CLOSE WINDOW

GT1158: man ngag sku'i sgron ma zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨུ་པ་དེ་ཤ་གཱི་ཡ་པྲ་དྲི་པ་ནཱ་མ། བོད་སྐད་དུ། མན་ངག་སྐུའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བུའི་སེང་གེ་ལ་ཕྱག་འཚལ་ལོ།། རྒྱལྔ་བའི་སྐུ་ནི་གཅིག་ཉིད་ལ།། གདུལ་བྱིའི་མོས་པའི་དབང་གིས་ནི།། ཕྱི ་ནང་གསང་བ་གསུམ་དུ་གནས།། བདེ་གཤེགས་སྤྲུལ་པ་སྣ་ཚོགས་སྟོན།། ཡ་བ་ནི་ཐབས་ཀྱིས་རང་བཞིན་ལ།། ཡུམ་ནི་ཤེས་རབ་རང་བཞིན་ཏེ། ཐབས་དང་ཤེས་རབ་གཉིས་མེད་པ།། ཐར་པའི་ལམ་གྱི་གཙོ་བོ་ཡིན།། ལས་དང ་ཐུགས་རྗེའི་དབང་གིས་ནི།། ལ་ལ་ཞི་ཞིང་ལ་ལ་ཁྲོ།། ཞི་བས་ཕན་པར་མ་གྱུར་ན།། ཁྲོ་བོ་དེ་བཞིན་གཤེགས་པས་བསྟུན།། གདོད་ནས་དག་པའི་སྙིང་པོ་ལ།། གཟུགས་སྐུ་མཚན་དང་དཔེ་བྱད་ལྡན།། རང ་རྒྱུད་དངོས་པོ་མ་ཡིན་པར།། རང་དབང་ཅན་གྱི་སྐུ་ཉིད་དོ།། སྐྱེ་དང་འཆི་བའི་ཆོ་འཕྲུལ་རྣམས།། སེམས་ཅན་ལྟ་བུ་མ་ཡིན་ཏེ།། སྐྱེ་རྒ་ན་འཆི་རང་གིས་ཤེས།། ཞེན་པ་རྣམས་ལས་འདའ་ཚུལ་སྟོན།། སྐྱེ་དང་འཆི་བ་མི་དམིགས་པས།། བག ་ཆགས་ལུས་ལས་གྲོལ་གྱུར་ནས།། རྡོ་རྗེ་ལྟ་བུའི་སྐུ་ཡིན་པས།། བལྟས་པ་ཙམ་གྱིས་དྲི་མ་འདག། མཚན་གཞི་དྲི་མེད་མེ་ལོང་ལ།། མཚན་བཅས་འཛིན་མེད་གཟུགས་བརྙན་འཆར།། ཟུང་འཇུག་བློ་གྲོས་ངོ་བོར་རྟོགས།། གཉུག་མ་ངར ་ལྡན་མེ་ལོང་ལ།། བཅུད་དང་རྩལ་སྦྱོང་གཟུགས་བརྙན་འཆར།། ལྷན་ཅིག་སྐྱེས་པའི་ངོ་བོར་རྟོག། འཁོར་འདས་བཞི་མེ་ལོང་ལ།། འགྲོ་བ་དྲུག་གིས་གཟུགས་བརྙན་འཆར།། བསྒོམ་དུ་མེད་པའི་ངོ་བོར་རྟོགས།། ཤེས་རབ་གསུམ་གྱི་མེ ་ལོང་ལ།། ཡོན་ཏན་མཐའ་དང་གཟུགས་བརྙན་འཆར།། ཡེངསུ་མེད་པའི་ངོ་བོར་རྟོགས།། བཅུ་གཅིག་ལྡན་པའི་དམ་པ་ལ།། བརྒྱད་དང་ལྡན་པའི་སློབ་མ་ཡིས།། ཞབས་ཀྱི་པདྨར་རབ་ཏུང་ནས།། མ་ཉམས་གསུམ་གྱིས་མཆོད་པ ་དབུ་མ།། ངེས་པའི་ཤེས་པ་སྐྱེས་གྱུར་ནས།། སྤྱི་དང་རང་གི་མཚན་ཉིད་ནི།། མ་འདྲེས་གཅིག་ཏུ་རྟོགས་པ་ཡིས།། དུས་འདི་ཉིད་ལ་རྫོགས་སངས་རྒྱས།། མན་ངག་སྐུའི་སྒྲོལ་མ་རྫོགས་སོ།། ་