| Wylie | e-texts produced with BDRC’s OCR application |
ལག་ཁང་དུ་བསྒྱུར་བའོ།། སླད་ནས་བླ་མ་དེ་ཉིད་དང་། ལོ་ཎཱི་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕ་བྱ་བའོ།། །། རྒྱ་གར་སྐད་དུ། དྷརྨྨ་དྷཱ་ཏུ་སྭ་ར་གཱི་ཏཱ། བོད་སྐད་དུ། ཆོས་ཀྱི་དབྱིངས་ལྟ། ་བའི་གྲུ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། གང་ཞིག་ཀུན་ཏུ་མ་ཤེས་ན།། སྲིད་པ་གསུམ་དུ་རྣམ་འཁོར་བ།། སེམས་ཅན་ཀུན་ལ་ངེས་གནས་པའི།། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ནས། ་ཆོས་དབྱིངས་ལྟ་ཞིང་གཞན་མིན་པ།། དེ་དག་རིམ་བཞིན་བརྗོད་པར་བྱ།། ཟབ་ཞི་སྤྲོས་བྲལ་དེ་བཞིན་ཉིད།། འོད་གསལ་འདུས་མ་བྱས་པ་གང་།། མ་སྐྱེས་མ་འགགས་གཟོད་ནས་དག། རང་བཞིན་མྱ་ངན་འདས ་པ་ཡིས།། ཆོས་དབྱིངས་མཐའ་དང་དབུས་མེད་པ།། བློ་མིག་ཞི་བྲི་མོ་རྟོག་བྲལ་བ།། བྱིངས་རྒོད་རབ་རིབ་མེད་པས་ལྟ།། གང་ཞིག་འཁོར་བའི་རྒྱུར་གྱུར་པ།། དེ་ཉིད་སྦྱང་བ་བྱས་པ་ལས།། དག་པ་དེ་ན་མྱ ་ངན་འདས།། ཆོས་ཀྱི་སྐུ་ཡང་དེ་ཉིད་དོ།། ཇི་ལྟར་འོ་མ་དང་འདྲེས་པས།། མར་གྱི་སྙིང་པོ་མི་སྣང་བ།། དེ་བཞིན་ཉོན་མོངས་དང་འདྲེས་པས།། ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་།། ཇི་ལྟར་འོ་མ་རྣམ ་སྦྱངས་པས།། མར་གྱི་སྙིང་པོ་དྲི་མེད་འགྱུར།། དེ་བཞིན་ཉོན་མོངས་རྣམ་སྦྱངས་པས།། ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར།། ཇི་ལྟར་མར་མེ་བུམ་ནུང་གནས།། ཅུང་ཞིག་སྣང་བར་མི་འགྱུར་པ།། དེ ་བཞིན་ཉོན་མོངས་བུམ་ན་དུ་གནས།། ཆོས་ཀྱི་དབྱིངས་ཀྱང་མི་སྣང་ངོ་།། ཕྱོགས་ནི་གང་དང་གང་དག་གནས།། བུམ་པ་བུ་ག་གཏོང་གྱུར་པ།། དེ་དང་དེ་ཡི་སྣ་ཕྱོགས་ཉིད་ནཱ་སི།། འོད་ཀྱི་རང་བཞིན ་འབྱུང་བ་འགྱུར།། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས།། བུམ་པ་དེ་ཉིད་བཅག་གྱུར་པ།། དེ་ཚེ་དེ་ཡི་ན་མཁའ་ཡི།། མཐར་ཐུག་བར་དུ་སྣང་བར་བྱེད།། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན།། ནམ་ཡང་འགག་པར ་འགྱུར་པ་མེད།། དུས་རྣམས་ཀུན་ཏུ་ཉོན་མོངས་མེད།། ཐོག་མ་པར་མཐའ་དྲི་མ་བྲལ།། ཇི་ལྟར་རིན་ཆེན་བཻ་ཌཱུརྱ།། དུས་རྣམས་ཀུན་ཏུ་འོད་གསལ་ཡང་།། རྡོ་ཡི་ནང་ན་གནས་གྱུར་ན།། ་དེ་ཡི་འོད་ནི་གསལ་མ་ཡིན།། དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི།། ཆོས་དབྱངས་ཤིན་ཏུ་དྲི་མེད་པས།། འཁོར་བར་འོད་ནི་གསལ་མ་ཡིན།། ཇི་ལྟར་སྦུན་པས་གཡོགས་གྱུར་པ།། སོ་བ་འབྲས་ཉིད་མི་འདོད ་ལྟར།། དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས།། དེ་ནི་སངས་རྒྱས་ཞེས་མི་རྟགསོ།། ཇི་ལྟར་སྦྲན་པ་ལས་གྲོལ་ན།། འབྲས་ཉིད་སྣང་བར་འགྱུར་བ་ལྟར།། དེ་བཞིན་ཉོན་མོངས་ལས་གྲོལ་ན།། ཆོས་ཀྱི་སྐུ་ཉིད ་རབ་ཏུ་གསལ།། ཇི་ལྟར་སྣུམ་མའི་ལྗོན་བུ།། ཡོད་ཀྱང་མཐོང་བ་མ་ཡིན་པས།། དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི།། ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན།། ཆོས་དབྱིངས་གང་ཕྱིར་བདག་མ་ཡིན།། བུང ་མེད་མ་ཡིན་སྐྱེས་པ་མིན།། གཟུང་བ་ཀུན་ལས་རྣམ་གྲོལ་བས།། ཇི་ལྟར་འཛིན་པར་བརྟག་པར་བྱ།། མི་གཙང་མི་རྟག་སྡུག་བསྔལ་ཞེས།། བྱ་བ་གསུམ་པོས་སེམས་སྤྱོད་བྱེཔྱོད།། སྟོང་པ་ཉིད་ནི་སྟོན་པའི་མང།། ་རྒྱལ་བས་ཇི་སྙེད་གསུངས་པ་སྟེ།། དེ་དག་ཀུན་གྱིས་ཉོན་མོངས་ལྡོག། ཁམས་དེ་ཉམས་པར་བྱེད་མ་ཡིན།། མཆོག་ཏུ་སེམས་ནི་སྦྱོང་བྱེད་པའིའོ།། ཆོས་ནི་རང་བཞིན་མེད་པོ་ཡིན།། ཇི་ལྟར་རི་བོང་མགོ་ཡི་ར།། ་བརྟགས་པ་ཉིད་དེ་མེད་པ་ལྟར།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་།། བརྟགས་པ་ཉིད་དེ་ཡོད་མ་ཡིན།། ཕྲ་རབ་རྡུལ་གྱུ་ན་ཉིད།། བྱུང་ག་རཱ་ཡང་དམིགས་མ་ཡིན།། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན།། དེ་ལ ་ཞིག་བརྟན་པར་བྱ།། རྟེན་ནས་འབྱུང་བར་འགྱུར་པ་དང་།། བརྟེན་ནས་འགག་པར་འགྱུར་བ་དང་།། གནས་པ་དག་ཀྱང་ཡོད་མིན་ན།། བྱིས་པ་ཇི་ལྟར་རྟོག་པར་བྱེད།། ཆོས་དབྱིངས་རང་བཞིན་ནུ་མཁའ་ཡིན།། ཁམས ་ལྟར་རྒྱུ་མེད་རྐྱེན་མེད་དེ།། སྐྱེ་དང་རྒ་དང་གནས་པ་དང་།། འཇིག་པ་མེད་པར་འདུས་མ་བྱས།། སངས་རྒྱས་ཆོས་དབྱེར་མེད་པ་དང་།། དེ་རིགས་དེ་བཞིན་ཐོབ་པ་དང་།། བརྫུན་མོད་སླུ་མེད་འཚེ་མེད་པས།། གདོད་ནས་རང ་བཞིན་ཞི་ཉིད་དོ།། གང་ཕྱིར་དེ་ནི་རྒྱ་མཚོ་ལྟར།། སྒྲ་དང་དཔེ་དང་བློ་རྣམས་ཀྱིས།། གཏིང་དང་ཕ་རོལ་མི་རྙེད་པ།། དེ་ཕྱིར་རབ་ཏུ་ཟབ་པ་ཉིད།། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། ལྟ་བ་ཐ་དད་རུང་མ་ཡིན།། ་འོན་ཀྱང་བློ་ཡི་བྱེ་བྲག་གིས།། ལྟ་བ་ཐ་དད་ཅུང་ཟད་བརྗོད།། དབུ་པ་ཉིད་དུ་སྨྲ་བ་རྣམས།། དེ་དོན་བདེན་པ་གཉིས་སུ་འདོད།། ཀུན་རྫོབ་དང་ནི་དོན་དམ་མོ།། བདེན་གཉིས་རྣམ་དཔེ་ཤེས་པ་དག། ཐུབ་པའི་བཀའ་ལ་མི ་རྨོངས་ཏེ།། དེ་དག་མ་ལུས་ཚོགས་བསགས་ནས།། ཕུན་ཚོགས་པ་རོལ་འགྲོ་བ་ཉིད།། བདག་དང་བདག་གི་རྟག་ཆད་དང་།། ཉོན་མོངས་རྣམས་བྱང་རྒྱུ་འབྲས་དང་།། གཟུང་དང་འཛིན་པར་གང་སྤྲོས་པ།། འདི་ནི་ཀུན་རྫོབ ་བདེན་པའོ།། སྟོང་ཉིད་བདག་མེད་ཞི་བ་གང་།། སྤྲོས་པ་རྣམས་ཀྱིས་མ་གོས་པ།། ཐ་དད་དོན་མིན་རྣམས་མི་རྟོག། འདི་ནི་དོན་དམ་བདེན་པའོ།། ཡང་དག་ཡང་དག་མ་ཡིན་དང་།། རྣམ་གྲངས་རྣམ་གྲངས་མ ་ཡིན་པས།། དེ་ཉིད་སོ་སོར་དབྱེ་བ་བྱས།། གཏུགས་ཙམ་སྣང་གྲགས་དངོས་པོ་དང་།། ཐ་སྙད་འཁྲུལ་པ་སྒྱུ་མ་དང་།། ཀུན་རྫོབ་ཉིད་ནི་རྣམ་གྲངས་སོ།། སྟོང་པ་ཉིད་དང་ཡང་དག་མཐའ།། མཚན་མ་མེད་དང་དོན་དམ་དྲང་།། ་ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ།། གང་ཕྱིར་སྒྲིབ་པས་ཀུན་རྫོབ་སྟེ།། འགྱུར་བ་མེད་ཕྱིར་དོན་དམ་མོ།། ཡང་དག་ཡང་དག་མ་ཡིན་པའི།། ཤེས་པ་གཉིས་ཕྱིར་བདེན་པ་གཉིས།། ཡང་དག་ཤེས་པ་མེད་ཅེ་ན།། བདེན་ཏེ་ཐ ་སྐད་ཙམ་དུ་ཡོད།། དེ་ཉིད་ཚོལ་ལ་ཐོག་མར་ནོ།། ཐམས་ཅད་ཡོད་ཅེས་བརྗོད་པརརློ་བྱ།། དོན་རྣམས་རྟོགས་ཤིང་ཆགས་མེད་ལ།། ཕྱིས་ནི་རྣམ་པར་དབྱེན་དོནི་ཉིད།། བདེན་གཉིས་གཅིག་དང་ཐ་དད་མིན།། ཉེས་པ་བཞི་བཞི ་གསུངས་ཕྱིར་རོ།། གཅིག་དྲང་ཐ་ད་གང་རྟོགས་པ།། དེ་ནི་ཚུལ་མིན་ཞུགས་པ་ཡིན།། དངོས་པོར་ཁས་ལེན་ཡོད་ན་ནི།། འདོད་ཆགས་ཞེ་སྡང་མི་ཟོད་འབྱུང་།། ལྟ་བ་མ་རུང་ས་ཡོངས་སུ་འཛིན།། དེ་ལས་བྱུང་བའི་རྩོད ་པར་འགྱུརརོ།། དམིགས་པའི་འདུ་ཤེས་ཅན་ལ་ནི།། ཐོབ་པ་མོད་ཅིང་མངོན་རྟོགས་མེད།། རྗེས་མཐུན་བཟོད་པརའང་ཡོང་མིན་ན།། མྱ་ངན་འདས་པ་འང་སྤོས་ཅི་དགོས།། སྟོང་པ་ཉིད་ལ་ལྟ་ཉེས་ནི།། ཤེས་རབ་ཆུང་ལྡན ་ཕུང་བར་འགྱུར།། ཇི་ལྟར་སྦྲུལ་ལ་བདུང་ཉེས་དང་།། རིག་སྔགས་ལོགས་པ་བསྒྲུབས་པ་བཞིན།། རྒྱལ་བ་ཀུན་གྱིས་སྟོང་ཉིད་ནི།། ལྷ་ཀུན་ངེས་པར་འབྱིང་བར་གསུངས།། གང་དག་སྟོང་པ་ཉིད་ལྟ་བ།། དེ་དག་བསྒྲུབ་ཏུ་མེད་པར ་གསུངས།། གང་དག་རང་དངོས་གཞན་དངོས་ཀྱི།། དངོས་དང་དངོས་མེད་ཉིད་མཐོང་བ།། དེ་དག་སངས་རྒྱས་བསྟན་པ་ལ།། ཡང་དག་མཐོང་བ་ཡིན་ནོ།། མེད་པ་ཡོད་པའི་ཟླས་གྲངས་ཏེ།། ཡོད་པའང་མེད་པའི་ཟླས་གྲངས་པ།། དེ ་ཕྱིར་མེད་པར་བརྗོད་མི་བྱ།། ཡོད་པ་ཉིད་དུའང་མི་བརྟག་གོ། ཡོད་པ་པ་ནི་བདེ་འགྲོར་འགྲོ།། མེད་པ་པ་ནི་ངན་འགྲོར་འགྱུར།། ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར།། གཉིས་ལ་མི་བརྟེན་ཐར་པར་འགྱུར།། ཚུལ་གཉིས་ཤིང ་དྷཱཞོན་ནས་སུ།། རིགས་པའི་སྲབ་སྒྲོགས་འཇུགས་བྱེད་པ།། དེ་དག་དེ་ཕྱིར་ཇི་བཞིན་དོན།། ཐེག་པ་ཆེན་པོ་པ་ཉིད་འཐོབ།། གཟུགས་སོགས་ཇི་ལྟར་སྣང་བ་ནས།། བདེ་གཤེགས་པར་གྱི་ཆོས་རྣམས་ཀུན།། རི་བོང་བ་ལངར ་ཡིས་དཔེས།། དབུ་མ་ཉིད་དུ་གོམས་པར་བྱ།། ཡོད་མིན་མིང་མིན་ཡོད་མེད་མིན།། གཉིས་མིན་བདག་ཉིད་དུ་ཡང་མེད།། མཐའ་བཞི་ལས་ནི་དྲིས་གྲོལ་བ།། དེ་ཉིད་དབུ་མར་མཁས་རྣམས་བཞེད།། དབུ་མ་མཐའ་ལ ་རྣམ་གྲོལ་ན།། མཐའ་དང་བྲལ་ཕྱིར་དབུ་མ་འང་མེད།། མཐའ་དབུས་མེད་པར་གང་ལྟ་བ།། དེ་ནི་ཡང་དག་ལྟ་བ་སྟེ།། བླ་ན་མེད་པའི་ལྟ་བ་ཡིན།། བློ་ལྡན་རྣམས་ཀྱིས་རྟག་ཏུ་བསྒོམས།། གང་ཞིག་ལྟ་བ་འདིར་འུག ་པ།། དེས་ནི་ཐམས་ཅད་མཁྱེན་པ་ཐོབ།། རྣམ་རིག་ཙམ་དུ་སྨྲ་བ་རྣམས།། ངོ་བོ་ཉིད་ནི་གསུམ་དུ་འདོད།། ཀུན་བརྟགས་གཞན་དབང་ཡོངས་གྲུབ་བོ།། བརྟགས་དང་རྒྱུ་ལས་སྐྱེས་པ་དང་།། མི་འགྱུར ་ཕྱིར་ན་གོ་རིམ་བཞིན།། རྣམ་པར་རྟོག་པ་གང་གང་གིས།། དངོས་པོ་གང་གང་རྣམ་བརྟགས་པ།། དེ་ཉིད་ཀུན་ཏུ་བརྟགས་པ་ཡི།། ངོ་བོ་ཉིད་དེ་དེ་མེད་དོ།། གཞན་གྱི་དབང་གི་ངོ་བོ་ཉིད།། རྣམ་རྟོག་ཡིན་ཏེ་རྐྱེན་ལུས་བྱུང་།། ་གྲུབ་ནི་དེ་ལ་སྔ་མ་པོ།། རྟག་ཏུ་མེད་པར་གྱུར་པ་གང་།། ཡོད་དང་མེད་པའི་མཐའ་གཉིས་ཀྱིས།། དེ་ཕྱིར་དེ་ཉིད་གཞན་དབང་ལས།། གཞན་མིན་གཞན་པ་ཡིན་པའང་མིན།། མི་རྟག་ལ་སོགས་བཞིན་དུ ་བརྗོད།། ཆུ་ཤེལ་བཻཌཱུརྱ་ཡིས་དཔེས།། ངོ་བོ་ཉིད་གསུམ་ཤེས་པར་དུ།། བདག་དང་ཆོས་སུ་བརྟགས་བྷྱོ་དང་།། རྣམ་པར་དག་དང་མ་དག་དང་།། འགྱུར་མེད་ཕྱིན་ཅི་མ་ལོག་པ།། རིམ་བཞིན་རེ་རེ་འང་གཉིས་གཉིས ་སོ།། བློ་གྲོས་བཟང་པོ་ཐམས་ཅད་ནི།། ནང་སེམས་པ་ལ་བརྩོན་པ་ཡིན།། བཟུང་དང་འཛིན་པ་ལས་གྲོལ་བའི།། རྣམ་ཤེས་རྣམ་པའི་དོན་དུ་ཡོད།། ཆོས་རྣམས་འགའ་ཡང་སྐྱེ་བ་དང་།། འགག་པ་ཅུང་ཟད་ཡོད་མིན་ཏེ། ་སྐྱེས་པ་འབའ་ཞིག་ཁོ་ན་ནི།། སྐྱེ་བ་དང་ནི་འགག་པར་འགྱུར།། ཡོད་མིན་ཆོས་རྣམས་དེ་དག་སྣང་།། བེམས་པོ་ལས་མིན་གཞན་ལས་མིན།། མེད་པ་ལས་མིན་ཉེས་གཉིས་ཕྱིར།། དེ་ཕྱིར་ཤེས་པའི་བདག་ཉིད ་ཡོད།། རྣམ་ཤེས་བེམས་པོའི་རང་བཞིན་ལས།། བཟློག་པར་རབ་ཏུ་སྐྱེ་བར་གསུངས།། བེམས་མིན་རང་བཞིན་གང་ཡིན་པ།། དེ་འདིར་བདག་ཉིད་རིག་པར་འདོད།། ནམ་མཁའ་ས་རླུང་ཉི་མ་དང་།། རྒྱ་མཚོ་ཕྱོགས་དང་འབད ་ཆུ་ནི།། ནང་གི་ཤེས་པ་ཡང་དག་གིས།། ཆ་ཡིན་ཕྱི་རོལ་ལྟར་སྣང་ངོ་།། གསལ་བའི་རང་བཞིན་དུ་སྣང་བས།། དེ་དྲག་འབྲེལ་པ་ལྐོག་གྱུར་མིན།། གང་དང་འབྲེལ་པས་གང་རོག་པ།། དེ་ཡིས་རིག་བྱོ་དེ་རིག་འགྱུར།། ་རལ་གྲིའི་སོ་དང་སོ་རྩོ་བཞིན།། བློ་ཡིས་རང་འཛིན་དོར་ཞེ་ན།། རང་ཉིད་སྣང་བ་དོར་མིན་པར།། དགོངས་པ་ངེས་པར་འགྲེལ་ལུས་གསུངས།། དེའི་ཕྱིར་བློ་ཡིས་མཚན་ཉིད་ནི།། རང་རིག་པར་ནི་གྲུབ་པ་ཡིན།། དེ་ཉིད ་རྟོགས་པར་དཀའ་བས་ན།། འདི་ཡི་ངོ་བོ་དཔྱད་མི་ནུས།། རང་རིག་དེ་ཡང་ཕྲ་བའི་ཕྱིར།། སངས་རྒྱས་རྣམས་ཀྱིས་ཕྲ་བར་གཟིགས།། རང་ལ་གནས་ཀྱང་བདག་འདྲ་བས།། རྨོངས་པའི་ཕྱིར་ན་མཐོང་བ་མེད།། གསལ ་དང་ཐོ་ནི་བདག་ཉིད་ཀྱིས།། འགྲེལ་པ་ཡོད་ཕྱིར་དོན་ཙོམ་ཡིན།། ཤེས་པའི་རང་བཞོན་བདེན་པ་སྟེ།། རྣམ་པ་བརྫུན་ཞིང་འཁྲུལ་པ་ཡིན།། སེམས་ནི་རྣམ་པར་བསླད་པའི་ཕྱིར།། གཅིག་ཉིད་གཉིས་སུ་སྣང་བ་ཡིན།། ་གཟུང་དང་འཛིན་པའི་དབྱེ་བ་ལས།། ཤིན་ཏུ་མཁས་པ་ཅིས་མ་ཡིན།། གཟུང་བའི་རྣམ་པ་མི་གཡོའི་ཕྱིར།། ཕྱི་རོལ་ལྟ་བུར་སྣང་བ་ཡིན།། འཛིན་པའི་རྣམ་པར་རབ་གཡོ་བས།། ནང་ལྟ་བུར་ནི་སྣང་བ་ཉིད།། མཚན་མ ་དེ་ནི་སྤངས་ནས་སུ།། ཡེ་ཤེས་རྣམ་པའ་ལྟ་བུར་བསྒོམ།། སེམས་ཀྱིས་རང་བཞིན་ཟག་པ་མེད།། ཟག་བཅས་ས་བོན་མ་ཟད་པར།། ཀུན་གཞི་གནས་སྐབས་དེ་དག་ཉིད།། ཟད་ནས་ཟག་པ་མེང་པའོ།། ་དབྱིངས།། རྣམ་པར་གྲོལ་བའི་སྐུ་དང་ནི།། རྟག་ཏུ་ཉི་ཟེར་ཉི་མ་བཞིན།། སངས་རྒྱས་ཆོས་རྣམས་གནས་ཡིན་པས།། སྐྱོབ་པ་རྣམས་ཀྱིས་ཆོས་སྐུའོ།། ཉན་ཐོས་ཐེག་པར་ཞུགས་པ་རྣམས།། བདག་དང་བདག་གིས་དབེན ་པ་ཡི།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། བཞི་ལྔ་འང་དུས་ནི་གསུམ་ཡང་རུང་།། ཡོད་པ་ཐམས་ཅད་གཟུང་བྱ་ཡིན།། དམིགས་དང་བཅས་པས་འཛིན་པར་བྱེད།། དེ་གཉིས་དམ་པའི་དོན་དུ་འདོད།། བདེན་པ་མཐོང་དང ་གོམས་པ་ལས།། ཉོན་མོངས་སྤོངས་པ་ཞེས་བཤད་པ།། བདེན་པ་དག་ནི་རྣམ་བཞི་སྟེ།། སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་།། འགོག་པ་ལམ་སྟེ་དེ་ལྟ་ན།། དེ་དོག་ཇི་ལྟར་མངོན་རྟོགས་རིམ།། སྡུག་བསྔལ་ཉེར་ལེན ་ཕུང་པོའོ།། ཀུན་འབྱུང་ལས་དང་ཉོན་མོངས་ཏེ།། འགོག་པ་མྱ་ངན་འདས་པ་གཉིས།། ལམ་ནི་ཕྱོགས་མཐུན་སུམ་ཅུ་བདུན།། ཚུལ་གནས་ཐོས་དང་བསམ་ལྡན་པ།། བསྒོམ་པ་ལ་ནི་རབ་ཏུ་སྦྱོར།། དགེ་སྦྱོང་ཚུལ་ནི་དྲི་མེད ་ལམ།། འབྲས་བུ་འདུས་བྱས་འདུས་མ་བྱས།། དེ་དག་བརྒྱད་ཅུ་རྩ་དགུའོ།། གྲོལ་ལམ་ཟད་པོ་རྣམས་དང་བཅས།། འབྲས་བུ་བཞིན་རྣམ་གཞག་པ་ནི།། རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ།། ཉན་ཐོས་རྣམ་བཞི་སྤྲུལ་པ་དང་།། རྫོགས ་པཔོའི་བྱང་ཆུབ་འགྱུར་བ་དང་།། ཞེ་བགྲོད་སྒྲུབ་མཐའ་འཛིན་པའོ།། དེ་ནི་གཉིས་པ་ནི་བཅོ་བརྒྱུད་དོ།། གཉིས་ནི་བྱེ་བྲག་སྨྲ་བ་དང་།། དེ་བཞིན་མདོ་སྡེ་སྨྲ་བའོ།། རྣམ་པ་མེད་པའི་ཤེས་པ་ཡིས།། གཟུགས་ལ་སོགས་པ་དོན་རིག ་འདོད།། དེ་ནི་བྱེ་བྲག་སྨྲ་བ་ཡིན།། གང་ཞིག་དོན་གྱིས་ཕན་གཏགས་པའི།། གཟུགས་བརྙན་རྣམས་ལ་ཉམས་མྱོང་བས།། དོན་རིག་འདོད་པ་མདོ་སྡེ་པའོ།། གཞི་ནི་དགེ་འདུན་ཕལ་ཆེན་དང་།། ཐམས་ཅད་ཡོད་སྨྲ་གནས ་བརྟན་པ།། མདོ་བོས་བཀུར་བ་བཅོ་བརྒྱད་ནི།། ཤར་དང་ནུབ་དང་གངས་རིར་གནས།། འཇིག་རྟེན་འདས་པར་སྨྲ་བོའི་སྡེ།། རྟག་པར་སྨྲ་བའི་སྡེ་པ་དང་།། ལྔ་ཆེན་དགེ་འདུན་ཕལ་ཆེན་པ།། གཞི་ཀུན་ཡོང་སྒྲ་འོད་སྲུང་སྡེ།། ་ས་སྟོན་སྡེ་དང་འོད་སྲུང་སྡེ།། མང་ཐོས་གོས་དམར་སློབ་མ་དང་།། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ།། ཐམས་ཅད་ཡོད་པར་སྨྲ་བ་ཡོན།། རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས།། གཙུག་ལག་ཁང་ཆེན་གནས་བརྟན་པ།། ་ས་སྒྲོགས་རིས་དང་བསྲུང་བ་པ།། གནས་མཱ་བུ་ཨཱི་སྡེ་པ་ནི།། ཀུན་གྱིས་བཀུར་བ་རྣམ་པ་གསུམ།། ཡུལ་དོན་སློབ་དཔོན་བྱེ་བྲག་གི། ཐ་དད་རྣམ་པ་བཅོ་བརྒྱད་དོ།། རང་རྒྱལ་བྱང་ཆུབ་དོན་གཉེར་བས།། གཟུང་བའི་རྟོག ་བ་སྤངས་ཕྱིར་དང་།། འཛིན་པ་མ་སྤངས་ཕྱིར་ན་སྟེ།། རྟེན་གྱི་བསི་རུ་ལྟ་བུའི་ལམ།། བསྐལ་པ་བརྒྱ་ཡི་མཐར་ཐུག་པར།། བསྒོམས་པས་བྱང་ཆུབ་རེག་པར་འགྱུར།། ད་ནི་རྟེན་ཅིང་འབྲེལ་འབྱུང་བ།། ཡན་ལག་བཅུ ་གཉིས་ཆུ་གསུམ་མོ།། སྔོན་དང་ཕྱི་མཐར་གཉིས་གཉིས་དང་།། བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ།། མ་རིག་ཉོན་མོངས་སྟོན་གནས་སྐབས།། འདུ་བྱེད་དག་ནི་སྔོན་འདས་ཀྱིས།། རྣམ་ཤྭེ ་མཚམས་སྦྱོར་ཕུང་པོ་ཡིན།། མྱིང་དང་གཟུགས་ནི་དེ་ཕན་ཆད།། སྐྱེ་མཆེད་དྲུག་དང་ཚུན་ཆད་དོ།། དེ་ནི་གསུམ་འདུས་ཚུན་ཆད་དོ།། རིག་པ་བདེ་སྡིག་ལ་སོགས་ཀྱིས།། རྒྱུ་ཤེས་ནུས་པ་ཚུན་ཆད་དོ།། ཚར ་འཁྲིག་ཚུན་ཆད་སྲེད་པ་ནི།། ལྗོངས་སྤྱོད་འཁྲིག་པ་ཆགས་བཅྡོཾས་ཀྱོ།། ཉེ་བར་ལེན་པ་ལོངས་སྤྱོད་རྣམས།། ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའོ།། དེ་སྲིད་འབྲས་བུ་འབྱུང་འགྱུར་བའི།། ལས་དེ་ཉིད་ནི་སྲིད་པ་ཡིན།། ཉིང ་མཚམས་སྦྱོར་བ་སྐྱེ་བ་ཡིན།། ཚོར་བའི་བར་ནི་རྦ། ཤི་ཡིན།། འདི་ནི་གནས་སྐབས་པར་འདོད་ལོ།། གཙོ་བོའི་ཕྱིར་ན་ཡན་ལགོ་བསྒྲགས།། སྔོན་དང་ཕྱི་མཐའ་བར་དག་ལ།། རྨོངས་པ་རྣམ་པར་བཟློག་ཕྱིར་རོ།། ཉོན་མོང ་གསུམ་མོ་ལས་གཉིས་སོ།། བཞི་བདུན་དེ་བཞིན་འབྲས་བུ་ཡིན།། གཉིས་ཀྱི་རྒྱུ་འབྲུས་མདོར་བསྡུས་པ།། བར་མའི་རྗེ་སུ་དདག་པ་ལ། འདི་ནི་འབྱུང་བ་རྒྱུ་ཡིན་ཏེ། བྱུང་བ་འབྲས་བུ་ཉིད་དུ་འདོད།། ཡན་ལག་བཅུ་གཉིས་དེ་དག་ལས།། ་རྒྱུ་ནི་རྣམ་ལྔ་འབྲས་བུ་བདུན།། འཕེན་པར་བྱེད་དང་འཕངས་པ་དང་།། མངོན་པར་འགྲིབ་བྱེད་གྲུབ་པ་དང་།། ཉེས་དམིགས་ཀྱིས་ནི་ཡན་ལག་སྟེ།། གསུམ་བཞི་གསུམ་གཅིག་གཅིག་རིམ་བཞིན།། འདུ་བྱེད་སྡུག་བསྔལ ་འགྱུར་བ་ཡིས།། སྡུག་བསྔལ་ཉིད་ནི་རིམ་བཞིན་དུ།། ལྔ་དང་གཉིས་དང་ལྔ་ཡིན་ནོ།། ཁམས་གསུམ་ན་ནི་རིམ་བཞིན་དུ།། བཅུ་གཉིས་བཅུ་གཅིག་བཅུ་ཡིས་འཇུག། བརྫུས་སྐྱེས་ཡན་ལག་བཅུ་གཅིག་གིས།། མངལ་དྲང་སྒོང་སྐྱེས ་བཅུ་གཉིས་ཀྱིས།། དྲིད་གཤེར་ལས་སྐྱེས་ཅི་རིགས་འཇུག། དེ་བཞིན་འགྲོ་བ་ལྔ་ལ་སྦྱར།། གསུམ་པོ་དྲག་ལས་གཉིས་འབྱུང་སྟེ།། གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་།། གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ།། ཉིད་ནི ་ཡང་དང་ཡང་དུ་འཁོར།། འཁོར་བའི་ངོ་བོ་རྣམ་པ་དང་།། གང་ཞིག་གང་དུ་གང་གིས་དང་།། ཇི་ལྟར་དྲི་སྲིད་ཉེས་དམིགས་ནི།། མཐའ་ཡས་ཚོགས་ཀྱིས་རབ་ཏུ་འཇུག། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག ་པར་བྱ།། འདམ་བུའི་ཁྱིམ་ན་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འོད་ལ་སྤྱོད་འགྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། མྱ ་ངན་གང་ལས་འདའ་བ་དང་།། གང་ཞིག་གང་གིས་གང་གི་ཚེ།། གང་དུ་གང་ཕྱིར་ཇི་ལྟ་བུར།། ཇི་སྲིད་ངོ་བོ་རྣམ་པ་དང་།། ཐོབ་བྱ་དབྱེ་བ་ཕྲིན་ལས་དང་།། ཡོན་ཏན་ཚེགས་ཀྱིས་ལྡོག་པའོ།། མུ་སྟེགས་པ་ནི་རྣམ་པ་གཉིས།། སྤྲུལ ་པ་པ་དང་རང་རྒྱུད་པ།། དེ་ཡང་སྐྱེ་ཐོབ་སྦྱོར་འབྱུང་ངོ་།། སྐྱེ་ཐོབ་རིགས་ཆང་ལོག་སྲེང་ཅན།། སྦྱོར་བྱུང་བསམ་གཏན་རྟོག་གེ་བོ།། བསམ་གཏན་པ་ནི་མངོན་ཤེས་མཐུས།། ལྟ་བ་དྲུག་ཅུ་གཉིས་སུ་རྟོགས།། རྟག་པར་སྨྲ་བ་རྣམ་བཞི་དང་། ་ཁ་ཅིག་རྟག་པར་སྨྲ་བ་བཞི།། མཐའ་ཡོད་སོགས་བཞི་མི་སྤོང་བཞི།། རྒྱུད་མེད་གཉིས་ནི་སྔོན་མཐར་རྟོག། འདུ་ཤེས་ཡོང་སྨྲ་བཅུ་དྲུག་དང་།། མེད་སྨྲ་བརྒྱད་དང་དེ་བཞིན་དུ།། ཡོང་མིན་མེད་མིན་སྨྲ་བ་བརྒྱད།། ་ཆད་སྨྲ་བདུན་དང་ཚེ་འདི་ལ།། མྱ་ངན་འདའ་བར་སྨྲ་བ་ལྔ།། ཕྱི་མའི་མཐར་རྟོག་ལྟ་བའོ།། རྟོག་གེ་པ་ནི་གྲངས་ཅན་སོགས།། ཚད་མས་གྲུབ་མཐའ་འཛིན་པའོ།། གྲངས་ཅན་ཡོན་ཏན་གསུམ་དུ་བརྗོད།། སྙིང་སྟོབས་རྡུལ་དང་མུན ་པའོ།། རངས་དང་མགུ་དང་ཀུན་དགའ་དང་།། བདེ་བཞི་པ་ཡོ་སེམས་ཉིད་དག། རེས་འགའ་ཡང་ནི་སྣང་གྱུར་པ།། དེ་དག་སྙིང་སྟོབས་ཡོན་ཏན་ནོ།། མི་དགའ་བ་དང་ཡོངས་བདུད་དང་།། མྱ་ངན་འདོད་དང་མི་བཟོད་དག། གང་དུ ་སྣང་བའི་གཏན་ཚོགས་ཀྱིས།། དེ་དག་རྡུལ་གྱིས་རྟགས་སུ་འདོད།། རྨོངས་པ་དེ་བཞིན་གཏི་མུག་དང་།། བག་མེད་གཉིད་དང་གཡེལ་བ་དག། དེ་དག་མུན་པའི་ཡོན་ཏན་ནོ།། ཡོན་ཏན་གསུམ་གྱི་རང་བཞིན་མཆོག། མཐོང་བ ་ལམ་དུ་འགྱུར་མ་ཡིན།། མཐོང་བའི་ལམ་དུ་གང་གྱུར་པ།། སྒྱུ་མ་བཞིན་དུ་ཤིན་ཏུ་གསོག། རང་བཞིན་ལས་ནི་ཆེན་པོ་སྟེ།། དེ་ལ་སངས་རྒྱལ་རྣམས་སུ་འབྱུང་།། དེ་ལས་དབང་པོ་བཅུ་གཅིག་དང་།། དེ་ཙམ་ལྔའོ་དེ་ལྔ་ལྔ།། ་འབྱུང་བ་ལྔ་སྟེ་ཉི་ཤུ་བཞི།། གཙོ་བོ་ཉིད་དང་རྣམ་འགྱུར་རོ།། དེ་དག་སེམས་པ་ཡོད་མ་ཡིན།། སྐྱེས་བུ་ཀུན་རིགས་སེམས་པ་ཅན།། དེ་དག་ཉི་ཤུ་ལྔས་ཤེས་ན།། རལ་པའང་བྱི་བོ་གཙུག་བུད་ཀྱིས།། བསྟི་གནས་གང་དུ ་དགའ་བ་དེར།། སྤེལ་འགྱུར་འདི་ལ་ཐེ་ཚོམ་མེད།། བྱེ་བྲག་པ་ནི་དོན་དྲུག་འདོད།། རྫས་དང་ཡོན་ཏན་ལས་དང་སྤྱི།། བྱེ་བྲག་འདུ་བ་རྣམ་པ་དྲུག། རྫས་དགུ་ཡོན་ཏན་ཉི་ཤུ་བཞི།། ལས་ལྔ་སྤྱི་གཉིས་བྱེ་བྲག་གཉིས།། དེ་བཞིན་འདུ་བ ་འང་རྣམ་གཉིས་ཏེ།། དེ་ཉིད་དྲུག་ཤེས་རིག་པའི་མཆོག། རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན།། གཅེར་བུ་པ་རྣམས་དོན་དགུ་སྨྲ།། སྲོག་དང་ཟག་པ་སྡོམ་པ་དང་།། ངེས་པར་རྒ་དང་འཆི་བ་དང་།། ལས་དང་སྡིག་དང་བསོད་ནམས་དང་།། ཐར་པ ་ཞེས་བྱ་དོན་དགུ་པོ།། གང་གིས་མཐོང་སྟེ་རྣམ་པར་དག། རིགས་པ་ཅན་དོན་བཅུ་དྲུག་འདོད།། ཚང་མ་གཞལ་བྱ་ཐེ་ཚོམ་དང་།། དགོས་པ་དཔེ་དང་གྲུབ་མཐའ་དང་།། ཆ་ཤས་རྟོག་གི་གཏན་ལ་དབབ།། རྩོད་དང་རྗོད་དུང་རྒོལ་བ་དང་། ་རྒྱུ་སྐར་སྣང་བའི་ཚིག་དོར་དང་།། ལྟག་ཆོད་ཆད་པའི་གནས་རྣམས་ཏེ།། བཅུ་དྲུག་གིས་ནི་ངེས་པར་འབྱུང་།། སྤྱོད་པ་པ་ནི་དེན་བཞིར་བརྗོད།། ས་དང་ཆུ་དང་མེ་དང་རླུང་།། དེ་དག་འདུས་མ་བྱས་པ་སྟེ།། རྟག་ཏུ་སྐྱེ་འགག་མེད་པར ་གནས།། དེ་བས་ལས་འབྲས་ཡོད་མ་ཡིན།། སྔོན་དང་ཕྱི་མཐའ་དེ་བཞིན་མེད།། གང་ཞིག་དེ་ལྟར་རྣམ་དཔྱོད་པ།། མཐོང་བ་ཙམ་གྱིས་རྣམ་གྲོལ་འགྱུར།། ཁྱབ་འཇུག་བྱེད་རྒྱུར་སྨྲ་བ་རྣམས།། ཉི་མའི་ནང་ན་ཁྱབ་བདག་འཇུག ་སྐར་ནང་འོད་གནས་ཟླ་བ་ཡིན།། རླུང་ནང་ངནི་འོད་ཟེར་ཙ་ནཾ།། སྣང་བ་ཅན་ནི་ཉི་མ་ཡིན།། རིག་བྱེད་ནང་ན་སྙན་ཚིག་དང་།། ལྷ་ནང་ང་ནི་བརྒྱ་བྱིན་ཏེ།། དབང་པོའི་ནང་ན་ཡིད་ཡིན་ནོ།། འབྱུང་བའི་ནང་ན་ས་ཡིན་ཞིང་།། ང་ནི་བདེ་བྱེད་དྲག ་པོ་འང་ཡིན།། སྲིན་པོ་གནོད་སྦྱིན་ནང་རོལ་བདག། ནོར་ལྷའི་ནང་ན་མེ་ལྟུང་།། རི་བོའི་ནང་ན་ང་རི་རབ།། ང་ནི་ཡི་གེའི་ནང་ན་ཨ།། ཉ་དང་རུས་སྦལ་ཕག་དང་ནི།། མེ་ཡིས་སེང་གེ་མི་ཐུང་དང་།། དགའ་བྱེད་ར་མཱ་ན ་ནག་པོ།། སངས་རྒྱས་ཙརྟི་ཀ་དང་བཅུ།། གང་གིས་ཁྱབ་འཇུག་ཡོན་ཏན་རྣམས།། རྟག་ཏུ་བསྒོམས་ན་བདེ་ཐོ་བ་འགྱུར།། དབང་ཕྱུག་བྱེད་རྒྱུར་འདོད་པ་རྣམས།། འགྲོ་བ་འདི་དག་ཐམས་ཅད་ཀྱི།། བྱེད་པ་པོ་ནི་དབང་ཕྱུག་ཡིན།། དེ་ནི ་ཡོན་ཏན་བརྒྱད་དང་ལྡན།། རབ་ཕྲ་ཡང་བ་མཆོད་པར་འོས།། བདག་པོར་གྱུར་དང་དབང་དུ་གྱུར།། གར་ཡང་ཕྱིན་དང་འདོད་དགུར་ལྡན།། དེ་བཞིན་དགའ་མགུར་གནས་པའོ།། ལག་པ་དོག་དང་རྐང་པ་དང་།། མིག་དང ་གདོང་དང་ལུས་རྣམས་ཀྱི།། མང་པོ་བསྐྱེད་ཅིང་འཇིག་བྱེད་པས།། དེས་ན་ཕྲ་རབ་བརྗོད་པ་ཡིན།། མཁའ་དང་རླུང་དང་སྲ་དང་ནི།། ཆུ་དང་མེ་དག་གནས་བྱེད་ཅིང་།། སྡུད་པ་དང་ནི་རྒྱས་བྱེད་པས།། དེས་ན་ཡང་བར་བརྗོད་པ། ་ཡིན།། འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང་།། གནས་པ་དག་དང་རྒྱུ་བ་དང་།། འབྱུང་པོ་ཀུན་གྱིས་བརྗེད་པ་ན།། དེས་ན་མཆོད་པར་འོས་པ་ཡིན།། འོབྱུང་པོ་ཀུན་ལ་དབང་བྱེད་ཅིང་།། གནས་པ་དག་དང་རྒྱུ་བ་དང་།། གང ་དང་གང་འདོད་དེ་བྱེད་པས།། དེས་ན་བདག་པོ་གྱུར་ཅེས་བྱ།། བདག་ལི་རག་ལས་རང་དབང་ཅན།། དགའ་ལའང་འཇིགས་པ་ཡོད་མིན་ཏེ།། ཐམས་ཅད་དབང་དུ་གྱུར་པོས་ན།། དེས་ན་དབང་དུ་གྱུར་ཅེས་བྱ།། མཐོ་རི ་ངན་སོང་ཀུན་ཁྱབ་པས།། དེས་ན་གར་ཡང་ཕྱིན་ཞེས་བྱ།། སྙིང་སྟོབས་རྡུལ་དང་མུན་པ་གསུམ།། དེ་དག་གང་ལ་གནས་གྱུར་པ།། མིག་འབྱེད་ཙམ་གྱིས་བྱེད་གྱུར་པས།། དེས་ན་འདོད་དུ་གུར་ལྡན་ཞེས་བྱ།། ཐར་པ་འང་ཡང་ན ་ལྷ་ཡིས་ལུས།། གང་དུ་བདག་ཉིད་འདོད་པ་དག། ཐམས་ཅད་འདོད་པས་ཐོབ་འགྱུར་པས།། དེས་ན་དགའ་དགུར་གནས་ཤེས་བྱ།། གོང་ཞིག་ཕྲ་གྱུར་ཅིག་པུ་སྐྱེས་ནས་འདུག། དེ་ཡིས་འདི་ཀུན་སྐྱེས་ཤིང་འཇིག་པར ་བྱེད།། དེ་ནི་དབང་བདག་མཆོག་སྦྱིན་ལྕེ་མཆོག་བྱ།། ཡོན་ཏན་བྱེད་པོ་ཤིན་ཏུ་ཞི་བ་འཐོབ།། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏོ།། བདག་གིས་བདེ་སྡུག་བ་གོ་ལ་རང་དབང་མེད།། དབང་ཕྱུག་གིས་བཏང་ཡང་ན་མཐོ ་རོས་སམ།། གཡང་ས་དྲག་ཏུ་འགྲོ་བ་ཁྲོ་ནར་འགྱུར།། དབང་ཕྱུག་རྫ་མཁན་ལྟ་བུརུ་སྣ་ཚོགས་འདི་སྤྲུལ་བྱེད་པོར་མ་གྱུར་ན།། རི་རབ་འདི་མི་གྲུབ་ཅིང་ས་གཞི་འདི་མིན་རྒྱ་མཚོ་འདྲ་མ་ཡིན་ཏེ།། ཉི་ཟླ་སྐར་ལྡན་འདི ་ལྷུར་བཀོད་པ་འདི་དག་མིག་ཡུལ་དུ་མེད་འགྱུར།། ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པོ་ཡིན་ཞེས་འགའ་ཞིག་སྨྲ།། ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་སྲབ་བྱེད་པ་ཀུན་རིག་ཀུན་བྱེད་པ།། རྣལ་འབྱོར་གོམས་པས ་ཐོབ་པ་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ།། ཉི་མོ་ཟླ་བས་ཆུ་མེ་རླུང་ཕྱོགས་དང་ན་མཁའི་ལུས་ཅན་ཏེ།། ཞི་བའི་བདེ་དགའ་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམས།། དུས་ལ་བལྟོས་པར་སྨྲ་བ ་རྣམས།། དངོས་ཀུན་དུས་ཀྱི་བསྒྱུར་བ་སྟེ།། གང་གི་ཞང་པོ་ནོར་ལྔ་དང་།། གང་ཕ་ནོར་རྒྱུས་ཡིན་པ་ཡི།། འཇིགས་མེད་ཁྲོ་བོ་འང་བསང་གྱུར་པས།། དུས་ནི་འདྲའ་བར་དཀར་བ་ཡིན།། འབྱུང་བ་རྣམས ་དུས་ཀྱིས་འབྱིན།། སྐྱེ་དགུ་རྣམས་སྡུད་དུས་ཀྱིས་བྱེད།། དུས་ཀྱི་གཉིད་ལོ་གསད་པར་བང་།། དུས་ནི་འདའ་བར་བཀའ་བ་ཡིན།། བསྲུང་བ་གསུམ་རྩེ་འོབས་ནི་རྒྱ་མཚེ་དང་།། དམག་མི་སྲིན་པོ་ནོར་ནི་ནོར་སྦྱིན་སྦྱོར།། གང་གཱི ་བསྟན་བཅོས་པ་སངས་ཚད་མཉམ་པོའི།། སྒྲ་སྒྲོགས་བུ་དེའང་དུས་ཀྱིས་དབང་གིས་ཉམས།། ངོ་བོ་ཉིད་རྒྱུར་སྨྲ་བ་ནི།། དངོས་རྣམས་ངོ་བོ་ཉིད་ཀྱིས་འགྲུབ།། མེ་ཡི་དམར་བ་ཉིད་དང་ནི།། དམ་པ་གཞན་དོན་བྱེད་ཉིད་ང་། ་གསུམ་པོ་ངོ་བོ་ཉིད་ཀྱིས་གྲུབ།། ཚེར་མ་རྣོན་པར་གྱུར་པ་སུ་ཡིས་བྱས།། རི་དགས་བྱཱ་ཡི་རི་མོ་སུ་ཡིས་བྱས།། བུ་རམ་ཤིང་མངར་ནིམྦ་ཁ་བ་དག། འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ།། ཉི་མ་ཚ་ཞིང་ཟླ་ར་བོ་བསིལ་བ་དང་། ་སྐྱེ་བོ་ཆགས་ཤིང་ཐུབ་པ་དེ་མིན་ལ།། བདེ་བ་རབ་སིལ་སྡུག་བསྔལ་རབ་གདུང་བ།། དྲུག་པོ་འདི་དག་ངོ་བོ་ཉིད་ཀྱིས་གྲུབ།། གང་དག་རྒྱུ་མེད་སྨྲ་བ་ནི།། ཐམས་ཅད་རྒྱལ་བལྟོས་མེད་པར།། དངོས་པོ་རྣམས་ནི་སྐྱེ་བ་སྟེ།། ཉི་མ་པདྨའི ་གོ་སར་སོགས།། སྣ་ཚོགས་གང་གིས་བྱས་པ་ཡིན།། རྨ་བྱའི་མདོངས་ལ་སོགས་པ་ཡང་།། སྣ་ཚོགས་གང་གིས་སྤྲུལ་པ་ཡིན།། ཇི་ལྟར་ཆར་རླུང་ལ་སོགས་པ།། གློ་བུར་འབྱུང་ཕྱིར་རྒྱུ་མེད་ལྟར།། སྡུག་བསྔལ ་ལ་སོགས་རྒྱུ་མེད་ཉིད།། ཤིན་ཏུ་རྒྱ་ཆེན་རབ་ཟབ་ལ།། སྒྱིད་ལུག་ཤིན་ཏུ་མ་སྦྱངས་ལ།། བདུག་བཞིན་སྒྲ་དག་གཏི་མུག་གིས།། ད་ལྟར་ཐེག་པ་ཆེ་ལ་སྤྱོད།། ཆུ་ཁྲིམས་ལས་ནི་ཉམས་བླ་ཡི།། ལྷ་ལས་ཅིས་ཀྱང་མ་ཡིན་ཏེ།། ཚུལ ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ།། ལྟ་བས་གོ་འཕང་མཆོག་ཏུ་འགྱུར།། གཱཏི་མུག་དབང་གིས་བསྒྲིབས་གྱུར་ཏེ།། གང་ཞིག་ཡང་དགྲ་བགེགས་བྱེད་པ།། དེ་ལ་དགེ་བའི་འགྲོ་བ་འང་མེད།། ཐར་པ་མེད་པ་སྨོས་ཅི་དགོས།། གནོད་པའི ་ས་བོམ་གྱུར་པ་ཡི།། མུ་སྟེགས་བྱེད་མང་མཐོང་ནས་ནི།། ཐར་འདིད་སྐྱེ་བོ་འདོད་རྣམས་ལ།། སྙིང་རྗེ་མི་འགྱུར་སུ་ཞིག་ཡོད།། དེ་ཕྱིར་ཐར་པ་དོན་གཉེར་རྣམས།། ཆོས་ཀྱི་དབྱིངས་སུ་ལྟ་བར་གྱིས།། ཆོས་ཀྱི་དབྱིངས་སུ་ལྟ ་བའི་གླུ།། སློབ་དཔོན་ཆེན་པོའི་དཱི་པཾ་ཀ་རས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ་