CLOSE WINDOW

GT1166: gsang ba'i thugs kyi sgron ma zhes bya ba
Wyliee-texts produced with BDRC’s OCR application

གནས་ན།། གང་ལྟར་སྤྱད་ཀྱང་བདེ་བ་ཐོབ།། དེས་ན་རྣལ་འབྱོར་བརྩོན་པར་བུཾ།། རྣལ་འབྱོར་ལམ་གྱི་སྒྲོལ་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་པ་རྫོགས་སོ།། །། རྒྱ་གར་སྐད་དྲོ། ཙིཏྟ་གུ་ཧྱ་པྲ་ཏཱི་པཾ་ནཱ་མ། ་བོད་སྐད་དུ། གསང་པོའི་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གཽ་ལ་ཕྱག་འཚལ་ལོ།། དམ་པ་ལྔ་བཅུ་རྩ་ལྔ་ཡིས།། ཞབས་ཀྱི་པདྨར་རབ་བཏུད་ནས།། སྡུག་བསྔལ་ཞི་བར་བྱ་བའི་ཕྱིར།། ཁྱད་པར ་ལྔ་ཡིས་གདམྱས་པ་བསྟན།། ཀྱེ་མ་རྣམ་ཤྲེས་རླུང་གིས་འཁྲུག། རླུང་ནཱི་ལས་སུ་རུང་བ་དང་།། གཏུམ་མོ་རླུང་གིས་སྦྱོར་བར་བྱ།། འདུ་བའི་ནད་ཀྱང་རླུང་གིས་བཅོས།། འབྱུང་བ་རོ་ནི་མཉམ་པ་དང་།། བཏུལོ་ཞུག ་སྤྱོད་པས་བར་ཆོད་སེལ།། འཚ་བའི་བཅུད་ནི་ལེན་པ་དང་།། ཨོཾ་པཾ་བདེ་བའི་རླུང་གིས་བསྐྱེད་།། རྟེན་འབྲེལ་ཤེས་པ་འཆར་བ་དང་།། རྡོ་རྗེ་རྐེང་མགྱོགས་གྲུབ་པར་འགྱུར།། དྷཱུ་ཏིར་ཚུད་དེ་ཕྱག་རྒྱ་ཆེ།། འདེ་བ་ལྡན་པདྨ་གི ་སོར་དབུས།། རྩ་དང་རླུང་དང་བྱང་ཆུབ་སེམས།། སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི།། ཆགསོ་དང་འབྲི་བ་བཅུ་གཉིས་བརྒྱ།། ལ་ལ་ར་ས་དྷུ་ཏིར་བསྡུ།། རླུང་དང་བྱང་ཆུབ་སེམ་ཀྱང་དེ།། འཁོར་ལོ་བཞི་ལ་སྲོག་ཤིང་ཚུལ།། ་མི་འདྲ་སྤར་བ་སྭ་ཧཾ་ལས་འཛག། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི།། བསྐྱིལ་དང་བཟློག་དང་དགྲམ་ཞིང་བསྟིམ།། དགའ་བཞིའི་ཁྱད་པར་ཕྱག་རྒྱ་ཆེ།། སྐྱེ་བ་དང་ནི་འགག་པའོ།། ཤེས་པ་ཁོ་ན་འབྲའ་ཞིག་ཡིན།། སེམས་ནི ་ཀུན་གྱི་ས་བོན་ཏེ།། རང་སེམས་རྟོགས་ན་སོངས་རྒྱས་ལ།། བདེ་བ་གཞན་དུ་མི་བཙལ་ལོ།། སེམས་ཉིད་ལས་སུ་རུང་བ་དང་།། རྣམ་པར་མི་རྟོག་ཡང་དག་དོན།། གཉིས་མེད་གཉིས་སུ་མེད་པ་ལས།། གཉིས་སུ ་བྱར་མེད་སྤྲོས་བྲལ་མཁའ།། སྲིད་དང་མྱ་ངན་འདས་ལས་གྲོལ།། དོན་གྱིས་དབུ་མ་ཕྱག་རྒྱ་ཆེ།། སྙིང་པོའོ་དོན་ལསཿཡེངས་པར།། གཉུག་མའི་ཡིད་ནི་གཅིག་ཏུ་གཏད།། རྣལ་མའི་དོན་ལ་རབ་གནས ་ནས།། ཡིད་ལ་མི་བྱེད་བདེ་བ་ཆེ།། ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ།། མཚོན་དུ་ཡོད་པོ་མ་ཡིན་ཏེ།། སྟེན?་ཀའི་ཟླ་ལྟར་དྲི་མེད་འོད།། བདེ་གསལ་སྟོང་པའི་ཡེ་ཤེས་ཅན།། རང་ལ་སྦས་པ་མིག་ལྟར་དབྱེ།། བདེ ་བ་ཆེ་ལས་གཞན་མེད་པས།། ཕྱག་རྒྱུའི་མཆོག་དེ་ཕྱག་རྒྱ་ཆེ།། སྡུག་བསྔལ་ཞི་བར་བྱ་བ་དང་།། ལུས་སེམས་འཕེན་དུ་གཞུག་པ་དང་།། འབྲས་བུ་བློ་ཡིས་མ་གྲུབ་པ།། ཤེས་རྒྱུད་ན་མཁར་འཕ་པ་དང་།། ་དམིགས་པ་སྣ་ཚོགས་བསྒྱུར་ཤཽས་སོ།། ཆོས་དང་ཆོས་མཽནི་སེལ་བ་དང་།། རིག་པ་དངོས་སྙིགས་དབྱེ་བ་དང་།། རྣམ་ཤེས་རླུང་ཡང་བསྟིམ་པའོ།། སྒྲ་ལུས་འོད་གསལ་བསྲེ་བར་བྱ།། བག་ཆགས་སྦུབས ་སུ་གྲོལ་བ་དང་།། ཕྱག་རྒྱ་ཆེན་པོ་དུས་འདིར་ཐོབ།། དེས་ན་རྣལ་འབྱོར་བརྩོན་པར་བྱ།། སྡུག་བསྔལ་ཞི་བར་བྱེད་པ་གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ ་ལ་ཤྲཱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ལཱྀ་བཙུན་ཆུང་གིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། མཎྜ་ལཱ་བི་དྷི་ནཱ་མ། བོད་སྐད་དུ། ་