| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཱ་ཡུ་ཏཏྟཾ་བྷ་བ་ནཱ་མ། བོད་སྐད་དུ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ།། དུར་ཁྲོད་མ་ནི་ལྷན་སྐྱེས་རྟོག་པ་མང་།། ཕྲ་ཞིང་མི་དམིགས་རང་བཞིན་ཡིད་འོང་བ།། པདྨའི་དབུས ་འགྱུར་སྣ་ཚོགས་རོལ་མཛད་དེ། དུས་ཀྱི་སྟོབས་ཀྱི་དཔའ་པོ་གཉིས་མེད་པ།། ན་མཁར་ཁྱབ་ཅིའི་ཐིམ་པར་དམིགས་པ་མེད།། མཉམ་པའི་བདེ་རྟོགས་སྐད་ཅིག་གཅིག་ལ་ནི།། ཁམས་གསུམ་གཡོ་ཞིང་བདེ་ལྟ་རྟོགས་པ་སྟེ།། བླ་མའི་བཀའ ་ཡིས་གང་ཡང་ལྷན་སྐྱེས་སོ།། བླ་མས་མ་རྟོགས་ལྷན་སྐྱེས་གཞན་དུ་མིན།། ཡོན་ཏན་རྣམས་ལ་ང་རྒྱལ་མ་བྱེད་ཀྱེ།། ལྷན་ཅིག་སྐྱེས་པའི་གཉིད་ལོག་མྱོས་འགྱུར་བ།། དམ་ཚིག་གླང་ཆེན་ལྟ་བུར་སྤྱོད།། དབང་པོ་སྒོ་དགུའི ་སྔགས་ཀྱི་ལམ་བཀག་པས།། བརྟན་པའི་བུམ་པས་དེ་ནི་མྱ་ངན་འདས།། པདྨའི་གེ་སར་རླུང་གི་འབྱུང་འཇུག་འདི།། བརྟན་པར་བཅིངས་ན་མགོན་པོ་འཆགས་པར་འགྱུར།། རླུང་ཉིད་ཐིམ་པས་མི་འགྱུར་ཁ་དོག་མེང་།། འབྲེལ་མེད་དྲན་སེམས་ཉིད་ནི ་སྟོང་པ་ལ།། སྒོམ་དང་སྒྲོམ་རྒྱུ་བསྒོམ་བྱ་དེ་ལ་མེད།། གཡོ་བའི་སེམས་ཉིད་ཏིང་ངེ་འཛིན་གྱིས་ནི།། སེམས་ཀྱི་རྒྱལ་པོ་བརྟེན་མེད་མཁའ་ལ་ལྡིང་།། མཉམ་པར་ནོན་ཅིག་ལུས་ཀྱི་འཁྲུལ་འཁོར་བྱ།། སེམས་ཉིད་བདེ་ཆེན་བཀྲམ་པས་མྱ་ངན་འདས།། ་གཏི་མུག་ཞགས་པ་བཅད་ཅིང་གཞན་དག་སྤོངས།། སྐད་ཅིག་གཅིག་ལ་འཁོར་བའི་ཆགས་པ་བྲལ།། དེ་ཉིད་བཅིངས་པས་བྱ་བ་བྲལ་འགྱུར་བ།། འགྲོ་བ་དྲུག་དུ་ཡང་དག་སྐྱེ་མི་ལེན།། གང་ཞིག་རྩེ་སྒོར་མ་ཡེངས་གནས་པ་དེས།། དྲག་པོའི་རྐུན ་མས་དེ་ལ་འཇིགས་པ་མེད།། གང་ཞིག་བརྫུན་བཅུ་བརྫུན་ནི་མྱ་ངན་མེད།། སྔགས་ཉིད་རང་གི་ལུས་ལ་གནས་པ་སྟེ།། བདེ་བོ་ཐམས་ཅད་རྣལ་འབྱོར་དྲན་པར་གྱིས།། བདེ་བོ་རྟོགས་པས་རྣལ་འབྱོར་སྐྱེས་འགྱུར་བ།། ཁྱིམ་གྱི་བདག་མོ་རང་ལུས་ཚིམ ་གནས་ལ།། རླུང་གི་སེམས་ཉིད་པདྨའི་ཆུ་དང་འདྲ།། འབྱུང་བ་རྣམས་ནི་དེ་ཡིས་མྱོང་འགྱུར་བས།། དེ་ཕྱིར་གཡོ་བའི་སེམས་ལ་རྣལ་འབྱོར་པའོ།། སྒོ་དགུ་བཀག་ནས་ནན་ཏན་གྱིས།། རྣལ་འབྱོར་གྱི་ནི་གཏི་མུག་བཅང་བྱས་ལ།། གནས་ཀྱི་ཡོན ་ཏན་རྟོགས་པར་ཆགས་མེད་འགྱུར།། སྤྲིན་ལྟར་མི་འཕྲུལ་རང་བཞིན་ཀུན་བརྟགས་ཀྱི།། གཏི་མུག་གནས་ཀྱི་གཏི་མུག་བསྲེགས་བྱས་ནས།། ལྷན་ཅིག་སྐྱེས་པའི་གནས་ལ་རྣལ་འབྱོར་ཐིམ།། ཐམས་ཅད་ནུབ་པས་སྡང་འོག་ལམ་འགགས་པས།། ། ་གནས་ཀྱི་ཉམས་ཀྱིས་འཁོར་བ་མྱ་ངན་འདས།། དེ་ནི་རྣལ་འབྱོར་བླ་མའི་དྲིན་གྱིས་རྟོགས།། ཉིན་མཚན་བླ་མ་སྤྱི་བོར་བསྒོམ་བྱས་ནས།། ལྷན་ཅིག་སྐྱེས་པ་ཉིད་དུ་གནས་འགྱུར་བ།། ཡང་ནས་ཡང་དུ་ན་མཁའི་བདུད་རྩི་རྔུབ།། རྗེས་འབྲང་བཀུར ་སྟེ་དྲི་མེད་སྐུ་ཐོབ་པས།། ཀ་བ་གཅིག་ལ་གཞལ་ཡས་སྒོ་དགུ་སྟེ།། ལམ་གྱི་རྒྱུ་ལུས་བདག་གིས་གཅིག་ཏུ་རྟོགས།། དེ་ཡོས་བདུད་བཞི་པར་གཅོད་སེལ་བར་འགྱུར།། དེ་ཕྱིར་དགེ་སྦྱིན་ཁྲིམས་སོགས་དགོས་མི་འགྱུར།། དགེ་སྦྱོང་ཆོས་སྨྲས ་ལྷ་ཉིད་བསྒོམ་པ་དེ།། ཆོས་ཀྱི་རོ་ནི་སུས་ཀྱང་རྟོགས་པ་མེད།། སྐུ་གསུམ་བརྟན་པར་འདོད་ན་རྣལ་འབྱོར་ཀྱེ།། ཕྱི་ནང་བྱང་ཆུབ་སེམས་ཀྱི་རླུང་ཉིད་སྒོམས།། དུག་ལྔའི་ཡན་ལག་བཅོད་པས་མྱུར་དུ་ནི།། བྱང་ཆུབ་སེམས་ཀྱི་ལམ་ལ་ལེགས་པར ་འཇུག། རྣལ་འབྱོར་བསྟན་པ་ཐོབ་སྟེ་སྐྱེ་མི་འགྱུར།། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་ཙེ་རཱ་གྷིས་མཛད་པ་རྫོགས་སྷོ།། རྒྱུ་གར་སྐད་དུ། བཛྲ་ཌཱ་ཀཱི་ནི་ནི་ཤཱནྟ་ཀྲ་མ། བོད་སྐད་དུ། ་