| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་རོཥྚི་ནཱ་མཾ། བོད་སྐད་དུ། སྟོང་པ་ཉིད་ཀྱི་ལྟ་བ་ཞེས་བྱ་བ། སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། སེམས་ཀྱི་རྟོག་རྗེ་ཆོས་ཉིད་ནི།། ས་བོན་ན་མཁའི་དབྱིངས་སུ་སྨོས།། བདག་མེད་གཞོན་ནུའི་མགུ ་ནས་འཁྱུད།། གཉིད་སྣང་བྱེད་པ་ཉིད་དུ་གནས།། སྤོངས་ཤིག་ངོར་ཤོག་བདག་རྨོངས་སོ།། ཀྵེའོ་བཅིངས་པ་མ་ལུས་པ།། ཤ་བ་རོ་བདོ་ཆེན་པོར་རོལ།། སྟོང་པོའོ་བཙུན་མོ་འཁྱུད་བྱས་ཏོ།། ཀྱོ་འོ་ལུས་ངག་སེམས་སྨོན་ཏོ།། ་ཐམས་ཅད་དུ་ནི་བརྟགས་པ་ཡིས།། ཤ་བ་རི་ནི་མྱོས་པར་འགྱུར།། དགའ་བའི་རྣམ་པ་ཐམས་ཅད་དུ།། ཤ་བ་རི་ནི་གཉིད་ལོག་ནས།། གཉིད་ནི་ན་མཁའི་དབྱིངས་སུ་ལོག། ཀྱེ་འོ་བདག་གི་དེ་ཉིད་ནི།། ས་བོན་ན་མཁར་མཉམ་པར་སྨོས།། ་འབྲས་བུ་ན་མཁར་སྐར་ཆེན་ཤར།། སྤོངས་ཤིག་ངོར་ཤིག་བདག་རྨོངས་སོ།། སྲིད་པས་བཅིངས་པའི་གླང་ཆེན་བསད།། དབང་པོ་ལྔ་ཡི་གཏོར་མ་བྱས།། བདག་གི་སྡུག་བསྔལ་ཐམས་ཅད་སྤངས།། སྤོངས་ཤིག་དོར་ཤིག་བདག་རྨོངས་སོ།། ཉིན ་མཚན་རྟག་ཏུ་གཉིད་མེད་པར།། རང་གི་སེམས་ལ་བྱར་བྱས།། དེ་ནས་སྐྱེས་པ་བུད་མེད་ནི།། གཅིག་ཏུ་དབེན་པར་སོང་སྟེག་ནས།། གཙོ་བོ་འཇིག་རྟེན་མགོན་དང་སྒྲ།། སྤོངས་ཤིག་དོར་ཤིག་བདག་རྨོངས་སོ།། སྟོང་པའི་བཙུན་མོ་འཁྱུད་བྱས་ཏེ།། ཤ ་བ་རི་ནི་བདེ་བ་ཆེན་པོར་གནས།། སྟོང་པ་ཉིད་ཀྱི་ལྟ་བོ་ཞེས་བྱ་བ། སློབ་དཔོན་ཤ་བ་རི་པས་གསུངས་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། སུ་ཁ་དུཿཁ་ཨ་དྷྱ་པ་རིརྱ་གྷ་དྲྀཥྚི་ནཱ་མ། བོད་སྐད་དུ། བདེ་སྡུག་གཉིས་བྲལ་གྱི་ལྟ་བ་ཞེས ་