CLOSE WINDOW

GT1198: nA ro paN+Dita'i glu
Wyliee-texts produced with BDRC’s OCR application

སངས་རྒྱས་ལ་ཕྱག་འཚལོ།། རང་བཞིན་བདག་མེད་མ་དེ་ནི།། བདག་གི་མ་རིར་བྱེད་པ་ཡིན།། ཆགས་པ་མེད་པ་དེ་ཡིས་ནི།། ཉོན་མོངས་ཞི་བར་བྱེད་པ་ཡིན།། སྐྱེ་དང་འཆི་བ་སྲིད་པོཔ་ཡིན།། འཁྲུལ་པ་རྣམས་ནི་སྤོང་བ་ཡིན།། བདེ་བ་ཆེན་པོ ་སྟེར་བྱེད་པའོ།། ལོན་གྱི་འཁྲུལ་པ་མ་ཡིན་ནོ།། དེས་ན་ཁ་དོག་དབྱིབས་མེད་དེ།། ཚད་ཀྱང་ཡོད་པ་མ་མཐོ་ང་ངོ་།། འདོད་པ་མེད་པ་དེ་ཡིས་ནི།། ང་རྒྱལ་སྐྱེ་བ་མི་འདོད་དོ།། གང་ཚེ་བདག་མེད་མ་དེ་ནི།། བདག་གི་སྙིང་ལ་ཞུགས་པ་ན།། ་བདག་དང་གཞན་རྣམས་མ་ལུས་པའི།། དབྱེ་བ་ཡོད་པར་མ་མཐོང་ངོ་།། འགྲོ་བ་མངད་ཅིང་འོང་བ་མེད།། གར་ཡང་གནས་པ་མ་ཡིན་ཏེ།། ན་མཁའ་ཡི་ནི་ངོ་བོ་ལྟར།། ཡོངསུ་གསལ་བར་སྣང་བ་ཡིན།། ཐུབ་པ་ཆེན་པོའི་རྣལ་འབྱོར་པ།། མ་ལུས་པ་དང ་རལ་བ་ནི།། དེ་ནི་མེ་ལི་བདག་མེད་མར།། དེ་ལྟར་བདག་ཉིད་སྨྲ་བ་ཡིན།། ནཱ་རོ་པཎྜི་ཏིའི་གླུ་རྫོགས་སྷོ།། །། སངས་རྒྱས་ལ་ཕྱག་འཚལ་ལོ།། སེམས་ཅན་ཉོན་མོངས་གདུང་བས་ས་སྟེང་བསྐོར་བའི་ལྷ།། དེ་ལྟ་ན་ཡང་བདེ་ཆེན་ཆུང་མའི་ལུས ་