CLOSE WINDOW

GT1170: rje btsun ma 'phags ma sgrol ma'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱཱ་ཏཱ་རུ་སཱ་དྷཱ་ནཾ། བོད་སྐད་དུ། ཎྜེ་བཙུན་མྱ་འཕགས་མ་སྒྲོལ་མའི་སྒྲུབས་ཐབས། སྨྲ་བའི་སེང་གེ་ལོ་ཕྱག་འཚལ་ལོ།། ཡེ་ཤེས་དྲི་མེད་སྒྲོལ་མ་གསྔལ་བའི་ཐུགས།། སྨྲ་བསམ་བརྗོད་མེད་ཤེས ་རབ་ཕར་ཕྱིན་གསུངས།། སྟོང་ཉིད་སྙིང་རྗེའི་ཕག་མོའི་སྐུ།། སྒྲོལ་མའི་སྐུ་གསུང་ཐུགས་ལ་འདུད་།། སྒྲོལ་མ་གསུམ་དང་ཚུལ་མཐུན་རྣལ་འབྱོར་པས།། རྟག་ཏུ་ལྷ་མོ་འདི་བསྒོམ་བྱ་ཕྱིར་བཤད།། དང་པོ་རྟེན་གྱི་གང ་ཟག་གིས།། གདོང་ལ་སོགས་པ་ཁྲུས་བྱས་ནས།། སྲེད་དུ་འོང་བའི་གནས་དེ་རུ།། མཎྜལ་བྱི་དྲོར་ལེགས་བྱས་ལ།། བདེ་བའི་བསྟན་ལ་འདུག་ནས་ནི།། སྙིང་གར་ཟླ་ཡི་གེ་ཏཱཾ།། ལྗགས་ཀྱུ་འདྲ་བའི་འོད་འཕྲོས་པས།། བླ་མ་ལྟ ་མོ་སྤྱན་དྲངས་ལ།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས།། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ།། དགེ་བ་ཅུང་ཟད་ཅི་བསགས་པ།། བྱང་ཆུབ་ཐོབ་ཕྱིར་བདག་གིས་པསྔོ།། དེ་ནས་ཚངས་པའི་གནས་བཞི་བསྒོམ། ་སྔགས་འདི་བཟླས་པོས་སྟོང་པར་བསྒོམྱ།། ཨོཾ་ཤྲུ་ནྱ་ཏཱ་ཛཱ་ནུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྲོ&ཧཾ། པཾ་ལས་པདྨ་འདབ་བརྒྱད་སྟེང་།། ཏཱཾ་ལས་རྗེ་བཙུན་སྦྲེལ་མ་ནི།། ཞལ་ཙག་ཕྱག་གཉིས་སྐུ་མདོག་ལྗང་།། གཡས་ན་མཆོག ་སྦྱིན་ཕྱག་རྒྱ་ཅན།། གཡོནྡ་ན་ཨུཏྤལ་སྔོན་པོ་འཛིན།། རིན་ཆེན་རྒྱན་རྣམས་མཛེས་པའི་ཚུལ།། སྐྱེ་བའི་སེང་གོས་དབུ་བརྒྱན་པ།། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པ་བཞུགས།། དར་གྱི་སྟོད་གཡོགས་སྨད་གཡོགས། ་བློས།། དེ་ལྟར་དམ་ཚིག་བསྐྱེད་བྱས་ལ།། ཐུགས་ཀའི་ཏྲཱཾ་ལས་འོད་འཕོས་པས།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ།། དད་པའི་སྟོབས་ཀྱིས་ཕྱག་བྱས་ཏེ།། དེ་ནས་མཆོད་པ་སྔགས་འདིས་དབུལ།། ཨོཾ་བཛྲ་པུཥྤེ་པུ ་ཛ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་པཱུ་ཛྲེ་ཧཱུཾ། ཨོཾ་བཛྲ་དཱི་པེ་པཱ་ཛྲ་ཧཱུཾ། ཨོཾ་བཛྲ་གནྡྷེ་པཱ་ཛ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱ་པཱུ་ཛྲ་ཧཱུཾ། ཨོཾ་བཛྲ་ཨརྒྷཾ་པྲི་ཏཱིཙྪ་པཱུ་ཛ་ཧཱུཾ། ཨོཾ་བཛྲ་གཱིཎྜོ་པཱ་ཛྲེ་ཧཱུཾ། ཇི་སྲིད་མི་སྐྱོའི་བར་དུ་བསྒོམ།། སྐྱོན་བཟླས་པའི་ད་ལྟར་བྱ། ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྔགས་ཕྲེང་སྙིང་གནས་ཕྱུང་སྟེ།། ཡེ་ཤེས་ཐུགས་ལ་མ་ཉམས་པས་མཆོད།། བྱིན་བརླབས་ཚུར་འདུས་ཞལ་ནས་ཐོན།། བདག་ལཱ་ཐིམ་ཞིང་འོད་འཕྲོས་པས་ཁར ་ཆོད་སེལ་དང་སྒྲིབ་སྦྱངས་བསམས།། དེས་སྐྱོ་གཏོར་མཱ་གཏང་བྱ་སྐྱེ།། མི་རྟོག་ཨོཾ་ལས་རིན་ཆེན་སྣོད།། ཨཱཿལས་བདུད་རྩི་སྣ་ཚོགས་བསམ།། ཧཱུཾ་གིས་ཐིམ་ཞོང་སྣ་ཚོགས་གསོལ།། སྔགས་འདིར་སྙིང་པོ་བཏགས་ཏེ་དབུལ།། ་པ་ལྀ་ཏ་པཱུ་ཛ་ཨརྒྷཾ་པུཾ་ཛ་བི་ལཾ་ཨི་དཾ་གྲིཧྞ་ཁ་ཁཾ་ཁཱ་ཧི་ཁཱ་ཧི་ཨརྒྷཾ་པྲྀ་ཏཱིཙྪ་པཱ་ཛཱ་ཁཱ་ཏི་སྭཱ་ཧཱ།། དད་པའི་སྟོབས་ཀྱིས་བསྟོད་པར་བྱ།། ཨོཾ་སྟོང་ཉིད་སྟོང་རྗེ་ཕག་མོ་ཆེ།། སྒྲོལ་མའི་སྐུ་ལ་ཕྱག་འཚལ་བསྟོད།། སྨྲ་བསམ་བརྗོད་མེད ་ཕ་རོལ་ཕྱིན།། སྦྲེལ་མའི་གསུང་ལ་ཕྱག་འཚལ་བསྟོད།། དྲི་མེདོ་ཡེ་ཤེས་གསོལ་བའི་ཐུགས།། སྒྲོལ་མའི་ཐུགས་ལ་ཕྱོག་འཚལ་བསྟོད།། ཟླ་འོད་སྲིད་པའི་མུན་སེལ་བཾ།། འཇོམས་བྱེད་ཉི་མའི་དཀྱིལ་དང་མཚུངས།། ་ཐབས་དང་ཤེས་རབ་ཡོན་ཏན་ལྡན།། སྒྲོལ་མ་ལ་ནི་རྟག་ཏུ་འདུད།། འགྲོ་ལ་བུ་བཞིན་རྟག་ཏུ་གདུང་།། སྲིད་གསུམ་རྣམ་ཐོར་འགོད།། སེང་སྡེང་ནགས་ལ་རབ་གནས་ཤིང་།། འཇིགས་པ་བརྒྱད་ལས་ཤིན་ཏུ་སྐྱོག།། སྒྲོལ ་ལ་ནི་ཕྱག་འཚལ་བསྟོད།། མངོན་པར་དགའ་བའི་ཞིང་ཁམསུ།། རྡོ་རྗེ་མཁའ་འགྲོའི་སྐུར་སྟོན་ཅིང་།། སྐྱེ་ཤི་མེད་པའི་ཆོས་ཀྱང་སྟོན།། སྒྲོལ་མེ་ལ་ནི་ཕྱག་འཚལ་བསྟོད།། དཔལ་དང་ལྡན་པའི་ཞིང་ཁམས་སུ།། རི་ན ་ཆེན་མཁའ་གྲོའི་སྐུར་སྟོན་ཅིང་།། འགྲོ་བའི་སྡུག་བསྔལ་ནད་རྣམ་སེལ།། སྒྲོལ་མ་ལ་ནི་ཕྱག་འཚུལ་བསྟོད།། བདེ་བ་ཅན་གྱི་ཞིང་ཁམས་ན།། པདྨའི་མཁའ་འགྲོ་སྐུར་སྟོན་ཅིང་།། བདེ་བ་ཆེན་པོའི་ངང་ལ་གནས།། སྒྲོལ་མ་ལ་ཕྱག ་འཚལ་ལོ།། རྣམ་པར་དགྲ་པའི་ཞིང་ཁམས་ནི།། ལས་ཀྱིས་མཁའ་འགྲོའི་སྐུར་སྟོན་ཅིང་།། ཕྲིན་ལས་བཞི་ཡི་དོན་ཡང་སྒྲུབ།། སྒྲོལ་མ་ལ་ནི་ཕྱག་འཚལ་ལོ།། མཐའ་དབུས་མེད་པའི་ཞིང་ཁམས་ན།། ཕ་རོལ་ཕྱིན་མའི་སྐུར ་སྟོན་ཅིང་།། ཕྱོགས་བཅུའི་སངས་རྒྱས་ཚོགས་དང་བཅས།། སྒྲོལ་མ་ལེ་ནི་ཕྱག་འཚལ་བསྟོད།། དེ་ནས་ཉལ་བའི་དུས་ན་ནི།། སྟོང་པ་ཉིད་ཀྱི་ངང་ལ་ཉལ།། ལས་དང་སྤྱོད་ལམ་ཅི་སྤྱོད་པ།། ལྷ་མོའི་ང་རྒྱལ་དུ་ནི་སྒོམ།། འདི་བརྩམས།། ་པ་ཡི་དགེ་བ་གང་།། རྗེ་བཙུནྡ་སྒྲོལ་མའི་ཐུགས་རྗེ་དང་།། དམ་པ་རྣམས་ཀྱི་བྱིན་བརླབས་ཀྱིས།། རྗེ་བཙུན་སྒྲོལ་མ་གྲུབ་པར་ཤོག། རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་པའོ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ་