| Wylie | e-texts produced with BDRC’s OCR application |
ཆེན་བྱི་དོར་བྱས་ན་དགོས་འདོད་འབྱུང་།། ཨེ་མཧོ།། དེ་ལྟར་བསྟན་པའི་དོན་དེ་ཐམས་ཅད་ཀྱང་།། རང་བཞིན་ལས་དང་འབྲས་བུ་གསུམ་དུ་གནས།། གཞི་ལ་ཆོས་སྐུ་ལྷུན་གྱིས་གྲུབ་པས་ན། ་དེ་ཕྱིར་སྐུ་གསུམ་ལྷུན་གྱིས་གྲུབ་པར་གནས།། རང་བཞིན་སྟོང་པ་རྣམ་པར་ཐར་པའི་སྒོ།། ལམ་ནི་མཚན་མེད་རྣམ་པར་ཐར་པའི་སྒོ།། འབྲས་བླ་སྨོན་མེད་རྣམ་པར་ཐར་པའི་སྒོ།། སྒོ་གསུམ་ཕྱེད་པས་སྐུ་གསུམ་ཞལ་མཐོང ་འགྱུར།། འོན་ཀྱང་ཐམས་ཅད་བརྫུན་པའི་རང་བཞིན་ལ།། དོན་ལ་ཆེད་དུ་བྱ་བ་ཅི་ཡང་མེད།། ཤིན་ཏུ་གསང་བྱ་རྡོ་རྗེའི་ཚིག་འདི་དག། ཁྱོད་ཀྱི་ཡེ་ཤེས་རིག་པས་རྟོགས་པར་གྱིས།། དཔལ་ཤ་བ་རི་དབང་ཕྱུག་དང་།། མཁའ ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་དང་།། པདྨའི་སྤྱན་གྱི་ཞལ་སྔ་ནས་སྙིང་པོའི་དོན་མགུར་དུ་བཞེངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ། བརྡ་རྒྱུད་གསང་བའི་སྒྲོན་མེ་རྫོགས་སོ།། །། རྒྱ་གར་སྐདདུ། བཛྲ་གཱི་ཏི། བོད་སྐད ་དུ། རྡོ་རྗེའི་གླུ། བཅོམ་ལྡན་འདས་འཇམ་དཔལ་ལ་ཕྱག་འཚལོ།། རྣམ་པར་རྟོག་པའི་གདོན་ཆེན་པོས།། ཟིན་པར་གྱུར་པའི་སྨྱོན་པ་དག། རྡོ་ཤིང་སོགས་ལ་གསེར་དུ་མཐོང་།། དེ་ལ་རཱིན་ཆེན་གསེར་ཡོང་མིན།། རྣམ ་རྟོག་གདོན་གྱི་རྗེས་འབྲངས་ནས།། སྐད་ཅིག་སྐད་ཅིག་བཅིངས་པར་འགྱུར།། ཤེས་རབ་སྙིང་བརྩེར་བཅས་པ་ཡིན།། དེ་གཞོམ་པ་ལ་འབད་པར་གྱིས།། སློབ་དཔོན་པོ་ནཱ་རོ་པའི་རྡོ་རྗེའི་གླུ་རྫོགས་སོ།། ། ་རྒྱུ་གར་སྐད་དུ། བཛྲ་གྷི་ཏི། བོད་སྐད་དུ། རྡོ་རྗེའི་གླུ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། རྣམ་རྟོག་སྦྲུལ་གདུག་གྲཡོ་ཅན་གྱིས། ཞེན་པར་གྱུར་ཏོ་རང་གི་སེམས།། ཇི་ལྟ་ཇི་ལྟར་རྣམ་རྟོག་གྲཝ། ་དེ་ལྟ་དེ་ལྟར་རྣམ་པར་བཅིངས།། དོན་མེད་སྡུག་བསྔལ་མང་པོ་མྱོང་།། འཁྲུལ་པའི་རྗེ་སུ་འབྲངས་པ་ཡིས།། འཁྲུལ་པ་སྤོངས་པར་མི་འགྱུར་ཏེ།། དཔའ་བོ་སྙིང་རྗེར་ལྡན་པ་ཡིས།། དེ་བཞིན་ཉིད་ལ་གོམས་པར་གྱིས།། ཏྲི ་ལྷ་ཇི་ལྟར་རྣམ་དཔྱད་ན།། དེ་ལྟ་དེ་ལྟར་རྣམ་པར་བྲལ།། ཤེས་རབ་སྦྲུལ་གདུག་མགོ་མངས་ཀྱིས།། བདག་ཉིད་ལ་ནི་ཟ་བར་བྱེད།། ཤེས་རབ་སྩལ་གདྲུག་མགྲོ་མངས་ནི།། ཏིང་འཛིན་འོམ་རྟག་ཏུ་གསོ།། རྟག་ནེའུ་ལེ་གསོད་པར་བྱེང། ་ཤེས་རབ་སྦྲུལ་མགྲོ་བརྒྱ་པ་ཡིས།། ནཱ་རོ་པ་ལོ་རྟག་ཏུ་ཟ།། དེ་ནཱི་སུ་ཡིས་ཤེས་པ་ཡིན།། ནཱ་རོ་པ་ནི་ཉིད་ཀྱིས་ཤེས།། ནཱ་རོ་པ་ནི་ཉྀད་ལ་བྲིས།། མ་ཧཱ་ཡོ་ག་ནྡྷ་ར་པའི་རྡོ་རྗེའི་གླུ་རྫོགས་སོ།། ། རྒྱུ་གར་སྐད་དུ། བཛྲ་གཱི་ཏི། ་བོད་སྐད་དུ།། རྡོ་རྗེའི་གླུ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཇི་ལྟར་ན་པ། དེ་ལྟར་ན་ཁྱོད། བྷུ་དང་པར་བྱེད་པ་རྣམ་པར་རྟོག་པ། བདྨད་རྩིའི་རྒྱ་མཚོ་ལས་སྦྲུལ་འོངས། ཆོམ་རྣམ་པར་རྟོག་པ། རྡོ་རྗེའི་གླུ་རྫོགས་སོ།། ་རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེའི་གླུ། དཔལ་རྡོ་རྗེ་གདན་པ་ལ་ཕྱག་འཚལ་ལོ།། སྨྲའོ།། ནག་པོ་པའི་ཡིད་གང་དུ་ཡང་མི་གནས་པར་ཐམས་ཅང་ཙ་ལེ་ཅོལ་ལེར་སྣང་ངོ་།། སློབ་དཔོན་ནག་པོ་ཞབས་ཀྱི ་