| Wylie | e-texts produced with BDRC’s OCR application |
བསལ་བྱ་ཅི་ཡང་མེད།། གཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་ངག་མཐོང་ནས་རྣམ་པར་གྲོལ།། ཞེས་གསུངས་སོ།། དམིགས་པ་མེད་པའི་ཆོས་འདི་ཀུན།། དམིགས་པ་མེད ་བར་རབ་ཏུ་བཤད།། དམིགས་པོ་མེད་པའི་བློར་བྱས་ན།། དམིགས་པ་མེད་པར་འགྱུར་བ་ཡིན།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ལ་སོགས་རྟག་ཏུ་བརྟེན།། དུས་མི་རིང་བ་ཉིད་དུ་ནི།། བླ་མེད་བྱང་ཆུབ ་ཐོབ་འགྱུར།། མ་རྟོགས་པ་རྟོགས་པར་བྱེད་པ་སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང་། བོད་ཀྱི་ལོ་ཙཱ་བརྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ། ་རྒྱ་གར་སྐད་དུ། སརྦ་སཱ་ར་ས་མུཙྪ་ཡ་པྲྀ་ཀ་ར་ཎཱ། བོད་སྐད་དུ། སྙིང་པོ་ཀུན་ནས་བཏུས་པའི་རབ་ཏུ་བྱེད་པ། བླ་མ་དང་སངས་རྒྱས་ལ་ཕྱག་འཚལ་ལོ།། གང་དེ་དགའ་བའི་རང་བཞིན་གྱིས།། སྙིང་ལ་བདེ་བྱེད་ཉི་མས་མྱོང་བ། ་དེ་ཡང་ཀུན་ཏུ་རྟོག་པ་ཙམ།། འདོད་ཆགས་བྱུལ་བའི་དངོས་པོ་གང་།། དེ་ནི་ཅིག་ཏུ་སྒྱིད་རྒྱུའི་མཆོག། གང་ཞིག་ཡིད་ཀྱིས་བསྐྱེད་པ་ཡི།། རྣམ་པ་རྟོག་པ་གང་དག་ཀྱང་།། དེ་ཉིད་རང་བཞིན་ཡིན་ཕྱིར་ཏེ།། སྣང་ཞིང་རྒྱུ་བ་འདི་དག་ལྔ།། ། ་མྱ་ངན་ལས་འདས་པ་གཞན་དུ་ནི།། ཡོད་མིན་ཡུལ་ནི་ཅི་ལ་ཡང་།། རྣམ་པར་མི་རྟོག་བདག་ཉིད་སེམས།། རྣམ་རྟོག་སྤངས་པ་དེ་བཞིན་ཏེ།། མྱ་ངན་འདས་པ་ཞེས་བརྟག་གོ། གཉིས་མེད་མྱ་ངན་འདས་པ་མིན།། འཁོར ་བའང་མ་ཡིན་པ་ཁོ་ན།། ས་སོར་འགེགས་ཚིག་གང་ཡིན་དང་།། སོ་སོར་འགགས་བྱུང་འགེགས་པ་ཡི།། གུ་སུམ་གྱི་དངོས་པོ་འང་མེད་པས་ནཱ།། གང་གིས་གང་ཞིག་ཇི་ལྟར་འགྲུབ།། ཡུལ་ནི་དངོས་མེད་གཉིས་ཡིན་ནོ།། མ་སར ་འགེགས་པའི་བྱེ་བླག་ཅི།། ནམཁའི་མེ་ཏོག་ལ་སོགས་པས།། ཅིར་ཡང་མཐོང་ཞིང་རྒྱུས་པ་བཞིན།། སྐྱེ་བ་མེད་པའི་རང་བཞིན་གྱིས།། བདེན་པའི་དངོས་པོ་སྦྱིན་སྣང་བ།། རྣམ་རྟོག་སྟོབས་ལས་གསལ་བ་ལ།། བུས་པའི་འབྲས་བུ ་ངོ་མཚུར་ཆེ།། ཇི་ལྟར་སྨྲས་པ་བཀྲེས་པ་དག། སོར་མོ་རང་གི་ཁར་བཅུག་ནས།། ནུ་ཞོ་འབབ་པ་ལྟ་བུ་ནི།། མཆིལ་མ་འཐུང་བས་ངུ་བ་མེད།། དེ་ལྟ་བས་ན་འབྲས་རྨོངས་པས།། མྱ་ངན་འདས་ལ་སོགས་པར་བྱེད།། བདེ་བ་ཐོབ ་པར་འདོད་པ་ཡི།། སོ་སོའི་སྐྱེ་བོ་དེ་ཉིད་དམན།། འགྲོ་རྣམས་དེ་ལྟར་སྡུག་བསྔལ་བས།། ཐོབ་པར་གྱུར་པ་མི་མཉམ་སྟེ།། དྲུལ་པ་ལས་བྱུང་མེ་ཡས་ནི།། འོད་མ་ཆོག་གྱུར་ཇི་བཞིན་ནོ།། ཆགས་དང་ཆགས་བྲལ་ཞེས་བྱ་བ།། རྣམ ་པར་སྤངས་ནས་མཉམ་གཞོག་ན།། སྡུག་བསྔལ་མེད་ཅིང་བདེ་བ་མཽང་།། དེ་ཉིད་མཐོང་བར་སོམ་ཉི་མེད།། སྙིང་པོ་ཀུན་ལས་བཏུས་པའི་རབ་ཏུ་བྱེད་པ།། སློབ་དཔོན་ཆེན་པོ་ཤྲཱི་ཨ་ནནྡ་བཛྲའི་ཞལ་སྔ་ནུས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎཾ་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བུདྡྷོ་ད་ཡ། བོད་སྐད་དུ། སངས་རྒྱས་འཆར་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱཿ ་