| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སཾ་ས་ར་མཱ་ན་ནོ་ཡ་ཎི་ཀ་ར་ནཱ་མ་སིངྒ་ཏེ། བོད་སྐད་དུ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ།། བླ་མ་རྣམས་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ ་ལོ།། ཨེ་མའོ།། འདུ་བྱེད་སྡུག་བསྔལ་འགྱུར་པའི་སྡུག་བསྔལ་དང་། སྡུག་བསྔལ་སྡུག་བསྔལ་ལ་སོགས་བརྒྱ་རྩ་དགུ།། སྡུག་བསྔལ་ཀུན་ལས་སྐྱོབ་པོར་མཛད་པ་ཡི།། སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ། ་ལོ།། ཀྱེ་ཀྱེ་ཀྭའི་གྲོགས་པོ་དག་འཁོར་བའི་རྒྱུན་ཉོན་མོངས་པ་དང་ལས།། ཉོན་མོངས་ཁམས་གསུམ་གནས་ནི་དགུ་བཅུ་བརྒྱད།། ཟག་པའི་ཆུ་བོ་སྦྱོར་བ་ཉེ་བར་ལེན།། རྒྱུ་དང་ཡུལ ་དང་སྦྱོར་བའི་སྟོབས་ཀྱི་བྱུང་།། ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། སྣ་ཚོགས་འདི་དག་ལས་ལ་བྱུང་།། དེ་ཡང་ཉོན་མོངས་སྟོབས་ལས་བྱུང་།། དགེ་དང་མི་དགེ་ལུང་མ་བསྟན།། མཐོང་ལ་མྱོང་དང་སྐྱེས་ནས་མྱོང་།། ། ་གཞན་དུ་མྱོང་དང་མ་ངེས་པའི།། དཀར་དང་གནག་དང་འདྲེས་མིའོ།། འཁོར་བའི་ལས་ནི་ལྕི་གང་དང་།། ཉེ་བ་གང་དང་གོམས་པ་གང་།། སྔོན་བྱས་གང་ཡིན་དེ་ལས་ནི།། སྔ་མ་སྔ་མ་རྣམ་སྨིན་འགྱུར།། གྲོགས ་དག་སོམསོ་ཤིག་ཐོག་མ་མེད་པ་ནས།། མ་རིག་ལ་སོགས་བཅུ་གཅིག་རྒ་ཤིའི་མཐའ།། ཡན་ལག་བཅུ་གཉིས་ཆ་གསུམ་ཟོ་ཆུན་ཚུལ།། ནང་གི་རྟེན་འབྲེལ་ཡང་དང་ཡང་དུ་འཁོར།། ཚེ་རབས་ཚེ་རབས ་གྲངས་མེད་དེ་དང་དེར།། སྐྱེ་དང་རྒ་དང་ན་དང་འཆི་བ་ཡི།། སྡུག་བསྔལ་རྣམས་ཀྱིས་ཡང་དང་ཡང་དུ་གདུངས།། འཁྲུལ་ནས་འཁོར་གྱུར་འཁྲུལ་ཅིང་འཁོར་བར་འགྱུར།། ཀྱཻ་ཧུད་སྲིད་པའི་ལམ་གྱིས་དུ་བ ་པའི་མགྲོན་པོ་སྣམས།། སྡུག་བསྔལ་བདེ་བར་གཟུང་ནས་མི་སྒྲིབ་པ།། ཁྱེད་ཡིད་དེ་ལ་རྟག་ཏུ་ཆགས་བྱེད་པ།། ཕྱུགས་དང་ཁྱད་པར་མེད་པར་བླ་མ་གསུང་།། བླ་མས་ཟིན་པའི་སྐྱེ་བོས་མཁས་པ་དག། སྐད་ཅིག ་སྐད་ཅིག་འགྲོ་བ་ལྔ་པོ་ཀུན།། འཁོར་བའི་སྡུག་བསྔལ་ཚེར་མ་ཟུག་འདྲ་ལ།། རུས་པའི་གཏིང་ནས་སྟོང་རྗེ་སཱ་སུ་མ་སྐྱེ།། ལས་ངན་དབང་གིས་འཁོར་བའི་རྩེ་མཚོ་འདིར།། ཡང་ཡང་སྐྱེ་ཞིང་ཡང་ཡང་རྒ་དང་ན།། ཡང ་ཡང་འཆི་འགྱུར་འདི་ནི་མི་སེམས་པར།། ཡུལ་ལྔ་ཆགས་བྱེད་བདག་གིས་ཇི་ལྟར་བྱ།། གྲོགས་དག་སྲིད་པ་གསུམ་ནང་གནས་པ་ཀུན་སྡུག་བསྔལ།། དེ་ཡང་མའི་སྡུག་བསྔལ་བོདག་གིས་མཐོང་།། མངལ་གྱི ་སྡུག་བསྔལ་འདི་ལྟ་བུ་རུ་གནས།། ནུར་ནུར་མེར་མེར་གོར་གཽར་ན་རཱ་ནར་པོ།། ལྟར་ལྷོར་མཁྲང་དང་རྐང་ལག་རིམ་གྱིས་རྫོགས།། ནུ་ཞོ་མར་གྱིས་གསོ་བྱེད་ཅིང་།། ཤིན་ཏུ་ཉམས་ཆུང་གན་རྒྱལ་ཉལ།། བྱིས ་པྲ་དར་མུ་ལོང་ཚོ་དང་།། རྒས་པས་སླར་ཡང་བྱིས་པར་འགྱུར།། ཚྭ་ནི་མི་རྟག་ཤིན་ཏུ་གཡོ་བ་སྟེ།། ཡུད་ཙམ་སྡོད་པའི་མཐུ་ཡང་ཡོད་མ་ཡིན།། བདག་ནི་ངེས་པར་འཆི་འགྱུར་མི་སེམས་པ།། གྲོགས་བདག ་སྐྱེས་བུ་དེ་ནི་ངོ་མཚར་ཆེ།། འཁོར་བའི་སྐྱོན་དོང་ཉེས་དམིགས་མི་ཤེས་པས།། ཕྱིན་ཅི་ལོག་པ་བཞི་ལ་གནས་ནས་སུ།། བདག་ནི་ངེས་པར་འཆི་འགྱུར་མི་སྙེམས་པར།། ཡུལ་ལ་མངོན་ཞེན་ཉིན་མཚན་དོན ་མོད་འདས།། འཛམ་བུའི་གླིང་པ་དུས་མིན་འཆིབས་ཏེ།། ངེས་པ་ཅན་ཡང་ཟང་པོར་འགྱུར་བས་ན།། ཡང་དང་ཡང་དུ་ངེས་པར་འཆི་བོ་ཞེས།། བསམ་པར་རིགས་སོ་ཀྭའི་བཞིན་བཟང་དག། སོ་ཀ་མེ་ཏོག ་རྒྱས་པའི་དུས་འདི་བྱུང་བར་འགྱུར།། ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འོདདི་འབྱུང་ཞེས།། སྐྱེ་བོ་ཐམས་ཅད་དགའ་འགྱུར་བ་དག་གི་ཚེ་འདི་ནི།། ཟད་པར་འགྱུར་ཞེས་ཤིན་ཏུ་མེད་པར་འགྱུར། ་བ་མེད།། དེ་རིང་འདི་བྱས་སྲང་ནི་འདི་བྱ་དེ་ནས་འདྲི་བྱ་ཞེས།། སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་བརྟན་ཚོལ་བྱེད་པའི།། སྐྱེ་དགུ་འཆི་བདག་གི་ནི་ཆུ་སྲིན་ཁར་ནི་གྲུ་ནི་ཞུགས་པ་ལྟར།། བྱ་བ་མཐར་མ ་ཕྱིན་པར་ཡུལ་གྱི་ཆུའི་རྦ་ཀྲོང་ནང་དུ་ལྷུང་།། འདི་ནི་སེང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ།། འདི་ནི་དེ་འུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན།། ཀཽ་ཤིན་རྗེ་བེ་ཚོན་ལག་ཐོགས་ཟུར་གྱིས་ལྟ་བྱེད་ཅིང་།། མིག་རྩི་དམར་ཁྲོས ་མ་རངས་གླད་མོས་རེ་སྙམ་འདེབས།། རྣལ་འབྱོར་བསྟན་ཆོས་ཐམས་ཅད་དང་།། སྦྱོར་བ་དུ་མ་རབ་ཤོས་ཀྱང་།། དེང་བྱ་སང་བྱེ་ནས་སྨྲ་ཞིང་།། བསམ་དང་ལྡན་པས་འཆི་བར་འགྱུར།། ཚེ་ནི་གནོད་མ་རླུང་གིས ་བཏབ་འདྲ་ཡི།། ཆུ་ཡི་ཆུ་བུར་བས་ཀྱང་མཱི་རྟག་ནོ།། དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས།། སད་ཁོ་མོ་གང་ལྕོགས་དྲི་ནི་ངོ་མཚར་ཆེ།། ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། ཚེ་ནི་ཡུན་ཐུང་ཤེས་བྱའི ་རྣམ་པ་མང་།། ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།། ངང་པ་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་ལ་བླང་བར་གྱིས།། ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། འཇིག་རྟེན་སྤྱོད་པ་དག་ལ་ཕོར་ལྟས་ན།། བྱས ་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ།། ཅི་ལ་བསམ་ཀྱང་ཕན་པར་མི་འགྱུར་པས།། རང་གི་སེམས་ལ་ལྟ་བ་གོམས་པར་གྱིས།། ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། ཚད་མ་བདུན་དང་བརྡའ་སྤྲོ་རྣམ་པ་བཞི།། མངོན ་པ་དང་ནི་ཡོ་ག་ཙརྱའི་ས།། མདོ་སྡེ་དང་ནི་འདུལ་བ་མངོན་པ་དང་།། གཞུང་དུ་བཀོད་པ་མ་ལུས་ཐམས་ཅད་ཀུན།། མ་མཐོང་མཱ་མཉན་མ་བཤད་མ་བྲོས་ཞེས།། དེ་ལ་གདུང་བྲ་མ་བསྐྱེད་བཞིན་བཟངས་དག། བླ་མའི ་མན་ངགྲ་ཅེས་བྱ་བདུད་རྩིའི་རོ།། གང་གིས་སེམས་མཉམ་འཇོག་པ་དེ་ཙམ་ཞིག། ཡོངས་སུ་བཙལ་གྱི་གཞུང་མངས་ཅི་ཞིག་དགོས།། ཐམས་ཅད་ཡིད་ནི་འཁྲུལ་པར་བྱེད་པའི་རྒྱུ།། འཁོར་བའི་གནས་འདི ་ངེས་པ་མེད་པས་ན།། ཕ་མ་ལ་སོགས་ཕ་མར་ཏྲེསྭ་པས།། ཉེ་དུ་འབྲེལ་པ་དག་ལ་ཆགས་པ་སྤང་།། དགྲ་ཡང་མ་ངེས་དེ་ལ་སྡང་བ་སྤང་།། ནད་མེད་ལངང?་ཅོ་ཕུན་སུམ་ཚོགས་པ་དང་།། འདོད་ཡོན་ལྔ་ལ་རང ་བཞིན་གྱིས་ཆགས་སྤང་།། རྙེད་པ་དང་ནི་བགུར་བསྟི་གྲགས་པ་དང་།། རིགས་དང་རུས་དང་ཚིགས་སུ་བཅོད་པ་སྤངས།། ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། འཇིག་རྟེན་རྟག་སྦྲུལ་མ་དང་དུག་འདྲ་བར།། བསམ་ནས ་སྤངས་ཏེ་དབེན་པར་གནས་པར་བྱ།། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་།། སྨན་དང་གླང་ཆེན་བརྟག་པ་འམ་གཟའ་སྐར་རྩིས།། མཚོན་ཆ་བརྟག་པ་འམ་རྟ་དཔྱིད་རང་བཟོ་འམ།། བསྟན་ཆོས་ངན་པ ་སློབ་དང་ཀློག་པ་སྤངས།། ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་དང་།། རྣམ་རྟོག་དེ་དག་རྣམས་ནི་བྱུང་བ་ན།། བདགྲ་ནི་ངེས་པར་འཆི་བ་དྲུན་བྱས་ལ།། འོག་ནས་འབྱུང་བའི་གཉེན ་པོ་རྣམས་ཀྱིས་བཟློག། རྣམ་རྟོག་མང་བ་དབུགས་བགྲང་བ་ཡིས་གཞི་ལ།། འདོད་ཆགས་སེམས་བྱུང་རྣམ་རྟོག་པ་དེ།། རང་བཞིན་མི་གཙང་ཀེང་རུས་བལྟ་བས་བཟློག། ཞེ་སྡང་ལ་ནི་བྱམས་པའི་ཆུ་ཡིས ་བཏབ།། གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ།། མི་གཙང་བ་དང་བྱམས་པ་རྟེན་འབྲེལ་གྱི།། མན་ངག་བླ་མའི་ཞབས་ནས་འབྱུང་བཞིན་བྱ།། འཁོར་བ་ལ་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ།། ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བརྒྱ་བརྩོན་སེང་གེས་འབྲྀ་ཀ་མཱ་ལ་ཤཱི་ལའི་གཙུག ་ལག་ཁང་དུ་བསྒྱུར་བའོ།། སླད་ནས་བླ་མ་དེ་ཉིད་དང་། ལོ་ཎཱི་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕ་བྱ་བའོ།། །། རྒྱ་གར་སྐད་དུ། དྷརྨྨ་དྷཱ་ཏུ་སྭ་ར་གཱི་ཏཱ། བོད་སྐད་དུ། ཆོས་ཀྱི་དབྱིངས་ལྟ། ་