| Wylie | e-texts produced with BDRC’s OCR application |
ཚོམ་ཅི་ཞིག་བྱ།། སེམས་ཉིད་རྟོག་པ་འཇོམས་པར་བྱེད་པ་ཞེས་བྱ་བ། ཀཾ་ཀ་ལ་དང་། མེ་ཁ་ལ་ནུས་བརྒྱུད་པ། སློབ་དཔོན་ལགྣི་ཡིས་གསུངས་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཤོ་ཀ་བྷི་ནོ་དྷ་དྲྀཥྚི་ནཱ་མ། ་བོད་སྐད་དུ། མྱ་ངན་གྱི་ལྟ་བ་ཞེས་བྱ་བ། བླ་མ་རྣམས་ལ་ཕྱོག་འཚལ་ལོ།། བདག་གི་ཕུང་པོ་ངན་པ་འདི།། བླ་མ་ཧེ་དང་བྲལ་འགྱུར་བས།། སྣང་བ་རྣམས་ནི་ནུབ་པར་འགྱུར།། བླ་མ་དམ་པའི་མྱ་ངན་གྱིས།། མ་ཧི་ལ་དག་མྱ་ངན ་གནས།། བླ་མ་ཡེ་ཤེས་མིག་མེད་པས།། ཕྱོགས་མཚམས་གང་ཡང་མཐོང་བ་མེད།། བླ་མ་དམ་པར་མྱ་ངན་གྱིས།། མ་ཎི་བྷ་དྲག་བདག་ནི་ངུ།། སྙིང་རྗེ་རྗེ་ཆུང་གདུགས་དཀར་ཕུབ།། རྣལ་འབྱོར་རྒྱལ་པོ་མཛེས་པའི་བདག། སྡིག ་ཅན་གང་གིས་སྤྱན་དྲངས་ནས།། མ་ཎི་བྷ་དྲ་རེ་མོ་དགའ།། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཡིས།། ན་མཁའི་དབྱིངས་སུ་དཀྱིལ་འཁོར་བཞེངས།། དེ་དབུས་བླ་མ་ནོར་བུ་བཞུགས།། སེམས་ཀྱི་གདུང་བས་བདག་ལུས་བསྲེགས།། དྷ་མ་དྷཱ་མ་རེ་མ་དགའ།། ་སྐད་ཅིག་གཅིག་ལ་ཀཱ་མ་རུ།། བླ་མ་ལོངས་སྤྱོད་ཐིམ་པར་མཐོང་།། སྣ་ཚོགས་སྐད་ཅིག་གཅིག་ལ་ནི།། རྣམ་པར་དངོས་མེད་མཐོང་འགྱུར་བས།། བླ་མ་གཤེགས་པས་རེ་མ་དགའ།། ནོར་དང་ལང་ཚོ་ཐམས་ཅད་སྤངས།། སྲིད་ལ་ཆགས་པའི་ང ་རྒྱལ་བཅོམ།། ནོར་བུ་བཟང་པོ་མ་ཧི་ལ།། དྷ་མ་དྷཱ་མ་བདག་ཅག་གི། དཔལ་ལྡན་བླ་མ་མེད་འགྱུར་བས།། ཕྱོགས་མཚམས་ཐམས་ཅད་མུན་པས་ཁེབས།། ཀྱེ་མ་གཉིས་མང་ཌ་མ་རུ།། ནམ་མཁའི་དབྱིངས་སུ་གདུང་བྱས་ནས།། གདུང ་བས་རྣལ་འབྱོར་བདག་ཅག་གིས།། བླ་མའི་གདུང་ཐལ་ལུས་ལ་བྱུགས།། དེ་ཉིད་སྤྱི་བོར་བསྒོམ་བྱས་ནས།། སྙིང་རྗེས་བྷ་ཧུ་རི་བདག་གིས་བསད།། བདུད་ཀྱིས་ཁྱེར་བིའི་བྷ་རི་ཁྱོད།། བླ་མའི་སྐུ་དགྲ་ཁྱོད་ཡིན་ནོ།། བདག་ཅག་ཁྱོད་ཀྱི་མུན ་པས་བསྒྲིབས།། བདག་ཅག་རྣམས་ཀྱིས་མདུན་མ་བྱས།། དུག་པོ་གྱོན་ཞིང་སྐྲ་རྣམས་བྲེགས།། དབྱུག་པ་དང་ནི་ཐོད་པ་ཐོགས།། མྱ་ངན་ལུས་རྣམས་ཀེང་རུས་འབྱུང་།། ཀྱེ་མ་རྣལ་འབྱོར་མི་རྟོག་གོ། བདག་ཅག་རྣམས་ཀྱིས་བྷ ་ཧུར་བཅོམ།། དཌྜྷྱ་ཛྙཱནྡྷ་ཀོ་ཏཱ་ནས།། སྲ་མ་ལའི་གནས་ཆེན་ཕྱེད་དང་གསུམ།། བླ་མ་ནག་པོ་ལྟ་བ་ཡིས།། རྣལ་འབྱོར་དྲག་པོ་མ་ཧྱཾ་ལས།། མངའ་འགྲོ་དྲུག་ཅུ་རྩ་བནི་སྐྲག། སྲེ་མི་ལི་བཤགས་བྷ་དྷ་རཾ་བསད། ་ཀྱེ་མ་བླ་མའི་སྐུ་དགྲ་བསྒྲལ།། བདག་ཅག་མཁའ་སྤྱོད་གནས་སུ་འགྲོ། མྱ་ངན་གྱི་ལྟོ་བ་ཞེས་བྱ་བ། སློབ་དཔོན་མ་ཧི་ལ་ནས་བརྒྱུད་པ། དྷཱའུ་རོས་མཛད་པ་རྫོགས་སྷོ།། རྒྱུ་གར་སྐད་དུ། ཙིཏྟ་མཱ་ཏྲ་དྲྀཥྚེ་ནཱ་མ། ་