CLOSE WINDOW

GT1177: lta bsgom spyod pa 'bras bu'i do ha'i glu zhes bya ba
Wyliee-texts produced with BDRC’s OCR application

གཏུམ་མོའི་ངོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ། སློབ་དཔོན་བི་རཱུ་པས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། བྷ་བཱན་དྲྀཥྚི་ཙཨཱརྱ་པ་ལ་དོ་ཧཱ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། ལྷ་བསྒོམ་སྤྱོད་པ་འབྲས་བུའི་ངོ་ཧ་གླུ་ཞེས་བྱ་ཐཱ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ་དངོས་པོ་སྣ་ཚོགས་རང་གི་སེམས་ཉིད་ཡིན།། འཁོར་འདས་ཐམས་ཅད་རྣལ་འབྱོར་དབྱེར་མེད་པ།། སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་སྟེ།། དཔེར་ན་ཆུ་དང་དེ་ཡི་རླབས་བཞིན་ནོ།། དངོས་དང་དངོས་མིན་སྤངས་པའི་སེམས་ཉིད་འདི།། རྟོགས་པའི་རྣལ་འབྱོར་སྐད་ཅིག་གཅིག་ལ ་ནིནི།། སྒྲོན་མེ་ཆུང་ངུ་ཞིག་གིས་མུན་པ་ལྟར།། འཁོར་བའི་དུག་ལྔ་རང་བཞིན་རབ་རིབ་སེལ། ཟུང་འཇུག་བྱ་བརྒྱ་བློ་འདས་ཆེན་པོ་ནི།། བདེ་གསལ་མི་རྟོག་ན་མཁའ་ལྟ་བུ་སྟེ།། ཁྱབ་ཅིང་རྒྱ་ཆེན་སྙིང་རྗེ་ཆེན་པོའི་ངོ།། སྣང་ཡང་རང་བཞིན་མེད་པ་ཆུ་ཟླ་བཞིན།། གསལ་ཡང་ཐ་སྙད་མཐའ ་དབུས་ཀུན་དང་བྲལ།། གང་གིས་མ་གོས་དྲི་མེད་རེ་དོགས་བྲལ།། ལྐུགས་པའི་རྨི་ལམ་བཞིན་དུ་སྒྲ་མི་ཤེས།། ཚད་མེད་བདེ་ཆེན་རང་བཞིན་ཡེ་ཤེས་ནི།། ཉི་ཟླའི་འོད་བཞིན་ཕྱོགས་དང་བྲལ་བ་མེད།། ཀྱེ་འོ་རྣལ་འབྱོར་རང་འབྱུང་ངོ་མཚར་ཆེ།། གཉུག་མ་མ་བཅོས་སེམས་ནི་ཆོས་སྐུ་སྟེ།། ་བཅོས་པའི་སེམས་ཀྱིས་རྣལ་འབྱོར་ཐོབ་མི་འགྱུར།། དེ་ཕྱིར་བདེ་བའི་ཕྱོགས་སུ་ཡིན་པར་མཐོང་།། རང་བཞིན་གྲུབ་པའི་ལམ་ཐོབ་རྣལ་འབྱོར་བདེ།། རྣམ་རྟོག་བྲལ་བས་ཞེ་འདོད་འབྱུང་མི་སྲིད།། རྟ་མགྲིན་གྲུབ་ཐོབ་བདག་ཉིད་སར་ཧས་སྨྲས།། ཀྱེ་འོ་རྣལ་འབྱོར ་ལྟ་བའི་ཉམས་ལེན་གྱིས།། དེ་ཡི་རང་བཞིན་གང་ཞིག་སྒོམ་འདོད་ན།། རང་ལུས་རི་བོ་འདི་ནི་གནས་ཀྱི་མཆོག། སེམས་ཉིད་དུས་ཀྱི་རྣལ་འབྱོར་བསྒྲུབ་པ་པོ།། དབང་པོ་རྣམས་བཅིངས་མཚམས་བཅད་བདེ་བར་འགྱུར།། གཡེང་བྱ་རྣམས་ཀྱང་ཆེད་དུ་སྤང་མི་བྱ།། ་གཏུག་ཕྲད་སེམས་སུ་ཤེས་ན་ཡི་དམ་ལྷ།། ཤེས་པ་མ་བཀུག་རྟོག་པར་རིམས་ཀྱིས་སྤངས།། སེམས་ལ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས།། རས་བལ་འདབ་མ་བཞིན་དུ་གློང་ལ་ཞོག། བྱ་བ་སྤོངས་ལ་རང་སེམས་རང་གིས་ལྟོས།། ཞེ་འདོད་བྱུང་ནི་བདུད་དུ་ཤེས ་པར་གྱིས།། རྣམ་རྟོག་རྣམས་ཀྱི་རྩ་བ་སེམས་ཡིན་ཏེ།། དེ་མེད་ཕྱིར་ན་རྣམ་རྟོག་ཡོད་མིན་ནོ།། དྲན་པ་དྲན་མེད་བསྒོམ་པའི་རྣལ་འབྱོར་ཏེ།། སེམས་འདི་རྟག་པར་མ་གྲུབ་རང་ལ་ཐིམ།། བསྒོམ་འདོད་མེད་པས་སངས་རྒྱས་འབྲས་བུ་ཐོབ།། རྣལ་འབྱོར་བུ་ཆུང་ལྟ ་བུར་རྟོག་པ་མེད།། ལྡུམ་རའི་བུང་བའི་མེ་ཏོག་རོ་མྱོང་ལྟར།། ནགས་ནས་ནགས་སུ་འཁྱམ་པ་སེང་གེ་བཞིན།། ཀུན་ཏུ་རྒྱུ་བ་སྣ་ཚོགས་རླུང་ལྟར་ནི།། སེམས་ཉིད་བག་དང་ལྡན་པ་སྤྱོད་པའི་མཆོག། རང་བཞིན་མི་དགག་སྨྱོན་པ་ལྟ་བུར་སྤྱད།། རྒྱབ་ཏུ་མི་ཆགས་མདུན་དུ ་ཞེན་པ་མེད།། མདོར་ན་ལྷ་སྒོམ་སྤྱོད་པ་ཉམས་ལེན་ལ།། ཇི་ལྟར་ཕན་པའི་སྤྱོད་པས་རྣལ་འབྱོར་སྤྱོད།། སྣ་ཚོགས་སྣང་བ་སེམས་ཀྱི་ངོ་བོ་འདི།། ཐུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ།། སྣང་ལ་མི་སྣང་འབྲས་བུ་སངས་རྒྱས་འབྱུང་།། དེ་ལ་སེམས་ན་དངོས་གྲུབ ་དམ་པ་ཡིན།། ཕྱེ་ནང་ཐམས་ཅད་ལྷན་ཅིག་སྐྱེས་པ་འདྲི།། ནམ་རྟོག་ཆུ་བའི་རྒྱུན་གྱི་རྣལ་འབྱོར་འདྲ།། དེ་ཡང་སེམས་ལས་གཞན་ནུ་བཙལ་དུ་མེད།། ཡིད་ལ་མི་བཞག་ཕྱག་རྒྱ་ཆེན་པོའི་ལམ།། འབྲས་བུ་མ་རེ་རྟོགས་ན་ཕྱག་རྒྱ་ཆེ། ་མ་རྟོགས་རྟོགས་པ་ན་མཁའི་སྤྲིན་དང་འདྲ།། རྟོགས་ན་དེ་ཉིད་རང་བཞིན་སྟོང་པ་ཡིན།། ལྟ་སྤྱོད་འབྲས་བུ་དབྱེར་མེད་ལྷན་ཅིག་སྐྱེས།། རང་བཞིན་གཉིས་མེད་རྟོགས་ན་འབྲས་བུའི་མཆོག། ལྟ་སྤྱོད་སྒོམ་པ་འབྲས་བུ་དོ་ཧའི་གླུ་ཞེས་བྱ་བ། སློབ་དཔོན་ས་ར་ཧ་པས་མཛད། ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཏཏྟཾ་དོ་ཧ་གཱི་ཏི་ཀཱ་ནཱ་མ། བོད་སྐད་དུ། དོ་ཧ་མཛོད་ཀྱི་དེ་ཉིད་ཀྱི་གླུ་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། བརྟགས་ན་བདག་གཞན་དངོས་པོ་མེད།། བྱིས་པ་ལྷུག་པོའི་རྨི་ལམ་འདྲ།། དེ་ཉིད་རྟོགས་པ་ཤིན་ཏུ ་