| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། པཱ་ད་ཡོ་ག་པྲོ་དྷི་པཱཾ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ལམ་གྱི་སྒྲོལ་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སྟེང་ག་ལ་ཕྱག་འཚལ་ལོ།། རྣལ་འབྱོར་ལམ་གྱི་སྒྲོན་མི་འདི།། སྣུན་པས་ལོགས་པའི་ལམ་མི ་འཇུག། སྡུག་བསྔལ་ཐམས་ཅད་ཞི་མཛད་པ།། དམ་པ་སྐྱེས་མཆོག་དེ་ལ་འདད།། ཨཱ་ལི་ཀཾ་ལའི་སྒྲ་དོན་རྟོགས།། སྡེ་སྣོད་གསུམ་གྱི་དོན་ཡང་ཤེས།། བད་གི་དང་སྐྱེ་འགྲོའོ་སེམས་ཅན་རྣམས།། ཨེ་ནས་སྐྱེ་མེད་འོད ་གསལ་ཡང་།། མ་རིག་པ་ཡི་རླུང་གིས་འཁྲུལ།། འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་།། དེ་ལ་གྲོལ་བར་བྱ་བའི་ཕྱིར།། རྣལ་འབྱོར་ལམ་པས་འདི་ལྟར་བྱ།། སྡིག་པའི་ལས་རྣམས་རབ་སྤངས་ཏེ།། དགེ་བའི་ཆོས་ལ་བརྩོན་པར་བྱ།། ་དཀའ་ལ་སོམ་ཉི་མི་ཟ་ཞིང་།། རྟག་ཏུ་སྐྱབས་འགྲོ་མ་ཉམས་བྱ།། བྱམས་པའི་སེམས་དང་རབ་ལྡན་ཞིང་།། འགྲོ་ལ་སྙིང་རྗེ་ཅི་ནོས་བྱ།། འདོད་ཡོན་དངོས་པོ་མི་རྟག་པས།། གཟུང་འཛིན་ཆགས་སེམས་རྣམ་པར་སྤངས། ་གཞན་ལ་སྨད་པར་མ་བྱ་ཞིང་།། འགྲོ་བའི་བླ་མ་སྤྱི་བོར་བཀུར།། ལོག་པའི་ལམ་དུ་མི་འཇུག་ཅིང་།། མཐུ་དང་ངན་སྔགས་སྤེལ་མཽ་བྱ།། ལོངས་སྤྱོད་འདུ་འཛི་རྣམ་སྤངས་ཏེ།། གཅིག་པ་ནགས་སུ་འདུག་ལ་སྒོམ།། འཇིག་རྟེན ་འཆལ་ཚིག་མི་བརྗོད་པར།། སྔགས་དང་སྙིང་པོ་མདོ་ཡང་བརྗོད།། ཡང་ན་ལྐུགས་པའི་ཚུལ་དུ་བསྡང་།། རང་བྱུང་དྲི་མ་མེད་པའི་བརྡ།། ལུས་ལ་གྲུ་ཡི་བློ་བཞན་ལ།། བཅུད་ལེན་གྱིས་ནི་ཟུངས་ཀྱང་བསྐྱེད།། གཏུ་མོ་ཡོས་ནི་རོ་བསྙམས ་ཏེ།། འབྱུང་བ་བསྙམས་ཞིང་ནད་རྣམས་དབྱུང་།། གནོད་སྦྱིན་པར་ཆད་པ་བྱེད་ལ།། བརྟུ་ལྔ་ཞུགས་གདམས་པའི་སྤྱོད་པ་བྱ།། མི་ང་ལ་གསུམ་དང་འདུ་བ་གསུམ།། འཁོར་ལོ་གསུམ་དང་རྩ་བ་གསུམ།། འབར་བ་གསུམ་དང ་ཆུད་མི་ཟ།། ཐིམ་པ་གསུམ་དང་རྒྱས་གདབ་བོ།། མདོར་ན་ཐམས་ཅད་སེམས་ཡིན་ཏེ།། སེམས་ལས་མ་གཏོགས་ཚོས་གཞན་མེང་།། སེམས་སུ་འཛིན་པ་འཁྲུལ་པའི་བློ།། བློ་ལས་གྲོལ་ན་གཉིས་སུ་མེད།། གཉུག་མའི ་ངང་ལས་མ་གཡེངས་པར།། དངོས་སྤྱོར་སྣང་བར་སྒྱུ་མར་བལྟ།། སྒྱུ་མ་བརྫུན་པ་རྨི་ལམ་ཚུལ།། རྨི་ལམ་ཚུལ་སོགས་རབ་ཤེས་ནས།། དཔེ་བརྒྱད་བཞིན་དུ་ཤེས་པར་བྱ།། རྣལ་མའི་ཆོས་ལ་རབ ་གནས་ན།། གང་ལྟར་སྤྱད་ཀྱང་བདེ་བ་ཐོབ།། དེས་ན་རྣལ་འབྱོར་བརྩོན་པར་བུཾ།། རྣལ་འབྱོར་ལམ་གྱི་སྒྲོལ་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་པ་རྫོགས་སོ།། །། རྒྱ་གར་སྐད་དྲོ། ཙིཏྟ་གུ་ཧྱ་པྲ་ཏཱི་པཾ་ནཱ་མ། ་