CLOSE WINDOW

GT1151: sangs rgyas 'char ba
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎཾ་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བུདྡྷོ་ད་ཡ། བོད་སྐད་དུ། སངས་རྒྱས་འཆར་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱཿ ་འཚལ་ལོ།། འགྲོ་དང་ལྷན་ཅིག་གཉིས་མེད་པ།། ཆོས་ཀྱི་དབྱིངས་ལ་ཕྱག་བྱས་ནས།། གང་ལས་སངས་རྒྱས་ཉིད་འབྱུང་བ།། དེ་འདིར་བདག་གིས་བརྗོད་པར་བྱ།། བསམ་པ ་རྣམས་ཀྱིས་རེག་པ་མང་།། མཉམ་པར་གཞག་པའི་གོ་འཕང་ཤར།། ཕུང་པོ་ཁམསོ་སོགས་དང་བྲལ་བ།། གོས་པ་མེད་ཅིང་རྙོག་པ་མེད།། བདག་དང་གཞན་དུ་ཤར་འདི་ཀུན།། དེ་ཁོ་ན་ལས ་མིང་ཙམ་དུའོ།། དེ་ཕྱིར་གཉིས་མེད་པ་འདི་ཉིད།། བརྗོད་པར་བྱ་མིན་ན་མཁའི་དཔལ།། དཔེ་རྣམས་ཀུན་ལས་རྣམ་པར་གྲོལ།། སུ་ཡིས་ཀྱང་ནི་བརྗོད་ནུས་མིན།། རང་དང་གཞན་གྱི་བདག་ཉིད ་ལས།། རྣམ་གྲོལ་རྟོགས་པ་གསུམ་སྤངས་སོ།། སྣ་ཚོགས་མན་ངག་དང་བྲལ་ཞིང་།། ལྟ་བ་ཐམས་ཅད་དང་བྲལ་བ།། བསམ་པ་ཀུན་གྱི་བསམ་བྱ་མིན།། སློབ་དཔོན་སློབ་མ་སོགས་ཀྱིས་སྟོང་།། ་ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང་།། བདེ་བ་ཀུན་གྱི་རང་བཞིན་བདག། རྣམ་པར་ཤེས་པའི་མཆོག་དེ་ཉིད།། སེམས་ཀྱིས་ཇི་ལྟར་རྟོགས་པ་བྱ།། གང་གང་ཅུང་ཟད་རྣམ་རྟོག་པ།། དེ་དེ ་ཐམས་ཅད་དོན་མེད་དེ།། སྐྱེ་རྩེ་བྱེ་བར་ཕྱེ་བ་ཡི།། དུམ་བུ་ཙམ་ཡང་བསྒོམ་མི་བྱ།། བསྒོམ་དང་གསང་སྔགས་བཟླས་སོགས་དང་།། རྡོ་རྗེ་དྲིལ་བུ་སོགས་འཛིན་པ།། རང་གི་གོ་འཕང ་མི་ཤེས་རྣམས།། སྦྱར་བའི་དོན་དུ་རྒྱལ་རྣམས་བཞེད།། རྣམ་མི་རྟོག་ལ་སངས་རྒྱས་མིན།། རྣམ་རྟོག་བཅས་ལས་ཀྱང་ནི་མིན།། འགྲོ་དང་མི་འགྲོ་སོགས་རྣམས་ཀྱི།། ལན་ཅིག་རབ་ཏུ་སྦྱོར་ལས་གྲོལ།། དེ་འདི་མཆོག་དང་དེ ་ཁོ་ན།། འགྱུར་བ་མེ་པ་རྟག་ཏུ་ཤར།། ལཱུ་ཡི་ཞབས་ནི་སྒེག་པ་ཡིས།། དམ་པའི་དོན་འདི་སྨྲས་པ་ཡིན།། ལུས་ངག་སེམས་ལས་རྣམ་གྲོལ་ཞིང་།། དབའ་རླབས་མེད་ཅིང་ལུས་མེད་མེད།། བླ་མའི་ཞབས་ལ་གུས་སྤངས་ནས།། ་སུ་ཞིག་གིས་འདི་ཤེས་པར་ནུས།། སེམས་ནི་ནང་དུ་འཇུག་པ་དང་།། ཕྱི་རོལ་ཏུ་ཡང་འཇུག་པ་དང་།། བར་དུ་འཇུག་པ་དེ་ལ་ཡང་།། འདི་ནི་མཐོང་བ་མ་ཡིན་ནོ།། འགྲོ་བ་ཐམས་ཅད་མཁའ་འདྲ་བ།། གཉིས་སུ་མེད ་པ་ཉིད་དུ་སོང་།། དེ་ལ་བསྒོམ་པར་བྱ་བ་ཅི།། དེ་ཡི་སྒོམ་པ་པོ་ནི་སུ།། རང་བཞིན་གསལ་བའི་གཟུགས་ཉིད་དུ།། གནས་ལས་རང་བཞིན་འོད་གསལ་བ།། མཐའ་ལས་འདས་པར་ཀུན་ཏུ་སོན།། དེ་ནི་མཆོག་ཏུ ་རྣོན་པོར་བརྗོད།། གང་གིས་འགྲོ་བ་ཀུན་ཁྱབ་པ།། རྣལ་འབྱོར་བྱིས་པས་དེ་མི་ཤེས།། ཡིད་ཆེས་ཉིད་ཀྱིས་འདྲིར་ཚིམ་བྱ།། དེ་ལས་རྣམ་ཀུན་ལྷག་པར་རྟོགས།། བདེན་པ་གཉིས་པོ་ཡང་དག་སྦྱོར།། བདེན་པ ་ཡིན་ཏེ་བདེན་པ་བྲལ།། ཐོག་མ་དབུས་མཐའ་ངེས་པར་གྲོལ།། སྤྲོས་པ་མེད་ཅང་གནས་མེད་པ།། དེ་ཉིད་སེམས་ཅན་ཀུན་རང་བཞིན།། མ་ལུས་འགྲོ་བ་དེ་རང་བཞིན།། རྣམ་ཀུན་རང་བཞིན་དོ་ཡོད་ན།། དེ་ཁོ་ན ་ལས་མཐའ་དག་རྒྱལ།། ཐམས་ཅད་ན་མཁའ་འདྲ་བར་ནི།། རྣལ་འབྱོར་པ་ཡིས་རྟག་ཏུ་བལྟ།། དྲི་མ་མེད་པའི་སེམས་ཡོད་ནཱ།། འགྲོ་བ་ཉིད་ནི་དྲི་མེད་པའོ།། སངས་རྒྱས ་འཆར་བ་ཞེས་བྱ་བ་དཔལ་ལྔ་ཡི་ཞབས་ཀྱིས་མཛད་པ་ལ་དཔལ་ཌེ་ཀི་པས་ཞུས་ཆེན་མཛད་པོ་རྫོགས་སོ།། །། འདི་ནི་རྒྱ་གར་ཤེར་ཕྱོགས་སནྣ་ག་རའི་གནས་བརྟན ་མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་པོ་ཆེའི་ཞལ་སྔར་མན་ངག་དང་སྦྱར་ནས་ལེགས་པར་མཉན་ཏེ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྣམ་པར་རྒྱལ་བ་ཞེས་བྱ་བ་སོ་རང་གི་ཡི་དམ་དུ ་ཕྱིར་བསྒྱུར་པའོ།། ་