| Wylie | e-texts produced with BDRC’s OCR application |
བྱུང་བ་མ་སྐྱེསྨྲ་པ།། རྨི་ལམ་བུང་མེད་དེ་བཞིན་མེད་པ་སྟེ།། དེ་འབྲུའི་སྐྱེས་བུའི་སེམས་ནི་དགའ་བ་ཡིན།། བརྟན་གཡོ་ཐམས་ཅད་དྲི་མད་རིན་པོ་ཆེ།། མི་གནས་རང་བཞིན་བུང་བ་དེ་ཤེས་ན།། ཚེ་འདི་ཉིད་ལ་སངས་རྒྱས་དངོས་གྲུབ་འགྲུབ།། ་དེ་འདྲའི་སྐྱེས་བུའི་སེམས་ནི་དགའ་བ་ཡིན།། བརྟན་ནཾ་གཡོ་ཐམས་ཅད་དྲི་མེད་རིན་པོ་ཆེ།། མི་གནས་པ་ཡི་དོན་ཐུགསུ་ཆུད་པ། བླ་མ་རྗེ་བཙུན་དྷིཥྛི་ཛྙཱ་ནའི་ཞལ་སྔ་ནས། རྡོ་རྗེའི་གླུ་ཞེས་བྱ་བ་རྫོགས་སྷོ།། ། སངས་རྒྱས་ལ་ཕྱག་འཚལ་ལོ།། ་ཇི་ལྟར་བལྟས་པ་དེ་ལྟར་མཐོང་བ་མེད།། བརྫུན་པ་མེད་པའི་སླུ་བ་འབའ་ཞིག་སྟེ།། བསམ་མི་ཁྱབ་ཅིང་གྲུབ་མ་ཧེ་རུ་བ།། སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས།། ཇི་ལྟར་དེ་ལྟར་གློ་བུར་གང་ལ་བཞག། འདོད་པའི་མདུང་གིས་རང་ལ་ཙི་ཏ་ཟུག ་བསམ་མི་ཁྱབ་ཅིང་གྲུབ་སྒྲ་ཧེ་རུ་བ།། སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས།། ལྷན་ཅིག་སེམས་ཏེ་མཁའ་ལུས་བདེ་སྙིང་ལུས།། གཉིས་མང་གཉིས་ཡིན་སྟོང་དང་སྙིང་རྗེའི་སེམས།། བསམ་གྱིས་མི་ཁྱབ་གྲུབ་སྤུ་ཧེ་རུ་བྱ།། སྐྱོབ་པའི་སེམས་ཀྱིས ་རང་བཞིན་གཟུགས་མི་ཤེས།། དེ་ནི་མོ་སྐྱེ་མི་འགག་རྐྱེན་མེད་དེ།། རང་བཞིན་རྟོགས་ན་རྩ་བའི་སེམས་ཤེས་ཡིན།། བསམ་གྱིས་མི་ཁྱབ་གྲུབ་སྨྲ་ཧ་རུ་པ།། སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས།། བླ་མ་དྷིཥྚྲྀ་ཛྙཱ་ནའི་ཞལོ་སྔ་ནས་ཀྱི་གླུ་རྫོགས ་སངས་རྒྱས་ལ་ཕྱག་འཚལ་ལོ།། ཀྱེ་མ་ཁམས་གསུམ་སེམས་ཅན་རྣམས།། རྣམ་རྟོག་སྒྲོག་གིས་དམ་བཅིངས་ཏེ།། འཁོར་བའི་མྱ་ངན་སྣམ་པུ་རུ།། ཕྱོགས་བཅུ་ཀུན་ཏུ་རྣམ་པར་འཁྱམ།། ཨེ་མ་ལམ་གྱི་ཁམས་གསུམ་བདེ་བར་གཤེས ་གདོང་མཉིད་ནས་རྒོལ་བ་ཆེ།། རྣམ་ངག་ཞིང་ནི་འདེ་བ་ཅན།། སང་ས་རྒྱུས་རོལ་མོ་རབ་ཏུ་སྟོན།། ཀྵེ་མ་རྣམ་རྟོག་སྡུག་བསྔལ་ལམ།། ཕྱིན་པའི་དུས་མེད་སྟོན་པ་བཞིན།། བདེ་བྲལ་འདོད་པ་སྡུག་བསྔལ་ཉིད།། མཉམ་ཉིད་དོན་ལ་རབ་ཏུ་གོ་པ།། ཨེ་མ་རོ་ལས ་མེད་ལམ་གྱི་མཆོག། ལྷུན་རྫོགས་ནམཁའི་བྱ་བཞིན་དུ།། རེ་དོགས་མེད་ལ་ཕྱག་རྒྱ་ཆེ།། སྐྱོན་ཡོན་དབང་གིས་བ་སླད་དུ་མེད།། ཀྱེ་མ་འོ་བསྐལ་པ་གྲངས་མེད་གསུམ།། དེ་ཉིད་བཙལ་བས་མི་རྙེད་དེ།། རྨོངས་པ་ན་མཁའི་མཐའ་ཚོལ་བཞིན།། སངས་རྒྱས ་ཞེས་བྱ་རྙེད་མི་སྲིད།། ཨི་མའོ་སྐད་ཅིག་གཅིག་ཉིད་ལ།། མ་བྲལ་འབྲས་བུ་རིང་ལ་རྙེད།། རང་རིག་ཡེ་ཤེས་སྟོབས་པོ་ཆེ།། འཇིག་རྟེན་དབང་སྒྱུར་ཀུན་གྱི་རྗེ།། རྟོགས་སྷོ།། ། མཁའ་ལ་བ་འཇོ་འཇོ་བྱེད་བླ་མ་སྟེ།། འཐུང་བའི་བྱེའུ་ནི ་རཱརང་གི་སེམས་ཉིད་ཡིན།། མཁའ་ལ་རྒྱུན་མི་འཆང་འཇོ་ཀ་ནཱ་པ།། རྣལ་འབྱོར་སྡོམ་པའི་ཚེགས་ལ་མཆོད་པ་འབུལ།། བ་འཇོ་སྣོང་གསོལ་ག་རི་མྦྷ་མ་ཀཱི། བ་འཇོ་སྣོང་ནི་དྲི་མེད་ལྷན་ཅིག་སྐྱེས།། མཁའ་ལ་རྒྱུན་མི་འཆང་འཛོག་པ་མ།། རྣལ་འབྱོར་སྡོམ ་ངའི་ཚོགས་ལ་མཆོད་པ་འབུལ།། མཁའ་ལྔ་བཞོས་ཤིང་བཞོས་ཤིང་སྣོད་བཀང་བཞག། བཟུང་བར་མི་ནུས་འདི་ལྟར་གླང་པོ་ལྔ།། མཁའ་ལ་རྒྱུན་མི་འཆད་འཛོ་ཀ་ནྱ་བ།། རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ།། མཁའ་ལ་བ་འཇོ་འཇོ་བྱེད ་འདིར་མ་མཐོང་།། ཇི་ལྟར་ནང་དུ་ཆུས་གང་ཀ་ལི་བ།། མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ།། རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པར་འབུལ།། ཀཎྜ་རིའི་གླུ་རྫོགས་སྷོ།། ། སངས་རྒྱས་ལ་ཕྱག་འཚལ་ལོ།། མེ་ཏོག་གཅིག་རྒྱས ་