| Wylie | e-texts produced with BDRC’s OCR application |
སྐྱེ་འགྲོ་གལ་ལྡན་རྣམས་ལ་དོན་འདི་བསྐྲུན། སྐལ་མེད་རྣམས་ལ་ཤིན་ཏུ་གསང་བར་བྱ།། རྣམ་ཐར་བྱུག་པས་ཕྱི་ནང་བརླན་བྱས་ལ།། ཡུལ་གྱི་ལྗོངས་སྤྱོད་ལན་ཅོ་བདོར་སྤྱད།། ཕན་ཚུན་ཀྐོང ་འོང་བའི་ཆོས་རྣམས་ལ།། ངག་དང་མ་དག་ཡིད་ལ་མི་བྱའོ།། བྱང་ཆུབ་སེམས་ཀྱི་ཕྲེང་བས་རྣམ་རྒྱུན་ལ།། གསང་བའི་དཀྱིལ་འཁོར་ནང་དུ་འཇུག་བྱ་སྟེ།། ཐབས་དང་ཤེས་རབ་སྦྱོར་བ་རྒྱུན་མི་འཆད།། ལྷན་ཅིག་སྐྱེས་པའི་གཡུང་མོ་མི་སྦྱང ་ངོ།། ཀླུ་སྒྲུབ་ཀྱི་གླུ་རྫོགས་སྷོ།། ། སངས་རྒྱས་ལ་ཕྱག་འཚལ་ལོ།། རྣམ་རྟོག་འཇིག་པའི་ཆོམ་རྐུན་འཇིགས་ཤེས་ན།། ཆུ་ལྷོ་ཁྲིམས་ནོར་ཆེན་བསྲུང་ཕྱིར་མེལ་ཚོ་གྱིས།། ཀྱེ་སྙོམས་ལས་མོ་བྱེད་སེམས་ཀྱི་མེལ་གྱི ་གྱིས།། གཽཏི་མུག་གཉིད་ཀྱིས་འཁོར་བིར་མཚན་མོ་རྙིང་།། ཀྱེ་སྙོམས་ལས་མ་བྱེད་སེམས་ཀྱི་མེལ་ཚེ་གྱིས།། གཉིད་ལོག་ན་ནི་ཁྱིམ་ནང་ཆོམ་རྐུན་འགྲོ།། ཁྱོད་ཀྱིས་ཚུལ་ཁྲིམས་ནོར་ཆེན་འཕྲོག་པར་འགྱུར།། ཚུལ་ཁྲིམས་ནོར་དེ་མེད་ན ་ཏིང་འཛིན་མེད།། དེ་མེད་ན་ནི་ཉི་མ་འཆར་བ་མེད།། དེ་ཉིད་ཉི་མ་བསྒོམ་པས་མྱེལ་ཚོ་གྱིས།། སྐད་ཅིག་གཅིག་ཀྱང་ནོར་ཆུང་གཞན་མ་བྱེད།། དེ་ཡི་དུས་ན་དེ་ཉིད་ཉི་མ་འཆར།། འདི་ལྟར་དེ་ཚེ་འཁོར་བའི་ནམ་ལངས་འགྱུར།། ཀྱེ་སྙོམས་ལས ་མ་བྱེད་སེམས་ཀྱི་མེལ་ཚེ་གྱིས།། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཆོས་ཀྱི་གླུ་རྫོགས་སྷོ།། ་