CLOSE WINDOW

GT1172: 'jam dpal khro bor sgrub pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཀྲོ་དྷ་སྱཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་ཁྲོ་བོར་སྒྲུབ་པ། སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ།། དཔལ་ལྡན་ཁྲོ་བོ་གཤིན་རྗེ་གཤད།། ཁྲོ་རྒྱལ་གཙོ་ལ་རབ་བཏུད་ནས།། དེ་ཡི་ཟླ་བ ་མོ་སྒྲུབ་པའི་ཐབས།། རྒྱུ་འཕྲུལ་དྲ་བའི་ཚུལ་དུ་བྲི།། དེ་ལ་འཇམ་དཔལ་གཤིན་རྗེ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ་རང་གི་སྙིང ་གར་ཉི་མའི་དཀྱིལ་འཁོར་བསྒོམ།། དེའི་དབུས་སུ་ཧཱུཾ་མཐིང་ན་ག་རབ་ཏུ་འབར་བ་བསྒོམ།། དེ་ལས་འོད་འཕྲོས་པས་བར་ཆད་ཐམས་ཅད་བསྲུང་ཞིང་བདེ་བར་གཤེགས་པ་རྣམས་ཀྱིས་ཐུག་དེ་བསྐུལ་ཏེ། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་སྤྱན་དྲངས་ལི། ཡན་ལག་བདུན་པ་བྱ་ཞིང་ཚད་མེད་པ་བཞི་བསྒོམ་སྟེ། བསོད་ནམས་ཀྱི་ཚོགས་བསག་གོ། དེ་ནས་ཨོཾ་སརྦ་དྷརྨ་ཨ་བྷཱ་བ་སྭ་བྷཱ་བ་ཤུདྡྷོ&ཧི་ཞེས་པས་ཆོས་ཐམས་ཅད་ནཱ་མཁའ ་ལྟ་བུར་བསྒོམ།། དེའི་ངང་ལས་རང་གི་རེག་པ་ཧཱུཾ་མཐིང་ནག་རབ་ཏུ་འབར་བ.རརཾ་བསྒོམ།། དེ་གྱུར་པ་ལས་རྡོ་རྗེ་ཁྲོ་བོ་ཧཱུཾ་གིས་མཚན་པ་བསམ།། དེ་ལས་བྱུང་བའི་བཅོམ་ལྡན་འདིས་འཇམ་དཔལ་གཤིན་རྗེ་གཤེད་མཐིང་ནག ་ཞལ་གཅིག་པ་སྤྱན་གསུམ་པ། ཁྲོ་གཉེར་དཔྲལ་བར་བསྡུས་པ།། མཆེ་བ་གཅིག་ཤིང་སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་རལ་དྲི་རྡོ་རྗེའི་ཡུ་བ་ཅན་བཟུང་ག་གཡོན་སྡིགས་མཛུབ་ཨུཏྤ་ལས་མཚན་པ། གཅེར་བུ་དུར་ཁྲོད ་ཀྱིས་རྒྱན་གྱིས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་རོལ་ཞིང་ཡེ་ཤེས་ཀྱི་མེ་འབར་བ། མ་ཧེ་གདན་དུ་བཏིང་ནས་ལས་ཀྱི་གཤིན་རྗེ་འདུལ་བར་བསྒོམ།། དེའི་ཐུགས་གནས་ཧཱུཾ་ལས་འོད་འཕྲོས་པས་དེ་ལྟ་བུའི་ཡེ་ཤེས ་མས་དཔའ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་དབུལ་ཏེ། ཨོཾ་བཛྲ་པུཥྤེ་ཧཱུཾ། དྷཱུ་པེ་ཧཱཾ། དཱི་པེ་ཧཱུཾ། གནྡྷེ་ཧཱུཾ། ནི་རི་ཏེ་ཧཱུཾ་ནི་བཻ་དྱ་ཧཱུ~ཾ། ཤཔྡ་ཧཱུཾ་ཞེས་མཆོད་པ་དབུལ་གཏེར་མཱ་གཏོང་ངོ་།། གཏོར་སྣོད་མི་དམིགས ་ཝ་ལས་བདུད་རྩིར་བསམ། ཧཱུ~ཾ་ཞེས་བརྗོད་པས་བདུད་རྩིར་བསམ།། འདོད་པའི་དོན་ཚོལ་གསིལ་བ་གདང་པར་བྱ་སྟེ། ཛཿཧཱུ~ཾ་བཾ་ཧོཿ་དགུག་གཙུག་ལ་སོགས་པ་བྱ་ཞིང་།། ཡི་གེ་གསམ་གྱིས་སྐུ་གསུང ་ཐུག་མ་བྱིན་གྱིས་བརླ་བ། དབང་བསྐུར། མི་སྐྱོ་བར་དུ་བསྒོམ། དེ་ནས་བཟླས་པའི་སྔགས་འདི་ཡིན། ཨོཾ་ཧྲཱིཿཥྚཾཿབི་ཀྲྀ་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱཧཱ། ཞེས་ན་མཁའི་དཀྱིལ་ནས་ཐོགས་བབས ་ལྟར་ཤིན་ཏུ་དྲག་པར་བཟླས་སོ།། དེ་ནས་སྒྱུ་མ་ལྟ་བུའི་རང་བཞིན་འོད་གསལ་བ། ཟུང་དུ་འཇུག་པ། རྡོ་རྗེའི་བཟླས་པ་སེམས་དེ་ལ་གཏད་པའོ།། ནག་པོ་ཐུགས་ཀྱི་དཔལ་བེ་ནས།། ཟབ་མོ་བདུད་རྩིའི་བཅུད ་གཏིགས་པས། སྐལ་ལྡན་རིན་ཆེན་ལྟ་བུ་ཡིས།། འཇམ་དཔལ་གཤིན་རྗེ་གྲུབ་པར་ཤོག། འཇམ་དཔལ་ཁྲོ་བོར་སྒྲུབ་པ་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་པ་རྫོགས་སོ།། ་