CLOSE WINDOW

GT1164: byang chub spyod pa'i sgron ma zhes bya ba
Wyliee-texts produced with BDRC’s OCR application

བུའི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲིས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། བྷོ་དྷི་ཙརྱ་པྲ་དཱི་བཾ་ནཱ་མ། བོད་སྐད་དུ། བྱང་ཆུབ་སྤྱོད་པའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ ་ལ་ཕྱག་འཚལ་ལོ།། སྒྲོལ་མ་ལ་ནི་ཕྱག་འཚལ་ནས།། དམ་པ་སྐྱེས་མཆོག་རྣམས་ལ་འདུད།། འགྲོ་བ་སྡུག་བསྔལ་གདུངས་པ་ལ།། ཞི་བྱེད་བསིལ་ལྡན་དྲི་མེད་བཤད།། འཇིག་རྟེན་ཁམས་འདི་མི་རྟག་སྟེ།། དཔེར་ན་འཛའ ་ཚོན་ཡལ་དང་འདྲ།། ལོ་ཟླ་ཚེས་གྲངས་འཆི་དང་ཉེ།། བུ་ཚ་ལ་སོགས་གྲོགས་རྣམས་དང་།། བོར་ནས་གཅིག་པུ་འགྲོ་དགོས་ན།། བཱར་དྲོ་བཞི་ལས་འཆི་བའི་ཚེ།། སྡུག་བསྔལ་རི་བོས་མནན་པས་སྡུག། བདུན་མོ་བདུན་དུ་བར་དོ་རུ།། ་གཤེད་པོས་འཆི་ཞིང་སྡུག་རེ་བསྔལ།། མ་རིག་འཁྲུལ་པས་ལུས་བླངས་ཏེ།། ཉོན་མོངས་ལྔ་ཡི་སེམས་ཀྱང་དཀྲུགས།། དཔེར་ན་ཤིང་རྟའི་འཁོར་ལོ་བཞིན།། འགྲོ་བ་དྲུག་གིས་སྡུག་བསྔལ་མྱོང་།། སྡིག་བསྔལ་བཞི་སོགས་སྡུག ་བསྔལ་བས།། དེ་ཕྱིར་བྱང་ཆུབ་བསྒྲུབ་པར་བྱ།། ལེ་ལོ་གཡེང་བ་རབ་སྤངས་ཏེ།། ཤེས་རབ་གསུམ་ལ་བློ་སྦྱངས་ལ།། རྟག་ཏུ་དུར་ཁྲོད་གནས་སུ་འདུག། དྲན་པ་བཞི་དང་ལྡན་པ་ཡིས།། ཐོ་རངས་ལངས་ཏ་ཁྲུས་བྱས་ལ།། ངད་དང ་མོས་གུས་སྔོན་བཏང་སྟེ།། བྱང་ཆུབ་སེམས་དང་རབ་ལྡན་པས།། འགྲོ་བ་བུ་བཞིན་གདུང་བར་བྱ།། གསུམ་ལ་སྐྱབས་འགྲོ་མ་ཉམས་བྱ།། བདེན་པའི་ཆོས་ལ་ཐེ་ཚོམ་སྤང་།། འདོད་པ་སྤེལ་ཕྱིར་ཆུ་སྐྱོན་གཏང་།། མཆོད ་གཤེགས་ལ་སོགས་ཁ་དོན་བྱ།། གྲུ་ཡི་ཚུལ་དུ་ལུས་ཀྱང་བཙལ།། བག་ཡོད་སྤྱོད་ལམ་བློ་གྲོས་ཟབ།། ལྷ་དང་མི་འབྲལ་བསམ་པོ་བཟང་།། དང་པོ་བྱུང་བས་དཀོན་མཆོག་མཆོད།། ཁ་ཟས་ཀུན་ལ་རྣལ་འབྱོར་བྱ།། ་ལྷག་མ་འབྱུང་པོ་རྣམས་ལ་བསྔོ།། གཤང་ཙེ་རྣམས་ཀྱང་སྦྱིན་པར་གཏང་།། སྨོན་ལམ་རྒྱ་ཆེན་གདབ་པའོ།། ཆོས་སུ་འགྲོ་བའི་ཚིག་ཀྱང་བརྗོད།། ཚ་ཚེ་གང་བ་ཅིང་སྲོག་ཀྱང་གདོན།། བསོད་ནམས་ཚོགས་ནི་ཅི་ནུས ་བསགས།། ཡེ་ཤེས་ཚོགས་ཀྱང་དེ་བཞིན་ཏེ།། སྡོམ་པ་གསུམ་དང་ལྡན་པར་བྱ།། ཕ་རོལ་ཕྱིན་པ་དྲུག་སྤྱད་དེ།། དབང་བཞི་རྫོགས་པའི་རྣལ་འབྱོར་བྱ།། བསྐོར་བ་བྱ་ཞིང་ལུས་ཀྱང་བཅག། འབྱུང་བ་བཞི ་ནི་རོ་བསྐྱམས་ཏེ།། མཚན་མོ་ནང་གི་སྤྱོད་པ་བྱ།། སྲོད་ལ་གཏོར་ཚོགས་ཆེན་པོ་གཏང་།། ནམ་ཕྱེད་ཚོགས་ཀྱི་འཁོར་ལོ་བསྐུར།། ཕྱི་བཅུད་ནང་བཅུད་རང་སོར་གཞག། ནོམ་སྨད་དགེ་བོའི་གཉིད་ཀྱང་ལོག། སྤྱོད་ལམ་རྣམ ་བཞིའི་ཆོས་ལ་བསྡུ།། མ་ཡེངས་ཆུ་བོའི་རྒྱུན་ལྟར་སྤྱད།། སྒྱུ་ལུས་འོད་གསལ་སྲེ་བ་ཡང་།། སུམ་ཅུ་རྩ་བཞིའི་གདམས་པའི་དོན།། སེམས་ཉིད་ལས་སུ་རུང་བས་ནི།། རང་དབང་རྒྱལ་པོ་སེམས་ལ་ཐོབ།། དེ་ཕྱིར་རྣལ་འབྱོར ་བརྩོན་པར་སྤྱད།། བྱང་ཆུབ་སྤྱོད་པའི་སྒྲོན་མི་ཞེས་བྱ་བ་རྗེ་བརྫུན་ཀ་མ་ལ་ཤྲིས་མཛད་པ་རྫོགས་སོ།། ། པཎྜི་ཏ་ཁ་ཚེ་ཛྙཱ་ན་གུ་ཧྱ་དང་། ཨོང་པོ་ལོ་ཙྪ་པས་བསྒྱུར་བའོ།། ། དགེ ་