CLOSE WINDOW

GT1159: theg pa gsung gi sgron ma zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཡཱན་ཐཱ་ཀ་པྲཱ་དཱི་པཱ་ནཱ་མ། བོད་སྐད་དུ། ཐེག་པ་གསུང་གི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ།། ཁམས་གསུམ་སེམས་ཅན་མ་ལུས་ཀུན།། མ་རིག་མུན་པས་འཐིབས་པ་ལ།། སྟོན་པ་བཅོམ ་ལྡན་ཤཱཀ་ཐུབ་ཀྱིས།། གསུང་གྲོ་སྟོན་མ་འདི་བསྟན་པས།། དམ་ཆོས་རིམ་པ་གསུས་དུ་གསུངས།། རྒྱས་པར་གསུང་དང་འབྲིང་དུ་བཤད།། བསྡུས་པའི་དོན་དུ་བསྟན་པའོ།། དེ་ལ་རྒྱས་པར་གསུངས་པཱ་ནི།། དུག་གསུམ་ཉོན་མོངས་ཆུ་མཉམ ་པའི།། གཉེན་པོ་བརྒྱད་ཁྲི་བཞི་སྟོང་སྟེ།། ཐེག་པ་སྣ་ཚོགས་བསྟན་པའོ།། འབྲིང་ནི་གསུང་རབ་བཅུ་གཉིས་དང་།། མདོ་དང་དབྱངས་བསྟད་ལུང་བསྟན་དང་།། ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་།། རྟོགས་བརྗོད་དེ་བྱུང་སྐྱེས་པའི ་རབས།། རྒྱས་དང་རྨད་བྱུང་གཏན་ལ་དབབ།། བསྡུས་པས་སྡེ་སྣོད་གསུམ་དག་སྟེ།། མདོ་སྡེ་འདུལ་བ་ཆོས་མངོན་ནོ།། ལྟ་བོ་གཙོར་སྟོན་མངོན་པ་སྟེ།། བསྒོམ་པ་གཙོར་སྟོན་མདོ་སྡེ་ཡིན།། སྤྱོད་པ་གཙོར་སྟོན་འདུལ་བའོ།། དེ ་ཡང་རྣམ་པ་གསུམ་ཡིན་ཏེ།། ཚེ་དང་ཆུང་དང་ཁྱད་པར་རོ།། དང་པོ་ལྔ་ནི་མདོ་ཡིན་ཏེ།། དེ་རྗེས་དྲུག་ནི་འདུལ་བ་ཡིན།། ནངས་ཀྱིས་ཐ་མ་མངོན་པའོ།། དེ་ནི་ཐེག་པ་ཆུང་ངུའི་གཞུང་།། རྒྱས་དང་རྨད་བྱུང་མདོ་ཡིན་ཏེ།། མདོ་སོགས ་དགུ་ནི་འདུལ་བ་ལ།། གཏན་ལ་དབབ་པ་མངོན་པའི་སྡེ།། དེ་ནི་ཐེག་པ་ཆེན་པོའི་གཞུང་།། མདོ་སོགས་རིམ་ལྔ་དོན་ཡིན་ཏེ།། དེ་རྗེས་རྣམ་བཞི་འདུལ་བ་ལ།། ཐ་མ་གསུམ་ནི་མངོན་པའོ།། དེ་ནི་ཁྱད་པར་བླ་མེད་གཞུང་།། དེ་བཞིན་སྦྱོར ་བཤེས་པར་བྱ།། བྱུད་པར་དབང་དུ་བྱས་ནུས་ནི།། མཚན་ཉིད་རྒྱུ་ཡི་ཐེག་པ་དང་།། འབྲས་བུ་རྡོ་རྗེའི་ཐེག་པའོ།། དེ་གཉིས་རྒྱུ་འབྲས་ཁྱད་པར་ཡང་།། དོན་ཅིག་ལ་ཡང་མ་རྨོངས་ཏེ།། ཐབས་མང་དཀའ ་བླ་མེད་པ་ཡིས།། དབང་པོ་རྣན་པོས་དབང་བྱས་ཏེ།། ཕ་རོལ་ཕྱིན་པའི་ཐེག་པ་པས།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། སྔགས་ལ་རྒྱུད་སྡེ་བཞིར་གསུངས་ཏེ།། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད།། རྣལ་འབྱོར་རྒྱུད་པང་བླ་མེད ་པའོ།། དམན་པ་རྣམས་ལ་བྱ་བའི་རྒྱུད།། བྱ་མིན་རྣལ་འབྱོར་དོ་ལྟག་ལ།། རབ་ལ་རྣལ་འབྱོར་ཐ་མེད་དོ།། ཡང་ན་མི་རིགས་བཞི་ལས་ནི།། བྲམ་ཟེའི་རིགས་ལ་བྱ་བའི་རྒྱུད།། དམངས་རིགས་ལ་ནི་སྤྱོད་པ་ཡི།། དེ་བཞིན་རྗེའུ་རིགས ་རྣལ་འབྱོར་རྒྱུད།། རྒྱལ་རིགས་རྣལ་འབྱོར་བླ་མེད་དོ།། འདི་ནི་བླ་མེད་རྒྱུད་དུ་གྲགས།། རྒྱུ་དང་ཐབས་དང་འབྲས་བུ་ལས།། འདི་ནི་ཐབས་ཀྱི་རྒྱུད་དུ་གསུངས།། ཟབ་ཙོང་རྒྱ་ཆེའི་ཞི་བྱེད་འདི།། རྒྱུད་པ་རྣམ་པ་བཞི་རུ་བཤད།། ་རིག་གི་རྒྱུད་དང་དོན་གྱི་བརྒྱུད།། བྱིན་བརླབས་བརྒྱུད་དང་བརྡ་ཡི་བརྒྱུད།། མ་ཞུགས་རྣམ་བཞི་ཤེས་པར་བྱ།། ཐེག་པ་གསུང་གི་སྒྲོན་མ་རྫོགས་སོ།། ། རྒྱ་གར་སྐད་དུ། ས་མྱ་དར་པྲ་དཱི་པ་ནཱ་མ། ་