་རྡོ་རྗེ་འགྲོ་བར་བྱེད།། ཇི་ལྟར་ནམ་ཞིག་ལྷ་ཁང་དེར།། འཇིག་པར་འགྱུར་བ་མ་ཤེས་སོ།། ལྷ་ཁང་ནང་ནས་ཕུག་རོན་ནི།། གནས་ནི་གང་དུ་ཚོལ་བར་བྱེད།། ་སྣ་ཚོགས་མདོག་ཅན་ཕུག་རོན་ནོ།། ལྷ་ཁང་བུམ་པ་སྤངས་ནས་ནོ།། དཔའ་བོའི་སྒོ་ནས་སྨྲ་བར་བྱེད།། ཇི་ལྟར་ནམ་ཞོག་ལྷ་ཁང་དོར།། འཇོག་པར་འགྱུར་བ་མ་ཤོས་སོ།། ལྷ་ཁང་ནང་ནས་ཕུག་རོན་ནོ།། གནས་ནོ་གང་དུ་ཚོལ་བར་བྱེད།། ལྷ་ཁང ་བུམ་པ་སྤངས་ནས་ནི།། དཔའ་བོའི་སྒོ་ནས་སྨྲ་བར་བྱེད།། སེམས་ཀྱི་རྣམ་འཕྲུལ་ཡིན་ནོ་ཞེས།། འཕགས་པ་ཀླུ་བསྒྲུབ་སྨྲ་བར་བྱེད།། རང་བཞིན་གྲུབ་པ་མེད་པའི་གཞིའི་མན་ངག་ཅེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སྷོ།། ་རྒྱ་གར་སྐད་དུ། ཤ་ཏ་ཨཀྵ་ར་བྷཊྚཱརཱ་སྱ་ས་ཏཱཾ་ཏཱཾ་ཡོ་བྷཱ་བ་ན། བོད་སྐད་དུ། རྫི་བཙུན་ཡི་གྲི་བརྒྱ་པའི་སེམས་དཔའ་གསུམ་གྱི་བསྒོམ་པའི་ཐབས། བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ།། དུས་གསུམ་རྒྱལ་བ་རྣམས་ཀྱི་ལམ།། དགེ་བ་གསུམ ་གྱི་བདག་ཉིད་ཅན།། སྐུ་གསུང་ཐུགས་ལ་ཕྱག་འཚལ་ཏེ།། བློ་དམན་དང་ལྡན་སྒྲུབ་བརྩོན་ཞིང་།། བླ་མའི་གདམས་དག་དང་བྲལ་ལ།། ཕན་ཕྱིར་སྒྲུབ་ཐབས་གསུམ་བསྲེས་ཙམ།། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ ་ཏིཥྛ། དྲེ་ཌྷོ་མེ་བྷ་བ། མྲྀ་དྷཥྱོ་མེ་བྷྲྀ་གྷ། ཨོཾ་ནརྀ་རོ། མ་བྷ་བ། སུབི་ཥྱོ་མེ་བྷ་བ། སཛྙཱ་ཎྚིམྨེ་བྷཱུ་ཡྻཱཙྪ། སརྦ། རྨྨ་ས་ཙ་མེ།། ཤྲེ་ཡ་ཀུ་ར་དྡྷོ། ཧ~ཾ་ཧཱ་ཧྭཱ་དྡྷོཐཱ་བ་ཝཱན། བཛྲ་མ་མེ་མྦྷཉྫི། ཧེ་རུ་ཀཱ་བྷདྡྷི་བྷཱུ་བི་མེ་ཏཱ་སཱ་ཡ་སཏྭ་ཨ་དྷུ ་ཕཊི།། དེ་ལ་བསྒོམ་པའི་མན་ངག་ནི།། རང་སྙིང་དབུས་གུར་ཕྲ་བ་ཡི།། ཧཱུ~ཾ་གི་དཀྱིལ་དུ་མཐེ་བོ་ཚད།། ཊཾ་ཡིག་དཀར་འོད་ལྟ་བུ་ནི།། དེ་ཡི་སྤྱི་བོར་གནས་པར་བསམ།། ཧཱུ~ཾ་ལས་བྱུང་བའི་འོད་ཟེར་ནི།། ཏིང་འཛིན་སེམས ་