CLOSE WINDOW

GT1226: rnal 'byor bzhi'i nyams len gyi thabs zhes bya ba
Wyliee-texts produced with BDRC’s OCR application

བསྣུན་པས་སྐྱེ་བ་དམིགས་མ་གྱུར།། བདག་གཞན་གཉིས་ཀྱི་མཐའ་ཡང་བཅད་།། གཉིས་སུ་མེད་པའི་མངའ་ཡིས་བརྒྱབ།། སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད།། སྟོང་པའི་གཞུ་ནི་བཀང་བྱས་ནས།། ཤོར་མེད་མདའ་ནི་རྡེག ་པར་བྱེད།། བསད་དང་བསད་བྱི་གཉིས་ཀ་མེད།། གཉིས་སུ་མེད་པའི་མངའ་ཡིས་བརྒྱུབ།། སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད།། ན་མཁའི་ཆོ་འཕྲུལ་ཆེན་པོ་ཡིས།། ཆོས་ཉིད་ཐམས་ཅད་བསྡུས་བྱས་ནས།། གཉིས་སུ་མེད་པའི་མངའ་ཡིས་བརྒྱབ། ་སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེདོ།། བི་རཱུས་འདི་ལྟར་འཁོར་བྱས་ནས།། གཅིག་ནས་ཉི་ཤུའི་བར་དུ་ནི།། དངོས་པོ་ཅིར་ཡང་ཞུགས་པ་མེད།། ཡི་གེ་སྟོང་པ་གསོས་སུ་འབྱིན།། གཉིས་སུ་མེདདོ་པའི་མདའ་ཡིས་བརྒྱབ།། སྒོམ་དང་སྒོམ་རྒྱུ་གཉིས ་ཀ་མེད།། རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ་ཞེས་བྱ་བ། སློབ་དཔོན་པི་རཱུ་པ་ནས་བརྒྱུད་པ། སློབ་དཔོན་བྷི་ན་པས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཙ་ཏུཪྻོ་ག་བྷ་བཱ་ན་ནྱཱ་མཱ། བོང་སྐད་དུ། རྣལ་འབྱོར་བ་ནིའི ་ཉམས་ལེན་གྱི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཱང་རོལ་ཕྱག་འཚལོ།། སེམས་དང་སེམས་ཉིད་རྒྱུ་མེད་དེ།། བསྒྲུབ་བྱ་སྒྲུབ་བྱེད་ཐིག་ལེའི་ངོ་།། འབྲས་བུ་མ་གྲུབ་མྱ་ངན་འདས།། དཔལ་ལྡན་དཔའ་བོ་ཡི་གེ་མེད།། ལྟེ་བར་གསོང་བའི་གེསར ་ལ།། ཨཱ་ལི་ཀཱ་ལི་ལ་བརྟེན་ནས།། རྣལ་འབྱོར་བཞི་ཡི་ཉམས་ལེན་བཤད།། ལྟེ་བ་ཡེ་ཤེས་འཁོར་ལོ་རུ།། རྩ་ནི་བརྒྱད་ཀྱི་ཐིག་བཏབ་ནས།། ཨཱ་འཕྲེང་ཀཱ་ཕྲེང་མཉམ་བསམས་ནས།། མཁ་འགྲོ་བརྒྱད་ཀྱིས་མོ་ལྕེ་སྦར།། བྱང་ཆུབ་སེམས་ཀྱི་རང ་ཞིན་ནི།། ནམ་བྷའི་དབྱིངས་ཀྱི་འོང་ལས་ནི།། གཉིས་མེད་ཟུང་འཇུག་འཛག་བྱས་པས།། དཔའ་བོ་རྣམས་ཀྱི་ལམ་ནས་བརྒྱ།། དེ་འགག་རྣལ་འབྱོར་མཚན་མ་མེད།། བརྟན་པའི་རྣལ་འབྱོར་གྲུབ་འགྱུར་བ།། སངས་རྒྱས་རྣམས་ཀྱི་ས་ལམ ་ཐོབ།། ཨཱ་ལི་ཀཱ་ལིའི་རྣལ་འབྱོར་རོ།། ཨ་ཧོ་བཟླས་པའི་རྣལ་འབྱོར་པ།། དངོས་དང་དངོས་མང་བྲལ་འགྱུར་བས།། ཕྱི་ནང་དུག་གི་རྣམ་པ་སེལ།། རྣལ་འབྱོར་འདི་ནི་བརྟན་གྲུབ་ན།། ཟླ་བ་དྲུག་ནས་འགྲུབ་འགྱུར་བའི།། རྡོ་རྗེ་སེམས་དཔའ ་དང་མཉམ་མོ།། དེ་ནི་རིག་པའི་རྣལ་འབྱོར་རོ།། སེམས་ཉིད་གནས་སུ་པདྨ་ནི།། མཉམ་པ་ཉིད་ནི་དམར་པོར་བསམ།། པདྨ་འོང་བ་བཞི་ལ་ཐིག་ལ་ནི།། དབུས་སུ་རྒྱུ་མེད་ཐིག་ལེ་ཡིན།། དེ་དག་རྣམས་ཀྱི་ཁ་དོག་ནི།། ཤར་དུ་དམར་དང ་བྱང་དུ་སེར།། ནུབ་ཏུ་དཀར་དང་ལྷོ་རུ་གནག། སྣ་ཚོགས་འོད་གསལ་དབུས་སུ་འགྲོ།། སྔར་བཤད་སྔགས་དང་བཅས་པ་ནི།། བསྒོམ་ན་རྣལ་འབྱོར་དབང་ཕྱུག་།། སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས།། དེ་ནི་མཉམ་ཉིད་རྣལ་འབྱོར ་རོ།། མི་སྐྱོད་ཆུ་དང་རྣམ་སྣང་དང་།། ཕྱི་ནང་བདུད་རྩི་ལྔ་ཡི་ནི།། སྔགས་པའི་ཐབས་ཀྱིས་རྣལ་འབྱོར་ཀྱེ།། ཏཱནྟི་བདག་གིས་གྲུབ་པ་ཐོབ།། རྣལ་འབྱོར་བཞིའི་ཉམས་ལེན་ཅེས་བྱ་བ། སློབ་དཔོན་ཏནྟི་པས་མཛད་པ་རྫོག་སྷོ།། ་རྒྱ་གར་སྐད་དུ། པྲཛྙོ་པཱ་ཡི་བི་ནི་ཤྩ་ཡ་སོ་མུང་ཡཾ་ནཱ་མ། བོད་སྐད་དུ། ཐབས་དང་ཤེས་རབ་གཏན་ལ་ཕབ་པའི་བསྡུས་པ་ཞེས་བྱ་བ། དཔལ་ཧེ་རུ་ཀོ་ལ་ཕྱག་འཚལ་ལོ།། གང་ཞིག་སྤྲིན་ལྟར་རྟོག་པ་སེལ་ཅིང་རང་བཞིན་དྲི་མ་མེད།། མ ་