CLOSE WINDOW

GT1225: rdo rje mkha' 'gro ma'i rdzogs pa'i rim pa
Wyliee-texts produced with BDRC’s OCR application

འཇུག། རྣལ་འབྱོར་བསྟན་པ་ཐོབ་སྟེ་སྐྱེ་མི་འགྱུར།། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་ཙེ་རཱ་གྷིས་མཛད་པ་རྫོགས་སྷོ།། རྒྱུ་གར་སྐད་དུ། བཛྲ་ཌཱ་ཀཱི་ནི་ནི་ཤཱནྟ་ཀྲ་མ། བོད་སྐད་དུ། ་རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པོ། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ།། རྡོ་རྗེ་མཁའ་འགྲོ་གོནུ་རུ་ཐོགས།། དངོས་པོ་ཐམས་ཅད་འབེན་དུ་བཙུགས།། གཉི་སུ་མེད་པོའི་མདར་ཡོས་བརྒྱག།། སྐོམ་དང་སྒོམ་བྱུང་མི་གས་པ་མེད། ་བསྣུན་པས་སྐྱེ་བ་དམིགས་མ་གྱུར།། བདག་གཞན་གཉིས་ཀྱི་མཐའ་ཡང་བཅད་།། གཉིས་སུ་མེད་པའི་མངའ་ཡིས་བརྒྱབ།། སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད།། སྟོང་པའི་གཞུ་ནི་བཀང་བྱས་ནས།། ཤོར་མེད་མདའ་ནི་རྡེག ་པར་བྱེད།། བསད་དང་བསད་བྱི་གཉིས་ཀ་མེད།། གཉིས་སུ་མེད་པའི་མངའ་ཡིས་བརྒྱུབ།། སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད།། ན་མཁའི་ཆོ་འཕྲུལ་ཆེན་པོ་ཡིས།། ཆོས་ཉིད་ཐམས་ཅད་བསྡུས་བྱས་ནས།། གཉིས་སུ་མེད་པའི་མངའ་ཡིས་བརྒྱབ། ་སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེདོ།། བི་རཱུས་འདི་ལྟར་འཁོར་བྱས་ནས།། གཅིག་ནས་ཉི་ཤུའི་བར་དུ་ནི།། དངོས་པོ་ཅིར་ཡང་ཞུགས་པ་མེད།། ཡི་གེ་སྟོང་པ་གསོས་སུ་འབྱིན།། གཉིས་སུ་མེདདོ་པའི་མདའ་ཡིས་བརྒྱབ།། སྒོམ་དང་སྒོམ་རྒྱུ་གཉིས ་ཀ་མེད།། རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ་ཞེས་བྱ་བ། སློབ་དཔོན་པི་རཱུ་པ་ནས་བརྒྱུད་པ། སློབ་དཔོན་བྷི་ན་པས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཙ་ཏུཪྻོ་ག་བྷ་བཱ་ན་ནྱཱ་མཱ། བོང་སྐད་དུ། རྣལ་འབྱོར་བ་ནིའི ་