CLOSE WINDOW

GT1167: maN+Da la gyi cho ga zhes bya ba
Wyliee-texts produced with BDRC’s OCR application

ལ་ཤྲཱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ལཱྀ་བཙུན་ཆུང་གིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། མཎྜ་ལཱ་བི་དྷི་ནཱ་མ། བོད་སྐད་དུ། ་མཎྜལ་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ།། བླ་མྱ་མཉེས་པར་བྱེད་པ་ཡི།། མཎྜལ་ཆོ་ག་བཤད་པར་བྱ།། མཎྜལ་ལ་ནི་རྣམ་ལྔ་སྟེ།། ངོ་བོ་ངོས་ཚིག་དབུལ་ཐབས་དང་།། དབྱེ ་བོ་དང་ནི་ཕན་ཡོན་ནོ།། ངོ་བོ་དབུལ་བར་འོས་པ་ལྔ།། སྔགས་དང་རྫས་སུ་བཅས་པའོ།། མཎྜ་ནི་སྐྱེ་པའི་ས་བོན་ཏེ།། བསོད་ནམས་འཕེལྀ་བས་ཌཱ་ལ་ཞེས་བྱ།། དབུལ་ཐབས་དང་གུས་མོས་པ་ཡིས།། གོང་མཾ ་མཉེས་པར་བྱེད་པའོ།། མཎྜལ་དབྱེ་བས་རྣམ་གཉིས་ཏེ།། དངོས་དང་ཡིད་ཀྱིས་བསམ་པའོ།། ཡིད་ནི་ལས་སུ་རུང་བྱ་སྟེ།། དྲན་པ་ཙམ་གྱིས་གསོལ་བའོ།། དངོས་ལ་རྣམ་པ་བཞིར་གསུངས་ཏེ།། དབུལ་བ ་དང་ནི་སྒྲུབ་པ་དང་།། མཆོད་པ་དང་ནི་མཛེས་པའོ།། ས་ཡང་རུང་སྟེ་གཞི་ལ་ནི།། གང་ཡང་ཚད་དང་ལྡན་པ་ལ།། ཨོཾ་བཛྲ་ཡ་ཥ་ཀ་ཧཱུཾ།། ཞེས་པ་དེ་ཡིས་བྱུག་པར་བྱ།། རྣམ་པ་ཉི་ཤུ་དགྲམ་བྱ་སྟེ།། ཧཾ་ལས ་འོག་གི་རི་རབ་བསམ།། རང་གི་ངོས་ཀྱི་ཤྭར་བྱས་པའི་ཡ་ལུས་ཤར་གྱིས་ལུས་འཕགས་བསམས།། ར་ལས་བྱང་གི་སྒྲ་མི་སྙན།། ལ་ལས་ལྷོ་ཡི་འཛམ་བུའི་གླིང་།། ཤ་ལས་ནུབ་ཀྱིས་བ་ལང་སྤྱོད།། ཡཾ ་ལས་བྱང་ཤར་མཚམས་སུ་བསམ།། གླིང་གི་ཡོག་ཉི་ཤུ་བྱེད་ནཱ་ཡང་།། གཡས་གཡོན་སྔགས་ཀྱང་དེ་བཞིན་ནོ།། རི་ལས་ནུབ་བྱང་གླིང་ཕྲན་བསམ།། ཤཾ་ལུས་ལྷོ་ནུབ་མཚམས་ཡིན་ནོ།། ལཱཾ་ལས་ལྷོ་ཤར ་གླིང་ཕྲན་བསམ།། ཙ་ལས་བཙུན་མོ་རིན་པོ་ཆེ།། ཚྭ་ལས་བློན་པོ་རིན་པོ་ཆེ།། ཛ་ལས་དམག་དཔོན་རིན་པོ་ཆེ།། ལླ་ལས་གླང་པོ་རིན་པོ་ཆེ།། ཙམཱ་ལྔས་རྟ་མཆོག་རིན་པོ་ཆེ།། ཚམ་ལས་འཁོར་ལོ་རིན་པོ་ཆེ།། ཛ་མ་ལས ་ནོར་བུ་རིན་པོ་ཆེ།། ཝ་ལས་གཏེར་ཆེན་རིན་པོ་ཆེ།། མཾ་ལས་ཉི་མ་ཤར་དུ་བསམ།། ཨ་ལས་ཟླ་བ་ནུབ་ཏུའོ།། ཨོཾ་ལས་སྟེང་གི་རི་རབ་བོ།། གླིང་བཞི་གླིང་ཕྲན་བཅས་པ་དང་།། རིན་ཆེན་བདུན་དང་གཏེར་དང་བརྒྱད་།། རི་རབ ་ཉི་ཟླར་བཅས་པ་རྣམས།། བླ་མ་དང་ནི་དཀོན་མཆོག་གསུམ།། ཡི་དམྦ་མཁའ་འགྲོ་མཆོད་པའི་འོས།། དད་པའི་སྟོབས་ཀྱིས་འབུལ་ལྕགས་ཀྱིས།། བླ་མ་དཀོན་མཆོག་བཞིས་སུ་གསོལ།། མཱཎྜལ་ཕུལ་བའི་ཡོན ་ཏན་ནོ།། མཎྜལ་གཅིག་ཕུལ་དྲུག་དང་ལྡན།། བསོད་ནམས་ཚོགས་ནི་བསམ་མི་ཁྱབ།། དེས་ན་དེ་ལ་བརྩོན་པར་བ།། གཅིག་ཕུལ་ཡོན་ཏན་དྲུག་དང་ལྡན།། གླིང་བཞི་ཕུལ་བའི་ཡོན་ཏན་གྱིས།། བདུད་བཞི་མ ་ལུས་ཞི་བར་འགྱུར།། གླིང་ཕྲན་པའི་ཡོན་ཏན་གྱིས།། ཚད་མེད་བཞི་དང་ལྡན་པར་འགྱུར།། རིན་ཆེན་སྣ་བདུན་ཕུལ་བཱ་ཡིས།། འཕགས་པའི་ནོར་བདུན་ཐོབ་པར་འགྱུར།། གཏེར་ཆེན་ཕུལ ་བའི་ཡོན་ཏན་གྱིས།། མི་ཟད་ལོངས་སྤྱོད་འཕེལ་བར་འགྱུར།། ཉི་ཟླ་ཕུལ་བའི་ཡོན་ཏན་གྱིས།། ལྟེ་བསྒོམས་སེམས་ལ་གསལ་བར་འགྱུར།། རི་རབ་ཕུལ་བའི་ཡོན་ཏན་གྱིས།། རང་འབྱུང་ཡེ་ཤེས་ཐོབ་པར་འགྱུར།། ་མཎྜལ་དབུལ་བའི་ཆོ་ག་རྗེ་བཙུནྡ་ཀ་མ་ལོ་ཤྲཱིས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཏདཱ་ཏྲ་ནཱཀྵ་རོ་པ་དེ་ཤ། བོད་སྐད་དུ། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན ་