CLOSE WINDOW

GT1171: rdo rje phag mo'i sgrub thabs
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། བཛྲ་བཱ་རཱི་ཧ~ཾ་སྭ་དྷ་ནཱཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། དཔལ་ལྡན་རྡོ་རྗེ་མཁ་འགྲོ་ནི།། འཁོར་ལོའི་གཙོ་ལ་རབ་གཏུད་ནས།། དེ་ཡིས་ཟབ ་མོ་སྒྲུབ་པའི་ཐབས།། དྲ་བ་སྡོམ་པའི་ཚུལ་བཞོན་བཤད།། དེ་རྡོ་རྗེ་ཕག་མོ་སྒྲུབ་པར་འདོད་པས་དུར་ཁྲོད་ལ་སོགས་པའི་གནས་སུ་བསྟན་བདེ་བ་ལ་འདུག་ལ། ཁ་ནུབ་ཏུ་བལྟས་ཏེ་དང་པོར་སེམས་བསྐྱེད་པ་སྔོན ་དུ་སོང་བས་དད་པས་གཞི་བཟུང་བསོད་ནམས་ཀྱིས་ཚོགས་བསག་གོ། དེ་ནས་བྱིན་གྱིས་སྣང་བ་འབྱུང་བ་ལ་བླ་མ་སྤྱི་བོར་བསྒོམས་ལ། ཡི་གེ་གསུམ་གྱིས་ཆང་བྱིན་གྱིས་བརླབ་ཅིང་། ་ཨོཾ་བཾ་ཧཾ་ཡཽ་ཧྲིཾ་མོཾ།། ཧྲིཾ་ཧྲཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པས་ལག་པ་བྱིན་གྱིས་བརླབས་ལ་གོ་བགོ་སྟེ་བགེགས་ཐམས་ཅད་ཞི་བར་བྱེད་པའི་སྔགས་འདི་བརྗོད་དོ།། ཨོཾ་ཧྲྀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚ~ཾ་ཕཊ་སྭཱ་ཧཱ། དེ་ནས ་མཆོག་དང་ཐུན་མོང་གྲི་དངོས་གྲུབ་འབྱུང་བྱས་ལུས་ང་གཽ་ཡིད་གསུམ་གྱིས་ཐབས་ལ་མཁས་པར་བྱ་སྟེ། ཨཾ་སྭ་བྷྲྀ་བ་ཤུདྡྷ་སརྦ་དྷཱརྨྨ་སྭ་བྷཱ་བ་ཤུདྡྷོ&ཧཾ་ཞེས་བརྗོད་པས་ལུས་རྣམ་པརྱ་དག་པ་གཞ་ཝ་ཡ་སྱ ་ཁང་ཆོས་འབྱུང་གི་ཀྱི་ལ་དུ་བསམ།། ཨོཾ་བཛྲ་ཤུདྡྷ་དྷཿསྱཱརྦ་དྷརྨཿབཛྲ་ཤུདྡྷོ&ཧཾ་ཞེས་བརྗོད་པས་ངག་རྣམ་པར་རིག་པ་སྔགས་ཀྱེ་འཁོར་ལོ་ལྀ།། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡཱཾ། ཨོཾ་བཛྲ་ཝ་རྞ་ནཱི་ཡེ། ཨོཾ ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུཾ་ཧཱུ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་བཟླས་སོ།། ཨོཾ་ཡོ་ག་ཤུདྡྷོ་སརྦ་དྷརྨ་ཡོ་ག་ཤུདྡྷོ&ཧཾ་ཞེས་བརྗོད་པས་ཡིད་རྣམ་པར་དག་པ་ལྷའི་སྐུ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐཾད་པ་དང ་ཁ་ཊྭཱཾ་ག་འཛིན་པ།། སྐུ་མདོག་དམར་བ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཞབས་གཡས་བསྐུམ་པ།། གཡོན་དུས་མཚན་མ་མནན་པ། གར་དགུའི་ཉམས་ཀྱིས་བཞུགས་པ་བསྒོམ་པར་བྱའོ།། དེའི ་གསང་གནས་སུ་ཆུའི་ས་བོན་ལས་འོད་འཕྲོས་པས་ཕྱག་རྒྱ་བཞིས་ཡེ་ཤེས་ཀྱི་ལྷ་མོ་དགུ་གཞུག་ལ་སོགས་པ་བྱ། དེ་ཡང་རང་ཉིད་ལྟ་བུ་གཅིག་སྤྱན་དྲངས་ལ་ཕྱག་འཚལ་མཆོད་པ་འབུལ།། སྡིག་པ་བཤགྶས། ་རྗེས་སུ་ཡི་རང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།། གསོལ་བྱ་གཱདབ།། དགེ་བ་བསྔོ།། བྱིན་གྱིས་བརླབས།། དབང་སྐུར། བདག་ལ་མཁའ་འགྲོ་མ་བཞིས་བསྟོད། སྔགས་འདིས་གཏོར་མ་གཏང་སྟེ། ་ཨོཾ་བཛྲ་ཡོ་གི་ནི་ཀ་མ་རུ་པ་ཡོ་གཽ་ནི།། ཛྭ་ལ་མུ་ཁི་ནཱི་ཁ་ཁ་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་ཅིང་རྐང་པ་བརྒྱད་ཀྱིས་བསྟོད།། དེ་ནཱས་ཐབས་བླ་ན་མེད་པས་རྫོགས་པའི་བྱང་ཆུབ་ཐོབ་པས་ཡོད་མེད་གཉིས ་སུ་མེད་པའི་གདམ་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ།། མར་གྱུ་རི་ཐུགས་ཀྱིས་དཔྲལ་བེའུ་ལས།། ཟབ་མོ་བཅུད་ཀྱིས་ཐིགས་པ་འབྱུང་།། སྐལ་ལྡན་རིན་ཆེ་ནི་ལྟ་བུ་ཡི།། རྡོ་རྗེ་ཕག་མོ ་འགྲུབ་པར་ཤོག། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྗེ་བཙུན་ཀ་མ་ལ་ཤིས་མཛད་པ་རྫོགས་སྷོ།། ། ་