CLOSE WINDOW

GT1223: rlung gi de nyid bsgom pa'i man ngag ces bya ba
Wyliee-texts produced with BDRC’s OCR application

མཛད་པ། འཁོར་ལོ་བཞིའི་ཉམས་ཀྱི་ཞལ་གདམས་རྫོགས་སྷོ།། རྒྱ་གར་སྐད་དུ། བཱཧྨ་ཨནྟ་ར་བོ་དྷི་ཙིཏྟ་བནྡྷ་ནཱ་མ། བོད་སྐད་དུ། ཕྱི་ནང་བྱང་ཆུབ་སེམས་བཅིང་བའི་མན་ངག་ཅེས་བྱ་བ། བྱང ་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ།། དོན་དམ་ཀུན་རྫོབ་བྱང་ཆུབ་སེམས།། ལྷན་ཅིག་སྐྱེས་ཏེ་མུན་པས་བསྒྲིབས།། ཀུན་ཏུ་སྐྱེ་བའི་ཉམས་ལེན་ནི།། བདག་གིས་འདི་རུ་བཤད་པར་བྱ།། སྤྱི་བོའི་གཙུག་ནས་བོ་ལའི་བར།། སྣ་ཚོགས་རྩ་ནི་བསྒོམ ་པར་བྱ།། དེ་ནས་བདེ་ཚོན་འཁོར་ལོ་རུ།། སྒོ་བའི་ཁོག་པ་ལྟ་བུ་ཡི།། བྱང་ཆུབ་སེམས་ལ་སེམས་གཏད་ནས།། བོ་ལའི་རྩེ་ལ་རྒྱལ་པོ་ཙམ།། གསལ་ལ་སྲན་རྡོག་ཙམ་དུ་བསྒོམ།། བོད་ཆེན་སྒོ་ངའི་རྩ་ལ་ནི།། བྱང་ཆུབ་སེམས་ནི་འཛག་པར་བྱ།། ་ལྟེ་བའི་བར་དུ་རྣལ་འབྱོར་ཀྱེ།། གཉིས་མེད་བདུད་རྩིས་བཀང་བྱས་ནས།། ཤེས་པ་བདེ་བའི་མཆོག་ཏུ་འགྱུར།། སྒོམ་པའི་སྤྱོད་ཡུལ་པར་མི་སྤྲོ།། སེམས་ནི་ཚུར་ལ་བཀུག་མི་བྱ།། དཔེར་ན་སྦྲུལ་གྱི་མདུད་པ་བཞིན།། སེམས་ནི་རང་གྲོལ་གནས་པ ་སྟེ།། དངོས་པོའི་བྱ་བ་བྲལ་འགྱུར་བ།། རྣལ་འབྱོར་ཡིད་ཀྱི་ཞེན་པ་ཆོད།། མཱ་ནཱ་བདུག་གིས་རྟོགས་པས་གྲོལ།། བྱང་ཆུབ་ཀྱི་སེམས་བཅིང་བའི་མན་ངག་ཅེས་བྱ་བ། སློབ་དཔོན་མིན་པས་མཛོད་པ་རྫོགས་སྷོ།། ། ་རྒྱ་གར་སྐད་དུ། བཱ་ཡུ་ཏཱ་ཏྲཾ་སྭ་བྷ་བཱ་ནོ་བ་དེ་ཤ་ནཱ་མོ། བོད་སྐད་དུ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། བློ་མ་རྣམས་ལ་ཕྱག་འཚལ་ལོ།། གྷོ་ར་ཁོ་ནི་བ་ལང་བསྲུང་།། བརྫི་བ་ལང་འཚོ་བར་བྱེད།། འཚོ་བར་བྱེད་ཅིང་གཉིད་མེད་འགྱུར། ་ཉི་མ་དང་ནི་ཟླ་བ་གཉིས།། རོ་གཅིག་པར་ནི་འདྲེས་པར་འགྱུར།། གྷོ་ར་ཁ་ནི་སྒྲ་གཅན་གྱིས།། ཉི་མ་ཟོས་པ་ངོ་མཚར་ཆེ།། གལ་ཏེ་རྒྱབ་ཀྱི་སྐལ་ཚིགས་སུ།། དྲག་ཏུ་བཅིངས་པས་རྣལ་འབྱོར་པས།། སྐད་ཅིག་ཙམ་གྱིས་ཁམས་སུ་གྲུབ།། ་ཉི་མ་དང་ནི་ཟླ་བ་གཉིས།། རོ་གཅིག་པར་ནི་འདྲེས་པར་འགྱུར།། གྷོ་ར་ཁ་ནི་སྒྲ་གཅན་གྱིས།། ཉི་མ་ཟོས་པ་ངོ་མཚར་ཆེ།། ཤིང་བུ་གཏིང་དུ་ནུབ་པ་དང་།། ཕ་བོང་གྱེན་དུ་འབྱུང་བར་འགྱུར།། དགའ་བས་བདག་ནི་བསྲུབས་སོ་ཞེས།། ་གྷོ་ར་ཁ་ནི་སྨེ་བར་བྱེད།། ཉི་མ་དང་ནི་ཟླ་བ་གཉིས།། རོ་གཅིག་པར་ནི་འདྲེས་པར་འགྱུར།། གྷོ་ར་ཁ་ནི་སྒྲ་གཅན་གྱིས།། ཉི་མ་ཟོས་པ་ངོ་མཚར་ཆེ།། ནོར་བུ་ཐམས་ཅད་རྡོ་རྗེས་འབིགས།། གྷོ་ར་ཁ་ཡི་རྣལ་འབྱོར་ནི།། བླ་མའི་དྲིན་གྱིས། ་གྲུབ་པ་ཡིན།། ཉི་མ་དང་ནི་ཟླ་བ་གཉིས།། རོ་གཅིག་པར་ནི་འདྲེས་པར་འགྱུར།། གྷོ་ར་ཁ་ནི་སྒྲ་གཅན་གྱིས།། ཉི་མ་ཟོས་པ་ངོ་མཚར་ཆེ།། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་གྷོ་ར་ཁས་མཛད་པ་རྫོགས་སྷོ།། ། ་རྒྱ་གར་སྐད་དུ། བཱ་ཡུ་ཏཏྟཾ་བྷ་བ་ནཱ་མ། བོད་སྐད་དུ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ།། དུར་ཁྲོད་མ་ནི་ལྷན་སྐྱེས་རྟོག་པ་མང་།། ཕྲ་ཞིང་མི་དམིགས་རང་བཞིན་ཡིད་འོང་བ།། པདྨའི་དབུས ་འགྱུར་སྣ་ཚོགས་རོལ་མཛད་དེ། དུས་ཀྱི་སྟོབས་ཀྱི་དཔའ་པོ་གཉིས་མེད་པ།། ན་མཁར་ཁྱབ་ཅིའི་ཐིམ་པར་དམིགས་པ་མེད།། མཉམ་པའི་བདེ་རྟོགས་སྐད་ཅིག་གཅིག་ལ་ནི།། ཁམས་གསུམ་གཡོ་ཞིང་བདེ་ལྟ་རྟོགས་པ་སྟེ།། བླ་མའི་བཀའ ་