| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། ཨཱརྱ་མསྟུ་ཐཱི་ནཱ་མ་སཾ་གཱི་ཏི་བྷཱ་ཁྱཱ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ ་ཕྱག་འཚལ་ལོ།། བཅོམ་ལྡན་བྱེངས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྔར་ཉིང་དོན་དམ་ཐུགས་སུ་རྒྱུད་ཀྱང་འགྲོ་བའི་དོན་དུ་མངལ་གནས་པ་ཡི་དཔལ་ལྡན་དང་།། གནས་དང་གནས་པའི་ཚུལ་གྱིས་བཞུགས་ཤིང་འདོད ་པའི་དོན་བསྒྲུབ་བརྩོན་པ་མཆོག། ཕྱོགས་བཅུ་རྣམས་ན་འཚོ་ཞིང་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཞབས་ལ་དང་བ་ཡིས།། རབ་ཏུ་བཏུང་དེ་ཇི་བཞིན་སྒྲ་སོགས་སྔ་མ་དང་མཚུངས་དེ་ཡི་བཀའ་བཞིན་བྲི་བར་འོས།། དེ་ལ ་མཚན་ཡང་དག་པར་བརྗོད་པའི་དོན་མ་ལུས་པར་རྟོགས་པར་བྱ་བའི་ཕྱིར་མིའི་དབང་པོ་གྲགས་པ་ཞེས་བྱ་བས་དོན་གསལ་བར་བསྟན་པའི་ཕྱིར་གསུངས་པ།། གཞི་དང་དེ་རྐྱེན་ཤེས་བྱ་དང་། དྲུག་གི་རིགས་ལ་གཟིགས་པ་དང་།། ་སྒྱུ་འཕྲུལ་དྲ་བ་མངོན་བྱང་ཆུབ།། བྱང་ཆུབ་སེམས་ཀྱི་རྡོ་རྗེ་དང་།། ཆོས་དབྱིངས་མེ་ལོང་ཡེ་ཤེས་དང་།། ཀུན་རྟོག་མཉམ་ཉིད་བྱ་བ་གྲུབ།། བསྡུས་པ་རིགས་ལྔ་བསྟོད་ཕན་ཡོན།། སྔགས་དང་རྗེསུ་ཡི་རང་བ།། ལྔ་བདག་གསུམ་གྱི་བདག ་ཉིད་ནི།། གཞུང་དོན་རྟོགས་པར་སླ་བ་དང་། བློ་ཡི་སྤྱོད་ཡུལ་འགྱུར་བའི་ཕྱིར།། བསྡུས་པ་ཡིན་པར་ཤེས་པར་བྱ།། ཞེས་བྱ་བ་འདི་དག་ལེགས་པ་ཉིད་དུ་གནས་པའི་ཕྱིར་དེའི་དོན་ལ་འཇུག་པར་བྱའོ།། དེ་ལ་རྒྱུད་འདི་ནི་ཀལ་བའི་རྒྱུད་དེ།། སྒྲ ་འཕྲུལ་དྲ་བ་ལས་བཏོན་པའི་ཕྱིར་རོ་ཞེས་ཁ་ཅིག་འདོང་ངོ་།། དེའི་གཞུང་ཚིག་ལ་ནི་ཕུན་སུམ་ཚོགས་པ་ཡང་འདོད་དེ།། རྣལ་འབྱོར་ཆེན་པོའི་ཁྲི་དྲུག་སྟོང་པར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའི་ཚིག ་གསུངས་པའི་ཕྱིར་རོ།། དེ་བས་ན་འདི་ནི་གཞན་གྱི་མཐའ་དང་ལྡན་པ་སྟེ།། དེ་ནས་ཤེས་གསུངས་པའི་ཕྱིར་རོ།། དེ་ནས་ཀྱི་སྒྲ་ནི་ལྔ་པའི་ཚིག་སྟེ།། སྡུད་པ་དང་འགྲེལ་པའི་སྒྲ་ལས་འདི་ནི་སྡུད་པའི་སྒྲར་ཤེས་པར་བྱའོ།། སྡུད་པ་ཡང་རྣམ་པ ་གཉིས་ཏེ།། དུས་སྡུད་པ་དང་། དངོས་པོ་སྡུད་པའོ།། དེ་ལ་འདི་ནི་དུས་སྡུད་པ་སྟེ།། བར་མ་ཆད་པར་བསྡུ་བའི་ཚིག་གོ།། དེའི་ཕྱིར་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། དེ་ལ་དཔལ་ནི་གཉིསུ་མེད་པའི་ཡེ་ཤེས་སོ།། ་རྗེན་དེའི་མཚན་ཉིད་།། དེ་བས་ན་གཉིསུ་མང་པའི་ཡེ་ཤེས་དང་ལྡན་ཞིང་རྡོ་རྗེའི་མཚན་ཉིདང་འཛིན་པས་ན་འཆང་ཞེས་བྱའོ།། དེས་ཅི་བྱེད་སྐམ་པ་ལ།། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག་ཅེས་གསུངས་ཏེ།། གདུལ་བར་དཀའ་བ་འདུལ ་བར་བྱེད་ཅེས་སོ།། འདིར་གདུལ་བྱ་ཡང་རྣམ་པ་གཉིས་ཏེ།། ཞི་བས་གདུལ་བར་བྱ་བ་དང་།། སྡུག་བསྔལ་མྱོང་བར་བྱས་ཏེ་འདུལ་བའོ།། འདིར་སྡུག་བསྔལ་མྱོང་བར་བྱས་ནས་འདུལ་བར་བྱ་བ་སྟེ། ཉོན་མོངས་པ་རབ་ཏུ་ཆེ་བ་ཡང་། བླ་ན་མེད ་པའི་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱའོ་ཞེས་དགོངས་པའོ།། ཉོན་མོངས་པ་རབ་ཏུ་ཆེ་བ་འདུལ་བ་ལ་ཐབས་རྣམ་པ་དུ་མ་ཞིག་གསུངས་པ་ལས།། འདི་ནི་མཆོག་ཏུ་མི་འགྱུར་བ་སྟེ།། དེའི་ཕྱིར་རྣམས་ཤེས་པ་ནི་དེ་རྣམས་ཀྱི་ནང་ནས་འདི་མཆོག ་ཏུ་གྱུར་པའོ།། དེ་ཡང་སྐུས་འདུལ་བ་ལ་ནི་ཁྲོ་བོའི་རྣམ་པ་དང་། གསུང་གིས་འདུལ་བ་ལ་ནི་རྡོ་རྗེ་ཐེག་པ་དང་། ཐུགས་ཀྱིས་འདུལ་བ་ལ་ནི་བདེ་བའི་ཡེ་ཤེསོ།། དེ་སྐད་དུ་ཡང་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་བདེ་མཆོག ་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ།། ཞི་བས་ཉེ་བར་མི་སྦྱོར་ཏེ།། ཤེས་རབ་ཐབས་ཀྱི་སྦྱོར་བ་ལས།། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད།། ཅེས་པ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང་།། དེ་ནས་འཇམ་པའི་དབྱངས། ་ཀྱི་ནི། ཁྲོ་བོའི་མིང་ནི་གཤིན་རྗེའི་གཤེད་།། མཚོན་ཆ་མེ་ལྕེ་འབར་བས་འཁྲིགས།། དྲག་ལོ་མཐུ་རྩལ་དྲག་དང་ལྡན།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས་ཅད་ཀྱི་ནི་ལག་ཆ་འཆོར།། ཞེས་གསུངསོ།། དེ་བས་ན་གདུལ་བྱ་མ་རུངས་པ་གདུལ ་པར་བྱ་བའི་ཕྱིར་རྡོ་རྗེ་དེ་ཉིད་ཀྱི་མཚན་གྱི་ཁྱད་པར་གསུངས་པ།། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ཞེས་གསུངས་ཏེ། འདི་ལྟར་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ནི་འཇིག་རྟེན་གསུམ་མོ།། ་རྒྱལ་བ་ནི་ཁམས་དེ་དག་ན་མཐུ་དང་། སྟོབས་དང་ལོངས་སྤོང་དང་། རིགས་དང་། གནས་ཀྱིས་སེམས་ཁེངས་ཤིང་དྲེགས་པར་གྱུར་པ་སྟེ།། དེ་དག་དྲག་ཤུལ་གྱི་སྤྱོད་པས་བཏུལ་ནས་རང་གི་འཁོར་དུ་བྱས་པ་ནི་རྒྱལ་བའོ།། དཔའ་བོ་ཞེས ་བྱ་བའི་དོན་ཡང་དེ་ཉིད་དོ།། དེ་དག་གིས་ནི་རྡོ་རྗེ་འཆང་གི་བདག་གི་དོན་ཕུན་སུམ་ཚོགས་པ་དང་།། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་།། བརྗོད་པར་བྱ་བ་དང་བ་རྗོད་བྱའི་དགོས་པ་བསྟན་པའོ།། ད་ནི་རྡོ་རྗེ་འཆང་དེའི་ཆེ་བ་བསྟན་པའི་ཕྱིར ་རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ་ཞེས་གསུངས་ཏེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ།། དབང་ཕྱུག་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ཀྱི་ཕྱིར་རོ།། ཐུན་མོང་མ་ཡིན ་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གསང་བའི་རྒྱལ་པོ་སྟེ།། རྡོ་རྗེ་འཆང་གི་ཡོན་ཏན་དེ་འདྲ་ཞེས་པའི་དོན་ཏོ།། ད་ནི་སྐུ་ཁྲོ་བོས་འདུལ་བའི་རྒྱན་དང་ཆ་ལུགས་བསྟན་པའི་ཕྱིར།། པདྨ་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀར་ནག ་ཕྱེད་པ་དང་རྒྱས་པ་སྟེ། ཟླུམ་པ་འཛུམ་པ་དང་བཅས་པ་པདྨའི་འདབ་མ་ལྟ་བུའོ།། ལྷག་མ་གོ་སླའོ།། དེ་ལྟར་འཛིན་པ་ཉིད་ཀྱི་དོན་བསྟན་ནས་འཁོར་བསྟན་པའི་ཕྱིར།། ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལ་རང་རང་གི་རིགས་ཀྱི་མཚན་མ་འཛིན་ཅིང་།། ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྲངས་མཐའ་ཡས་པས་ཉེ་བར་བསྐོར་ནས་གཙོ་བོའི་ཕྲིན་ལས་མཐུན་པར་བྱ་བའི་ཕྱིར་དེ་དག་ཐམས་ཅད་ཀྱང་ཁྲོ་བོའི་གཟུགས་དང་ལྡན་པར་སྟོན་ཏེ།། དེ ་ཡི་ཕྱིར་ཁྲོ་བོའི་གཟུགས་དེ་ཡང་ཇི་ལྟ་བུ་ཞེ་ན།། འཇིག་སུ་རུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆེ་བ་གཙིགས་པ་དང་། ཁྲོ་གཉེར་བསྡུས་པ་དང་། ཡན་ལག་རགས་པ་དང་། སྤྱན་ཟླུམ་པ་དང་། དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་ལ་སོགས ་ཏེ། དེས་རང་གི་སྡེ་པ་ཉན་ཐོས་ལ་སོགས་པ་འཇིགས་ཤིང་སྐྲག་པར་བྱེད་པས་ན་དེ་སྐད་ཅེས་བྱའོ།། དཔའ་བྱང་ཅན་ཞེས་བྱ་བ་ནི་གང་འཇིག་རྟེན་ན་དཔའ་བོ་ཞེས་བྱ་བ་ནི་དགྲའི་དཔུང་ཕམ་པར་བྱས་ཏེ་མགོ་བཅད་ནས་འོང་བ་ལྟར་འདིས ་ཀྱང་མ་རུངས་པ་རྣམས་ཀྱི་མགོ་བཅང་ནས་ཕྲེང་བ་བྱས་པ་དང་། མགོ་བཅང་ནས་དབྱུག་པ་ལ་བཙུགས་ཏེ་ལྷག་ཆ་བྱས་པ་དང་། སྟག་གི་པགས་པས་སྨད་དཀྲིས་བྱས་པའོ།། དེ་ལྟར་ཁྲོ་བོ་རྣམས་ཀྱི་མཚན་དང་། གྲངས་དང་། ཆ་བྱད་བསྟན ་ནས། དེ་དག་གི་ཕྲིན་ལས་བསྟན་པའི་ཕྱིར།། གདུལ་དཀའ་འདུལ་ཞེས་བྱ་བ་གསུངས་ཏེ། གདུལ་བར་དཀའ་བ་ནི་ཚར་གཅད་པའི་ཡུལ་ལོ།། དེ་ཡང་གདུལ་བྱིའི་སྣང་བ་ལ་སྐུ་ཁྲོ་བོའི་གཟུགསུ་བསྟན་ཏེ།། རང་གི་རིགས་ཀྱི་གཙོ་བོའི་མཚན་མི ་ཡེ་ཤེས་ཀྱི་རྡོ་རྗེ་བཟུང་ནས་གསོར་བར་བྱེད་ཅིང་། རྡོ་རྗེའི་རྩེ་མོ་ལས་ཀྱང་བལྟ་བར་མི་བཟོད་པར་འཇིགས་ཤིང་དུས་ཀྱི་མེ་ལྟར་འབར་བའོ།། རྡོ་རྗེ་ཕྲ་མོ་དང་། འཁོར་ལོ་དང་། རལ་གྲི་ལ་སོགས་པ་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་རབ་ཏུ་སྤྲོས ་ཏེ། གདུལ་བྱ་རྣམས་སྡུག་བསྔལ་ཉམས་སུ་མྱོང་བར་བྱས་ནས་རང་གི་མགོན་སྐྱབས་མུད་པར་ཤེས་ནས་རྡོ་རྗེ་འཚང་ལ་སྐྱབསུ་འོང་ཞིང་སེམས་བསྐྱེད་དེ་བསྟན་པ་ལ་འཇུག་པར་བྱེད་པ་ནི་སངས་རྒྱས་ཕྲིན་ལས་བྱེད་པ་ཞེས་བྱ་བ ་སྦྱར་རོ།། དེའི་ཚེ་ལ་ལ་དག་འདི་སྙམ་དུ་གང་གི་ཚེ་གདུལ་བྱ་སྡུག་བསྔལ་བར་གྱུར་པ་དེའི་ཚེ་ལག་ན་རྡོ་རྗེ་སྡིག་པའི་བསམ་པ་དང་ལྡན་ནོ་སྙམ་པ་ལ།། སྙིང་རྗེ་ཆེ་དང་ཤེས་རབ་ངང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། སྙིང་རྗེ་ནི་གདུལ ་བྱ་མ་ནིར་མེད་པ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བར་བྱ་བའི་བསམ་པ་དང་། ངས་ཀུན་ནས་བསླང་བའི་ཁྲོ་བོ་ཆེན་པོའི་སྤྱོད་པའོ།། ཆེན་པོ་ནི་སྔར་བསྟན་པའི་མཐུ་དེ་ལྟ་བུ་དག་གིས་རློམ་སེམསུ་མི་བྱེད་པ་ཤ་སྟག་སྟེ། དམིགས་པ་མ ་པཱའི་སྙིང་རྗེ་ཆེན་པོ་ཞེས་བྱ་བའི་དོན་ཏོ།། ཤེས་རབ་ནི་རྣམ་པར་དཔྱོད་པ་སྟེ།། གདུལ་བྱ་ཇི་ལྟར་འདུལ་བའི་རྣམ་པ་སྔོན་དུ་ས་མ་ཆག་གོ།། དང་ཞེས་བྱ་བ་ན་མཚུངས་པ་བསྡུ་བྱཱ་སྟེ། དོན་བྱེད་པར་མཚུངས་པའི་ཕྱིར ་རོ།། གང་ཞེ་ན། ཐབས་ཀྱིསའི་གྷོ་ངན་བྱུང་བའི་མཆོག་ཅེས་བྱ་བ་གསངས་ཏེ། གང་སྙིང་རྗེ་དང་། ཤེས་རབ་ཀྱིས་ཀུན་ནས་བསླང་བྱའི་དྲུག་པོའི་སྟོད་པ་ནི་ཐབ་སུ་རིག་པར་བྱ་སྟྭ~ཾ། འགྲོ་བ་མ་རངས་པའི་དོན་བྱེད་པའི་ཕྱིར་རོ།། དེ་བས ་མཆོག་སྟེ། མ་རུངས་པ་རྗེ་སུ་འཛིན་པ་ལ་ཐབས་འདི་ལས་ལྷག་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་གཙོ་བོས་སེམས་ཅན་གྱི་དོན་བྱེད་ཀྱང་འཁོར་གྱིས་སེམས་ཅན་གྱི་དྲིན་མི་བྱེད་པ་འམ། བྱེད་ཀྱང་གཙོ་བོས་ནན་གྱིས་བྱེད་དུ་བཅུག ་པའམ་སྐེམ་པ་ལ། དགའ་མགུ་རངས་པའི་བསམ་པ་ཅན་ཞེས་གསུངས་ཏེ། དགའ་བ་ནི་སྙིང་རྗེའི་བསམ་པ་ཅན་ནོ།། མགུ་བ་ནི་ཤེས་རབ་དང་ལྡན་པའོ།། ཡང་ན་མགུ་བ་ནི་སེམས་ཅན་གྱི་དོན་ལ་ཡི་རང་བའོ།། རངས་པ་ནི་འགྲོ་བའི་དོན ་ལ་འཇུག་པ་སྟེ། ཁྲོ་བོའི་སྐུར་བསྟན་པ་ཡང་བསམ་པའི་ཁྱད་པར་འདི་ལྟ་བུ་དང་ལྡན་པའི་ཕྱིར་བསམ་པ་ཅན་ནོ།། དེ་བསུ་ན། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ།། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན།། ཞེས་གསུང་སོ།། དེའི་ཕྱིར ་ལག་ན་རྡོ་རྗེ་དག་ལུས་ཁྲོ་བོའི་གཟུགས་དང་ལྡན་ཡང་བསམ་པ་དགེ་བ་དང་ལྡན་པའི་ཕྱིར་སྡིག་པར་མི་འགྱུར་ཞེས་དགོངས་སོ།། འཁོར་འདུས་པ་དེ་དག་ཀྱང་སྟོན་པ་ལ་ལྟོས་པ་ཆེ་བ་ཉིད་ཀྱི་ཕྱིར།། ལུས་བཏུང་རྣམས་དང་ཞེས་གསུངས། ་ཏེ། ཀུན་མཚུངས་པར་གུས་པའི་ཚུལ་གྱིས་ལུས་བཏུང་པའོ།། ལྷན་ཅིག་ཏུ་ཞེས་པའི་སྒྲ་ཐབས་ཅིག་པ་སྟེ། འདི་ལྟར་ལག་ན་རྡོ་རྗེ་རང་གི་རིགས་ཀྱི་མཚན་མ་འཛིན་པ་གང་ཡིན་པ་ངེས་བདག་དང་གཞན་གྱི་དོན་དུ་གཞུང་གི་དོན ་གསོལ་བ་གང་བ་ཕྱིར་ལུས་བཏུད་པ་རྣམས་དང་། ལག་ན་རྡོ་རྗེ་གཞན་དགུ་གཞུང་གྲི་དོན་ཉན་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱི་དོན་དུ་གཞུང་གི་དོན་བསྟན་པར་བཞེད་པ་གནས་གཅིག་ན་ལྷན་ཅིག་ཏུ ་བཞུགས་པ་དེའི་ཚེ་འདི་སྐད་ཅེས་གསོལ་ཏོ་ཞེས་འབྲེལོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གང་སྙམ་པ་ལས།། དེ་བཞིན་གཤེགས་པ་བཅོམ་ལྡན་འདས།། རྫོགས་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་གཤེ ་པ་དང་། དེ་བཞིན་ཉིད་མཁྱེན་པ་དང་། ཇི་ལྟ་བ་བཞིན་མཁྱེན་ཅིང་གསུང་སོ་གཞན་དང་སྦྱར་རོ།། བཅོམ་ལྡན་འདས་ནི་སྤངས་པ་ཕུན་སུམ་ཚོགས་པའི་དོན་ཏེ། ཚིག་གི་དོན་ནི་གཞན་ལས་གསུངས་པའི་ཕྱིརརོ།། རྫོགས་པ་ཞེས་བྱ་བའི ་དོན་ནི་རྒྱུའི་དུས་སུ་ཚོགས་གཉིས་རྫོགས་པ་དང་། འབྲས་བུའི་དུས་སུ་བདག་དང་གཞིན་གྱི་དོན་ཡོངསུ་རྫོགས་པའི་ཕྱིར་རོ།། སངས་རྒྱས་ཞེས་པ་བློ་བྱེ་ཞིང་རྒྱས་པའི་ཕྱིར་ཏེ།། པདྨ་ལེགས་པར་བྱེ་ཞིང་རྒྱས་པ་བཞིན་ནོ།། ཡང་ན ་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པའི་ཕྱིར་སངས་རྒྱས་ཏེ། སྐྱེས་བུ་གཉིད་ལེགས་པར་སད་པ་བཞིན་ནོ།། དེ་ལྟ་བུ་སངས་རྒྱས་བཅོམ་ལྡན་འདས་ལ་ཞེས་བྱ་བའི་དོན་ནི་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི ་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ་བྱ་བའི་དོན་ཏོ།། ཅི་བྱས་ནས་གསོལ་བ་བཏབ་སྙམ་པ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་གུས་པའི་ཚུལ་གྱིས་སྤྱན་སྔར་འདུག་སྟེ་ཞེས་པའོ།། དེ་ལ་ཕྱག་འཚལ་བ་ནི་ལུས་དྲུག ་ཡིད་ཀྱིས་རབ་ཏུ་བཏུད་པ་སྟེ། གུས་པའི་ཚུལ་གྱིས་ཐལ་མོ་སྦྱར་བ་ནི་བརྡ་ཕྲད་པར་ཟད་ངོ་།། སྤྱན་སྔར་འདུག་ཅེས་པ་ནི་གཟིགས་པའི་ཡུལ་དུ་འདུག་པ་སྟེ། ལྐོག་ཏུ་གྱུར་པ་ནས་གསོལ་བ་མ་བཏབ་ཅེས་པའི་དོན་ཏོ།། འདི་སྐད་གསོལ ་ཅེས་པ་ནི་ཇི་སྐད་དུ་འོག་ནས་གསུངས་པའི་གཞུང་གི་དོན་དགོས་ཆེད་དང་། བརྗོད་བྱ་དང་། གསུངས་པའི་ཚུལ་བདག་ཉིད་སྨོད་དུ་རུང་བ་དང་། མ་འོངས་པའི་དུས་སུ་ཇི་ལྟར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དེ་སྐད་གསོལ་བ་བཏབ་ན་ཞེས་པ་དང ་སྦྱར་རོ།། དེ་དག་གིས་སྒྲ་ཇི་བཞིན་པར་བཤད་པའི་མན་ངག་གོ།། དཱ་ནི་བླ་མའི་ཞལ་གྱི་མན་དྲུག་སྒྲ་ཇི་བཞིན་མ་ཡིན་པ་བྱི་བར་བྱ་སྟེ། དེ་ལ་ཁྱེད་ལྟར་ན་རྒྱུད་འདི་གཞན་གྱི་མཐའ་དང་ཡང་དག་པར་ལྡན་པ་ཡིན་ཏེ། དེ་བཞིན་གཤེགས ་པའི་དགོངས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ།། དེ་བས་ན་འདི་དེ་ཉིད་ཕུན་སུམ་ཚོགས་པའི་གླེང་གཞིའི་ཚིག་གོ་བར་བྱའོ།། དེ་ཡང་ཚིག་གི་དོན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་།། གདུལ་བར་དགའ་བ་འདུལ་བའི་དུས་ན་འཁོར་ལག་ན་རྡོ་རྗེ་རྗེ ་བྱ་བའི་དཔའ་བོ་མཐའ་ཡས་པ་དང་། ཁྲོ་གཉེར་ཅན་དང་། སྒྲོལ་མ་ལ་སོགས་པ་ལུས་བཏུད་པ་རྣམས་དང་ལྷན་ཅིག་ཏུ་པདྨ་རྒྱས་པའི་གདན་ལ་བཞུགས་སོ།། དེ་བས་སྟོན་པ་དང་། གནས་དང་། དུས་དང་། འཁོར་གསུམ་ཕུན་སུམ་ཚོགས་པ་དང་ལྷན ་གཏུ་སུགས་པ་ནས་ན་མ་ཆགས་པ་ར་དུ་བ་བྱུ་འདི་ས་པ། སྒྱུས་གཅིག་རྫུ་ན་ན་བྱུང་གྲག་ས་ཡུལ་རླུ་། གྷུ་དྲུ་རྒྱུ་རྒྱུ ་འབྲང་པོ་ནི་མ་བཻནྡྷརྱ་རྟོག་པཱ་མཱཾ་བྱཱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་ཚིག་ལ་མི་རྩིམྦྷ་ཤི་དོན་ལ་དུ་གྱེས་པར་མཛད་པས་མཐོམམ་ལྡན་འདས་ཉིད་ཀྱིས་སེ་སྦྱར་རྟོནྡ་པ་བཞི་པའི་སྐུལ་རོ།། ཛྷཻཾཧཱུ~ཾ་ལ་སྟོན་པ་དེ་མི་བྱ་ཞིང་དོན་ལ་ན ་བ་དང། གང་དག་ལ་རྟེན་པར་མི་མ་སཱ་ལ་སྦྲོན་པར་བྱ་བ་དང་། རང་བའི་ཛིན་ལ་རྟོན་པ་མི་བྱ་ནིང་ངེས་པའི་དོན་ལ་རྟོན་པར་བྱ་བ་དང་། རྣས་པ་ཤེ་སྨྲ་བ་ལ་སྨྱོན་པར་མི་བྷཱུ་དུ་མེ་ཤེས་ལ་སྦྱིན་པར་བྱའི་མྦྷ་གཱི་ས་། དྭངས་ནཱ་ན ་ན་ག་ནས་དྨ་སྒྲ་བཞིན་པ་སྒྱུ་ཛད་དེ། རྣམ་པ་སེམས་ཡོས་དང་བ་དང་།། གེ་གབས་བྷྲི་དང་ས་ལ་སོགས་པ་གསུས་སོ།། ང། སང་པ་མན་ག་རྣཾས་པརནས་ཀྱི་མ་སེགས་པ ་གནན་མག་ཡེ་ཤེས་དབང་ཕྱུག་སྤོང་པ་ཅནྟ།། གནས་ཀྱི་ཙྱཻ་རྫུནྱཱ་བཟླགས་ནས་སྨྲ།། ས་བྱས་ཕྱོགས་པགས་། འདུ་ག་ཀྱང་དོན་ཅི་དབང་འདྲིལ་དགྱི་སྨན་སྨུག་སྨྲས་པར་རིག་པར་དྷཱ། རཱ་ག་ཤིན་དུམ་མཚོན་པ་ལ་རླུང་དུ ་སྨྲབ་སུ་ཞེས་ཏུ་ས་མན་ཆེས་ནི། ལ་མིང་དུང་སྔོ་མང་ཀྱི་མས་མེས་ཀྱིའི་ས་པར་མཐང་བར་སྲུང་བར་བྱེད་ཅིག་རྫུ་མྦུ་འཕྲུལ་བ་ནས་ཏུ་ག་འགྱུ་ཤིང་འདི་མ ་བའི་དེ་ནས་གླུའི་ལེའུ་འདི་ཞུ་བ་བཤད་དོ།། ཞེས་མཚམས་སྦྱར་བའི་ཕྱིར་དང་། དྷཱི་སྐད་དུ་སྨོས་པའི་ལེའུ་ཁྲི་དྲུག་སྟོང་པར་འདི་སྐད་བདག་གིས་ཐོས་པ་གླེང་གཞིའི་ཚིག་གསུངས་པས་འདིར་ཡང་སྦྱར་བར་མི་འཐད་དོ་ཞེ ་ནྱ། དེ་ལྟ་མ་ཡིན་ཏེ། དེ་ནས་ཤེས་བྱའི་སྒྲ་ནི་གཅིག་ཏུ་མཚམས་སྦྱོར་བར་མ་ཟད་དེ། དེ་ཡང་། ཡི་གེ་ཨ~ཾ་དང་དཱི་ནས་སྒྲ།། དེ་དག་གཉིས་ནི་སྔོན་ཚངས་པའི།། ཞུ་བ་ཕུག་ནས་བྱུང་བས་ན།། དེ་དག་བཀྲུ་ཤིས་སྒྲ་བརྗོད་དོ།། ཞེས་གསུངས་པའི་ཕྱི ་རོ། རྒྱུད་འབྱུང་བའི་ཐོག་མར་ཤིས་པར་བརྗོད་པ་ཡིན་པས་ན་དེ་ནས་ཤེས་བྱ་བའི་སྒྲར་གསུངས་སོ།། ཡང་ནཱ་ངོ་ནས་ཀྱི་སྒྲ་ཨ་ཐ་སྟེ། ཨ་ནཱི་ཨ་ནུ་ཏ་པ་ཏ་ཞེས་པ་སྟེ། ཤེས་རབ་བོ།། ཐབས་ནཱི་པ་ཐ་ཡོ་ག་སྟེ་ཐུབས་སོ།། དེ་ལྟ་བུའི་སྒྲ་ཡི་སྒོ་ནས་ཇི ་ལྟ་བུར་ཡང་སྦྱར་དུ་བཏུབ་པས་སོ།། དེ་བས་ན་ཨཱ་ཐ་ཨཱི་བཾ་སྟེ་ཐབས་ཤེས་རབ་བོ།། དེ་དག་གཉི་སུ་མེད་པ་ནི་དཔལོ།། དེ་སྐད་དུ་ཡང་། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ་ཞེས་གསུངས་པའི་ཕྱིར་རོ།། ཚིག་གི་དོན་དུ་སྦྱར་ན་ཤཱི་ལ་ཨཱི་ད་པསྣ་ནི ་ཐབས་ཉེ་བར་སྦྱོར་ནས་ཕྱིས་ཏེ། ཤ་ལཱ་ར་ཨུ་ཏའི་རྐྱེན་བྱིན་པས་ཤྲུ་ཏའོ།། དེ་ལྟ་ན་ཐོས་པའི་སྒྲ་སྟེ། ཉམསུ་མྱོང་ཞེས་བྱ་བའི་ཐ་ཚིག་གོ།། དེའི་བདག་ཉིད་ཅི་འདྲ་ཞེ་ན། རྡོ་རྗེ་འཆང་ཞེས་གསུངས་ཏེ། བདག་གིས་ནི་དེ་ལྟ་བུའོ།། དམ་ཀཻ་ནི་ཨཻ་ཀཻ ་སྒྲ་སྟེ། གདུལ་བར་དཀའ་བ་འདུལ་བའི་དུས་གཅིག་ན་ཞེས་པའི་དོན་ཏེ་དུས་ཀྱི་ཁྱད་པར་རོ།། བཅོམ་ལྡན་འདས་ནི་དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ་བ་སྟེ། དེ་ཡང་འཇིག་རྟེན་གསུམ་ནི་འདོད་པ་དང་། གཟུགས་དང་། གཟུགས ་མྱེད་པའོ།། དེ་རྣམས་བདུད་བཞིའི་དཔུང་ཕམ་པར་བྱས་པ་འམ། དེ་གང་གིས་བཅོམ་པ་ནཱི་བཅོམ་ལྡན་འདས་ཏེ། ཟག་པ་མེད་པའི་ཤེས་རབ་བོ།། དེ་སྐད་དུ་ཡང་འདི་ཉིད་ལུས། དཔའ་བོ་བདུད་དགྲ་བདུང་འདུལ་བ་ཞེས་བྱ་བ་དང་། སྐྱོན ་སོངས་ཏེ་བཀུན་མོངས།། བག་ཆགས་བཅུས་པ་གཏན་སྦྱངས་པའི་ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་ལ་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་དཔལ་ཕུན་སུམ་ཚོགས་པའི་སྐྱེ་ལྔ་པདྨ་ངལྡན་པ་ཞི་སྟེ་དཔུང་ཕྱུག་ལ་སོགས ་བདྲུག་གི་ཡོན་ཏན་ཡོད་པའོ།། ཡང་འདི་ཉིད་ལས། སྦྱིན་ཏན་ལྡན་ཞིང་ཡོན་དྷ་ཤེས།། ཞེས་གསུངས་པ་དང་། གཞན་ཡང་། མཆོག་ལྡན་མཆོག་སྦྱིན་གཙོ་བྷྱོ་སྟེ། ཞེས་གསུངས་པའི་ཕྱིར་རོ།། དེ་བས་ནི་མཚན་ཉིད་དེ་དག་དང་ཝཱན ་པལོ་བཅོས། ན་འདས་ཤེས་པ་འ། དཔའ་བོ་ཞེས་པ་འས། དབའུ་རྣས་པའལ།། རྒྱལ་བགས་པ་ལ་སོགས་པའི་མཚན་ཟིན་མེ་ཟླ་སུ་ཤེས་བྱར་བྱའོ།། དྲི་གདན་ད་ཟུགས་སྦྲུམྦྷ་པཱ་ལ།། རྡོ་རྗེ་དབྱང་ཕྱུག་ཅེས་བྱུ་བུ་ལ་སོགས ་པ་གསུངས་ཏེ། དེ་ལ་རྡོ་རྗེའི་རིགས་ནི་རིག་སྷོ།། གླེང་ཤེན། རྡོ་རྗེ་དང་། ནཱ་རྡོ་ཆེ་དང་། པདྨ་དང་། ལུམྦྷ་དང་། དེ་བཞིན་ག་ཤེགས་པ་རྣམས།། དེ་རྣམས་མང་བཞིན་ཉིད་དྲུག་ཤིགིས་པའི་ཕྱི་དང་། དེ་ཉིད་ལས་བྱེ་འི་ཕྱིར་དེ་བཞིན ་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ།། དེ་བཞིན་ཉིད་ཀྱིས་དབང་སྒྱུར་བའི་ཕྱིར་དབང་ཕྱུག་ཅེས་བྱའོ།། གསང་བའི་རྒྱལ་ཞེས་བྱ་བ་ནི་གསང་བ་ནི་གསང་བ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་དོན་ཏོ།། རྒྱལ་བ་ནི ་གཙོ་བོ་སྟེ་སྙིང་པོ་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་ཀྱང་འདུལ་བའི་སྣང་བ་ཙམྱ་ལ་བཙུན་མོ་ཉིད་དུ་བསྟན་པའི་ཕྱིར་རོ།། པདྨ་དཀར་པོ་རྒྱས་འདྲའི་སྤྱན་ཞེས་གསུངས་ཏེ། པདྨོ་ནཱི་མོ་རྟགས་ཀྱི་སྒྲ་ཡིན་པའི་ཕྱིར་རོ།། རྒྱས ་པ་ནི་ཁ་བྱེ་བ་སྟེ། འདི་ལྟ་བུ་ངག་ནི་སྤྱན་ཞེས་བྱ་བཱ་སངས་རྒྱས་སྤྱན་ལ་སོགས་པའི་བྷ་ག་རྣམསོ།། པདྨ་རྒྱས་པ་གདན་ལ་བཞུགས་ཞེས་པ་ནི་པདྨ་ཡང་ཡིན་ལགད་ན་ཡ་ང་ཡིན་པས་པདྨ་རྒྱས་པའི་གདན་ལ་སྟེ། དེ་ལྟར་བཅོམ་ལྡན་འདས ་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟར་ངཀ་རབ་དབྱེར་མི་ཕྱེད་པའི་དྲི་བོས་བཞུགས་ཏེ། བཞུགས་པ་ཞེས་པ་ནི་གནས་ཞེས་པའི་དོན་ཏོ།། དེ་ཡང་གདུལ་བྱ་རྣམས་ལ་སྤྱོད་ལམ་རྣམ་པ་བཞི་ས་བཞུགས་ཏེ། གཤེགས་དང་བཞུག་དང་དེ་བཞིན ་དྲུ་ནི་གཟིམས་པ་དང་ནི་འཚག་པའོ།། ཡང་ནི་སྐུའི་སྤྱོད་ལམ་ནི་མ་རུངས་པ་འདུལ་བའི་ཕྱིར་ཁྲོ་བོའི་ཆ་ལུགས་ཀྱིས་བཞུག་སོ།། དེ་ལ་ཚིགསུ་བཅད་པ་ཕྱེད་སྔ་མས་ནི་ཞལ་དང་སྤྱན་གྱི་དབྱིབས་བསྟན་ནས།། ཕྱེད་ཕྱི་མས་ཕྱག་མཚན་དང ་ཕྲིན་ལས་བསྟན་པའི་ཕྱིར།། རང་གི་ལག་གི་རྡོ་རྗེ་མ་ཚུག། ཡང་དང་ཡང་དུ་གསོར་བྱེད་པ།། ཞེས་པ་སྟེ། རང་ནི་བཅོམ་ལྡན་འདས་སོ།། དེའི་ཕྱིར་ཕྱག་གི་རྡོ་རྗེ་ནི་རང་གི་རིགས་མཚན་པའི་ཕྱག་རྒྱའོ།། མཆོག་ཅེས་བྱ་བ་ནི་ཕྱག་རྒྱ་དེ་ཡི ་ཁྱད་པར་རོ།། དེས་ཅི་བྱེད་ཙ་ན། གསོར་བྱེད་པ་ཞེས་པ་སྟེ། མ་རུངས་པ་ཚར་གཅད་པའི་ཕྱིར་ན་མཁའི་ཁམས་སུ་ལན་དུ་མར་འཕེན་ཞིང་ཕྱག་དེ་ཉིད་ཀྱིས་འཛིན་ཞེས་བྱ་བའི་ཐ་ཚིག་གོ།། གསུང་གི་སྤྱོད་ལམ་ནི་འཁོར་རྣམས་ལ་རྡོ་རྗེ་ཐེག ་པའི་ཆོས་སྟོན་པའོ།། ཐུགས་ཀྱི་སྤྱོད་ལམ་ནི་གཉི་སུ་མེད་པའི་ཚུལ་གྱིས་མཉམ་པར་བཞག་པའོ།། དེ་དག་གིས་ནི་ཆོས་དང་། འཁོར་དང་། དུས་དང་། སྟོན་པ་དང་། གནས་ཕུན་སུམ་ཚོགས་པ་བསྟན་པ་སྟེ། ཐོག་མཱར་དགེ་བ་གླེང་གཞིའི ་དོན་བཤད་ཟིན་ཏོ།། ད་ནི་འདུས་པ་ཕལ་པོ་ཆེ་དེ་དག་གི་མིང་དང་། གྲངས་དང་། མཚན་ཉིད་དང་། བྱེད་པ་བསྟན་པའི་ཕྱིར། ཁྲོ་གཉེར་རིམ་པར་ལྡན་ལ་སོགས་པ་གསུངས་ཏེ། དེ་དག་གི་མིང་ཉེ་བར་བསྟན་པའི་ཕྱིར།། འདི་ལྟར་ཁྲོ་གཉེར་ཅན ་ཞེས་བྱ་བའི་མཁའ་གྲོ་མ་དང་། སྒྲོལྔ་མའི་མིང་ཅན་ལྔ་སོགས་པའི་མཁའགྲོ་མཱ་མཐའ་ཡས་པ་དང་། གཞན་ཡང་ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྱི་དཔའ་བོ་གྲངས་མཐའ་ཡས་པ་ལུས་བཏུང་རྣམས་དང་ལྷན་ཅིག་ཏུ་འདི་སྐད ་ཅེས་གསོལ་ཅེས་པ་ནི་བསྡུས་པའི་དོན་ཏོ།། དེ་ལ་འཇིག་སུ་རུང་བ་ལ་སོགས་པ་ནི་ཁྲོ་བོའི་མཚན་ཉིད་དོ།། སྙིང་རྗེ་ཆེ་ལ་སོགས་པ་ནི་བསམ་པའི་ཁྱད་པར་རོ།། སངས་རྒྱས་ཕྲིན་ལས་བྱེད་པ་ནི་ལས་ཀྱི་ཁྱད་པརོ།། ལུས་བཏུད་ཅེས་པ ་ནི་ཐལ་མོ་སྦྱར་ནས་ཙོག་པུར་འདུག་པའོ།། རྣམས་ཤེས་པ་ནི་དཔའ་བོ་དང་དཔའ་མོ་གྲངས་མཐའ་ཡས་པ་རྣམས་སོ།། དང་ཞེས་པ་ནི་མཚུངས་པ་བསྡུ་བ་སྟེ། ཀུན་ཀྱང་གནས་དེར་འདུས་པ་ས་ནི་ལྷན་ཅིག་ཏུ་ཞེས་པའོ།། དེ ་ངག་གིས་ནི་གླེང་གཞི་བཤད་ཟིན་ཏོ།། ད་ནི་རྒྱུད་ཀྱི་དོན་རྣམ་པ་གསུམ་དུ་བསྡུས་ནས་གནས་པ་ལས་རྒྱུའི་རྒྱུད་ཀྱི་གླེང་གཞི་བཤད་པར་བྱ་སྟེ། དེ་ཡང་རྒྱུད་རྗེ་སུ་འགྲོ་ཞིང་འབྲས་བུ་བསྐྱེད་པས་ན་རྒྱུད་དེ་ས་བོན་ཞེས་བྱ་བའི་དོན་ཏོ།། ་ས་བོན་ནི་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་བའོ།། དེ་ཉམས་བླང་བར་བྱ་བའི་ཕྱིར་ཐབས་ཐུན་མོངས་མ་ཡིན་པ་ནི་ཨ་ཐཱ་ཞེས་གསུངས་ཏེ། ཨཱ་ནཱི་སྒྲུབ་པ་དང་བསྲུབ་པར་བྱ་བ་སྟེ། ་རབ་བོ།། ཐཱ་ནི་སྲུབ་པར་བྱེད་པ་སྟེ། དེ་ལྟར་བསྲུབ་པ་དང་སྒྲུབ་པ་ལས་བྱུང་བ་ནི་དཔལ་ལྡན་ཞེས་གསུངས་ཏེ། གཉི་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ།། དེ་སྐད་དུ་ཡང་། ཤྲཱི་ནི་གཉིས་མེད་ཡེ་རཱྀ་ཤེས་ཏེ་ཞེས་གསུང ་སོ།། གཉིསུ་མེད་པ་དེ་ཉིད་ཇི་ལྟ་བུ་ཞེ་ན། རྡོ་རྗེ་འཆང་ཞེས་གསུངས་ཏེ། གཉིསུ་མེད་པའི་མཚན་ཉིད་ནི་རྡོ་རྗེ་ལྟར་གང་གིས་ཀྱང་མི་ཕྱེད་པའི་མཚན་ཉིད་དང་ལྡན་པས་ན་དེ་འཆང་བའོ།། དེ་སྐད་དུ་ཡང་། རྡོ་རྗེ་མི་ཕྱེད་ཅེས་བྱར ་བརྗོད་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུང་སོ།། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ངེས་ཅི་བྱ་ཞེ་ན། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག། ཅེས་གསུངས་ཏེ། འདི་ལྟར་འདུལ་བར་དཀའ་བ་ནཱི་ཐོག ་མཱ་མེད་པའི་དུས་ནས་རྟོག་པའི་གཟུང་བ་དང་འཛིན་པའི་ཚོགས་ཏེ། དེ་འདུལ་བར་བྱེད་པ་ནི་གདུལ་དཀའ་འདུལ་བའོ།། གང་གིས་ཤེ་ན། མོས་པའི་དབང་དུ་མཛད་པའི་ཐེག་པ་གསུམ་གྱིས་ཀྱང་དེ་འདུལ་བའི་ཐབས་ཡིན ་གྱི་དེ་རྣམས་ལས་མཆོག་ཏུ་གྱུར་པ་ནི་གཉིསུ་མེད་པའི་བྱང་ཆུབ་ཀྱི་སེམས་ཐབས་གང་གིས་སྐྱེད་པར་བྱེད་པ་ནི་མཆོག་གོ།། དེ་ཡང་ཐུན་མོང་མ་ཡིན་པའི་ཐབས་ངེས་གདུལ་བར་དཀའ་བ་རྩོད་པའི་དུས་ཀྱི་སེམས་ཅན ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཆེ་བས་ཀྱང་མྱུར་དུ་བྱང་ཆུབ་འཐོབ་བོ་ཞེས་དགོངས་པསོ།། གཞན་ཡང་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་དང་ལྡན་སྙམ་པ་ལ། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ཞེས་གསུངས་ཏེ། འཇིག ་རྟེན་གསུམ་ནི་ལུས་ངགུ་ཡིད་དོ།། དེ་རྣམས་ཀྱིས་ཐུ་མལ་པའི་རྣམ་རྟོག་བཅོམ་སྟེ་སྐུ་གསུང་ཐུགས་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་དུ་ལྡན་པར་བྱས་པས་ན་རྒྱལ་བའོ།། ཐ་མལ་པའི་རྣམ་པར་རྟོག་པ་འཇོམས་པའི་དུས་ན་རིམ་གྱིས ་རྒྱལ་བར་བྱེད་པ་ལྟ་བུ་ནཱི་མ་ཡིན་ཏེ། སྐད་ཅིག་ལ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་དཔའ་བོ་ཞེས་བྱའོ།། ལུས་ངགུ་ཡིད་གསུམ་གྱི་རིགས་ཀྱི་དབྱེ་བ་སྤྲོ་བ་དང་བསྡུས་ཏེ་བསྟན་པའི་ཕྱིར། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ་ཞེས ་གསུངས་ཏེ།། རྡོ་རྗེ་ནི་རིགས་ཀྱི་སྒྲའོ།། དྲི་བས་ན་ལུས་ངག་ཡིད་གསུམ་ལས་རྒྱས་པར་སྤྲོ་བཱ་རིགས་ལྔ་སྟེ་ཕུང་པོ་ལྔའོ།། དེ་དག་ཀྱང་ཉེ་བར་བསྡུན་གཅིག་ཁོ་ན་སྟེ་བྱང་ཆུབ་ཀྱི་སེམས་སོ།། དེས་དེ་རྣམས་ལ་ཁྱབ་ཅིང་དབང་སྒྱུར་བས ་ན་དབང་ཕྱུག་གོ།། དེ་ལྟར་ཤིན་དུ་སྤྲོ་བ་ན་རིགས་བརྒྱའི་དབྱེ་བ་ལའང་རབ་ཏུ་འཇུག་གོ།། དེ་ལྟར་རིགས་དབྱེ་བ་གྲངས་དཔག་ཏུ་མེད་པ་དག་ཏུ་རབ་ཏུ་ཕྱེ་བ་ཡང་གསུམ་དུ་བསྡུས་པ་ཉིད་ཀྱི་ཕྱིར་གསང་བའི་རྒྱལ་པོ་སྟེ། སྐུ་གསུང་ཐུ་རིགས ་ཞེས་བྱ་བའི་དོན་ཏོ།། རྒྱལ་པོ་ནི་གཙོ་བོ་སྟེ། གཞན་དུ་ན་སྙིང་པོ་ཞེས་བྱ་བའི་ཐ་ཚིག་གོ།། སྙིང་པོ་དེ་ཉིད་ཤེས་རབ་ཀྱི་ངོ་བོ་དེ་བཞིན་གཤེགས་པ་རྣམས་སྐྱེད་ཅིང་རྟེན་དུ་བསྟན་པར་བྱ་བའི་ཕྱིར།། པདྨ་དཀར་པོ་རྒྱས་འདྲིའི་སྤྱན། ཞེས་གསུང ་ཏེ། པདྨ་ནི་མོ་རྟགས་ཀྱིས་བསྟན་པའོ།། སྤྱན་ནི་སངས་རྒྱས་སྤྱན་ལ་སོགས་པ་སྟེ། ས་ལ་སོགས་པ་ནི་ཁམས་བཞིའི་རང་བཞིན་ནོ།། འདྲ་ཞེས་བྱ་བ་ནི་བརྟེན་པ་དང་སྐྱེད་པར་བྱེད་པའི་ཕྱིར་མ་དང་འདྲ་ཞེས ་ཉེ་བར་སྦྱར་བའི་དོན་ཏོ།། རྒྱས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་བཞུགས་པའི་གནས་ཏེ། བདེ་བ་རྒྱས་པའི་ཕྱིར་ཁ་བྱེ་བར་གནས་སོ།། དེའི་གསུངས་པ། པདྨ་རྒྱས་པའི་གྲངན་ལ་བཞུགས་ཞེས་གསུངས་ཏེ། པདྨ་རྒྱས་པ་ཡང ་ཡིན་ལ་གདན་ཡང་ཡིན་པས། པདྨ་རྒྱས་པའི་གདན་ནོ།། ན་ནའི་དོན་ནི་ཨཱ་ས་ན་སྟེ་འདིར་བཞུགས་པར་འདོང་ངོ་།། བཞུགས་ཞེས་པའི་དོན་ནི་ཤུགས་ཀྱིས་སྟོན་པོའི་སྒྲ་སྟེ། ཇི་ལྟར་རྒྱལ་པོའི་ཕོ་བྲང་ཞེས་སྨོས་ན་རྒྱལ་པོ་བཞུ ་པུར་རིག་པར་བྱ་སྟེ། གཞུང་ཁ་ཅིག་ལཱས་བྲི་ཛ་ཧ་ར་ཞེས་ཀྱང་འཆུང་ངོ་འདིར་ཟབ་མོའི་ཚུལ་ལྟར་ཐབས་ཀྱིས་བསྐལ་བའི་ཤེས་རབ་ཀྱི་པདྨ་རབ་ཏུ་རྒྱས་པ་ལཾ་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟར་དཀར་བ་རྒྱུའི་རྒྱུད་ཀྱི་ངོ་བོས་བཞུགས ་སོ།། དེ་དག་གི་རིགས་བསྟན་པར་བྱ་བའི་ཕྱིར་ན་རང་ནི་རང་གི་ཕའོ།། ལགྶ་གི་ནི་བསྐུལ་བའི་ཕྱིར་ཏེ་མྱ་ལྟ་བུའོ།། རྡོ་རྗེ་ནི་དེ་དག་ལས་བྱུང་བའི་བྱང་ཆུབ་ཀྱི་སེམ་སོ།། དེ་ཁམས་གསུམ་པོ་སྤྱོད་པར་བྱེད་པའི་ཕྱིར། ཡང་ནས་ཡང་དུ ་གསོར་བྱེད་པ་ཞེས་གསུངས་ཏེ། ཡང་ནས་ཡང་དུ་ཞེས་པའི་དོན་ནི་སྲིད་པའི་རྒྱ་མཚོར་ཞེས་པའི་དོན་ཏོ།། གསོར་ཞེས་པ་ནི་འཕེན་པར་བྱེད་པ་སྟེ། བྱེ་བ་ལ་ལྟོས་ནས་བྱེད་པ་ཞེས་གསུངས་སོ།། དེའི་དོན་ནི་རྒྱུད་ཁྱད་པར་ཅན་སྨིན ་སྨིན་པར་མ་བྱས་པས་ལས་དང་ཉོན་མོངས་པའི་ས་བོན་དུ་གྱུ་ར་ཏེ། ལས་དང་འབྲས་བུ་ལ་ཉེ་བར་སྤྱོད་པར་བྱེད་ཅེས་དགོངས་སོ།། དེ་སྐད་དུ་ཡང་། པ་དང་མའི་བདེ་ཤུགས་ལས།། སྐད་ཅིག་དེ་ལས་ཁམས་གསུམ་སྐྱེས།། ཞེས ་གིསུངས་སོ།། དེ་དག་གིས་རྒྱུ་ས་ལ་གནས་པའི་འགྲོ་བ་དག་གཉེར་བར་བསྟན་པའི་ཕྱིར། ཁྲོ་གཉེ་ར་རིམ་པར་ལྡན་ལ་སོགས་ཞེས་གསུངས་ཏེ། ཉེ་བར་མཚོན་པའི་ཁོང་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་དང་ཉེ་བར་ལྡན ་ཞེས་པའི་དོན་ཏོ།། ལག་ནི་རྡོ་རྗེ་མཐའ་ཡས་པ་ཞེས་པ་ནས་གསོར་བྱེད་པ་ཞེས་པའི་བར་གྱི་རྒྱུན་དེ་ལ་གནས་པའི་རིགས་གདུལ་དཀའ་བའི་བྱོལ་སོང་དང་ཡི་དགས་དང་དམྱལ་བ་ལ་སོགས་པ་འགྲོ་བ་དྲུག་སྤྲོ་བར་བྱེད་པའི ་དོན་ཏཱཾ་ཚིག་གི་དོན་ནི་གོ་བར་ཟད་ངོ་།། དེ་དག་གིས་རྒྱུའི་རྒྱུད་ཀྱི་གླེང་གཞིའི་དོན་མདོར་བསྡུས་ཏེ་བསྟན་པའོ།། ད་ནི་ཐབས་ཀྱི་རྒྱུད་ཀྱི་གླེང་གཞི་བསྟན་པར་བྱ་སྟེ། དེ་ཡང་ཉེ་བར་འགྲོ་བས་ནུ་ཐབས་ཞེས་བྱ་སྟེ། རྒྱུ་ང་ཁྱད་པར་ཅན་དུ་འགྲོ ་བའི་ཕྱི་ར་ཏེ། རྒྱུན་རྒྱས་པར་བྱེད་པའི་ཕྱིར་རོ།། དེ་ཡང་གང་ཞེ་ན། ཨ་ཐ་ཞེས་གསུངས་ཏེ། ཨ་ནི་ལྟེ་བར་གནས་པའི་ཨ་སྟེ་ཤེས་རབ་ཀྱི་ངོ་བོ་ཨཽའོ།། ཐ་ནཱི་སྤྱི་བོ་ན་གནས་པའི་བ~ཾ་ངོ་།། ཨ་ཡོངསུ་འབ་ར་བ་ལས་རྒྱུའི་རྒྱུན ་ལ་གནས་པའི་བག་ཆག་ས་བསྲེགས་ཏེ། ཐབས་ཀྱི་ངོ་བོ་བཾ་ཡོངསུ་བཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་སླར་གསོ་བར་མཛད་པ་ནི་དཔལ་ལྡན་ནོ།། དེའི་བདག་ཉིད་དབྱེར་མི་ཕྱེད་པས་རྡོ་རྗེའོ།། གདུལ་བྱ་ཡོངས་སུ་གདུལ་བར་བྱ་བའི་ཕྱིར ་གསུངས་པ། གདུལ་དཀའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཏུ་རྒྱུ་བ་སྤྲེའུ་དང་འདྲ་བ་རྣམ་པར་ཤེས་པའི་ཚོགསོ།། དེ་འདུལ་བར་བྱེད་པ་བདེ་བ་ཆེན་པོ་སྟེ་ནང་དུ་དམིགས་པའི་ཡེ་ཤེསོ།། དེ་བས་ན་མཆོ་གོ།། ་སྒོ་གསུམ་གྱི་དྲི་མ་ཡོངསུ་དག་པར་བྱ་བའི་ཕྱིར་གསུངས་པ།། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་འདས་པ་དང་མ་འོངས་པ་དང་དུ་ལྟར་གསུམ་པ་ལ་སྤྱོད་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དེ ་གསུམ་གྱི་མཚན་ཉིད་དང་བྲལ་བ་སྟེ་རྒྱལ་བའོ།། ལྷན་ཅིག་སྐྱེས་པའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་མི་ཕྱེད་པའོ།། ལུས་དང་ངགྲ་དང་ཡིད་གསུམ་ལ་དབང་སྒྱུར་བས་ན ་དབང་ཕྱུག་སྟེ། ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་ཕྱིར་གསང་བའི་རྒྱལ་པོའོ།། ད་ནི་བདག་གི་དོནྡོ་གསལ་བར་བྱ་བའི་ཕྱིར།། པདྨ་དཀར་པོ་རྒྱུས་འདྲའི་སྤྱན་ཞེས་པ་ལ་སོགས་པ་གསུངས་ཏེ། པདྨ་རྒྱས་འདྲ་ནི་པདྨ་དང་འདྲ་བ་སྟེ། ་རྩའི་དབྱིབས་པདྨ་རྒྱས་པ་དང་འདྲ་བ་གང་ལ་ཡོད་པོ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡང་བླ་མ་དམ་པའི་མན་ངག་གིས་རྩའི་དབྱིབས་དང་གྲུངས་བརྗོད་པར་བྱ་སྟེ། གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ནི་པདྨ་རྒྱས་པ་འདྲ་བའི་འདབ་མ ་སུམ་ཙུ་སོ་གཉིས་སོ།། དེ་བཞིན་དུ་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞིའོ།། སྙིང་ག་ཆོས་ཀྱི་འཁོར་ལོ་ན་བརྒྱ་དོ།། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་འདབ་མ་བཅུ་དྲུག་གོ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་སུམ་ཅུ་རྩ ་གཉིསོ།། གཙུག་གི་འཁོར་ལོ་ན་འདབ་མ་བརྒྱད་ངོ་།། དེ་དག་གི་རྣམ་པར་བཞག་པས་ཀྱང་ཅི་བྱ་སྙམ་པ་ལ། གདན་ལ་བཞུགས་ཞེས་གསུངས་ཏེ། པདྨ་ནི་མོ་རྟགས་ཏེ་བྷ་གའོ།། དེ་རྣམས་ལ་བཅོམ་ལྡན་འདས་ཀུན་རྫོབ་དང་དོན་ངམ ་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམསུ་བཞུགས་ཤེས་པའོ།། དེ་ལ་གང་ཟག་ཐ་མས་ནི་ལྷའི་རྒྱུར་བསྒོམ་མོ།། འབྲིང་པོས་ནི་ཡི་གེ་བཀོད་པ་བསྒོམ་པའོ།། རབ་ཀྱིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་བཀོད་པར་བཞུགསོ།། དེ་ནས་ཉམས་སུ ་བླང་བའི་རིམ་པ་བསྟན་པར་བྱ་བའི་ཕྱིར།། རང་གི་ལག་གི་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པ།། ཞེས་གསུངས་ཏེ། བྱེད་པ་ནི་གཡོ་བ་འམ་རྩོལ་བར་བྱེད་པ་སྟེ། རླུང་གི་དཀྱིལ་འཁོར་རོ།། གསོར་བྱེད་པ་ནི་སྤྲོས་པར་བྱེད་པ་སྟེ། ་ཙན་ཌ་ལཱིའོ།། དེས་མེ་རིའི་མཚམས་ཀྱི་བར་དུ་སྦར་ཏེ་ལྟེ་བ་སྤྲུལ་པའི་འཁོར་ལྷོར་བཏོནྡ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྟོག་པ་རྣམས་བསྲེགས་ཏེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ལམ་བྱུང་ནས་མཛོད་སྤུ་ནས་ཕྱོགས ་བཅུར་སྤྲོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུག་ས་ཀར་སོན་པའི་དམ་ཚིག་གི་འཁོར་ལོར་གྱུར་པ་དཀྲུགས་ནས་ཡེ་ཤེས་ཀྱི་བདུད་རྩི་གཉིསུ་མེད་པར་རྡོ་རྗེ་མཆོག་ཏུ་གྱུར་པ་རང་གི་ལག་གི་རྡོ་རྗེ་འོད་ཀྱིས་བླངས ་ཏེ། མཛོང་པུར་ཞུགས་ནས་གཙུག་ཏོར་གྱི་འཁོར་ལོར་ངམ་ཚིག་གི་བདུད་རྩི་དང་གཉིསུ་མེད་པར་གྱུར་ཏེ། འཁོར་ལོ་རྣམས་རིམ་གྱིས་གང་བར་བྱའོ།། དེའི་ཕྱིར་གསུངས་པ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཞེས་གསུངས ་ཏེ་ཁྲོ་གཉེར་རིམ་པར་ནི་རིམ་གྱིས་འགེངས་པའི་དོན་ཏེ། གང་གི་ཚེ་བདེ་བ་ཆེན་བོའི་འཁོར་ལོ་གདྲ་བར་གྱུར་པ་དེའི་ཚེ་རྟགས་ན་མཁའ་ལ་ཟླ་བར་ཤར་བ་ལྟ་བུ་དང་། དེ་ནས་རིམ་གྱིས་ལོངས་སྤྱོད་ཀྱི་འཁོར་ལོ ་ཁེངས་པར་གྱུར་པ་དེའི་ཚེ་རྟགས་ཉི་མ་ཤར་བ་ལྟ་བུ་དང་། དེ་ནས་སྙིང་ཆོས་ཀྱི་འཁོར་ལོ་ཁེངས་པར་གྱུར་པ་དེའི་ཚེ་སྔར་གྱི་བསྲེགས་པ་རྣམས་གསོས་ཏེ། རྟགས་རྣམས་སྨིག་རྒྱུ་ལྟ་བུ་དང་། དེ་དག་རིམ་གྱིས་སྤྲུལ་པའི་འཁོར་ལོར་སོན ་པ་དང་། དེའི་ཚེ་གཉིསུ་མེད་པའི་ཡེ་ཤེས་ཀྱིས་ལུས་ཉིད་དུ་འགྱུར་ཏེ། མུན་པ་མུན་ནག་ལྟ་བུའི་རྟགས་འབྱུང་ངོ་།། དེ་ནུས་སླར་ཡང་གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ནིས་བདེ་བ་བསྐྱོད་དེ། རིམ་གྱིས་སྟེང་གི་སྒོར་བསྐྱོད་དེ་དེ ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྲན་མ་ཙ་ན་ཀའི་ཚད་ཙམ་དུ་བཞུགས་པ་སྣང་བ་ཐབས་ཀྱི་རང་བཞིན་གཡོ་ཞིང་སྤྲོས་ཏེ་སླར་བསྡུ་བའི་དུས་སུ་ཇི་ལྟར་སྔར་སྨོས་པ་བཞིན་དུ་ཐིག་ལེའི་ངོ་བོར་རྣམ་པར་རྟོག་པ་རིམ་གྱི་སྱ་འོག ་གི་སྒོར་སྐྱེ་བར་འགྱུར་ཏེ། གང་གི་ཚེ་ལྟེ་བ་སྤྲུལྟ་པའི་འཁྱེར་ལོར་སོན་པ་དེའི་ཚེ་དངོས་པོ་དང་མཚན་མ་ལས་འདས་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ།། གང་གི་ཚེ་སྤྲོ་བ་དང་བསྡུ་བ་དེའི་ཚེ་ཡོན་ཏན་འདི་དག་དང་ལྡན་ཏེ། ཕྱི་རོལ་གྱི་སྡུ ་བསྔལ་ཐམས་ཅད་གི་ཅོད་པ་དང་། སྡིག་པའི་དངོས་པོ་མ་ལུས་པ་ཐམས་ཅད་སྲེག་པ་དང་། གཉི་སུ་མེ་ང་པའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་ལྟེ་བུ་འཕྲོ་བ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གསུང་ལ་དབང་བྱེད་པ་དང་། ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པ་དང་། ཡེ་ཤེས་ཀྱི་སྐུས་འགྲོ་བའི་དོན་མཛད་པ་དང་ལྡན་པའོ།། སོགས་ཞེས་བྱ་བའི་སྒྲས་ནི་ཡེ་ཤེས་རྣམ་པ་ལྔ་རིམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བའི་དོན ་གཟུང་ངོ་།། ལག་ན་རྡོ་རྗེའི་དོན་ནི་བཤུད་ཟིན་ཏོ།། མཐའ་ཡས་པ་ཞེས་པ་ནི་དགའ་བ་སྟེ། ཇི་ལྟར་འཁོར་ལོ་བཞིར་དགའ་བ་བཞི་སྐྱེ་བའི་རིམ་པའོ།། དེ་དག་གིས་ཅི་བྱེད་སྙམ་པ་ལ། གདུལ་དཀའ་འདུལ་བ་པོ་ཞེས་གསུངས་ཏེ། རྣམ་པར ་རྟོག་པ་དང་བཅས་པའི་ཐ་མལ་པའི་ཤེས་པ་ནི་གདུལ་བར་དཀའ་བའོ།། དེ་ལྷན་ཅིག་སྐྱེས་པའི་ངང་དུ་ནུབ་པ་ནི།། གདུལ་བའོ།། ཐབས་ཇི་ལྟ་སྙམ་པ་ལ། འཇིགསུ་རུང་དང་དཔའ་བྱད་ཅན་ཞེས་གསུངས་ཏེ། ཆགས་བཅས་ཀྱི་ལམ་འདི ་ལ་གཞན་སྐྲག་པའི་ཕྱིར་འཇིག་སུ་རུང་བ་དང་། ཇི་སྐད་དུ་སྔར་སྨོས་པའི་ཙཱཎ་ཌ་ལཱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་བསྲེགས་པའི་ཕྱིར་འཇིགསུ་རུང་བའོ།། དཔའ་བྱད་ཅན་ནི་མེ་ལྕེའི་བདག་ཉིད་ཅན་ནོ།། དེའི་མཚན་ཉིད་ཇི་ལྟ ་བུ་ཡིན་སྦྲུམ་པ་ལ། རྡོ་རྗེ་ཞེས་གསུངས་ཏེ། གཞན་གྱིས་མི་ཕྱེང་བའི་རྡོ་རྗེའི་རྩེ་མོའོ།། འཕྲོ་བ་ཞེས་པའི་དོན་ནི་བི་ཤ་ང་ཟིན་ཏེ།། སྤྲོ་བ་དང་བསྡུ་བའི་དོན་དག་ཐབས་དང་ཤེས་རབ་ཀྱི་ངོ་བོ་བསྟན་པའི་ཕྱིར།། སྙིང་རྗེ་དང་ཤེས་རབ་དང་། ་ཐབས་ཀྱིས་འགྲོ་དོན་བྱིང་པའི་མཆོག་ཅེས་གསུངས་པ་སྟེ། སྙིང་རྗེ་ནི་སྤྲོ་བའི་དུས་སུ་ཐབས་ཀྱི་སྐུ་སྐྱེ་བའོ།། ཤེས་རབ་ནི་བསྡུས་པའི་དུས་སུ་སྟོང་པ་ཉིད་ཀྱི་ངོ་བོ་སྟེ་འཇིག་པའོ།། དེ་ལྟ་བུའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པ་སྟེ། ་འགྲོ་བ་ཞེས་པ་ནི་ལམ་སོ་སོ་ནས་འགྲོ་བས་འགྲོ་བ་སྟེ། དབང་པོའི་ལམ་ནས་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ།། དོན་བྱེད་པ་ནི་དམ་པའི་མན་ངག་གིས་ཉེ་བར་བརྒྱན་དབང་པོ་དང་དོན་སྦྱར་ཞིང་གཉི་སུ་མྱོང་བར་འབྱུ ་བྱའོ།། དེ་བས་ན་དེ་མཆོག་གོ།། སྔར་སྨོས་པའི་དགའ་བ་རྣམས་གསལ་བར་བསྟན་པའི་ཕྱིར། དགའ་མགུ་རངས་པའི་བསམ་པ་ཅན་ཞེས་བྱ་བ་གསུངས་ཏེ། དགའ་བ་ནི་དགའ་བའོ།། མགུ་བ་ནི་མཆོག་ཏུ་དགའ་བའོ།། རངས་པ་ལྷན ་ཅིག་སྐྱེས་པའི་དགའ་བའོ།། བསམ་པ་ཅན་ནི་དགའ་བྲལ་ལོ།། ཉོན་མོངས་པ་ཇི་ལྟར་འདུལ་བའི་ཐབས་བསྟན་པའི་ཕྱིར། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ།། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན།། ཞེས་གསུངས་ཏེ། ཞེ་སྡང ་ལ་སོགས་པའི་ཉོན་མོངས་པར་རབ་ཏུ་གྲགས་པ་ཡང་ལྷན་ཅིག་སྐྱེས་པའི་གཟུགས་ཀྱིས་འཇོམས་པར་བྱེད་ཅེས་པའི་དོན་ཏོ།། སངས་རྒྱས་ཕྲིན་ལས་དེ་ལྟ་བུས་འགྲོ་བ་འདྲེན་པ་ནི་མགོན་ནོ།། ད་ནི་སེམས་དྲང་སེམས་ལས་བྱུང ་བུ་ཐམས་ཅད་ལྷན་ཅིག་སྐྱེས་བུའི་རང་བཞིན་དུ་བསྟན་པར་བྱ་བའི་ཕྱིར། ལུས་བཏུང་རྣམས་དང་ལྷན་ཅིག་ཏུ། ཞེས་གསུངས་ཏེ། བཏུད་ཅེས་པའི་སྒྲས་ནི་གཞོལ་བ་དང་། འབབ་པ་དང་། བབ་པ་ཞེས་བྱ་བའི་ཐ་ཚིགོ། དེ་དག་གིས ་ནི་ཐོག་མར་དགེ་བ་གླེང་གཞིའི་ཚིག་བླ་མའི་མན་ངག་བསྟན་པའོ།། ང་ནི་སྟོན་པ་ལ་གུས་པའི་ཚིག་གིས་གླེང་བསླང་བའི་ཕྱིར།། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་བཞིན་ཉིད ་ཇི་ལྟ་བ་བཞིན་མཁྱེན་ཅིང་ཁོང་དུ་ཆུད་ནས་ཇི་ལྟ་བཞིན་གསུང་བ་ནི་དེ་བཞིན་གཤེགས་པའོ།། བདུད་བཞི་བཅོམ་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་ཏེ། ཚིག་གི་དོན་ནི། དཔལ་དང་གྲགས་དང་ལ་སོགས་པ་གཞན་དང་སྦྱ་རོ།། གཞན ་ཡང་མཚན་གྱི་ཁྱད་པར་གསུངས་པ། རྫོགས་སངས་རྒྱས་ཞེས་པ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ལ་ཞེས་པ་ནི་བདུན་པའི་དོན་ཏོ།། དེ་ལྟར་སྟོན་པའི་མཚན་ཉིད་ཁྱད་པར་དང་ལྡན་པ ་ལ་ཡངྠ་དང་ཡང་དུ་ཐལ་མོ་སྦྱར་ནས་ཕྱག་འཚལ་བ་ནི་ལུས་དང་ངག་དང་ཡིད་གླས་པའི་ཚུལ་གྱིས་ཡིན་པར་རིག་པར་བྱའོ།། སྤྱན་སྔར་འདུག་སྟེ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟིགས་པའི་ཡུ་ན་འདུག་པ་སྟེ། ལྐོག་ཏུ་གྱུར ་པ་མ་ཡིན་པར་ཞེས་པའི་ཐ་ཚིག་གོ།། དེ་ལྟར་གུས་པ་དང་སྤྱན་སྔར་འདུག་པ་ཅིའི་ཕྱིར་ཞེ་ན། འདི་སྐད་དུ་གསོལ་བ་འདེབས་པའི་ཕྱིར་རོ།། ཇི་སྐད་དུ་སྙམ་པཱ་ལ། ཁྱབ་བདྲག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་གསོལ་བ་བཏབ་པའོ།། ་དེ་ནས་གང་གི་ཆེད་དུ་གླེང་བ་བསྟན་པའི་ཕྱིར། བདག་ལ་སྨན་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ནི་རང་ཉིད་།། སྨན་པ་ནི་བདེ་བའི་རྒྱུར་འགྱུར་བའི་ཕྱིར་རོ།། དེ་རང་ཉིད་ཀྱིས་ཐོབ་པ་ནི་བདག་གི་དོན་ནོ།། དེའི་ཕྱིར་བདག་ལ་ཐུགས་བརྩེ ་བར་དགོངས་ཏེ། སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་ཐབས་ཀྱི་སྒོ་ནས་ཕན་པའི་དོན་མངོན་པར་རྫོགས་པར་བྱང་ཆུབ་པ་བདག་གིས་ཐོབ་པར་མཛོད་ཅིག་ཅེས་པའོ།། དེ་ལྟར་བདག་གི་དོན་དུ་གསོལ་བ་བཏབ་ནས།། དེ་ནི་གཞན་གྱི་དོན་དུ་གསོལ ་བ་གདབ་པའི་ཕྱིར།། ཉོན་མོངས་པས་ནི་སེམས་དཀྲུག་ཤིང་།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ནི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་ཞེས་བྱ ་བརྩ་བའི་ཉོན་མོངས་པ་དང་། ཁྲོ་བ་དང་། ཁྱོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱུགས་པ་དང་། རྣམ་པར་འཚེ་བྱི་དང་། དྭེ་ཙ་མེད་པ་དང་། ཁྲེལླེ་མེད་པ་དང་། རྨུགས་པ ་དང་དུ་རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ཉེ་བའི་ཉོན་མོངས་པ་ཉི་ཤུའོ།། སེམས་ནི་གཉིས་སུ་མེད་པའི་བྱུང ་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའོ།། དཀྲུགས་པ་ནི་གློ་བུར་གྱི་དྲི་མས་བསླང་པ་སྟེ། སྔ་མ་ངེས་སོ།། ཇི་ལྟར་རླབས་ཀྱིས་བསྐྱོད་པའི་མཚོ་ལྟ་བུའོ།། དྲི་གསལ་བར་བྱེད་པའི་ཐབས་དང་བྲལ་བར་བསྟ་ན་པའི་ཕྱིར། མི་ཤེས ་འདམ་དུ་བྱིང་བ་ཞེས་གསུངས་ཏེ། མཱ་རིག་པས་ཀུན་ནས་སྒྲིབས་པས་གློ་བུར་གྱི་དྲི་མ་བསལ་བའི་ཐབས་མི་ཤེས་པའོ།། དཔེར་ན་འང་མ་གྱི་ཚོགས་ཆེན་པོའི་ནང་དུ་ནུབ་པར་གྱུར་ན་ཐབས་མི་མཁས་པ་རྣམས་ནི་རང་གི་རྩོལ་བ་རྩ ་གྱིས་ཐར་པར་སེམས་པ་སྟེ། དེ་དག་གིས་ནི་དེའི་རྐྱེན་གྱིས་སླར་བྱིང་བར་འགྱུར་རོ།། དེ་གང་ཞེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སེམས་རྣམ་པར་རྟོག་པའི་ཚོགས་ཀྱིས་ཀུན་ནས་བསླང་བའི་སེམས་དང་གང་ལྡན་པ་དེ་ནི ་སེམས་ཅན་ནོ།། ཀུན་ཅེས་པ་ནི་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་མ་ལུས་པའོ།། སྔར་རང་གི་དོན་དུ་སྐབསུ་ཞུས་པའི་ཐབས་ནི་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་འདི་ཡང་ཞུས་པར་རིག་པར་བྱའོ།། སྨན་པ་ནི་མི་ཤེས ་པ་ཤེས་པར་བྱ་བ་དང་། འཁོར་བའི་འདམ་དུ་བྱིང་བ་ལས་གདོན་པར་བྱའོ།། དེ་ཉིད་འབྲས་བུ་ཅན་ལ་དགོད་པར་བྱ་བའི་ཕྱིར།། བླ་མེད་འབྲས་བུ་ཞེས་གསུངས་ཏེ། བླ་མེད་ཅེས་པ་ནི་དེའི་བླ་འམ་གོང་ན་འབྲས་བུ་མཆོག་ཏུ་གྱུར་པ ་གཞན་མེད་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ།། དེ་ཐོབ་པར་བྱ་བ་ནི་མངོན་དུ་གྱུར་པའོ།། ཕྱིར་ཞེས་པ་ནི་ཆེད་དུ་བྱ་བའི་དོན་ཏེ། དེ་ཅི་ནས་ཀྱང་ཐོབ་པར་མཛོད་ཅེས་པའི་ཐ་ཚིག་གོ། སྟོན་པའི་ཁྱད་པར་གང་དང་ལྡན་པ་བསྟན་པའི་ཕྱིར། ་རྫོགས་པའི་སངས་རྒྱས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་དོན་ནི་ས་མཐར་ཕྱིན་པའི་དོན་ཏེ། རྡོ་རྗེ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ།། ཚིག་གི་དོན་ནི་གོ་བླའོ།། འགྲོ་བའི་བླ་མ་ཞེས་པ་ནི་འགྲོ་བུ་རྣམས་དྲང་ཆོས་མཐུན ་པའི་ཚུལ་ཡིན་ཏེ། འདིར་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ལམ་དེ་ཉིད་དུ་འཛུད་པའི་ཕྱིར་སྣོད་བ་མཐའ་ཡས་ལ་སྩོགས་པའི་དེ་བཞིན་གཤེགས་པ་རྣམས་སོ།། དེ་བས་ན་སྟོན་པ་པོ་རྡོ་རྗེ་འཆང་ཉིད་དོ།། དམ་ཚིག་ཀྱང་ཡིན། ་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། རིམས་དང་ཉོན་མོངས་པ་ལ་སོགས་པའི་དབྱེ་བ་ཇི་སྙེད་དུ་སྨོས་ཀྱང་རྡོ་རྗེ་འཆང་ཆེན་པོ་ལས་མི་འདའ་བས་ན་དེ་ཁོ་ན་ཉིད་གཅིག་ཏུ་མཁྱེན་པའི་ཕྱིར་ཆེན་པོ་སྟེ། དེ་ཉིད་མཁྱེན་ཅེས ་པའི་དོན་ཀྱང་དེར།། དེ་ལྟར་དོན་དམ་པར་དེ་ཁོན་ཉིད་ཀྱང་དེའོ།། དེ་ལྟར་དོན་དམ་པར་དེ་ཁོ་ན་ཉིད་མཁྱེན་ཅིང་བགྶསྨྲ་ནྱཱ་བྷ་ཀུན་རྫོབ་ཀྵྨཱི་དབྱེ་བས་སི་ན་ནཱ། དབང་པོ་བསམ་པ་མ་ཁྱེན་མཇུག་གིས་ཝཱས་བྱ་བ་གཱསུངྱས་རླུང ་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། བསམ་པ་རྒྱ་ཆེ་བ་དང་། ཆུང་བ་དང་། ཚད་མར་གྱུར་པ་མཁྱེན་ཏེ། གདུལ་བྱའི་སྣོད་ཀྱི་རིམས་པ་མཁྱེན་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཅིག་ཅར་དུ་མཁྱེན་པ་ཉིད་ཀྱི་ཕྱིར་མཆོག་གོ།། གིས ་ཞེས་པ་ནི་གསུམ་པའི་ཚིག་སྟེ། ཟག་དང་བཅས་པ་དང་ཟུག་པ་མེད་པར་མཁྱེན་གྱིས་ཞེས་པའོ།། དེ་ན་བརྗོད་པའི་ཁྱད་པར་ཇི་ལྟ་བུ་ཞུ་བའི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱི ་ཞེས་པ་ནི་མང་པོའི་ཚིག་མི་མངོན་པར་བྱས་པ་སྟེ། འདི་ལྟར་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྒྱུ་མཁྱེན་པ་མཆོག་དང་ལྡན་པ་ཁྱེད་འབྱའོ་ཞིག་གིས་མཁྱེན་གྱི་ཞེས་ཚི་གླུ་སྣ་མར ་འབྲེལོ།། དེ་བས་ན་ཡེ་ཤེས་ཀྱི་སྐུ་དེ་ནི་ཐུན་མོང་དུ་ལྟེ་བ.རི་མི་མངོན་པའི་ཕྱིར་ཏོ། ཇི་ལྟར་དེ་བཞིན་གཤེགས་པའི་དདྨའི་གཙུག་ཏོར་བཞིན་ནོ།། དེའི་ཕྱིར་གསུངས་པ། གཅིག་ཏོར་ཆེན་པོ་ཞེས་པ་སྟེ། གཙུག་ཏར་ཡང་ཡིན་ལྔ་ཆེན ་པོ་ཡང་ཡིན་པས་གཙུག་ཏོར་ཆེན་པོ་སྟེ། དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ལས་ཀྱང་ཤིན་ཏུ་ཆོས་གསང་བ་བརྗོད་པར་བྱ་བ་ཐུན་མོང་མ་ཡིན་པ་བསྟན་ཏོ།། ང་ནི་རྗོད་པར་བྱེད་པ ་གང་ཡིན་པ་དང་། བརྗོད་བྱའི་རྣམ་གྲངས་གང་ཡིན་པ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཚིག་གི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་ནི་རྗོད་པར་བྱེད་པའོ།། དེ་གང་གིས་བརྗོད་པ་ནི་བདྲག་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ཉིད་དོ།། ། ་འདིར་ཚིག་རྣམས་མ་ཐོབ་པས་བརྗོད་བྱ་ཐུན་མོང་མ་ཡིན་བརྗོད་པར་མི་ནུས་སོ་ཞེས་དགོངསོ།། དེ་བས་ན་བརྗོད་བྱ་ཡེ་ཤེས་ཀྱི་སྐུ་སྟེ། དངོས་སུ་རང་བྱུང་ཞེས་གསུངས་ཏེ། འདིར་རང་བྱུང་ནི་རྒྱུ་དང་རྐྱེན་ལ་མ་ལྟོས་པའི་ངོ་བོ་ཉིད་ཅེས་སློབ་དཔོན ་ཁ་ཅིག་འདོང་ངོ་།། རང་བྱུང་ནི་རང་ལས་བྱུང་བས་ན་རང་བྱུང་སྟེ། བརྗོད་པར་བྱ་བ་ཐུན་མོང་མཱ་ཡིན་པ་རང་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་བྱུང་བའོ།། ཞེས་གཞན་དག་ཟེར་རོ།། དེ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་གྲངས་གཞན་དུ་ན། འཇམ་དཔལ ་ཡེ་ཤེས་སེམས་དཔའ་ཡ།། ཞེས་བཏགས་སོ།། དེ་ཡང་སྐྱེ་བ་དང་འགག་པ་ལ་སོགས་པའི་ཟུག་རྔུ་དང་བྲལ་བ་ཉིད་ཀྱི་ཕྱིར་འཇམ་པ་སྟེ། དོན་དམ་པར་རྟོགས་པར་བྱ་བ་དེ་ཞེསོ།། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བས ་ན་དཔྲལ་ཏེ། སྐུ་དང་ཡེ་ཤེས་ཀྱི་སྣང་བར་བྱུང་བས་ན་དེ་ཡང་སྣང་བ་ཐ་དད་པར་འབྱུང་དུ་ཟིན་ཀྱང་ཡེ་ཤེས་རོ་གཅིག་པོ་ཉིད་ཡེ་ཤེས་སེམས་དཔའོ།། དེའི་མིང་གཱི་གྲངས་དུ་མར་བརྗོད་དུ་ཟིན་ཀྱང་དྲན་ཇི་ལྟ་བ་བཞིན་དུ་ཁོང་ཆུད་པར་བྱེད ་པ་ནི་ཡང་དག་པར་བརྗོད་པ་སྟེ། དེའི་ཕྱིར་གསུངས་པ། མིང་ནི་ཡང་དག་བརྗོད་པའི་མཆོག་ཅེས་གསུངས་ཏེ། མི་ཟད་པ་དང་རྣམ་གྲངས་གཞན་ལ་འཇུག་པའི་མིང་ངོ་།། ཡང་དག་པར་རྗོད་པ་ནི་སྐྱོན་མེད་པར་བརྗོད་པ་སྟེ། རྣམ་གྲང ་ཕྱིན་ཅི་མ་ལོག་པར་སྟོན་ཅེས་བྱ་བའི་ཐ་ཚིག་གོ། དེ་བས་ན་མཆོག་ཀྱང་ཡིན་ལ། རྗོད་བྱེད་ཀྱང་ཡིན་པས་བརྗོད་པའི་མཆོག་གོ།། དེ་དག་གིས་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡང་བསྟན་པ་ཡིན་ཏེ། དེ་དག་གི ་འབྲེལ་པ་ནི་ཐབས་དྲང་ཐབས་ལས་བྱུང་བར་རིག་པར་བྱའོ།། བརྗོད་བྱའི་དགོས་པ་ནི་བདག་དང་གཞན་གྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའོ།། དེ་དག་གིས་ནི་སྟོན་པ་ལ་ཇི་ལྟར་ཞུས་པ་དང་། ཞུས་པའི་དགོས་ཆེད་དང་། སྟོན་པའི་ཁྱད ་པར་དང་། དགོས་འགྲེལ་གྱི་དོན་སྒྲ་ཇི་བཞིན་པ་བཤད་ཟིན་ཏོ།། ད་ནི་དེ་དག་གི་དོན་བླ་མ་དམ་པའི་མན་ངག་དང་ཉེ་བར་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ག ་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཧཾ་གི་གནས་ནས་གཤེགས་ཤིང་ཨཱིའི་གནས་གཉི་སུ་མེད་པར་གྱུར་པ་སྟེ། སླ་རི་རིམ་གྱིས་རང་གི་གནས་སུ་གཤེགས་པ་དེ་ནི་དེ་བཞིན་གཤེགས་པའོ།། དེ་སྐད་དུ་ཡང་། མགོན་པོ་དེ ་བཞིན་ཉིད་གཤེགས་ཤིང་།། སླར་ཡང་དེ་བཞིན་གཤེགས་པསྣ་ན།། དེ་བཞིན་གཤེགས་ཤེས་བརྗོད་པར་བྱ། ཞེས་གསུངསོ།། དེ་ལྟར་གཤེགས་པ་དང་བྱོན་པའི་ཚེ་རགས་པ་དང་ཕྲ་བའི་རྟོག་པ་བཅོམ་ནས་གཉིསུ་མེད་པའི་ཡེ ་ཤེས་དང་ལྡན་པ་ནི་བཅོམ་ལྡན་འདས་སོ།། བཅོམ་ལྡན་འདས་དེ་ཧཾ་གི་གནས་དང་། ཨེའི་གནས་སུ་བཞུགས་པོའི་ཚེ་རྫོགས་པའི་སངས་རྒྱས་ཏེ་མཐར་ཕྱིན་པའི་ཐ་ཚིགོ།། ཕྱག་འཚལ་བ་ནི་འདུད་པ་སྟེ། ཡང་དང་ཡང་དུ་གོམས་པར ་བྱེད་པའོ།། ཐལ་མོ་སྦྱར་ཞེས་པ་ནི་ཁ་སྦྱར་བ་ཞེས་པའི་དོན་ཏོ།། ཇི་ལྟར་ལུས་ལ་གནས་པའི་འཁོར་ལོ་བཞི་ཁ་སྦྱར་བར་གྱུར་བྱའོ།། དེ་ཡང་ཇི་ལྟར་ཞེ་ན། སྤྲུལ་པའི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་ཐབས་དང་ཤེས་རབོ།། ལྗོངས ་སྤྱོད་ཀྱི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོ་ཡང་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་ཁ་སྦྱར་བའོ།། ནས་ནི་ཞེས་པོ་ནི་ལྔ་པའི་དོན་ལ་གཉིས་པ་སྦྱར་བའི་ཚེ་ཊཱི་ག་སྟེ། དེ་ཁ་སྦྱར་མ་ཐག་ཏུ་གང་ཟག་གིས་ཉམསུ་མྱོང་བ་འབྱུང་བའི་དོན ་ཏེ། དེ་ཡང་སྤྱན་སྔར་འདུག་སྟེ་ཞེས་པ་ལ། སྤྱན་སྟཪྵ་ནཱི་མངོན་སུམ་དུ་ཉམས་སུ་མྱོང་ཞེས་བྱ་བཱའི་ཐ་ཚིག་གོ།། དེ་ཡང་ཐབསྡེ་དང་ཤེས་རབ་ཀྱི་རྩ་བཱ་བསྟན་པའི་ཕྱིར། ཨེ་བཾ་ཨ་ཧ་ཞེས་གསུངས་ཏེ། ཨེ་ནི་ཤེས་རབྲ་བཽ།། བཽ་ནི་ཐབས་སོ།། ་དེ་དག་ཀྱང་གནས་ཀྱིས་ཕྱེ་ན། ཨེ་ནི་འོག་སྒོ་འོ།། བཾ་ནཱི་སྟེང་སྒོའོ།། ཨོཾ་ནི་གཉིས་སུ་མྱེད་པའི་བྱང་ཆུབ་ཀྱི་སེམས་སོ།། ཧ་ནི་དེ་རྩོལ་བར་བྱེད་པའི་རླུང་ངོ་།། དེ་ལྟ་བུའི་དོན་གྱིས་ཐམས་ཅད་དུ་ཁྱབ་པར་བསྟན་པའི་ཕྱིར། ཁྱབ་བདག་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་བོ་ཉིད་ཀྱིས་ཁྱབ་པའི་ཕྱིར་ཁྱབ་པའི་ཁྱབ་བདག་གོ།། དེ་ཡང་གང་ལ་ཁྱབ་ཅེ་ན། ལུས་དང་ངག་དང་ཡིད་ལ་སོགས་པ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ།། དེ་ལ་ཁ་ཅིག་ནི་མ་རིག་པ ་ཀུན་ནས་བསྒྲིབས་པས་གཉི་སུ་ལྟ་ཞིང་བདག་ཏུ་འཛིན་པ་ཡོད་དེ། དེ་ལྟ་བུ་དག་གིས་བདག་གི་བདག་མེད་པ་རྟོགས་པར་བྱ་བའི་ཕྱིར་ཚུལ་འདི་ལྟར་ཉམས་ལེན་པ་ནི་བདག་ལ་སྨན་པའོ།། དེའི་ཕྱིར་གསུངས་པ། བདག་དོན་བདག་ལ ་ཐུགས་བརྩེའི་ཕྱིར། ཞེས་གསུངས་ཏེ། བདག་གི་དོན་ནི་ཕྱིན་ཅི་ལོག་གིས་བརྟགས་པའི་བདག་དོན་ཐམས་ཅད་རྣམ་པར་ལྟ་བའོ།། དེ་ལ་ཐུགས་བརྩེ་བ་དང་བདག་མྱེད་པར་རྟོགས་པར་བྱ་བའི་ཕྱིར་ཐབས་འདི ་གསུངས་སོ།། དེ་ལྟར་བདག་མེད་པ་ཁོང་དུ་ཆུད་ནས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅི་འདྲ་བར་རྟོགས་སྙམ་པ་ལ། སྒྱུ་འཕྲུལ་དྲ་བས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་ནང་གི་དངོས་པོ་སྒྱུ་མ་དང་སྨིག་རྒྱུ་ལྔ་སོགས་པའི་དཔེས་ཉེ་བར ་མཚོན་པའི་བདག་མེད་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ།། དེས་ཅིར་འགྱུར་སྙམ་པ་ལ་མངོན་པར་རྫོགས་པའི་བྱངཆུབ་ཐོབ་པར་བྱེད་པའོ།། གང་གིས་སྙམ་པ་ལ། བདག་གིས་བྱང་ཆུབ་ཀྱི་ཅེས་པའི་ཐ་ཚིག་གོ།། ཐབས་ཇི་ལྟར་སྙམ ་པ་ལ་ཉོན་མོངས་པ་སེལ་བའི་ཐབས་ཏེ། དེའི་ཕྱིར། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། མི་ཤེས་འདམ་དུ་བྱིང་བ་ཡི།། ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ནི་བདག་ཏུ་ལྟ་བ་ལ་བརྟེན་ནས་རྩ་བ་དང་ཉེ་བའི་ཉོན་མོངས ་པ་གང་ཡིན་པ་སྟེ། རྣམ་པར་སྨིན་པའི་འབྲས་བུའོ།། པས་ཞེས་པ་ནི་གསུ་བའི་ཚིག་སྟེ། དེ་རྣམས་ཀྱིས་རང་གི་ངོ་བོ་བརྣོགས་ཤིང་མི་གསལ་བར་བྱེད་པའོ།། སེམས་ནི་ཆོས་ཉིད་ཀྱི་རྒྱུ་མཐུན་པའོ།། དེ་མི་གསལ་བར་བྱེད་པ་ནི་དཀྲུགས་ཤེས ་པའོ།། མི་ཤེས་པ་ནི་ཉོན་མོངས་པས་དཀྲིགས་པ་གསལ་བར་བྱེད་པའི་ཐབས་མི་ཤེས་པ་སྟེ། ཐབས་ལ་རྨོངས་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་འདམ་དུ་བྱིང་བ་དང་འདྲ་བར་ཡུན་རིང་དུ་འཁོར་བར་གནས་པའི་ཕྱིར་བྱིང་བའོ།། དེ་ཡོངས ་སུ་འདོན་པའི་ཕྱིར། སེམས་ཅན་ཀུན་ལ་སྨན་པ་དང་། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། ཞེས་གསུངས་ཏེ། སེམས་ནི་ཡུལ་དང་དབང་པོ་ལ་བུརྟེན་པའི་རྣམ་པར་ཤེས་པའི་ཚོགས་སོ།། ཀུན་ཅེས་པའི་སྒྲས་ནི་བརྒྱད་པོ་ཉེ་བར་བསྡུ་བའི་ཚིག་གོ།། ་སྨན་པ་ཡེ་ཤེས་ལ་འཇུག་པའི་ཐབས་ཏེ། བླ་མ་དམ་པའི་གདམས་ངག་གོ།། ཐབས་དེས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པ། ནི་ཚེ་འདི་ཉིད་ལའོ།། གདགི་ཚེ་འབྲས་བུ་ཐོབ་པའི་མཚན་ཉིད་ཅི་ཞེ་ན། རྫོགས་པའི་སངས་རྒྱས་བཅོ ་ལྡན་འདས།། འགྲོ་བའི་བླ་མི་སྟོན་པ་པོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་སངས་རྒྱས་ཀྱི་སྒྲ་ནི་ཕུན་སུམ་ཚོགས་པའི་དོན་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡང ་སྤངས་པ་ཕུན་སུམ་ཚོགས་པ་བཅོམ་པའི་ཚུལ་གྱིས་སྤངས་པ་དང་། ཐོབ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཚུལ་གྱིས་ཐོབ་པའོ།། དེ་ཡང་གཞན་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འགྲོ་བའི་བླ་མ་སྟོན་པ་པོ་ཞེས་གསུང ་འགྲོ་བ་ནི་ལམ་སོ་སོ་ནས་འགྲོ་བ་ཞེས་བྱ་བའི་དོན་ཏོ།། བླ་མ་ནིང་རྣམས་ཀྱི་གང་མ་སྟེ། དེའི་གོང་ན་གཞན་མོད་ཅེས་བྱ་བའི་ཐ་ཚིག་གོ།། སྟོན་པ་པོ་ཞེས་པ་ནི་གང་དང་གང་གིས་འདྲལ་བར་འགྱུར་པའི་སྐུ་དང་ཐུགས་ཀྱི་སྣང ་བསྟོན་ཅིང་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པའོ།། དེ་ལྟར་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ནས། རང་དོན་ཕུན་སུམ་ཚོགས་པ་དེ་ཁོ་ན་ཉིད་དུ་མཁྱེན་པ་བསྟན་པའི་ཕྱིར།། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན ་དབང་པོ་བསམ་པ་མཁྱེན་མཆོག་གིས།། ཞེས་གསུངས་ཏེ། དུམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། ཤེས་བྱ་ཐམས་ཅད་དེ་ཁོ་ན་ཉིད་དུ་མཁྱེན་པའི་ཕྱིར་རོ།། དེ་ལྟར་དེ་ཁོ་ན་བཞིན་དུ་མཁྱེན་ཅིང ་ཐུགསུ་ཆུ་དེ་ཇི་ལྟ་བ་བཞིན་དུ་གསུང་བ་དང་། གདུལ་བར་བྱ་བའི་གང་ཟག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། བསམ་པ་རྒྱ་ཆེ་བ་དང་ཆུང་བ་མཁྱེན་པ་ནི་མཁྱེན་པའི་མཆོག་སྟེ། ཡེ་ཤེས་ཕུལ་དུ་ཕྱིན་པ་བརྙེས་པ་ཞེས་བྱ་བའི་ཐ་ཚི་གོ། ་ཡང་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་སྔར་བསྟན་པའི་རྣམ་པར་ཤེས་པའི་ཚོགས་ཐ་མལ་པ་འདི་ཉིད་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཚོགས་སྟོན་པར་བྱེད་པས་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཏེ། ་ལམ་སོ་ནས་འགྲོ་བའི་ཡུལ་དང་དབང་པོ་ལེ་བརྟེན་པའི་ཤེས་པ་བླ་མ་དམ་པའི་མན་ངག་གིས་ལྷན་ཅིག་སྐྱེས་པར་སྟོན་པ་ནི་སྟོན་པ་པོའོ།། དེ་ཉིད་ཀྱི་ཕྱིར། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ནི་བརྡར ་བྱས་པའོ།། དེ་ཡང་ཐབས་དང་ཤེས་རབ་ཀྱི་ངོ་བོ་ལ་བདེ་བླ་མ་སྤངས་ཤིང་དེ་ཁོ་ན་ཉིད་དུ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ།། དབང་པོ་ནི་མིག་ལ་སོགས་པོ་དྲུག་གོ།། དེས་ཉེ་བར་མཚོན་པའི་ཡུལ་དྲུག་སྟེ། དེ་གཉིས་སུ་མེད་པ་ལས་རང་གི་བདེ་བ ་སྔར་གྱི་ཡེ་ཤེས་ཁོང་དུ་ཆུད་པ་སྟེ། མཁྱེན་པ་ཞེས་པ་ནི་དེ་ལྟར་རྟོགས་ཤེས་པའི་དོན་ཏོ།། དེ་བས་ན་མཆོག་སྟེ། རབ་ཅེས་པ་དང་། གྱ་ནོམ་པ་ཞེས་པ་དང་། བླ་ན་མེད་པ་ཞེས་བྱ་བ་ནི་ཁྱད་པར་གྱི་མིང་གི་རྣམ་གྲང་སོ།། རྟོགས་པའི་དོན་ཁྱད་པར ་ཅན་དེ་ཉིད་ལ་མཚན་གྱི་རྣམ་གྲངས་གཞན་གྱིས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ ་ས་སོ།། དེ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་དེ་ནི་རྟོགས་པའོ་དོན་ཏོ།། དེ་ཐུན་མོང་མ་ཡིན་པར་བསྟན་པར་བྱ་བའི་ཕྱིར།། གཙུག་ཏོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་བདག་གིས་ཐུན་མོང་དུ་ལྟར་མི་མངོན་པ་ང་ལ ་དེ་སྐད་ཅེས་གསུང་སོ།། དེ་གང་གིས་རྟོགས་པར་ནུས་སྙམ་པ་ལ། ཚིག་གི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་བདག་པོ་བླ་མ་དམ་པའོ།། རྟོགས་པའི་དོན་དེ་ཡང་ཅི་ཞིག་གང་ནས་བྱུང་སྙམ་པ་ལ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ན་ཡེ་ཤེས་ཀྱི་སྐུའོ།། དེ་ཡང་རང་ལས་བྱུང་བ་སྟེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ།། དེ་ཁོ་ན་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟེ། ཡང་དག་པའི་ཡེ་ཤེས་མོ་ལོང་ལྟ་བུ་ལ ་སོགས་པ་རྣམས་རོ་གཅིག་ཏུ་གྱུར་པ་ལ་མཚན་གྱི་སྒྲས་བརྗོད་པར་བྱ་བའི་ཕྱིར། མིང་ནི་ཡང་དག་བརྗོད་པའི་མཆོག། ཅེས་གསུངས་ཏེ། མིང་ཕྱིན་ཅི་མ་ལོག་པར་བརྗོད་ནས། དོན་མཆོག་དང་ཕྲད་པ་ནི་བརྗོད་པའི་མཆོག་སྟེ། ངག་གི་སྐྱོན ་ཐམས་ཅད་སྤངས་པའི་ཕྱིར་རོ།། དེ་དག་གིས་ནི་སྟོན་པ་ལ་གུས་པ་དང་། གང་གི་ཆེད་དུ་བསྒོམ་པ་དང་། ཁྱད་པར་གང་དང་ལྡན་པ་བསྒོམ་པ་དང་། ཇི་ལྟར་བསྒོམ་པའི་ཚུལ་བླ་མ་དམ་པའི་གདམས་ངག་རྣམས་བཤད་ཟིན་ཏོ།། དེ་དག་གིས ་ནི་བརྗོད་བྱའི་ཁྱད་པར་ཇི་ལྟར་ཞུ་བ་གླེང་བ་བསྟན་ནས། ད་ནི་རྗོད་བྱེད་གང་གི་དོན་དུ་ཞུ་བ་གླེང་བསླང་བ་བསྟན་པའི་ཕྱིར། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ ་རང་བྱུང་ཡིན་ལ། དེ་སྟོན་པར་བྱེང་བ་ནི་ཚིག་ཟབ་པ་སྟེ། ཐེག་པ་ཐུན་མོངས་པས་རྟོགས་པར་དཀའ་བའོ།། རྒྱ་ཆེ་བ་ནི་སྟོན་པར་བྱེད་པའི་ཐབས་མེང་བའོ།། ཡང་ན་སེམས་ཅན་གྱི་དོན་བྱེད་པའི་ཐབས་མང་བའོ།། ཆེ་བ་ནི་བདག་དང་གཞན་གྱི་དོན་གྲུབ ་པའོ།། མཚུངས་པ་མེད་པ་ནི་ཐེག་པ་གཞན་དང་འགྲན་དུ་མེད་པའོ།། མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རཱག་ཏུ་ཞི་བའོ།། དེ་སྟོན་པར་བྱེད་པའི་ཚིག་གང་ཡིན་སྙམ་པ་ལ། ཐོག་མ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐོག་མར་དགེ ་བུ་ནི་གླེང་གཞིའོ།། བར་དུ་དགེ་བ་ནི་གླེང་བསླང་བའོ།། ཐ་མར་དགེ་བ་ནི་ཡོངསུ་ཤེས་པར་བྱ་བའོ།། དེ་ཡང་སྟོན་པ་འདི་ཉིད་ཀྱིས་གསུངས་པར་མ་ཟོང་དེ། འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པའོ།། མ་འོངས་པ་ནི་བྱམས་པ་ལ ་སོགས་པའོ།། ད་ལྟར་ནི་ཤཱཀྱ་ཐུབ་པའོ།། རྫོགས་པའི་སངས་རྒྱས་ནི་བཤད་ཟིན་ཏོ།། གསུངས་ཤེས་པ་ནི་དེ་དག་གིས་རྣམ་གྲངས་དུ་མར་གསུངས་ཀྱང་དོན་ཡེ་ཤེས་ཀྱི་སྐུ་རང་བྱུང་འབའ་ཞིག་སྟོན་པའོ།། ཡང་དང་ཡང་དུ་ཞེས་པ་ནི ་དུས་གསུམ་དུ་གསུང་བའི་ཕྱིར་རོ།། གསུངས་པའི་ཆོས་གང་སྙམ་པ་ལ། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་དབྱེ་བ་ལ་སོགས་པ་ནི་སྔར་བཤ་།། རྒྱུ་དང་ལམ་དང་འབྲས་བུར་འབྲེལ ་པས་ན་དྲ་བའོ།། དེའི་སྟོན་པ་ནི་རྡོ་རྗེ་འཆང་ཆེན་པོའོ།། དེས་འཁོར་རྡོ་རྗེ་འཆང་རྣམས་ལ་བསྟན་པས་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་འབྲས་བུ་རྡོ་རྗེ་འཆང་འབྱུང་བས་ན་འཆང་བའོ།། སུ་ལ་གསུངས་ན། དཔག་མེད་རྣམས་ལ ་སྟེའཁོར་དེ་བཞིན་གཤེགས་པ་རྣམས་ལའོ།། དགའ་བཞིན་དུ་ཞེས་པ་ནི་བཅོམ་ལྡན་འདས་དགྱེས་པ་དང་བཅས་པ་སྟེ་གསུང་འཚལ་ཞེས་པའོ།། ཡང་ན་དཀའ་ཐུབ་དང་། དཀའ་སྤྱང་དང་། དུས་ཚེང་དང་། ཚེས་གྲངས་ལ་མི ་ལྟོ་ས་པས་དགའ་བཞིན་དུའོ།། དགྱེས་པ་ཉིད་གང་སྙམ་པ་ལ། གླར་བློ་ངས་ཞེས་པ་སྟེ། གཞན་གྱི་རྒྱུད་ཚིམ་པར་བྱེད་པས་སོ།། བཤད་དུ་གསོལ་ཅེས་པ་ནི་བརྡ་ཕྲད་པར་ཟད་དོ།། ད་ནི་གཞུང་གི་དོན་བདག་དང་གཞན་གྱི་དོན་དུ་གཟུང་བར ་དམ་བཅའ་བ་བསྟན་པའི་ཕྱིར། མགོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་ཞེས་པ་ནི་བདག་དང་གཞན་གྱི་དོན་དུ་གྱུར་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ།། དེ་ལ་ཀྱེ་མགོན་པོ་ཞེས་བོས་ནས་རྫོགས་སངས་རྒྱས་ནི་བཤད་ཟིན་ཏོ།། ་ཀུན་ཅེས་པ་ནི་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་རྩ་གཅིགོ།། གསང་འཛིན་ཅེས་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་ལག་ན་རྡོ་རྗེའོ།། ཅི་ནས་བདག་འགྱུར་ཕྱིར་ཞེས་པ་ནི་བསྐལ་པ་བཟང་པོའི་སངས་རྒྱས་དེ་དག་གི་ཐ་ཆུངས ་ལག་ན་རྡོ་རྗེ་ཡིན་ལ། དེ་སངས་རྒྱས་དེ་དག་གི་གསུང་ངོ་ཅོག་གིས་གསང་བ་འཛིན་པ་སྟེ། སྡུད་པ་པོ་བྱེད་པར་དམ་བཅས་པའོ།། དུས་ནམ་གྱི་བར་དུ་སྙམ་པ་ལ། ངེས་པར་འབྱུང་བ་སྟེ། བདག་དང་གཞན་གྱིས་བླ་ན་མེད་པའི་བྱང་ཆུབ་མ ་ཐོབ་ཀྱི་བར་དུའོ།། ཅིའི་ཆེད་དུ་ན། བདག་དོན་དུའོ།། བསམ་པ་ནི་ཐོས་པ་དང་བསམ་པ་གཉིས་སོ།། བརྟན་པོ་ནི་མ་ནོར་བའོ།། འོནཱ་ཏེ་བདག་འབའ་ཞིག་གི་དོན་དུའམ་ཞེ་ན། ཉོན་མོངས་མ་ལུས་བསལ་བ་དང་། ཞེས་བྱ་བཱ་ལ ་སོགས་པ་གསུངས་ཏེ། སེམས་ཅན་ཉོན་མོངས་པ་རྣམས་ཀྱིས་སེམས་དཀྲུགས་པ་བསལ་བ་དང་། མི་ཤེས་པ་ནི་ཉོན་མོངས་པ་བསལ་བའི་ཐབས་མི་ཤེས་པ་སྟེ། སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པ་མི་ཤེས་པ་སྟེ། དེ་སྤང་བའི་ཕྱིར་གཟུང ་བར་བྱའོ།། ལམ་གཉིས་ནི་འོག་ནས་སྟོན་ཏོ།། འོན་ཏེ་ཆོས་ཀྱི་སེར་སྣས་ཆུ་སྲིན་གྲེ་བར་མུ་ཏིག་སོང་བ་བཞིན་དུ་སླར་མི་འབྱུང་ངམ་ཞེ་ན། བསམ་པའི་ཁྱད་པར་ཇི་བཞིན་དུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་མཆོག་དང་མཆོག་མ་ཡིན ་པཱའི་རིམ་པས་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་སྦྱོར་བར་བྱེད་པས་ནཱ། སེམས་ཅན་རྣམས་ལྔ་བཤད་པར་འཚལ། ཞེས་པའོ།། དེ་དག་གི་མཇུག་ཉེ་བར་བསྡུ་བར་བྱ་བའི་ཕྱིར།། གསང་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ ་ནི་སྐུ་གསུང་ཐུགས་ཀྱི་གསང་བའོ།། དབང་པོ་ནི་བདག་པོ་སྟེ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ཞེས་བྱ་བའི་སྡུད་པ་པོ་ཡིན་ལ། དེས་དེ་བཞིན་གཤེགས་པ་ནི་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཐུགསུ་ཆུད་པ་གསུང་བ་ལ་ཞེས་བྱ་བ་སྟེ། རྡོ་རྗེ་འཆང་ཆེན ་པོའི། འདི་སྐད་དུ་ཞེས་པ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་མ་ལུས་པ་དེ་བསལ་བའི་ཐབས་ལམ་རྣམ་པ་གཉིསུ་གསུངས་ཞེས་གསོལ་བ་བཏབ་པའོ།། ཐལ་མོ་སྦྱར་ཞེས་པ་ནི་བརྡ་ཕྲད་པར་ཟད་ངོ་།། ལུས་བཏུད་པ་ནི་གུས ་པའི་ཚུལ་གྱིས་ཙོ་ག་པུར་འདུག་པའོ།། སྤྱན་སྔར་ཞེས་པ་ནི་གཟིགས་པའི་ཡུལ་ཏེ་མདུན་ན་འདུག་པའོ།། དེ་ལྟར་ན་གནས་ཐུན་མོང་མ་ཡིན་པ་དག་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོ་ལ། ལག་ན་རྡོ་རྗེ་དང་། ཀུན་ཏུ་བཟང་པོ་དང་། ཆོས་ཀྱི་རྡོ་རྗེ་དང་། ་ཟླ་བ་བཟང་པོ་ཞེས་བྱ་བའི་མིང་ཅན་གྱི་སྡུད་པ་པོ་དང་། གཞན་ཡང་ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྱི་དཔའ་བོ་མཐའ་ཡས་པ་དང་། ཁྲོ་གཉེར་ཅན་དང་། སྒྲོལ་མ་ཞེས་བྱ་བ་ལ་སོགས་པའི་དཔའ་མོ་མཐའ་ཡས་པ་དང་ཐབས་གཅིག ་བ་དེའི་ཚེ་ལ་གུ་ན་རྡོ་རྗེ་སྟན་ལུས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་ནསྣ་བདྲག་དང་གཞན་གྱི་དྲོན་དུ་ལུམ་སྒྱུ་འཕྲུལ་དྲ་བ་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འདི། ་སྔར་སྨོས་པའི་ཚིག་གིས་གསོལ་བ་བཏབ་ནས་སོ།། འདུག་ཅེས་པ་ནི་སྡུད་པ་པོ་སྔར་གནས་པ་བཞིན་དྲ་སྤྱན་སྔ་འདུག་གོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་དག་གིས་ནི་རྐྱེན་གླེང་བསླང་བ་བཤད་ཟིན་ཏོ།། ད་ནི་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱིན་གྱིས ་བརླབས་ཀྱི་ངན་རྟགས་བསྟུན་པར་བྱ་སྟེ། དེའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བར་གང་གིས་ཀྱང་མཆོད་དེ་གསོལ་བ་བཏབ་པའི་དེ་མ་ཐག་པའོ།། བཅོམ་ལྡན ་འདས་ནི་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ལས་བྱ་བའོ།། ཤཱཀྱ་ཐུབ་པ་ནི་རྡོ་རྗེ་འཆང་གི་མཚན་གྱི་རྣམ་གྲངས་ཏེ། བསྟན་པ་གཅིག་ལ་སྟོན་པ་གཉིས་ཀྱི་མཚན་གྱིས་འདོགས་པའི་ཕྱི་རོ།། རྫོགས་པའི་ཞེས་པ་ནི་ས་དང་དབང་དང་མཚན་ཉིད ་ཡོངས་སུ་རྫོགས་པའི་ཕྱིར་རོ།། སངས་རྒྱས་ཀྱི་དོན་ནི་བཤད་ཟིན་ཏོ།། རྐང་པ་ནི་འགྲོ་བའི་དོན་བྱེད་པའི་ཕྱིར་ཏེ་རྐང་པ་དང་འདྲ་བའོ།། གཉིས་ནི་རིགས་ལྔ་བདེ་བར་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ ་མཆོག་ནི་དྲུག་པ་རྡོ་རྗེ་འཆང་།། ཉིད་ཀྱི་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆུང་ཁོ་ནའི་ཞལ་གྱི་དཀྱིལ་འཁོར་ནས་ལྗགས་བཟང་པོ་བཀྲམ་པ་སྟེ་འཛུམ་པ་དང་སྦྱར་རོ།། ལྗགས་བཟང་བ་ཉིད་གང་ཡིན་སྙམ་པོ་ལ། རིང་ཞིང་ཡེངས་པ ་བརྐྱང་མཛད་དེ་ཞེས་གསུངས་ཏེ། རིང་བ་ནི་ལྗགས་ཀྱིས་ཞལ་གྱི་དཀྱིལ་འཁོར་ཁེབས་པའོ།། ཡངས་པ་ནི་སྲབ་པའོ།། བརྐྱང་ཞེས་པ་ནི་འོད་ཟེར་བཀྱེ་བ་མཛད་པའོ།། དེ་ཅི་བྱེད་སྙམ་པ་ལ། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་ཞེས་གསུངས་ཏེ། ་འཇིག་རྟེན་གསུམ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའོ།། སྣང་བྱེད་ཅིང་ཞེས་པ་ནི་སྐུ་གསུང་ཐུགས་སྣང་བར་བྱེད་པ་སྟེ། དེ་བཞིན་གཤེགས་པ་རྣམས་སོ།། སྣང་བ་འོད་ཟེར་གྱིས་དེ་ལྟར་བུར་སྣང་བར་མཛད་པའོ།། སྣང་བར་མད ་པའ།། སྣང་བར་མཛད་པ་དེས་ཅི་བྱེད་སྙམ་པ་ལ། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་མཛད་པ་རྣམ་པ་གསུམ་མཛད་དེ། ཞིང་ཁམས་སྣང་བར་མཛད་པ་དང་། བདུད་བཞི་འདུལ་བར་མཛད་པ ་དང་། ངན་སོང་སྦྱོང་བར་མཛད་པའོ།། དེ་ཉིད་གང་ཞེ་ན། འཇིག་རྟེན་གསུམ་པོ་སྣང་བར་བྱས་ནས་སེམས་ཅན་རྣམས་ཀྱི་ཞེས་པ་རང་གི་དེ་ཉིད་མ་རྟོགས་པར་ཡུན་རིང་དུ་འཁྱམས་པ་ནི་སེམས་ཅན་ནོ།། རྣམས་ཞེས་པ་ནི་འགྲོ་བ་རིས་དྲུག་གོ།། དེ་དག ་གྲི་རྒྱུའི་རྒྱུན་ལ་ངན་སོང་གསུམ་གྷི་དྷཱ་གནས་པ་སྦྱངས་པས་ན་བདུད་བཞིའི་དགྲ་འདུལ་བར་བྱེད་པ་སྟེ། བདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུད་བཞིའི་དགྲ་སྟེ། ཕུང་པོའི་བདུད་ལ་སོགས་པའོ།། དགྲ་ཞེས་པ་ནི་ཐར་པའི་སྲོག་བསོད། ་ཅིང་འཕགས་པའི་ནོར་བདུན་འཕྲོག་པས་སོ།། དེ་དག་གི་རྒྱུ་མེད་པས་ནི་དམྱལ་བ་ལ་སོགས་པའི་འབྲས་བུ་མི་འབྱུང་ངོ་།། སྦྱོང་བར་བྱེད་པ་ཞེས་པ་ནི་སྦྱང་བར་བྱ་བ་དེ་དག་ཡིན་ལ། བྱེད་པ་ནི་རྡོ་རྗེ་འཆང་ངེས་འཁོར་རྣམས་ལ་འོད་ཟེར་བརྩེ ་བ་དང་། གཟིགས་པ་དང་། འཛུམ་པ་མཛད་པས་སོ།། དེ་ལྟར་སྣོད་རུང་བར་མཛད་ནས་ཚུལ་གང་གིས་ཆོས་གསུངས་སྙམ་པ་ལ། ཚངས་པའི་གསུང་ནི་སྙན་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ནི་ལྷ་ཚངས ་པ་ལ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ན་དེ་འདྲ་བར་གསུང་སོ།། ཡང་ན་ཚངས་པ་ནི་བཅོམ་ལྡན་རྡོ་རྗེ་འཆང་དེ་ཉིད་དེ། ཚུངས་པ་མྱ་ངན་འདས་སངས་རྒྱས་ཞེས་གསུངས་པ་བཅོམ་ལྡན་འདས་ཀྱི་གསུང་དབྱངས་ཡན་ལག ་དྲུག་ཅུ་ལུས་འདི་སྙན་པས་གཟུང་།། སྙན་པ་ཞེས་པ་ནི་ཤིན་ཏུ་སྡུག་བསྔལ་ཅན་གྱི་རྐྱེན་འཕྲོག་པར་བྱེད་པའོ།། འཇིག་རྟེན་གསུམ་པོ་ཀུན་བཀང་ནུས་ཞེས་པ་ནི་དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྟེ། སྐྱེ་གསུང་ཐུགས་ཀྱི ་སྣང་པོའི་དེ་བཞིན་གཤེགས་པ་རྣམས་ལ་ཁྱབ་པར་ཆོས་གསུངས་པའི་ཕྱིར་རོ།། ཡང་ན་ཟབ་མོ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་བཤད་ཟིན་ཏོ།། རྫོགས་པ ་སངས་རྒྱས་ཞེས་པ་ནི་རྫོགས་པ་ནི་ཡོངསུ་རྫོགས་པའོ།། སངས་རྒྱས་ནི་བཤད་ཟིན་ཏོ།། རྐང་གཉིས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། ཡང་ན་སྐུ་གཉིས་སོ།། མཆོག་ནི་རྡོ་རྗེ་འཆང་ཆེན་པོའོ།། ཉིད་ནི་རྡོ་རྗེ ་འཆུང་ཁོ་ནའོ།། ཞལ་ཞེས་པ་ནི་བརྡ་དོན་རྣམ་པར་བཤད་པ་སྟེ། གསང་བའི་གནས་སོ།། ལྕགས་ནི་རྡོ་རྗེའོ།། བཟང་བ་ནི་བཟང་པོ་འབྱུང་བའི་རྟེན་ཡིན་པ་སྟེ། བྱང་ཆུབ་ཀྱི་སེམས་སོ།། རིང་བ་ནི་རྡོ་རྗེའོ།། ཡངས་པ་ནི་ཤེས་རབ་ཀྱི་བྷ ་གའོ།། བརྐྱང་མཛད་ཅེས་པ་ནི་བྷ་གར་ལིང་ག་བརྐྱང་བ་སྟེ། སྙོམས་པར་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་ཞེས་པ་ནི་སྙོམས་པར་ཞུགས་པ་ལས་འོད་ཟེར་གྱིས་ཁམས་གསུམ་དུ་གཏོགས་པའི ་འགྲོ་བ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་བཀུག་སྟེ་བདག་གི་ཚངས་པའི་བུ་ག་ནས་ཞུགས་ཏེ། གསང་བའི་གཞལ་ཡིས་ཁང་དུ་འཁོར་ལོ་གསུམ་གྱི་ལྷར་གྱུར་པར་བྱ་ཞིང་། དེ་དག་ཀྱང་རིམ་གྱིས་དབང་དང་ལྡན་པར་བྱ། ་སྟེ། ཕྱིར་སྤྲོས་ནས་འཁོར་ལོ་གསུམ་གྱི་བདག་ཉིད་དུ་གནས་པཾ་ནི་འཇིག་རྟེན་གསུམོ།། སྣང་བར་བྱེད་པ་ནི་ཐབས་ཀྱི་ཁྱད་པར་དེསོ།། དེས་ཅི་བྱེད་སྣ་མ་པ་ལ། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། ཞེས་བྱ་བ་ལ་སོགས་པ་གསུང ་ཏེ། བདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུད་བཞིའི་དགྲ་སྟེ། ཕུང་པོའི་བདུད་ལ་སོགས་པའོ།། ཡང་ན་སྐྱེ་བ་ལ་སོགས་པའི་ཆུ་བོ་བཞི་ཐབས་དེས་བཏུལ་བའོ།། སེམས་ཅན་ནི་རང་གི་དེ་ཉིད་མ་རྟོགས་པས་འཁོར་བར་ཡུན ་རིང་དུ་འཁྱམས་པའོ།། རྣམས་ཤེས་པ་ནི་མང་པོ་སྟེ་ཁམས་གསུམ་པའོ།། ངན་སོང་གསུམ་ཞེས་པ་ནི་རྒྱུའི་རྒྱུན་ལ་གནས་པའི་བག་ཆགས་ཏེ་འདོད་ཆགས་ལ་སོགས་པའོ།། ཡང་དེ་རྣམས་ལས་རྣམ་པར་སྨིན་པ་དམྱལ་བ་ལ ་སོགས་པ་སྟེ། རྒྱུ་དང་འབྲས་བུར་བཅས་པ་ཐབས་གོང་མས་སྦྱོང་བར་བྱེད་ཅེས་པའི་ཐ་ཚིག་གོ།། ཐབས་གང་གིས་སྙམ་པ་ལ། དེ་ཉིད་གསལ་བར་བ་ཤད་པའི་ཕྱིར། འཛུམ་བསྟན་ནས་ཞེས་གསུངས་ཏེ། རང་གི་ཤེས་རབ་ལ་བལྟ་བ་དང་། ་འཛུམ་པ་དང་། ཙུམྦ་པ་ན་དང་། ཨང་གཱི་ཀ་དང་། ན་གཱ་པྲ་ཧཱ་ར་དང་། སྙོམས་པར་འཇུག་པ་ལ་སོགས་པ་སྔར་བསྟན་པའི་དོན་ཏོ།། ཚངས་པའི་གསུང་ནི་སྔ་མ་བཞིན་ནོ།། འཇིག་རྟེན་གསུམ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ།། ་ཀུན་བཀང་ཞེས་པ་ནི་ཀུན་ལ་གསུང་གིས་མ་ཁྱབ་ཅིང་མ་ཐོབ་པ་མེད་པའོ།། གནས་ཞེས་པ་ནི་གསུང་ངེས་འོགུ་ནས་འབྱུང་བའི་རྒྱུད་ཀྱི་དངོས་པོ་རྒྱས་པར་གསུངས་པའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནི་བདག་དང་གཞན་གྱི་དོན་ཕྱིན་ཅི ་མོ་ལྡོག་པར་ཞུས་པའི་ལེགས་པར་གནང་བ་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་ན་རྡོ་རྗེ་ནི་བཤད་ཟིན་ཏོ།། སྟོབས་པོ་ཆེ་ནི་དེའི་མཐུ་སྟོབས་གཞན་གྱིས་ཟིལ་གྱིས་མི་གནོན ་པ་སྟེར་ཇི་ལྟར་སྔོན་གྱི་དུས་སུ་འཁོར་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པར་མཛད་པའི་ཕྱིར་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པར་མཛད་།། དེ་ནས་འཁོར་རྣམས་ལ་བཀའ་སྩལ་པཾ། ངའི་སེང་ལྡེང་གི་ཚལ་བ་སུས་འབྱིར ་པར་ནུས་ཞེས་བཀའ་སྩལ་པ་དང་། རྫུ་འཕྲུལ་ཅན་གྱི་མཆོག་ལ་སོགས་པ་གང་གིས་ཀྱང་འབྱིན་པར་མ་ནུས་སྟེ།། དེ་ནས་ལྷའི་གནས་སུ་གཤེགས་ཏེ་སྔར་གྱི་བཞིན་བཀའ་སྩལ་པ་སུས་ཀྱང་འབྱིན་པར་མ་ནུསོ།། ་གཞན་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པས་ཀྱང་འབྱིན་པར་མ་ནུས་སོ།། འོན་ཀྱང་དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་འགུལ་ནུས་པ་ཙམ་བྱུང་ངོ་།། དེའི་ཚེ་ལག་ན་རྡོ་རྗེ་ལ་ཁྱོད་ཀྱིས་འདི་ཕྱུང་ཞིག ་ཅེས་གསུངས་པ་དང་། ལག་ནི་རྡོ་རྗེས་རེག་པ་ཙམ་གྱིས་ཐོན་པར་གྱུར་ཏོ།། དེ་ནས་འཁོར་རྣམས་ངོ་མཚར་དུ་གྱུར་ཏེ་ལག་ན་རྡོ་རྗེ་ལ་འདི་ཙམ་གྱི་སྟོབས་ཡོད་ཅེས་གཅིག་ལ་གཅིག་སྨྲསོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལག་ནི་རྡོ་རྗེལ ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱི་མཐུ་སྟོབས་འཁོར་འདི་དག་ལ་སྟོན་ཅིག་ཅེས་གསུངས་པ་དང་། ལག་ན་རྡོ་རྗེས་རང་གི་རང་སྲིན་ལག་གི་རྩེ་མོ་ལ་རིགས་ཀྱི་མཚན་མ་ཤིན་ཏུ་ཆུང་བའི་རྡོ་རྗེ་ཡོད་པ་སི་ལ་གཞག་སྟེ། གང་སྟེངས ་དང་ལྡན་པ་གཅིག་གིས་འདི་ལོང་ཞིག་ཅེས་གསུངས་པ་དང་། རྡོ་རྗེ་ག་རྫུ་འཕྲུལ་དང་སྟོབས་ཀྱིས་རློམ་བྱ་དུག་གིས་ནི་བསྒྲལ་བར་མ་ནུས་སོ།། དེ་ནས་སླར་ཡང་རང་གི་སྲིན་ལག་གིས་བླངས་ཏེ་ལན་དུ་མར་ན་མཁའ་ལ་གསོར་ཞི ་ཀླགླང་ལེ་ལན་གསུམ་བསྐོར་ནས་ན་མཁའ་ལ་མཐའ་ཡོད་མེད་བརྟག་པའི་ཕྱིར་འཕངས་ནས་ད་དུང་མ་ལོག་གོ་ཞེས་སྙན་དངགས་ལས་གྲགསོ།། གསང་དབང་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པའོ།། སླར་གསུངས་པ ་ཞེས་པ་དེ་དག་གི་སྣོད་དུ་རུང་བར་བྱས་པ་དེ་དག་ལའོ།། སྙིང་རྗེ་ཆེ་དང་ལྡན་གྱུར་པས་ཞེས་པ་ནི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ནས་རང་དང་གཞན་གྱི་དོན་ཏུ་ཞུས་པའོ།། འགྲོ་ལ་ཞེས་པ་ནི་ལམ་སོ་སོ་ནས་འགྲོ་བ་སྟེ། འགྲོ་བ་རིགས་དྲུག་གོ།། ་ཕན་པའི་དོན་དུ་ཞེས་པ་ནི་ཕན་པ་དང་བདེ་བའི་རྒྱུར་གྱུར་པའོ།། ཁྱོད་ཅེས་པ་ན་ཁྱོད་ཀྱིས་ཤེས་པའོ།། ཡེ་ཤེས་ལུས་ཅན་ཞེས་པ་ནི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། ལུས་ཤེས་པ་ནི་འདུས་པའི་ཕྱིར་ཏེ། མེ་ལོང་ལ་སོགས་པ ་བཞི་དེར་འདུས་པས་སོ།། འཇམ་དཔལ་ཞེས་པ་ནི་ཟུག་རྔུ་དང་བྲལ་བ་གཉི་སུ་མེད་པ་སྟེ། མིང་གི་ཁྱད་པར་འབྱུང་ཞེས་བྱ་བ་སྔར་བསྟན་པ་དེ་དག་ཚིག་གི་སྒོ་ནས་བསྟན་པ་དེའོ།། མིང་བརྗོད་པ་ཞེས་པ་ནི་མིང་དམ་ཚིག་གི་སྒོ་ནས་བསྟན་པར ་བྱ་སྟེ། དོན་ཆུ་བ་ཞེས་པ་སྟེ། མིང་དམ་ཚིག་གི་སྒོ་ནས་ཡཾ་ཤེས་ཀྱི་སྐུ་སྟོན་པར་བྱེད་པ་སྟེ། དེ་རྟོགས་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། ཚིག་ངས་དོན་དེ་རྟོགས་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལྔ། དག་པར་བྱེད་ཅིང་ཞེ་ས་གསུངས་ཏེ། ་ཤེས་བྱའི་སྒྲིབ་པ་བསྐྱེ་དཱ་པའི་རིམ་པ་དང་། རྫོགས་པའི་རིམ་པའི་ཚུལ་གྱིས་དག་པར་བྱེད་པ་སྟེ། མི་ཤེས་པ་ཤེས་པར་བྱས་པ་ཞེས་པའི་དོན་ཏོ།། སྡིག་སེལ་བ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་སེལ་བ་སྟེ། སྨིན་པར་བྱེད ་པའི་ལོམ་གྱིས་ཞེས་པོའི་དོན་ཏོ།། དེ་ལྟ་བུ་དེ། ང་ལས་ཉན་པར་བརྩོན་པ་ནི། ཞེས་པ་ལ། ང་ཞེས་པ་ནི་རྡོ་རྗེ་འཆང་ངོ་།། ཉན་པོར་བརྩོན་པ་ཞེས་པ་ནི་གསོལ་བ་བཏབ་ནས་ལེ་ལོ་མ་བྱས་པར་དགའ་བ་དང་གུས་པར་བྱས་པ་ཞེས་པའོ།། ་ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། ཞེས་པའི་དཔལ་ལྡན་རྡོ་རྗེ་འཆང་ནི་བཤད་ཟིན་ཏོ།། དེ་ལ་བོས་ནས་རང་གི་དོན་དུ་ལེགས་པར་ཉན་པ་ནི་ལེག་སོ་ཞེས་པའོ།། ལག་ན་རྡོ་རྗེ་ཁྱོད་ལྡེགསསོ་ཞེས་པ་ནི་གཞན་གྱི་དོན ་དུ་ཞུས་ཤིང་ལེགས་པར་ཉན་པ་ནི་ལེགསོ་ཞེས་བྱ་བ་གཉི་པ་གསུངས་ཏེ། ཞུས་པའི་དོན་ལེགས་པ་ཉིད་དུ་གནས་པའོ།། ད་ནི་གུས་པ་དང་བཅས་པས་ལེགས་པར་ཉོན་ཅིག་པར་གདམས་པ་བསྟན་པར་བྱ་བའི་ཕྱིར་གསང་བའི་བདག་པོ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་སྟེ། དེ་ལ་ཀྱེ་གསང་བའི་བདག་པོ་ཞེས་བོས་ནས། དེ་ཕྱིར་ཞེས་པོ་ནི་འཇམ་དཔལ་ཡེ་ཤེས་ཀྱི ་སྐུ་དེ་བསྟན་ཅིང་རྟོགས་པ་ལ་དགོས་པ་དེ་ཡོད་པའི་ཕྱི་རོ་ཞེས་པའོ།། ཁྱོད་ཅེས་པ་ནི་སྡུད་པ་པོའོ།། ཤུགས་ཀྱིས་འཁོར་རྣམས་ཀྱང་བསྡུ་བར་བྱའོ།། ལེགས་པར་ཞེས་པ་ནི་མ་ནོར་པའོ།། བསྟན་པར་བྱ་ཞེས་པ་ནི་དོན་དེ་ཚིག་གཱི་སྒོ་ནས་སོ་ཞེས ་པའོ།། ཁྱོད་ནི་ཞེས་པ་སྡུད་པ་པོའོ།། རྩེ་གཅིག་ཡིད་ཀྱིས་ཞེས་པ་ནི་ཐེ་ཚོམ་མེད་པར་ཞེས་པའི་དོན་ཏྲོ།། ཡང་ན་སྣོད་ཁི་སྦུབ་པ་དང་། ཞབས་རྡོལ་དང་། མི་གཙང་བ་ཞེས་བྱ་བའི་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ། ཉོན་ཅིག་པའི་ཐ་ཚིག་གོ། ་དེ་ལྟར་སྐྱོན་སྤངས་ཏེ་མཉན་ནས་ཀྱང་ལེགས་པ་ཉིད་ད་ཟུང་ཞིག་ཅེས་གནང་བའོ།། བཅོམ་ལྡན་དེ་ནི་ལེགས་ཤེས་གསེལ་ཅེས་པ་ནི་བཅོམ་ལྡན་འདས་ཀྱི་དོན་ནི་བཤད་ཟིན་ཏོ།། དེ་ལྟ་བུ་དེ་ལ་བོས་ནས་བདག་ཅག་གིས་ཁྱོད་ལ་དོན་དང ་ཚིག་ཏུ་བཅས་པ་ཞུས་པ་གནང་བས་སྐུ་དྲིན་ཆེའོ་ཞེས་པའི་ཐ་ཚིག་གོ། དེ་དག་གིས་ནི་རྒྱུད་ཀྱི་དངོས་པོ་ཤེས་པར་བྱ་བའི་ཕྱིར་ལན་གནང་བ་བཤད་ཟིན་ཏོ།། ད་ནི་རིགས་དྲུག་ལ་གཟིགས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ ་ལྡན་ཤཱཀྱ་ཐུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་པ་ནི་བར་གང་གིས་ཀྱང་མཆོད་པའོ།། བཅོམ་ལྡན་འདས་ཞེས་པ་ནི་བཤ་དཱ་ཟིན་ཏོ།། ཤཱཀྱ་ཐུབ་ཅེས་པ་ནི་བསྟན་པའི་མངའ་བདག་ཡིན་པོའི་ཕྱིར་དང་། བསྟན་པ་གཅིག ་ལ་སྟོན་པ་གཉིས་ཀྱི་མཚོན་མི་གདགས་པ་སྟེ། དངོས་སུ་རྡོ་རྗེ་འཆང་ཆེན་པོའོ།། དེ་ཐེག་པའི་རིགས་མང་ཞིག་ཏུ་གནས་ན་ཡང་རིགས་གསུམ་དུ་གཟིགས་ནས་གསུངས་ཏེ། དེ་གང་སྙམ་པ་ལ། གསང་སྔགས་རིགས་ཚན་ཐམས་ཅད་དང ་ཞེས་བྱ་བ་གསུངས་ཏེ། གསང་སྔགས་ཀྱང་ཡན་ལ་རིགས་ཆེན་པོ་ཡང་ཡིན་པས་གསང་སྔགས་རིགས་ཆེན་ཏེ། དབང་པོ་ཡང་རབ་ཀྱི་སྤྱོདང་ཡུལ་ལོ།། དེའི་ཕྱིར་ཐེག་པའི་ཡང་རབ་བླ་ན་མེད་པའི་ཐེག་པའོ།། ཐམས་ཅད་དང་ཞེས་པ་ནི་མ ་ལུས་པའི་སྒྲ་སྟེ། དེ་གང་སྙམ་པ་ལ། གསང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ལུས་ཁྱད་པར་ནི་གསུམ་སྟེ། ག་སད་བ་དང་། རིག་པ་དང་། གཟུངསོ།། དེ་ལ་གསང་བ་ནི་གནས་བྷ་ག་སྟོན་པ་རྡོ་རྗེ་འཆང་། བསྟན ་པ་གསང་སྔགས་ཀྱི་ཐེག་པ། དམ་ཚིག་བཟའ་བའི་དམ་ཚིག་དང་ལྡན་པ་ནི་གསང་བའོ།། རིག་པ་ནི་ཉོན་མོངས་པའི་དགྲ་འཇོམས་པར་བྱེད་པས་སོ།། འཆང་བ་ནི་དྷ་ར་སྟེ་བཟུངས།། དེས་ནི་ལམ་ལོག་པ་ལས་འཛིན་པས་ན་དེ ་སྐད་ཅེས་བྱའོ།། སྤྱིའི་མཚན་ཉིད་ནི་གསང་སྔགས་ཞེས་བྱ་བ་སྟེ། ཡིད་སྐྱོབ་པར་བྱེད་པས་སོ།། དེ་ལྟར་ན་ནི། རིགས་གསུམ་ལ་ནི་རྣམ་པར་གཟིགས་ཞེས་གསུངས་ཏེ། ཐེག་པའི་བྱེ་བྲག་དཔག་ཏུ་མེད་པས་གནས ་ཀྱང་སྔགས་ཀྱི་ཐེག་པ་ནི་གསུམ་ཁོ་ནའོ་ཞེས་དགོངས་པའོ།། རིགས་དེ་གསུམ་ལ་གཟིགས་ནས་འདི་གསུངས་པའོ་ཞེས་པའི་ཐ་ཚིག་གོ། དེས་ནི་ཐེག་པའི་རིགས་གསུམ་བསྟན་ནས། ད་ནི་གང་ཟག་གི་རིགས་གསུམ་བསྟན་པར་བྱ་བའི ་ཕྱིར། འཇིག་རྟེན་འཇིག་རྟེན་འདས་པའི་རིགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པའི་རིགས་ཞེས་པ་ནི་འཇིག་རྟེན་འདི་ཙམ་དོན་དུ་གཉེར་བ་སྟེ། ཇི་སྙེད་དུ་བསྒྲུབས་ཀྱང་འཇིག་རྟེན་ལས་མི་འདའ་བ་སྟེ། ཕྱི་རོལ་པའོ།། ་ཇིག་རྟེན་ལས་འདས་པ་ནི་ཉན་ཐོས་དང་རང་རྒྱལ་བ་སྟེ། རང་གི་དོན་གྱི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའོ།། འཇིག་རྟེན་སྣང་བར་བྱེད་པ་ནི་ཐེག་པ་ཆེན་པོ་སྟེ། གཞན་གྱི་དོན་དུ་མྱ་ངན་ལས་འདས་པ་དོན་དུ་གཉེར་བའོ།། ་རིགས་ཞེས་པ་ནི་རྟགས་ཏེ། དེ་ཉིད་ལ་རང་གང་མོས་པ་དེ་ནི་རིགསོ།། ཡང་ན་འཇིག་རྟེན་པ་ནི་བསྐྱེད་པའི་རིམ་པ་འབའ་ཤིག་གི་རིལ་བུ་དང་མིག་སྨན་ལ་སོགས་པ་དོན་དུ་གཉེར་བའོ།། འཇིག་རྟེན་ལས་འདས་པ་ནཱི་རྫོགས་པའི ་རིམ་པ་སྟོང་པ་འབའ་ཞིག་དོན་དུ་གཉེར་བར་བྱེད་པའོ།། འཇིག་རྟེན་སྣང་བྱེད་ཅེས་པ་ནི་དེ་གཉི་ས་ཟུང་དུ་འཇུག་པས་བདག་དང་གཞན་གྱི་དོ་དོན་དུ་གཉེར་བར་བྱེད་པའོ།། རིགས་ནི་རྟགས་དེ་དང་དེ་ལ་དགའ་བའོ།། རིགས་ཆེན་ཞེས ་པ་ནི་རིགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་རིགས་ཆེན་པོ་སྟེ། གཉིས་སུ་མེད་པ་ལ་ཆེད་དུ་བྱེད་པའོ།། ད་ནི་རིགས་མཆོག་དང་གང་ལ་གཟིགས་པ་བསྟན་པར་བྱ་བའི་ཕྱིར། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་ཞེས་པ་ལ ་སོགས་པ་གསུངས་ཏེ། འདིར་ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་མ་འདའ་བའི་ཕྱིར་རོ།། དེ་ཡང་ཇི་ལྟར་རྒྱལ་པོའི་བཀའ་རྟགས་ཀྱིས་བཏབ་པ་བཞིན་ནོ།། རིགས་ཀྱི་ཁྱད་པར་གྱི་རྟགས་དད་པ་དང་། བརྟུལ་ཞུགས་ཆེ་བ་དང་། ་རྟོག་པ་མེད་པ་དང་། དབདྨ་དང་ལྡན་པའོ།། མཆོག་ཅེས་པ་ནི་དེ་རྣམས་ལས་འདི་ལྟ་བ་མཆོག་གོ་ཞེས་པའི་ཐ་ཚིག་གོ། རིགས་ཆེན་ཞེས་པ་ནི་དེ་དག་ལས་མཆོག་ཏུ་གྱུར་པས་ན་རིགས་ཆེན་ཏེ། གཙུག་ཏོར་དང་འདྲ་བའི་ཕྱིར་རོ།། ་ཡང་ན་གཙུག་ཏོར་ནི་གཉིསུ་མེད་པའི་སྐུ་ཡིན་ལཱ། རིགས་དེ་ལྟ་བུ་དག་འདིའི་སྣོད་དུ་གྱུར་པས་དེ་ལ་གཟིགས་ཤེས་པའི་དོན་ཏོ།། དེ་ལྟར་རིགས་དྲུག་ལ་གཟིགས་པ་བསྟན་ནས། ང་ནི་སྒྱུ་འཕྲུལ་དྲ་བ་བསྟན་པར་བྱ་བའི་ཕྱིར། ཚིག ་གི་བདུག་པོ་ཞེས་བྱ་བ་གསུངས་ཏེ། སྔོན་བྱུང་གཱི་རླིག་གི་བདག་པོ་ནི་བཅོམ་ལྡན་འདས་སོ།། དེ་ལྟར་ནཾ་ཨ་སྟེ། ཐམས་ཅད་ཀྱི་སྲོག་ཡིན་པས་སྷོ།། དེ་ལྟར་ན་ཨས་མཚོན་པོའི་དབྱངས་དང་གསོལ་བྱེད་ལས་བྱུང་བས་ནི་ཚིག་གྱི ་བདག་པོའོ།། དེ་ཉིད་ལས་ལྷག་པ་འམ་འབོང་པོའི་སྒོ་ནས་གསུངས་སམ་སྙེམ་པ་ལ། ཚིགསུ་བཅད་ཅེས་གསུངས་ཏེ། ཆག་པར་བདུན་པར་ཚིགསུ་བཅང་ནས་གསུངས་པའོ།། ང་ཉིད་གང་སྙམ་པ་ལ། གསང་སྔགས་རྒྱལ་པོ ་དྲུག་ལྡན་ཞིང་། ཞེས་གསུངས་ཏེ། གསུང་སྔགས་ནི་འོག་ནས་སྟོན་པའི་དྲུག་པོ་ཉིད་དོ།། རྒྱལ་པོ་ཞེས་པ་ནི་ཇི་ལྟར་འཁོར་ལོ་སྒྱུར་བའི་རྒྱལ་པོ་ནི་དེ་ཐམས་ཅད་ལ་ཁྱབ་པ་དང་། ཐམས་ཅད་དེའི་ངོ་བོར་འདུས ་པ་སྟེ། དེ་ལྟར་འདི་ཉིད་ཀྱིས་བསྐྱེད་པའི་ལྷའི་རྣལ་འབྱོར་དང་། རྫོགས་པའི་ཆོས་ཉིད་ཀྱི་རྣལ་འབྱོར་གཉིས་ཀའི་དོན་སྟོན་ཅིང་འདིར་འདུས་པས་རྒྱལ་པོའོ།། དྲུག་ལྡན་ཞིང་ཞེས་པ་ནི་བཛྲ་ཏཱིཀྵྞ་ལ་སོགས་པའི་གྲངས་རྣམས་སོ།། དེ་གང ་ལས་འབྱུང་སྙམ་པ་ལ། གཉིས་སུ་མེད་པར་འབྱུང་བ་དང་ཞེས་གསུངས་ཏེ། སྔགས་འདི་དག་ཐབས་དང་ཤེས་རབ་གཉིསུ་མེད་པ་ལས་འབྱུང་བ་འམ་བཏུ་བར་བྱའོ།། དེའི་དོན་ནི་སའི་ཆ་གྲུ་བཞི་དེ་པའི་རྣམ་པ་ལྔ་དང་། ཙན་ངན་ལ་སོགས་པ ་དྲིའི་ཁྱད་པར་ནྡན་གྱིས་ཉེ་བུར་བྱུགས་ཤིང་འཛིན་དུ་རུང་བར་བྱས་ལྔ། དེ་ལ་ཤེས་རབ་དང་ལྡན་པས་ཐོང་ལེ་ཀོར་གྱིས་ཤེས་རབ་ཀྱི་རང་བཞིན་ཨེའི་རྣམ་པར་བྲིའོ།། དེར་ཐབས་ཀྱི་རྣམ་པ་བཾ་གྱི་ངོ་བོ་ཟླུམ་པོ་རེའུ་མིག་དགུ་དང་ལྡན་པ་བྲིས་ཏེ། ་དབུས་ཀྱི་རེའུ་མཱིག་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་རྣམས་ཀྱི་མཆོག་བྲི་བར་བྱའོ།། ཤར་གྱི་རེའུ་མིག་ལ་པུདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེའི་འདབ་མ་རེ་རེ་ལ་ཡན་ལག་གཉིས་གཉིས་བསྐོར་བར་བྱ་སྟེ། རིམ ་པས་ཨ་ཨཱ་ཨི་ཨཱི་ཨུ་ཨཱ་ར་རཱྀ་ལེ་ལཱྀ་ཨེ་ཨཻ་ཨོ་ཨོཾ་ཨཾ་ཨཻཿཞེས་དགིང་ངོ་།། རེའུ་མིག་ལྷག་མོ་རྣམས་ལ་པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ལ་གོ་རིམས་ཀྱིས་ཀ་ཁག་གྷ་ང། བ་ཚ་ཛ་ཛྷ་ཉ། ཊཥ་ཌ་རཱ་ཎ། ཏ་ཐ་ད་དྷ་ནཾ། པ་ཕ་བ ་བྷ་མ། ཡ་རཱ་ལ་ཝ། ཤ་ཥ་སྱ་ཧ་ཞེས་དགོད་པར་བྱའོ།། དེའི་ཕྱིའི་གྲཝ་གསུམ་ལ་སྔགས་བསྡུ་བར་བྱའོ།། དེ་ནི་གཉིས་སུ་མེད་པ་ལྔས་སྔགས་དྲུག་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་ན་ལུས་དང་སྲོག་དང་ཡན་ལག་གཉིས་སུ་མེད ་པ་ལས་འདྲི་དག་འབྱུང་བའོ།། ད་ནི་ཞུས་པའི་སྐབས་སུ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། ཞེས་གསུངས་པ་དེ་བཤད་པར་བྱ་བའི་ཕྱིར། མི་སྐྱེ་ཆོས་ཅན་འདི་གསུངས་པ་ཞེས་པ་སྟེ། ཡེ་ཤེས་ཀྱི་སྐུ་ནི་ཨའོ།། རང་འབྱུང་ཞེས་པ་ནི ་ཨུ་ནུཏྶཱ་སྟེ་སྐྱེ་བ་མེད་པའོ།། ཡང་ན་ཆོས་ཉིད་སྐྱེ་བ་མེད་པ་ཡིན་ལ་ཆོས་ཅན་ཨའོ།། འདྲི་ཞེས་པ་འཆུང་པ་ལ་རག་ལས་པཾ་སྟེ་འོགཽ་མ་རྣམས་སོ།། གསུངས་པ་ཞེས་པ་ནི་འོག་མ་རྣམས་ཏེ་གོ་བླའོ།། སྔགས་བཏུ་བའི་ཕྱིར་ལིང་ཚེ་ལ ་ཡི་གེ་གསུངས་པ་ནི་ཨ་ཨཱ་ལ་སོགས་པའོ།། འདིར་ར་ཆོད་ཅན་མགོ་རྨོངས་པར་བྱ་བའི་ཕྱིར་རྀ་རཱྀ་ལཾ་ལཱྀ་དང་། ལུས་ཀྱི་ཡི་གེ་གོ་རིམས་སུ་མ་བཀོད་དེ། ལུས་ནི་འོག་མ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད་ཅེས་གསུངས་པའོ།། ་སྔར་བཤད་པའི་ཡེ་ཤེས་ཀྱི་སྐུ་གང་ན་བཞུགས་པ་དང་། ཚུལ་ཇི་ལྟར་བཞུགས་པ་བསྟན་པར་བྱ་བའི་ཕྱིར། སྠི་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྠི་ཏོ་ནི་ཡེ་ཤེས་ཀྱི་སྐུ་སྟེ་བཞུགས་ཤེས་པའོ།། གང་ན་བཞུགས་ན་ཧྲྀ་དི་སྟེ ་ཐུགས་ཀ་ནའོ།། ཅིའི་ཚུལ་དུ་བཞུགས་ན། ཛྙཱ་ན་མུ་ཏི་ནི་ཡེ་ཤེས་ཀྱི་ལུས་ཀྱི་སོ།། དེ་ཡང་མ་རྟོགས་པའི་གནས་སྐབས་ན་ར་ཧཾ་བུདྡྷོ་སྟེ། ང་འམ་བདག་གི་བློར་གནས་ལ། རྟོགས་པའི་གནས་སྐབས་ན་བུདྡྷཱ་ནཱཾ་ཞེས་པ་སྟེ། སངས ་རྒྱས་རྣམས་ཀྱིས་སོ།། སངས་རྒྱས་གཅིག་གི་འམ་ཞེ་ན། ཏྱུང་དྷ་བརྟི་ནཱཾ་ཞེས་པ་སྟེ། དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀ་ན་བཞུགས་ཞེས་པའི་དོན་ཏོ།། དེ་ལྟར་དུས་གསུམ་གྱི་སངས་རྒྱས་ཀྱི ་ཐུགས་ཀཱ་ན་ཡེ་ཤེས་ཀྱི་སྐུ་དེ་བཞུགས་ཏེ། རྟོགས་པའི་གནས་སྐབས་སོ།། མ་རྟོགས་ན་བདག་གི་བློར་གནས་པ་སྟེ། དེ་ཅི་ནས་ཀྱང་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ད་ནི་འཁོར་ལོས་སྒྱུར་བ་དྲུག་གི་སྔགས་བསྟན ་པར་བྱ་བའི་ཕྱིར་དེ་ལྟར་དང་པོར་སྔགས་བསྟན་པའི་རིམ་པས་སྔགས་ཀྱི་ལུས་དང་ཡན་ལག་རྫོགས་པར་བྱ་བའི་ཕྱིར་སྔགས་བཏུ་བར་བྱ་སྟེ། དང་པོར་ཡི་གེའི་དབང་ཕྱུག་གཞག། ལྔ་པ་ཡི་ནི་གསུམ་པ་དང་།། གཉིས་པ་ཡི ་ནི་གསུམ་པ་ལ།། མེ་ཡི་ས་བོན་སྦྱར་བར་བྱ།། བཞི་པ་ཡི་ནི་དང་པོ་ལ།། ང་རོ་གསུམ་པ་ལྡན་པར་བྱ།། དང་པོའི་དང་པོའི་ཡི་གེ་ལ།། མཐར་གནས་དང་པོ་ལྡན་བྱས་ཏེ།། གསུམ་པའི་མཐའ་དང་ལྡན་པར་བྱ།། དབྱངས་མཐའ་ཉེ ་བར་སྦྱར་བར་བྱའོ།། བཞི་པ་ཡཱི་ནི་གསུམ་པ་ལ།། དབྱངས་ལྔར་ལྡན་པ་དབྱངས་མཐའ་སྦྱར།། རྗེ་སུ་དྲང་པོའི་གཉིས་པ་སྦྱར།། གཉིས་པའི་དང་པོ་ལ་གཉིས་སྦྱར།། ང་རོ་བཅུ་གཅིག་ལྡན་བྱས་ཏེ།། རྗེས་སུ་བཞི་པའི་གསུམ་པའོ།། ལྔ་པའི ་དང་པོ་མེ་དང་ལྡན།། གཉིས་པའི་གསུམ་པ་དེ་མཐར་བཞག། རླུང་དང་སྦྱར་བའི་ཡི་གེ་ལ།། ང་རོ་གོ་ཉིས་ལྡན་ཉིས་འགྱུར་བྱ།། བཞི་པའི་མཐར་བཅས་ལྔ་མཐའ་ལ།། ང་རོ་ལྔ་ལྡན་མ་དང་ལྡན།། རྗེ་སུ་བཞི་པའི་དང་པོ་ལ།། རླུང་ལ་ན་མཁའ་རབ ་ཏུ་སྦྱར།། གཉིས་པའི་དུས་གསུམ་པ་དེ་མཐར་ལྡན།། རླུང་ལ་ང་རོ་གཉིས་ལྡན་བྱ།། དེ་རྗེས་བཞི་པའི་མཐའ་བཅས་པའོ།། དང་པོའི་དང་པོ་གཉིས་པར་བཅས།། དེ་མཐར་རླུང་ནི་བཞག་པར་བྱ།། ལྔ་པ་ཡི་ནི་གསུམ་པ་དག་། དབྱངས་ཡིག་གཉི ་པ་སྦྱོར་ནས་ནི།། དང་པོའི་གསུམ་པ་བཞི་པས་བརྒྱན།། མཐར་གནས་ཆུ་དང་བཅས་པ་སྟེ། དེ་མཐར་མེ་དང་ལྡན་པའོ།། མི་འགྱུར་མེ་དང་ལྔ་དང་པོ།། རྗེས་སུ་གཉིས་པའི་དང་པོ་སྟེ།། བཞི་པའི་ལྔ་པ་གཉིས་པར་ལྡན།། ཡང་པ་ཉིད་དང་བཞི་དང་པོ།། ་དབྱ་ངས་བཅུ་གཅིག་གིས་མཛེས་པར་བྱ།། དེ་རྗེས་བཞི་དང་ལྔ་མཐའ་སྟེ།། འཁོར་ལོས་སྒྱུར་རྒྱུ་ལ་གསང་སྔགས་ཆེ།། དངོས་གྲུབ་ཐམས་ཅད་བྱེད་པའོ།། ཞེས་པས་ནི་དེ་དག་བསྡུས་པ་སྟེ།། ལྷག་པ་དང་ཆད་པའི་ཉེས་པར་མི་འགྱུར་བའོ།། དེས ་ཙོ་བྱེད་སྙམ་པ་ལ།། བཛྲ་ཏིཀྵ་ནི་རྣོན་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ།། དེས་དུཿཁཙྪེ་ང་སྟེ་སྡུག་བསྔལ་གཅོད་པར་བྱེད་པའོ།། དེ་ཡང་རྒྱུའི་རྒྱུན་ལ་གནས་པ་དང་། འབྲསྟེ་བུར་བཅས་པ་རྒྱུན་གཅོད་པའོ།། བཅད་པས་ཅིར་འགྱུར་སྙམ ་པ་ལ། པྲཛྙཱ་ཛྙཱ་ན་མུརྟ་ཡེ་ཞེ་རྗེས་གསུངས་ཏེ། ཤེས་རབ་ཡེ་ཤེས་ཀྱི་ལུས་སུ་གནས་པར་འགྱུར་བའོ།། དེ་ཉིད་སླར་གསུངས་པ། ཛྙཱ་ན་ཀ་ཡ་སྟེ། ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་སྟེ་ཐམས་ཅད་ཀྱི་མཆོག་གོ། དེས་གཞན་གྱི་དོན་མཛད་པ ་ནིཿབཱ་གཱི་ཤྭ་རེ་སྟེ་དོན་ཡེ་ཤེས་ཀྱི་སྐུ་སྟེ། ཚིག་གི་སྒོ་ནས་སྟོན་པར་མཛད་པས་སོ།། དེ་ལྟར་གཉིསུ་མེད་པའི་ཡེ་ཤེས་དེས་སྡུག་བསྔ་ལ་ཐམས་ཅད་ཤེས་རབ་ཡེ་ཤེས་ཀྱི་སྐུར་གནས་གྱུར་པའི་ཡེ་ཤེས་ཀྱི་སྐུ་དེ་དག་གམ་ཚིག་གི་སྒོ ་ནས་བསྟན་ནས་བསྒོམས་པས་ལས་ཅི་བྱེད་སྙམ་པ་ལ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿཞེས་པ་ནི་སྡིག་པ་ཐམས་ཅད་བསྲེག་པར་བྱེད་པའོ་ཞེས་པའི་དོན་ཏོ།། དེ་དག་གིས་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ ་བཤད་ཟིན་ཏོ།། ད་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་པ་ནི་སྔགས་བཏུས་པ་འདི་ལྟར་རོ།། སངས་རྒྱས་བཙམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་པ་ན་སྔགས་བཏུས་པ་འདི་ལྟར་རོ།། སངས་རྒྱས་བཅོམ་ལྡན་འདས་ནི་སྔགས་དང་ལྷ་ལ་ཐ་དད་མེད་པས་ན་སྔགས་ཀྱི་རྒྱལ་པོ་དྲུག་ནི་སངས་རྒྱས་བཅོམ་ལྡན་འདས་དྲུག་གོ།། ་རྫོགས་པའི་སངས་རྒྱས་ནི་སྔགས་ངེས་བསྐྱེད་པའི་ལྷ་དྲུག་སྟེ། རྡོ་རྗེ་རྣོན་པོ་ལ་སོགས་པའོ།། ཡང་ན་སངས་རྒྱས་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཨའི་ངོ་བོ་ཡིན་ལ། དེ་ལས་འབྱུང་བའོ།། དེས་ན་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཅེས་གསུང། ་ཏེ། མི་འགྱུར་ཞིང་མི་བཟད་པས་ནཱ་ཨ་དེ་ཡི་གེའོ།། འབྲུ་ཀུན་ཅེས་པ་ནི་ཡི་གེ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཡི་གེ་འབྲུ་ཀུན་ཏེ་དབྱངས་དང་གསལ་བྱེད་དོ།། མཆོག་ཅེས་པ་ནི་ཡི་གེ་གང་བརྗོད་ཀྱང་དེ་ཁོ་ན་གཙེ།། དོན་ཡང་ཡིན་ལ ་ཆེན་པོ་ཡང་ཡིན་པས་དོན་ཆེན་ཡི་གེ་དམ་པ་སྟེ་ཞེས་གསུངས་ཏེ། བདག་དང་གཞན་གྱི་དོན་གྲུབ་པར་བྱེད་པས་དོན་ཆེན་ཡི་གེ་དམ་པ་སྟེ་ཞེས་གསུངས་ཏེ། བདག་དང་གཞན་གྱི་དོན་གྲུབ་པར་བྱེད་པས་ན་དོན་ཆེན་པོའོ།། ཡི་གེ་ཞེས ་པ་ནི་མི་འགྱུར་བ་སྟེ། ཡི་གེ་ཨའི་ངོ་བོ་སྟེ། མི་སླུ་བས་ན་དམ་པའོ།། སྲོག་ཆེན་པོ་སྟེ་ཞེས་པ་ནི་ཡི་གེ་གང་བརྗོད་ཀྱང་དེ་ཁོང་ནས་འབྱུང་བས་ན་དེའི་ཕྱིར། སྐྱེ་བ་མེད་པ་སྟེ། རྒྱུ་དང་རྐྱེན་ལས་མུ་ལྟོས་པར་བྱུང་བས་རང་བྱུང་ཞེས་བྱའོ།། དེའི་ཕྱིར། ་ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ཞེས་གསུངས་ཏེ། ཉམ་སུ་མྱོང་བར་བྱའོ་ཞེས་བྱ་བའོ།། ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་རྗོད་པར་བྱེད་པ་ཐམས ་ཅད་ཀྱི་རྒྱུནི་ལུས་ཀྱི་ཡི་གེ་དང་སྲོག་སྟེ། འདི་གསལ་བྱེད་གཙོར་བཟུང་བས་ན། ཚིག་ཀུན་རབ་ཏུ་གསལ་བར་བྱེདཅེས་གསུངས་ཏེ། ཚིག་ཀུན་ཅེས་པ་ནི་གང་བརྗོད་ཀྱང་ཞེས་པའོ།། གསལ་བ་ནི་ཚིག་ཏུ་གྱུར་པ་སྟེ། ཨ་ལ་སོགས་པ་མ་ཡིན ་ཏེ། ནཱ་མོ་ཨཱཀྣོ་བྷྱ་ཞེས་པ་ལ་སོགས་པ་གསལ་བར་བྱེད་པ་སྔོགསལ་བྱེ་རྣམའོ།། ཡང་ན། རྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཅེས་པ་ནི་སྔགས་ཀྱི་རྒྱལ་པོ་དྲུག་ལ་ཞི་བ་ལ་སོགས་པའི་མཐའ་དང་ལྡན་པར་བྱ་བའི་དོན་ཏོ།། གཞན་སྔ་མ་བཞིན་ནོ།། དེ་ནས་བྱང་ཆུབ ་ཀྱི་སེམས་ཀྱི་དྲི་མ་ཉོན་མོངས་པ་བསལ་བའི་ཐབས་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཆོད་པ་མི་མཉེས་པར་བྱེད་པ་སྟེ། འདི་ལྟར་ཉོན་མོངས་པ་ཆུང་ངུ་ཆེན་པོས་བཅོམ ་ནས་གནས་གྱུར་པ་དེ་ལྟར་གྱུར་པའི་མཉེས་པ་སྟེ་མཚོ་བའོ་ཞེས་ཀུན་ལ་གསལ་བར་ཤེས་པར་བྱའོ།། འདོད་ཆགས་ཆེ་ཞེས་པ་ནི་གཟུགས་ལ་སོགས་པ་ལ་ཆགས་པ་སྟེ། དེས་འདོད་པར་བྱེད་པའོ།། འདོད་ཆགས་ཉིད་ཀྱིས ་འདོད་ཆགས་ཆུང་ངུ་དེ་བཏུལ་ཏེ་འོད་དཔག་ཏུ་མེད་པའི་སྒོ་ནས་སོ།། འདི་ནི་ཆགས་བྲལ་ལས་ཁྱད་པར་དུ་བྱས་པའོ།། དེའི་ཕྱིར་ཆགས་པ་ཐམས་ཅད་སེལ་བར་བྱེད་ཅེས་གསུངས་ཏེ། གང་དུ་འདོད་ཆགས་དང་ལྡན་པ ་ཡང་དགའ་བར་བྱེད་པ་དང་། ཐ་ན་གླུ་གར་ལ་སོགས་པས་ཀྱང་དགའ་བར་བྱེད་པའོ།། ཞེ་སྡང་ཞེས་པ་ནི་ཉོན་མོངས་པས་ཀུན་ནས་བསྐྱུད་ནས་ཞེ་སྡང་བའོ།། ཆེ་ཞེས་པ་ནི་ཕྱིའི་མཐུ་དང་སྟོབས་ཀྱི་དྲེགས་པ་ལ་སོགས་པ་ཚར་གཅོད་པ་དང་། ནང ་དུ་ཞེ་སྡང་ཆུང་ངུ་དང་། གསང་སྔགས་ལས་གཞན་པའི་སྡུག་བསྔལ་དུང་ལྡན་པའི་ལམ་དུ་ཞུགས་པ་དག་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་ནག་པོར་གནས་གྱུར་པས། ཉོན་མོངས་ཀུན་གྱི་དགྲ་ཆེ་བ། ཞེས་གསུངསོ།། གཏི་མུག ་ཅེས་པ་ནི་རྒྱུ་དང་འབྲས་བུ་མི་ཤིས་པ་སྟེ། ཆད་པར་ལྟ་བ་ན་རྒྱུའི་དུས་སོ།། འབྲས་བུའི་དུས་སུ་ན་མཁའི་སྤྲིན་དེངས་པ་ལྟར་སྐུ་དང་ཡེ་ཤེས་འགོག་པ་ནི་གཏི་མུག་གི་བློ་སྟེ། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོར་གྱུར་ཏེ། སྐུ་དང ་ཡེ་ཤེས་ཀྱི་སྣང་བས་འཇོམས་པས་གཏི་མུག་ཆེན་པོའོ།། ཁྲོ་བ་ཆེ་ཞེས་པ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་སྟེ། ཐེག་པ་གཞན་ལ་ཞུགས་ཤིང་ལམ་གཞན་ལ་ཞུགས་པ་ལ་ཟ་དོག་པ་ནི་ཁྲོ་བ་ཆེན་པོ་སྟེ། ཉེ་ཚེ་བའི ་ལམ་ལ་ཞུགས་པའི་དགྲ་ཆེན་པོའོ།། དེ་གནས་གྱུར་པ་དེ་དོན་ཡོད་གྲུབ་པའམ་རྟ་མཆོག་ཅེས་པ་སྐུ་མདོག་ལྗང་གུའོ།། ཆགས་པ་ཆེ་ཞེས་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ལ་ཆགས་ནས་གཞན་ལ་སེར་སྣ་བྱེད་པ་ལ་སོགས ་པའམ། རང་གི་བདེ་བ་ཙམ་ལ་ཆགས་ནས་ང་རྒྱལ་བྱེད་པའོ།། གནས་གྱུར་ནས་རྡོ་རྗེ་ཉི་མ་སྐུ་མདོག་སེར་པོར་གྱུར་པས་འཇོམས་པས་ན་ཆགས་པ་ཐམས་ཅད་སེལ་བར་བྱེད་པའོ།། དེ་ལྟར་གཙོ་བོ་བསྐྱེད་པ་བསྟན་ནས། ད་ནི ་འཁོར་བསྐྱེད་པ་བསྟན་པར་བྱ་སྟེ། འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདོད་པ་ཆེན་པོ་ཞེས་པ་ནི་འདོད་པར་བྱེད་པ་སྟེ། མིག་ལ་སོགས་པའོ།། གཏི་མུག་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ།། ཡང་ན་འདོད་པ་ཞེས་པ་ནི་འདོད་པར་བྱ་བའི་ཡུལ་ཏེ། དེ་དག་ནི་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ།། ཆེན་པོ་ཞེས་པ་ནི་འདོད་པར་བྱེད ་པ་དྲང་འདོད་པར་བྱ་བ་དག་ལྷར་བྱས་པ་བདེ་བ་ཆེ་ཞེས་པའི་དོན་ཏོ།། དེས་ཅི་འགྱུར་སྙམ་པ་ལ། དགའ་བ་ཆེན་པོ་ནི་རང་གི་དོན་ཏོ།། མགུ་བ་ཆེན་པོ་ནི་གཞན་དོན་འབྱུང་བས་སོ།། དེ་ནི་རྟེན་གཞལ་ཡས་ཁང་བསྒོམ་པ་བསྟན་པར་བྱ། ་བའི་ཕྱིར། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱང་ཡིན་ལ་ལུས་ཀྱང་ཡིན་པས་གཟུགས་ཆེ་ལུས་ཀྱང་ཆེ་བཱ་སྟེ། བཾ་སེར་པོ་ལས་སྐྱེས་པའི་སའི་དཀྱིལ་འཁོར་མདོག་སེར་པོ ་གྲུ་བཞི་པ་ཟུར་བཞིར་རྡོ་རྗེས་མཚན་པའོ།། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་ལས་གྲུབ་པ་དེའི་སྟེང་དུ་མཚན་ཉིད་ཐམས་ཅད་དང་ལྡན་པའི་གཞལ་ཡས་ཁང་བྲུཾ་ལས་གྲུབ་པ་བལྟ་བར་བྱའོ།། དེའི་ནང་དུ་སྣ ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཉི་མ་ཟླ་བ་ཁ་སྦྱར་བའི་གདན་དང་ལྡན་པའོ།། དེའི་འོག་ཏུ་ཁ་དོག་ཆེ་ཞིང་ལུས་བོང་ཆེ་ཞེས་པ་ནི་ཁ་དོག་ཆེ་བ་ནི་དཀར་བའོ།། ལུས་བོང་ཆེ་ཞེས་པ་ནི་རྔམས་འཐུག ་པའོ། ཡང་ན་ས་བས་ཆེ་བར་གྱུར་པས་སོ།། དེ་ཡང་བཾ་དཀར་པོ་ལས་བྱུང་བ་ཁ་དོག་དཀར་པོ་བུམ་པས་མཚན་པ་ཟླུམ་པཱ་ཅན་ནོ།། མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ཞེས་པ་ནི་མིང་ཡང་ཆེ་ཞེས་པ་ནི་མེ་ལ་མིང་གི་རྣམ་གྲངས་མང་པསོ།། ་རྒྱ་ཆེ་ཞེས་པ་ནི་ཆུ་བས་ཆེ་བའོ།། དེ་ཡང་རཾ་དམར་པོ་ལས་བྱུང་བ་འབར་བ་བདུན་གྱིས་མཚན་པ་བྷ་གའི་དབྱིབས་ཅན་ནོ།། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། ཞེས་པ་ནི་དཀྱིལ་འཁོར་ཞེས་པ་འདིས་ནི་གོང་མ་ཡང་ཤེས་པར་བྱ་སྟེ། ་ཁ་དོག་དང་དབྱིབས་དང་མཚན་མ་བསྟན་ཏོ།། ཡངས་པ་ནི་མེའི་དཀྱིལ་འཁོར་བས་རྒྱ་ཆེ་བར་གྱུར་པ་སྟེ། ཡཾ་སྔོན་པོ་ལས་བྱུང་བ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ་བསྒོམ་པར་བྱའོ།། ད་ནི་བསྲུང་བའི་བཀྲའི་འཁོར་ལོ ་བསྒོམ་པ་བསྟན་པར་བྱ་སྟེ། དེའི་ཕྱིར། ཤེས་རབ་མཚོན་ཆེན་འཆང་བ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྗེས་ལྀ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྱི ་ཡི་གེ་ལས་མཚོན་པ་སྟེ། རལ་གྲིའི་ཆང་ཟུངས་ལ་ཧཱུཾ་གིས་མཚན་པ་ཅནོ།། དེ་ལས་ཧཱུཾ་མཛད་སྐུ་མདོག་སྔོ་ཞིང་ཞལ་གཅིག་པ་ཕྱག་གཉིས་པ་ལྟའོ།། དེའི་ཕྱག་མཚན་གསུངས་པ། ཤེས་རབ་མཚོན་ཆེན་འཆང་བ་སྟེ། ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་མཚན་ཉིད་ཤེས་རབ་ཡིན་ལ་མཚོན་པ་རལ་གྲི་སྟེ། དེའི་ཕྱག་གཡས་པར་སྦྱིན་པར་བྱའོ།། དེའི་ཕྱག་གཡོན་པར། ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག། ཅེས་པས་ལྕགས་ཀྱུ་སྦྱིན་ནོ།། ཉོན་མོངས ་པོ་འདྲེན་པར་བྱེད་པས་སོ།། དེའི་མདུན་དུ་རཾ་ལས་བྱུང་བའི་ཉི་མ་ཧཱུཾ་ལས་བྱུང་བའི་གནང་མཛེས་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཅན་བསྐྱེད་ལ། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ་ཞེས་གསུངས་ཏེ། ་གྲགས་ཚན་ནི་ཧཱུ~ཾ་མཛད་ཀྱིས་གནོད་མཛེས་ལ་བཀའ་བསྒོ་བའོ།། གནོད་མཛེས་ཀྱི་སྔགས་བཞི་པོ་བརྗོད་པས་ཤར་ཕྱོགས་ཀྱི་ཁྲོ་བོ་ལ་སོགས་པ་བཞི་བསྐྱེད་དེ། དེས་མཚམས་བཞིར་ལྷུན་གྱི་ས་གྲུབ་པར་བྱའོ།། དེ་ཡང་ཁྲོ་བོ་བཞི ་དང་ཡང་དག་ལྡན། སྐད་ཅིག་གིས་ནི་སྐུ་བརྒྱན་འགྱུར་ཞེས་པ་ལྟ་བུའོ།། དེ་ནས་ཁྲོ་བཾ་དེ་དྲག་གིས་ནི་མི་དགེ་བ་བཅུ་ལས་སྐྱེས་པའི་ཕྱོགས་སྐྱོང་བཅུ་བཀུག་སྟེ་ཁྲོ་བོ་བཅུའི་མདུན་དུ་བཞག་གོ།། སྙན་གྲགས་ནི་ཨོཾ་གྷཱ་གྷ་ཞེས་པ་ལ ་སོགས་པའི་སྔགས་ཀྱིས་བསྐུལ་ཏེ། ཕྱོགས་སྐྱོང་བཅུ་ལས་ཕུར་པ་བཏབ་ནས་ཨ་ཀོ་ཊའི་སྔགས་ཀྱིས་སྐུ་གསུང་ཐུགས་ཕུར་བུས་བཏབ་པས་ལུས་ངག་ཡིད་གསུམ་གྱི་རྟོག་པ་དང་དཔྲལ་བར་བྱས་ཏེ་བསྟན་པའི་གྲོགསུ་བྱས་པསྷོ།། ་ཡང་ན་གྲགས་ཆེན་ནི་འོད་ཟེར་ཕྱོགས་བཅུར་སྤྲོས་ནས་ཕྱོགས་སྐྱོང་བཅུ་བཀུག་སྟེ་བཏུལ་བའོ།། སྙན་གྲགས་ནི་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་ལ་བཀོད་པའོ།། སྣང་བ་ཆེན་པོ་ཞེས་པ་ནི་དེ་ནས་གནོད་མཛེས་ཀྱི་མདུན་དུ་མི་ལ་ཡི ་སོ་ར་བལྟས་ཏེ་ཞབས་ཀྱིས་བརྫེས་པས་རྡོ་རྗེའི་ས་གཞི་དང་རབ་དང་གུར་དང་མངའི་དྲ་བ་བསམ་མོ།། གསལ་བུ་ཆེ་ཞེས་བཱ་ནི་དེའི་ཕྱི་རོལ་དུ་མའི་འོབ་ས་གསལ་བར་བསྒོམ་མོ།། ད་ནི་བསྐྱེད་པའི་རིམ་པའི་མཚན་ཉིད་ཇི་ལྟར་བསྒོམ ་པ་བསྟན་པའི་ཕྱིར། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོ་འཆང་ཞེས་པ་ནི་སྒྱུ་མ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་པ་དེ་ལ་འཕྲུལ་པ་ནི་རྟེན་དང་རྟེན་པའི་དཀྱིལ་འཁོར་རོ།། ཡང ་ན་སྒྱུ་འཕྲུལ་ནི་ཛཾ་ལྟར་སྒྱུ་མ་མཁན་གྱིས་རྔེའུ་དང་ཤིང་བུ་ལ་སོགས་པ་ལ་ཌྷ་དང་གླང་པོ་དང་ཁང་བཟངས་ལ་སོགས་བྱ་མི་བདེན་པའི་དངོས་པོ་སྣང་བ་ལྟར་འདིར་ཡང་ཞེན་པ་མེང་པར་རྟེན་པའི་དཀྱིལ་འཁོར་བསྒོམ་པར་བྱེད་བྱས་ན་མཁས ་པའི་དངོས་པ་ལ་མ་ངོན་པར་ཞེན་པས་བསྒོས་པ་ནི་མཱ་མཁས་པའོ་ཞེས་པའི་དོན་ཏོ།། འོན་མི་བདེན་པའི་དངོས་པོ་སྣང་བ་དོན་དམ་པ་མ་ཡིན་པ་སྤྱང་བ་སྟེ་དེ་ལྟ་བུ་བསྒོམས་པས་གྲུབ་བམ་ཞེ་ན། དེའི་ཕྱིར་སྤྱི་འཕྲུལ་ཆེན་པོ་ངན་གྲུབ་པ ་ཞེས་པསྤངས་ཏེ། སྒྱུ་འཕྲུལ་ནི་བཤད་ཟིན་ཏེ། དོན་ནི་གཉིས་ཏེ། བདག་དང་གཞན་གྱི་དོན་ནོ།། ཡང་ན་དངོས་གྲུབ་གཉིས་སོ།། གཞན་ཡང་འབྱུང་བ་རིམ་བརྩེགས་ཀྱིས་ཟད་པར་དང་ཟིལ་གནོན་འབྱུང་བས་དེ་སྐད་ཅེས་བྱའོ།། དེ་ཉིད ་གསལ་བར་བསྟན་པའི་ཕྱིར། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ་ཞེས་གསུངས་ཏེ། དགའ་བས་ཞེས་པ་ནི་བདག་གི་དོན་ཏོ།། དགའ་ཞེས་པ་ནི་གཞན་གྱི་དོན་འབྱུང་བ་སྟེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ།། ་ཉི་མིང་གི་རྣམ་གྲངས་བསྟན་པར་བྱ་བའི་ཕྱིར། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ཞེས་གསུངས་ཏེ། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་དང་འདྲ་བར་བསྟན་པར་བྱའོ། ཞེས་པའི་དོན་ཏོ།། གྲལ་ཏེ་དེ་ལྟ་མ་ཡིནྱ་ཏེ། དེ་ཉིད་དང ་བྲལ་བྱས་བསོད་ནམས་བྱས་པར་འགྱུར་རོ།། དྭ་ངོས་པོ་དང་ཞེནྡྲ་པ་དང་མ་བྲལ་ཟླས་ནི་གནོད་སྦྱིན་བྱས་པར་འགྱུར་རོ།། ད་ནི་མངོན་རྟོགས་ཀྱི་སྣརོམྦ་ཕ་རོལ་ཏུ་ཕྱིན་པ་བོཅུ་བསྟན་པར་བྱ་བའི་ཕྱིར། སྦྱིནྡ་བདྲུག་ཆེན་པོ་གཙོ་བོ་སྟེ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ཞེས་བྱ་བ་ནི་གཞན་དག་ལ་མགོ་གཏོང་བ་དང་མིག་གཏོང་བ་ལ་སོགས་པ་ཡིན་ལྔ། དེ་ཡང་ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འདོད་པ་ལ་མི་ལྟོས་ཏེ། འདིར་གནས་ཁྱད་པར ་དུསྟན་བདེ་བ་ལ་འཇོག་སྟེ། ཀླན་རྫོབ་བྱང་ཆུབ་ནི་སེམས་སྔོན་དུ་སོང་བས་སྐད་ཅིག་གིས་ལྷའི་ང་རྒྱལ་ཅན་དུ་བྱས་ཏེ་སྙིང་གར་ཙ་མ་ལ་ཐུགས་ཀྱི་ཨོཾ་ལེ་བལྟ་བར་བྱའོ།། དེ་ནས་མདུན་དུ་སྣ་ཚོགས་པདྨའི་སྙིང་དུ་བླ་མ་དང་སངས་རྒྱས་སྲས ་ད་བཅས་པ་དཀུག་པ་འམ་དེ་ཉིད་དུ་བལྟ་བར་བྱ་སྟེ། ད་ལ་པ་སྐྱ་བོ་ཀུན་གྱིས་ཕྱག་བྱ་བ་དང་། ཕྱི་ང་ནང་ལ་སྩོགས་པའི་མནོད་པས་མཉེས་པར་བྷ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེསུ་ཡི་རུང་བ་དང་། ཆོས་ཀྱི་འབྱོ ་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། གསུམ་ལོ་སྦུབསུ་འགྲོ་བ་དང་། མངས་སྤྱོད་བཏུང་བ་དང་། ང་གྲི་ལུས་ཕྲེཏང་བྱ་དང་། དེ་ལྟར་དགེ་བྱའི་རྩ་བ་བསྔོ་བ་ནི་དགྲ་བའི་རྩ་བ་བཏང་བ་དང་། ་རྗེས་ལ་འོག་ནས་སྟོན་པའི་ཚངས་པའི་གནས་བཞི་དྲན་པར་བྱ་སྟེ། སྔག་སམ། རིམ་པ་འམ། ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་དུ་སྒོམ་པར་བྱེད་པ་ནི་སྦྱིན་པའོ།། བདག་པོ་ནི་རྣལ་འབྱོར་པ་སྟེ། ཐུན་མོང་གི་མཚན་ཉིད་ཕ་རོལ ་ཕྱིན་པ་བཅུའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤངས་པ། ཁྱད་པརཱྀ་གྱི་མཚན་ཉིད་དབང་དང་དམ་ཚིག་དང་ལྡན་པའོ།། ཆེན་པོ་ཡང་ཡིན་ལ་གཙོ་བོ་ཡང་ཡིན་པས་ཆེན་པོ་གཙོ་བོ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ ་གྱུར་པའོ་ཞེས་པའི་དོན་ཏོ།། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་ཙོས་པ་ནི་ཚུལ་ཁྲིམས་ལ་སོགས་པ་འདི་དག་གཞི་གཅིག་ཏུ་བསྡུ་བ་ནི་ཀུན་ལ་ཤེས་པར་བྱའོ།། ཚུལ་ཁྲིམས་ནི་དེའི་མི་མཐུན་པའི་ཕྱོགས་སྤོང་བར་བྱེད་པ་སྟེ། འདིར་ཡང ་རྣལ་འབྱོར་པའི་མི་མཐུན་པའི་ཕྱོགས་བར་ཆད་སྤོང་བར་བྱེད་པ་སྟེ། ཇི་ལྟ་བའི་རིམ་པ་ནི་སྔ་མ་བཞིན་ནོ།། འཆང་བའི་མཆོག་ནི་དེ་ལྟར་བསམ་གཏན་དུ་བྱེད་པ་དེའོ།། བཟོད་ཆེན་ནི་སྡུག་བསྔལ་དང་དུ་ལེན་པ་སྟེ། བསྲུང་བའི་ཁང་པའི་ནང་དེར ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་ཀྱི་འབྱུང་གནས་ཨེ་ལས་བྱུང་བྷར་བལྟའོ།། དེར་ཡཾ་རི་བཱཾ་ལཱྀ་མཱཾ་རྣམས་ལས་འབྱུང་བ་བཞི་རི་རབ་དང་བཅས་པར་ལྟ་ཞིང་དེར་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་དང་ལྡན་པ་སྣ་ཚོགས་པདྨ་དང་ཟླ་བ ་ངང་ཉི་མིའི་དཀྱིལ་འཁོར་དང་ལྡན་པའི་གདན་ཅན་ནོ།། བརྟན་པའི་རྟེན་ནོ།། བརྩོན་འགྲུས་ནི་ལེ་ལོ་ལ་མི་གནས་པར་ལྷའི་སྐུར་བལྟ་བ་སྟེ། དེར་དབྱངས་དང་གསལ་བྱེད་ལས་བྱུང་བའི་ཉི་མ་དང་ཟླ་བ་ཀུན་ནས་ཁེ་སྦྱར་བའི་བར་དུ་ཁམས་གན ་པཱའི་ང་ཨཱ~ཾ་ཨཱཿདྷྭཾ་ཞེས་པར་བསམས་ཏེ། དེ་རྣམས་གོང་བུ་གཅིག་ཏུ་གྱུར་པ་ལས་ཐུགས་ཀྱི་རང་བཞིན་ཧཱུཾ་དང་ལྡན་པའི་རྡོ་རྗེའོ།། དེ་ལས་རྡོ་རྗེ་འཆད་རང་གི་ཤེས་རབ་དང་གཉིས་སུ་མེད་པར་བཞེངས་པའོ།། བརྟུལ་བ་ཡིན་ཞེས་བྷ ་ནི་བཏང་སྙོམས་ལ་མི་ཞུགས་པར་བཞེངས་པའོ།། བསམ་གཏན་ཆེན་པོ་ནི་རྟོག་པ་དང་དཔྱོད་པ་ལས་འདས་ཏེ་དགེའ་བ་དང་བདེ་བའི་ངོ་བོར་གནས་པ་སྟེ། དེ་ཡང་ཁམས་གསུམ་མ་ལུས་པ་ཡི་གེ་གསུམ་དུ་བསྡུས་པ་སྟེ། ཧོ་དམྱུར་པོ ་གཉིས་ཀྱི་བར་ན་གནས་པ་ན་མཁའ་ལ་བལྟས་ཏེ། སྐར་མངའ་འཕྲོ་བའི་རིམ་པས་བདག་ལ་ཐིམ་པས་བདག་ལ་ཐམ་པས་ཡབ་ཡུམ་ཆགས་པའི་མེ་འབར་བས་སྙོམས་པར་ཞུགས་ཏེ་གཉིསུ་མེད་པའི་བདེ་བ་ཆེན་པོ་ཐིག་ལེའི་ངོ་བོར་ཞུ ་བ་ནི་ཏི་ངེ་འཛིན་དུ་གནས་པའོ།། ཤེས་རབ་ཆེན་པོའི་ལུས་འཆང་བ་ནི་དེ་ལས་ལྷ་མོ་བཞི་ཆད་དེ། སྔོན་གྱི་ཐུགས་དམ་མ་བརྗེད་པར་སྟོང་པ་ལས་བཞུགས་པར་སེམས་ཅན་གྱི་དོན་ལ་བཞེངས་ཞེས་པའི་གླུས་བསྐུལ་བས་ཟུང་དུ་འཇུག་པའི ་སྐུར་བུ་ཞེངས་པའོ།། སྟོབས་པོ་ཆེ་ཞེས་པ་ནི་སྟོབས་དང་ལྡན་པར་བྱ་བ་སྟེ། དེའི་གནས་གསུམ་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་དང་གཉི་སུ་མེད་པར་བྱ་བའོ།། ཐབས་ཆེ་བ་ཞེས་པ་ནི་དབང་དང་ལྡན་པར་བྱེ་བ་སྟེ། ཇི་སྐད་གས ་པའི་རིམ་པས་དབང་བསྐུར་བ་དང་རིགས་ཀྱི་བདག་པོས་རྒྱས་བཏབ་པའོ།། དེའི་རྗེས་སུ་མིག་ལ་སོགས་པའི་མངོན་པར་ཤེས་པ་དང་ལྡན་པར་བྱ་བའི་ཕྱིར་གཏི་མུག་རྡོ་རྗེ་ལ་སོགས་པ་དགོད་པའོ།། སྨོན་ལེམ་ཞེས་པ་ནི་སྨོན་པོའི ་ནས་སེམས་ཅན་གྱི་དོནྟ་བྷེད་བྱ་སྟེ། སྐྱོབ་དང་། བསྡུ་བ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་ཎྜཱི་སྣང་བ་དང་། ངག་གི་བཟླས་པ་བྱ་བ་རྣམས་སོ།། ཡེ་ཤེས་ཞེས་པ་ནཱི་ཐིག་ལེ་དང་ཕྲ་མོ་བསྒོམ་པ་སྟེ། གཱཞལ་ཡས ་ཁང་ལ་རྡོ་རྗེའི་བསྲུང་བ་བསྡུས། དེ་འཁོར་གྱི་ལྕེ་ལྔའོ།། དེ་ཡུ་མ་ལ་བསྡུ་ས་ཏེ་བདག་ཤེས་རབ་དང་བཅས་པས་ཟབ་མོའི་དོན་སྒོམ་པར་བྱེད་པའོ།། གུལ་ཏེ་ལྗང་བར་འདོད་ནཱ་ཇི་སྐད་བཤད་པའི་གཏོར་མས་མཉེས་པར་བྱ་སྟྭ~ཾ། ཡི་གེ་བརྡྷ ་པས་བཟོད་པར་གསོལ་བ་སྟེ། དེ་དག་གསམྦྷ་གྱི་མཐར་གཞག་པས་གཤེགས་པར་བྱས་ཏེ་སྤྱོད་ལམ་གླར་བདེ་བས་གནས་པར་བྱའོ།། ང་ནི་བསོད་ནམས་ཀྱི་ཚོགས་ཀྱིས་རྒྱས་གདབ་པ་དང་། ཚད་མེད་བཞི་ཇི་ལྟར་བསྒྲིམ་པ་བསྟན ་པཨཱརྱ་བྱཱ་ཧྨཥྚི་ཕྱིར། བྱམས་ཚྭ་ནགས་བྱུ་ལ་སོགས་པ་གསུངས་ཏེ། བྱམས་པ་ཡང་ཡི་མ་ལ་ན་ཙྪ་བོ་སདྨ་སྦྱིན་པས་བྱམས་པ་ཆེན་པོ་རྣཾས་བྱ་བ་ནི་བང་བའི་རླུང་སམས་ཅན་ཐམས་ཅད་དང་ལྡན་པར་འདོང་བའོ།། རང་བཞིན་ནས ་བ་ནི་འོདི་བནྟི་ནར་གྱི་རང་བཞིན་ཧཱུ~ཾ། དམིགས་པ་ད་དྷ་ནཱ་བྷའོ།། གྷྲ་ཏུ་སྐྱེད་ནས་ག་སྤྱ་ན་ནན་པོ་ཞེས་མ་ཡོན་མ་ཐོ་ཡང་ཡིན་པས་ཕྱུང་རྗེ་ཆེན་པ་སྟེ། ཐུགས་པ ་xxx། xxx ་བ་དང་བཏང་སྙོམས་ཀྱང་ཤོས་པར་བྱའོ།། འདིས་ནི་སྒོ་མ་བཞི་ཤེས་པར་བྱའོ།། ཡང་ན་མཆོག་ཅེས་པ་ནི་ཉ་ན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་བྱས་པའོ།། ང་ནི་རྡོ་རྗེ་ཐེག་པའི་ཐབས་ཀྱི་ཆེ་བའི་ཁྱད་པར་བསྟན་པར ་བྱ་བའི་ཕྱིར། ཤེས་རབ་ཆེན་པོ་བློ་ཡི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཆེན་པོ་ཞེས་པ་ནི་དེ་ལྟར་སྒོ། མ་པའི་གང་ཟག་དེའི་ཕྱིར་འདི་དང་ཕ་རོལ་གཉིས་ཀར་སེམས་ཅན་གྱི་དོན་བྱེད་པས་ན་ཤེས་རབ་ཆེན ་པོའོ།། སྐུ་གསུམ་ལམ་དུ་བྱེད་པ་ནི་བློའི་མཆོག་སྟེ་གང་ཟག་གི་ཆེ་བའོ།། མཁས་པ་ཆེན་པོ་ཞེས་པ་ནི་དགེ་བའི་བཤེས་གཉེན་ཏེ། དངོས་གྲུབ་གཉིས་བསྒྲུབ་པའི་ཐབས་ལ་མཁས་པའོ།། ཐབས་ཆེ་བ་ཞེས་པ་ནི་ཐབས་མང་བ་འམ། ་ཡང་ན་ཉོན་མོངས་པ་ཉིད་ལམ་དུ་བྱེད་པའི་ཕྱིར་ཏེ་ཐབས་ཆེ་བྱའོ།། རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན།། ཞེས་པ་ནི་རྫུ་འཕྲུལ་ཡང་ཡིན་པས་རྫུ་འཕྲུལ་ཆེན་པོ་སྟེ། དེ་ལྟར་ཐ་མ་དང་སློབ་མའི་ནུས་པས་ཉོན་མོངས་པ་སྐད་ཅིག་ལ ་སྤོང་བ་དང་ཡེ་ཤེས་སྐད་ཅིག་ལ་སྐྱེ་བས་རྫུ་འཕྲུལ་ཆེན་པོའོ།། ཡང་ན་བསྐྱེད་པ་དང་རྫོགས་པ་སེམས་ཀྱི་རྣམ་པར་འཕྲུལ་པ་ལ་སྤྱོད་པ་དང་། རྫུ་འཕྲུལ་ཆེན་པོས་སེམས་ཅན་གྱི་དོན་བྱེད་པས་སོ།། སྐུད་ཅིག་གིས་བདག་དང ་གཞན་འཁོར་བ་ལས་འདོན་པས་སྟོབས་དང་ལྡན་པའོ།། ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། ཞེས་པ་ནི་ཤུགས་ནི་རྩལ་ཏེ་ཉོན་མོ་ངས་པ་གཅོད་པའོ།། མགྱོགས་པ་ནི་ཚེ་གཅིག་གིས་འབྲས་བུ་ཐོབ་པ་སྟེ། ལམ་མྱུར་བའི ་ཆེ་བའོ།། འབྲས་བུའི་ཆེ་བ་བསྟན་པའི་ཕྱིར། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། ཞེས་གསུངས་ཏེ། དེ་ལྟ་བུའི་ལམ་ཁྱད་པར་ཅན་གྱི་འབྲས་བུ་མྱུར་བར་འབྱིན་པས་ན་རྫུ་འཕྲུལ་ཆེན་པོའོ།། གྲགས་པ་ཞེས་པ་ནི་རང ་གཞན་གྱི་གྲུབ་མཐའ་ལ་གྲགས་པའོ།། སྟོབས་ཆེ་ཞེས་པ་ན་འབྲས་བུ་ལྷའི་རྣལ་འབྱོར་གྱིས་སེམས་ཅན་རྗེས་སུ་འཛིན་པའོ།། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཟིལ་གྱིས་གནོན་པའོ།། ཡེ་ཤེས་སྟོབས་ཆེ་བར་བསྟན་པའི་ཕྱིར། སྲིད ་པའི་རི་བོ་ཆེན་པོ་འཇོམས། ཞེས་གསུངས་ཏེ། སྲིད་པ་ནི་སྲིད་པ་གསུམ་སྟེ་རི་བོ་དང་འདྲ་བས་རི་བོའོ།། ཇི་ལྟར་རི་བོ་ཆེན་པོས་ནོན་པ་ནི་ཐར་མེད་པའོ།། ཡང་ན་སྲིད་པ་ནི་ཆུ་བོ་བཞི་སྟེ། ཟབ་པ་དང་། རྒྱ་ཆེ་བ་དང་། རྒྱུན་མི་འཆང་བ་དང་། རྒལ་བར ་དཀའ་བ་ཞེས་བྱ་བའི་དོན་ཏོ།། དེ་འཇོམས་པས་ན་འཇོམས་པའོ།། དཔེ་ཇི་ལྟ་བུ་སྙམ་པ་ལ། མཁྲེགས་ཤིང་ཞེས་པ་ནི་སྲ་བ་དང་། བརྟན་པ་ལ་སོགས་པ་ཆོས་བདུན་དང་ལྡན་པའོ།། དེ་གང་སྙམ་པ་ལ། རྡོ་རྗེ་ཆེན་པོ་སྟེ། རྡོ་རྗེ་ཡང་ཡིན་ལ་ཆེན ་པོ་ཡང་ཡིན་པས་ནི་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་ཐེག་པའོ།། དེས་ནཱ་སྲ་ཞིང་མཁྲེགས་པའི་རྡོ་རྗེ་ཐེག་པ་དེས་སྲིད་པའི་རི་བོ་འཇོམས་པའོ།། དྲག་པོ་ཞེས་པ་ནི་རུ་དྲ་ཡིན་ལ། ཆེན་པོ་དྲག་ཤུལ་ཆུ། ཞེས་པ་ནི་ཞལ་བཞི་ཕྱག་བཅུ་གཉིས་པ་ལ ་སོགས་པའི་སྐུའི་ཁྲོ་བོ་ཕྱག་མཚན་དང་བཞུགས་ཚུལ་ཤིན་ཏུ་མི་བཟད་པ་དེས་འཇོམས་པའོ།། ཇི་ལྟར་མེ་དང་ཤིང་གི་ཕུང་པོ་བཞིན་ནོ།། འཇིགས་ཆེན་ཞེས་པ་ནི་དམྱལ་བ་ལ་སོགས་པ་སྟེ། དེ་དག་གི་ཚེའི་ཚད་དང་ལུས་དང་སྡུག ་བསྔལ་དག་ཐོས་པ་འམ་བྲིས་པ་དག་མཐོང་ཡང་འཇིགས་པར་འགྱུར་ན། ཉིད་ཐོབ་ན་ཅིའི་ཕྱིར་འཇིགས་པར་མི་འགྱུར་ལ། དེའི་ཕྱིར་དེའི་རྒྱུ་དང་འབྲས་བུར་བཅས་པ་ནི་འཇིགས་པ་སྟེ། དེ་འཇོམས་པར་བྱེད་པའོ།། མགོན་པོ ་ནི་རྡོ་རྗེ་ཐེག་པ་སྟེ། གང་གིས་དེ་རིག་པ་ནི་མཆོག་ཆེན་པོའོ།། ཡང་ན་མགོན་པོ་ནི་འབྲས་བུའོ།། རིག་པ་ནི་རྟེན་གྱི་གང་ཟག་གོ།། མཆོག་ནི་རྡོ་རྗེ་ཐེག་པ་སྟེ་ལམ་མོ།། ཆེན་པོ་ཞེས་པ་ནི་དེའི་མཐུ་སྟེ། དེས་དེ་སྤྱད་པས་དེ་འབྱུང་བ་ཞེས ་བྱ་བའི་དོན་ཏོ།། དེ་གང་སྐམ་པ་ལ། བླ་མ་གསང་སྔགས་ཆེ་བའི་མཆོག་ཅེས་གསུངས་ཏེ། འདིའི་གོང་ན་ལམ་ཁྱད་པར་ཅན་གཞན་མང་བྱས་བླ་མའོ།། དེའི་ཕྱིར་གསང་སྔགས་ཆེ་བའི་མཆོག་གོ།། ཡང་ན་བླ་མ་ནཱི་བླ་མའོ།། ་དེ་ལ་རག་ལས་པའི་སྒོ་ནས་འབྱུང་བས་ན་དེ་སྐད་ཅེས་བྱའོ།། དེ་ལྟ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤང་བྱ་ཡིན་ནམ་སྙམ་པ་ལ། ཐེག་པ་ཆེན་པོའི་ཚུལ་ལ་གནས་ཞེས་གསུངས་ཏེ། གོང་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མིང་མི ་འགལ་བར་གསུངས་པས་ནའོ།། འོན་ཀྱང་འདི་ནི་བགྲོད་པའི་ཆོས་སོ།། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག། ཅེས་པས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་བཞི་གཅིག་ལ་དུས་གཅིག་ཏུ་སྤྱོད་པ་ན་ལྡན་པའི་ཆོས་ཏེ་མཆོག་ཅེས་བྱའོ།། ཅིག་ཤོས་ལྟར ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པས་ནི་མ་ཡིན་ནོ།། དེ་དག་གིས་ནི་བྱང་ཆུབ་སེམས་རྡོ་རྗེ་བཤད་ཟིན་ཏོ།། །། ད་ནི་དེ་ལྟར་ཐབས་ཆེ་བས་འབྲས་བུ་གཟུགས་ཀྱི་སྐུ་ཁྱད་པར་ཅན་བསྟན་པར ་བྱ་བའི་ཕྱིར། སངས་རྒྱས་རྣམ་པར་སྣང་མཛད་ཆེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ལ་སོགས་པ་མི་མཐུན་པ་རྣམས་ནི་སྤངས་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སོགས་པ ་ཡེ་ཤེས་རྣམས་རྒྱས་པའི་ཕྱིར་སངས་རྒྱས་སོ།། ཇི་སྐད་བཤད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་མཚན་དང་དཔེ་བྱད་དང་ལྡན་པའི་རྣམ་པར་སྣང་མཛད་གུད་ཆེན་མཚོ་ཞེས་བྱ་བའི་མིང་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཡིན་ལ།། ་ཁོ་བོ་ཅག་ནི་རྣམ་པ་ཞེས་པ་ནི་གསལ་བ་སྟེ། འོད་གསལ་བ་སྟེ། འོད་གསལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཡིན་ལ། སྣང་བྱེད་ཅེས་པ་ནི་དྲེར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་དུ་རུང་བ་ནི་ཆེན་པོ་སྟེ། ལོངས་སྤྱོད ་རྫོགས་པའི་སྐུ་ཁྱད་པར་དུ་གྱུར་པ་དབྱེར་མེད་པའི་སྐུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རྣམ་པར་སྣང་མཛད་པའོ།། སྤྲུལ་པའི་སྐུའི་ཁྱད་པར་ཇི་ལྟ་བུ་སྙམ་པ་ལ། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན་ཞེས ་གསུངས་ཏེ། ཐུབ་པ་ཆེན་པོ་ཞེས་པ་ནརྀ་སྤྲུལ་པའི་སྐུར་གྲགས་པ་ཆགས་བྲལ་གྱི་གཟུགས་འཛིན་པ་འཛམྦུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཅན་ནོ།། འདིར་ནི་ཐུབ་པ་ཆེན་པོ་སྟེ། སྦྲུལ་སྐུ་ཁྱད་པར ་དུ་གྱུར་པ་དྲེགས་པ་ཅན་ཚར་གཅད་པའི་ཕྱིར་རྣམ་པ་སྐའི་ཁྲོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ་ལ་སོགས་པ་རང་གི་ཤེས་རབ་དང་གཉིས་སུ་མེད་པ་སྐུ་མདོག་དང་ཕྱག་མཚན་དང་བཞུགས་ཚུལ་ལ་སོགས་པ་གང་གིས་ཀྱང ་ཟིལ་གྱིས་མི་ནོན་པ་སྤྲུལ་པ་གང་གའི་བྱེ་མ་སྙེད་སྤྲུལ་པ་དག་གོ།། ངོ་བོ་ནི་ཟུང་དུ་འཇུག་པའི་སྐུའོ།། གལ་ཏེ་དེ་རྡོ་རྗེ་ཐེག་པའི་གཞུང་འདིར་ཐུབ་པ་ཆེན་པོ་ཞེས་གསུངས་སུ་ཟིན་ཀྱང་། རང་གི་གཞུང་ལ་དེ་ལྟ་བུ་མ་གྲགསོ་ཞེ་ན། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ལས། ཨོཾ་ཏི་དྱ་ཐཱ། མུ་ནི་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། ཞེས་གསལ་པོ་ཉིད་དུ་གསུངས་པའི་ཕྱིར་རོ།། ད་ནི་ལམ་གྱི་ཁྱད་པར་བསྟན་པའི་ཕྱིར། གསང་སྔགས་ཚུལ་ཆེན་ལས་བྱུང་བ། ཞེས་པ་ལ་སོགས ་པ་གསུངས་ཏེ། གསང་བ་ཞེས་པ་ནི་གསང་སྔགསུ་བྱེད་པ་སྟེ། གནས་དང་སྟོན་པ་དང་ཆོས་དང་རྫས་ལ་སོགས་པ་སྐལ་པ་དང་མི་ལྡན་པ་ལ་གསང་བའི་ཕྱིར་རོ།། སྔགས་ཞེས་པ་ནི་ཡིད་སྐྱོབ་པ་སྟེ། དེ་བས་ན་དེའི་ཚུལ་ལུགས་སམ་ལམ ་ལས་དེ་ལྟ་བུ་འབྱུང་བའི་ཕྱིར་ཆེན་པོའོ།། ལས་བྱུང་བ་ཞེས་པ་ནི་གཉིསུ་མེད་པ་ལས་འབྲས་བུ་གཉིས་སུ་མེད་པ་འབྱུང་ཞེས་པའི་དོན་ཏོ།། དེའི་ཕྱིར་གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། ཞེས་གསུངས་ཏེ། ལམ་དང་འབྲས ་གཉིས་སུ་མེད་པ་ལས་བྱུང་བས་ན་བདག་ཉིད་ཙནྡ་ཏེ་བདག་ཉིད་གཅིག་པ་ཞེས་བྱ་བའི་ཐ་ཚིག་གོ། ལྷག་མ་ནི་སྔ་མ་བཞིན་ནོ།། ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྒྲ་དོན་བཤད་པར་བྱ་སྟེ། དེའི་ཕྱིར། ཕ་རོལ་ཕྱིན་བཅུ་ཐོབ་པ། ་སྟེ། ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཕ་རོལ་ཕྱིན་བཅུ་ནི་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེསོ།། ་ཐོབ་པ་ཞེས་པ་ནི་ཐོབ་པ་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ཞེས་བྱ་བ་ལ་སོགས་པ་འོག་ནས་སྟོན་ཏོ།། ཕ་རོལ་ཕྱིན་པ་བཅུ་ལ་གནས་ཞེས་པ་ནི་བརྗོད་ཟིན་ཏོ།། གནས་ཞེས་པ་ནི་གནས་པ་ལམ་སྟེ། ་སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་ཞེས་པ་ལ་སོགས་པ་ལམ་བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ།། སྔར་བཤད་ཟིན་ཏོ།། ཕ་རོལ་ཕྱིན་བཅུ་དག་པ་སྟེ། ཞེས་པ་ནི་དག་པ་རང་བཞིན་གྱི་ཕ་རོལ་ཏུ་ཕྱིན་པའོ།། དག་པ་དེ་ཇི་ལྟར་སྙམ་པ་ལ། ཇི་སྐད་བཤད་པའི་ཕ་རོལ་ཏུ ་ཕྱིན་པར་ལམ་ལྔ་དང་ས་བཅུ་བགྲོད་པས་འབྲས་བུ་སྐུ་གསུམ་ཞེས་བཤད་པོ་དེ་འདིར་དག་པའམ་ལྡན་པ་སྟེ། རིག་པའི་ཕོ་ཉ་མོ་འམ། དབྱངས་ཀྱི་ཕོ་ཉ་མོ་ལ་བརྟེན་ནས་སྐུ་གསུམ་གྱི་ངོ་བོ་ཉིད་ཀྱིས་རང་བཞིན་གྱི་འཁོར་ལོ་བཞིའམ་དྲུག་ལུས་ལ ་གནས་ཏེ། སྤྱི་བོ་གཙུག་ཏོར་གྱི་འཁོར་ལོར་རྩ་འདབ་མ་བརྒྱད་པའོ།། བདེ་བ་ཆེན་པོའི་འཁོར་ལོར་ཕྱིའི་འདབ་མཱ་སུམ་ཅུ་རྩ་གཉིས་པ་ནང་འདབ་མ་བརྒྱད་དོ།། ལོངས་སྤྱོད་ཀྱི་འཁོར་ལོར་ཕྱིའི་འདབ་མ་བཅུ་དྲུག་པ་ནང་འདབ་མ་བརྒྱད་པའོ།། ཆོས་ཀྱི་འ ་ལོར་ཕྱིའི་འདབ་མ་དང་ནང་གི་འདུབ་མ་བརྒྱད་པའོ།། དེ་ལ་བླ་མ་དམ་པའི་ཞལ་གྱི་གདམས་ངག་གིས་རིག་པའི་ཕོ་ཉའི་རིམ་པ་འམ། དབྱིངས་ཀྱི་ཕོ་ཉྩའི་རིམ་པས་བྱ་ང་ཆུབ་ཀྱི་སེམས་སྤེལ་བ་དང་སྤྲོ་བ་བྱས་ཏེ་སླར་བསྡུས་ཏེ་བདེ་བ་ཆེན་པོ་བཀང ་ནས་སྐུ་གསུམ་གྱི་ངོ་བོ་འཁོར་ལོ་གསུམ་གྱི་ནང་འདབ་མ་ཁེངས་པར་བྱེད་པའི་རིམ་པས་དག་པའི་ལྡན་པའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། ལོངས་སྤོད་ཀྱི་འཁོར་ལོའི་ནང་གི་ཤར་དང་བྱང་ཁེངས་པས་ནི་སྦྱིན་པ་ལ་སོགས་པ་དག་པའོ།། ་ནུབ་དང་ལྷོ་གང་བས་ནི་ཚུལ་ཁྲིམས་ལ་སོགས་པའོ།། དེ་ནས་ཆོས་ཀྱི་འཁོར་ལོའི་ཤར་དང་བྱད་གྲང་བས་ནི་བཟོད་པ་ལ་སོགས་པའོ།། ནུབ་དང་ལྷོ་གང་བས་ནི་བརྩོན་འགྲུས་ལ་སོགས་པའོ།། ཤར་དང་ལྷོ་དང་ནུབ་གང་བས་ནི་བསམ་གཏན་ལ ་སོགས་པའོ།། ནུབ་དང་ཤར་དང་བྱང་གིས་ནི་ཤེས་རབ་ལ་སོགས་པའོ།། སྤྲུལ་པའི་འཁོར་ལོའི་ཤར་དང་བྱང་གཱི་ནི་སྟོབས་ལ་སོགས་པའོ།། ལྷོ་དང་ནུབ་ནི་ཐབས་ལ་སོགས་པའོ།། ཤར་དང་ལྷོ་དང་ནུབ་ཀྱིས་ནི་སྨོན་ལམ་ལ་སོགས་པའོ།། ་ནུབ་དང་ཤར་དང་བྱང་གིས་དང་། ཤར་གྱིས་ནི་ཡེ་ཤེས་ལྔ་སོགས་པ་དག་པ་འམ་ལྡན་པའོ།། གཞན་ཡང་དེའི་ནུས་པས་ལུས་རྗེསུ་དྲན་པ་དང་། ཚོར་བུ་རྗེས་སུ་དྲན་པ་དང་། ཆོས་དང་། སེམས་དང་། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། ་བརྩོན་འགྲུས་དང་། དཔྱོད་པ་དང་། སེམས་དང་། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་འཕེལ་བར་བྱེད་པ་དང་། མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང་། མ་སྐྱེས་པ་མི་སྐྱེད་པ་རྣམས་ནི་ཚོགས་ཀྱི་ལམོ།། དྲང་པའི་དབང་པོ ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དང་། དང་པའི་སྟོབས་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་རྣམས་ནི་སྦྱོར་བའི་ལམ་མོ།། ཏིང་ངེ་འཛིན་ཡང་དག ་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཆོས་རྣམ་པར་འབྱེད་པ་དང་། དྲན་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཐོང་བའི་ལ་མོ།། ཡང་དག་པའི་ལྟ་བ་དང་། ་རྟོག་པ་དང་། བརྩོན་འགྲུས་དང་། ལས་གྱི་མཐའ། འཚོ་བ་རྩོ་ལྔ་བ། དྲན་པ། ཡང་དག་པའི་ཏིང་ངེ་འཛིན་རྣམས་ནི་བསྒོམ་པའི་ལམ་དུ་བསྡུའོ།། སྐུ་གསུམ་ནི་མཐར་ཕྱིན་པའི་ལམ་ལ་བསྡུའོ།། དེ་ལྟར་ན་དག་པ་རང་བཞིན ་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ།། ཕ་རོལ་ཕྱིན་པ་བཅུའི་ཚུལ་མན་ངག་གི་ཕ་རོལ་ཏུ་ཕྱིན་པ་ཉིད་ངོ་།། མགོན་པོ་ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་ཀྱི་སེམས་སོ།། དེ་གར་གནས་སྙམ་པ་ལ། ས་བཅུ་ལ་ནི་གནས་པ་པོ་ཞེས་གསུངས་ཏེ། ས་བཅུ་ནི་རབ་ཏུ ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བོ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བ་རྣམས་སོ།། གནས་པ་པོ་ཞེས་བྱ་བ་ནི་ཇི་ལྟར་འ ་ལོའི་རིམ་པ་ནི་ས་བཅུ་ཡིན་ལ། བདེ་བ་ཆེན་པོའི་འཁོར་ལོར་ཧཾ་གི་རྣམ་པ་ནི་གནས་སོ།། ཤེས་བཅུ་ཞེས་པ་ནི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། ལམ་དང་། འགོག་པ་དང་། ཟད་པ་དང་། མི་སྐྱེ་བ་དང་། ཆོས་དང་། རྗེསུ་རྟོག ་པ་དང་། ཀུན་རྫོབ་དང་། སྒྲ་ཇི་བཞིན་མ་ཡིན་པ་ཤེས་པ་རྣམས་སོ།། རྣམ་དག་ནི་བྱང་ཆུབ་སེམས་འགྲེངས་པསོ།། བདག་ཉིད་ཅན་ནི་བྱང་ཆུབ་ཀྱི་སེམས་སོ།། དེ་ལྟར་ན་ཤེས་བཅུ་རྣམ་པར་དག་པ་ནི་འཁོར་ལོ་བྱང་ཆུ་བ་ཀྱི་སེམས་ཀྱིས་རྒྱས་ཤིང ་གང་བས་འཆང་བ་འམ་འཛིན་པའོ།། དེས་ན་ས་བཅུ་ནི་བཤད་པ་དང་། འཆད་པའོ།། དོན་བཅུའི་དོན་ནི་དེ་དག་ཀུན་བྱང་ཆུབ་སེམསུ་དག་པས་དོན་ཏོ།། ཐུབ་པའི་དབང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། སྟོབས་བཅུ་ནི་གནས་དང་གནས་མ ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགས་མཁྱེན་པ་དང་། དབང་པོ་མཆོག་དང་མཆོག་མ་མ་ཡིན་པ་མཁྱེན་པ་དང་། ཐམས་ཅད་དུ་འགྲོ ་བའི་ལམ་མཁྱེན་པ་དང་། བསམ་གཏན་དང་བསམ་གཏན་མ་ཡིན་པ་མཁྱེན་པ་དང་། སྔོན་གྱི་གནས་རྗེ་སུ་དྲན་པ་མཁྱེན་པ་དང་། འིཆི་འཕོ་བ་དང་། སྐྱེ་བའི་གནས་མཁྱེན་པ་དང་། ཟག་པཟང་པ་མཁྱེན་པའི་སྟོབས་སྷོ།། དེ་དག་མངའ་བ ་དག་ལ་ཡང་བྱང་ཆུབ་ཧཱུཾས་ཁྱབ་པས་ན་བདག་ཉིད་དོ།། དེས་ནི་བྱེད་སྣུམ་པ་ལ། ཀུན་གྱི་དོན་ནི་མ་ལུས་བྱེད་ཅེས་གསུངས་ཏེ། ཀུན་ཅེས་པ་ནི་རྣམ་པ་དེ་རྣམས།། དོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ།། མ་ལུས་ཞེས་པ་ནི་བཤང་བ་དང་འཆང ་རྣམ་པས་སོ།། བྱེད་པ་ནི་གཉིས་སུ་མེད་པར་ཞེས་པའི་ཛྙཱན་ཏཽ།། རྣམྦྷ་བཅུ་དབང་ལྡན་ཞེས་པ་ནི་ཚིལ་དབང་བ་དང་། སེམས་ལ་དབང་བཱ་དང་། ཡོ་བྱད་དང་། ལུས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལམ་དང་། ཡཱཾ་ཤྭེསྭཱ་དྷཱདྡྷ། ་རྗེས་ལ་དབང་བ་རྣམས་སྷོ།། ཆེ་བ་ཞེསྨྲ་པ་ནི་བྱང་ཆུབ་ནཱི་སེམས་བྷྲཱུཾ་སྟནྡེ་པ་རྣམས་སོ།། དྲ་ནས་དེ་དག་གི་ངོ་བོ་བསྟན་པའི་ཕྱི། ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་གྷསྤངས་ཏེ། ཐོག་མ་ནི་མ་སྟེ་རྣམ་པའོ།། དེའི་ཐོ ་མ་ནི་བྱང་ཆུབ་ཀྱི་སེམས་སོ།། དེ་ལས་ཐོག་མར་གྱུར་པ་མེད་པའི་ཕྱིར་ཐོག་མ་མེད་པའོ།། གལ་ཏེ་ཡང་ཡོད་ན་སྤྲོས་པར་འགྱུར་བས་དེའི་ཕྱིར་དེ་ལ་སྤྲོས་མེད་བདག་ཅེས་གསུངས་སོ།། དེ་བཞིན་ཉིད་བདག་ཅེས་པ་ནི་སྔ་མ་བཞིན་ཏེ་དག ་པའོ།། བདག་ཉིད་ཅེས་པ་ནི་རྣམ་པ་དང་མྱུར་མེ་དང་སྣང་བ་ལྟ་བུ་ཡིན་པས་ན་དེ་སྐད་ཅེས་བྱའོ།། ཡང་ན་ཐོག་མ་ཐ་མ་མེད་པ་ཞེས་པ་ནི་སྐྱེ་བ་འགག་པ་གནས་པ་གསུམ་མེད་པས་ན་དེ་སྐད་ཅེས་བྱའོ།། ཡང་ན་ཐོག ་མ་ནི་རྒྱུ་ཡིན་ལ་དེ་དག་པ་སྣང་བ་ལྷའི་དཀྱིལ་འཁོར་གྱི་བདག་ཉིད་།། ད་ནི་ངག་པ་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར། བདེན་པར་སྨྲ་ཞེས་པ་ལ་སོགས་པ་གསུངས་ཏེ། དག་པ་ཁོང་དུ་ཆུད་པ་དེས་ལུས་གཏོད་པ་ན་ཡང་སྡུག་བསྔལ་མེད་ལ། གཉྫ། ་དག་གིས་ཀྱེ་མ་ཁྱོད་ལུས་བཏིང་བའི་སྡུག་བསྔལ་འདིས་འགྱོད་པར་མ་གྱུར་ཏམ་ཞེ་ན། མ་གྱུར་ཅེའོ།། འོ་ན་ཁྱོད་ལ་ཚོང་མ་ཅི་ཡོད་ཅེ་ན། དེ་ལྟར་ན་སྡུག་བསྔལ་བར་འགྱུར་ལ་གལ་ཏེ་ཚིག་དོན་བདེན་ན་ནི་དེའི་མཐུས་སྔ་མ་བཞིན་དུ་གྱུར་ཅིག ་ཅེས་བརྗོད་མ་ཐག་ཏུ་འགྱུར་བའོ།། ཇི་སྐད་སྨྲས་པ་དེ་བཞིན་བྱེད། ཅེས་པ་ནི་ཇི་ལྟར་ཤཱནྟི་ཀུ་རུ་ལ་སོགས་པས་ཞི་བ་ལ་སོགས་པར་འགྱུར་བ་ལྟར་རོ།། གཉིས་ཞེས་པ་ནི་དག་པའི་སྒོ་ནས་གདུལ་བྱ་བཏུལྟ་བྱའོ།། གཉིས་སུ་མེད་པར ་སྟོན་ཅེས་པ་ནི་དེ་དག་ཀྱང་དག་པ་ལ་འཛུད་པ་སྟེ། ཇི་ལྟར་བརྡུ་ལ་ཤེད་མ་བྱེ་བ་བྱིས་པ་དག་ལ་བརྩེ་བའི་སེམས་ཀྱིས་ཕ་མས་བུ་རམ་སྦྱིན་པར་འདོད་པས་ཁར་བུ་རམ་བཅུག་ཀྱང་ཟ་བར་མི་བྱེད་ལ། དེའི་རོ་མྱོང་བར་བྱ་བའི་ཕྱིར་དྲག ་བུལ་གྱིས་འཇུག་པར་བྱེད་དོ།། ངོས་དེའི་རོ་མྱོང་ནས་དེ་ལེ་རྩོལ་བ་མ་བྱས་པར་སྤྱོད་པ་བཞིན་ནོ།། ཡང་དག་མཐའ་ལ་རྣམ་པར་གནས་ཞེས་པ་ནི་གནས་ནས་ཕྱིར་རྒོལ་བ་རྣམས་ཚར་གཅོད་པར་བྱེད་ནུས་ཞེས་པའོ།། ཡང་ན་རང ་བཞིན་དག་པ་དེ་ཁོང་དུ་ཆུད་ནས་ཡང་དག་པའི་མཐའ་ལ་གནས་པའོ།། དེས་ཅི་བྱེད་སྙམ་པ་ལ། བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཟག་དང་ཆོས་ཀྱི་བདག་མེད་པ་ནི་བདག་མེད་པ་སྟེ་དགུ་པའོ།། དེའི་སྒྲ་བསྒྲགས ་ན་བདག་ཏུ་ལྟ་བ་ཅན་མུ་སྟེགས་ལ་སོགས་པ་ཚར་གཅོད་པར་བྱེད་ཅིང་དེའི་སྟོབས་ཀྱིས་རང་གི་བསྟན་པ་ལ་འགོད་པའོ།། དེའི་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱིར། སེང་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་བླའོ།། ཀུན ་དུ་འགྲོ་བའི་དོན་ཡོད་སྟོབས། ཞེས་པ་ནི་ཕྱོགས་ཀུན་དུ་འགྲོ་བ་ཉིད་དོ།། དོན་ཡོད་ཅེས་པ་ནི་འགྲོ་བ་ཡང་དག་པ་དང་མི་འབྲལ་ཞིང་དེའི་ངོ་བོ་ཉིད་དོ།། ཡང་ན་དག་པ་དང་ལྡན་པ་དེ་ལུས་དང་ངག་དང་ཡིད་ཀུན་དུ་འགྲོ་བ་ཡང་འགྲོ་བ་དེ་ན ་མེད་པ་མ་ཡིན་ཏེ། དོན་ཡོད་པས་ན་དོན་ཡོད་སྟོབས་སོ།། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། ཞེས་པ་ནི་སྟབས་ཞེས་པ་གོམས་པའི་འགྲོས་ཏེ། དེ་བཞིན་གཤེགས་པའི་ཐུགས་ནི་མཁྱེན་པའི་སྐད་ཅིག་ལ་ཀུན་མཁྱེན ་པས་ན་མགྱོགས་ཞེས་པའོ།། རྒྱལ་བ་ཞེས་པ་ནི་དག་པ་དེས་ཉོན་མོངས་པ་བཅོམ་པས།། རྣམ་རྒྱལ་ཞེས་པ་ནི་ཉོན་མོངས་པ་ཉིད་ལམ་དུ་བྱས་པའོ།། དེའི་ཕྱིར་དགྲ་ལས་རྒྱལ་ཞེས་བྱའོ།། ངའི་མཐུན་དཔེ་གསུམ་པ། འཁོར་ལོས་སྒྱུར ་བསྟོབས་པོ་ཆེ་ཞེས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླིང་བཞི་པོ་ཀུན་བཏུལ་ནས་རང་གི་འབངསུ་བྱས་པས་ན་སྟོབས་ཆེ་བའོ།། དཔེའི་རྣམ་གྲངས་གཞན་བསྟན་པོ། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག་ཅེས་གསུངས ་ཏེ། ཚོགས་ནི་མིའི་ཚོགས་སོ།། དེའི་སློབ་དཔོན་ཞེས་པ་ནི་དེ་རྣམས་བཏུལ་ནས་རང་གི་སློབ་མར་བྱས་པས་ན་ཚོགས་ཀྱི་མཆོག་གོ།། ཡང་ན་ཚོགས་ནི་སྣང་བའོ།། དེའི་སློབ་དཔོན་ནི་དགོངས་ཏེ་འདུག་ཅིང་འཇོམས་པའི་ཕྱིར།། ་ན་ཚོགས་ཀྱི་མཆོག་གོ། ཚོགས་རྗེ་ཚོགས་བདག་དབང་དང་ལྡན་ཞེས་པ་ནི་རྗེ་བོ་དང་། བདག་པོ་དང་། དབང་ཕྱུག་ནི་མིང་གི་རྣམ་གྲངས་སོ།། མཐུ་ཆེན་གཅེས་པ་འཛིན་པ་སྟེ། ཞེས་པ་ནི་ཉོན་མོངས་པ་སྐད་ཅིག་ལ་འཇོམས་པས་ན་མཐུ་ཆེ ་བའོ།། གཅེས་པ་ནི་དགྲ་པ་སྟེ་སྣོད་ཡིན་ཞེས་པའི་དོན་ཏོ།། ཡང་ནི་རང་ལ་མི་ཚུགས་ཤིང་གཞན་ཟིལ་གྱིས་གནོན་པས་ན་མཐུ་ཆེན་ཞེས་བྱའོ།། འཛིན་པ་ནི་དག་པ་དང་ལྡན་པའི་རྣལ་འབྱོར་པའོ།། དེའི་ཕྱིར། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག ་ཅེས་གསུངས་ཏེ། རྡོ་རྗེ་ཐེག་པའི་ཚུལ་འདིར་དག་པ་དང་ལྡན་པའི་ཐེག་པ་གཞན་ལ་རག་མ་ལུས་པ་སྟེ། ཚུ་ལྷ་མན་ངག་དང་དག་པའི་རང་བཞིན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པའི་ཕྱིར་བསྐལ་པ་གྲངས་མེད་པར་ས་དང་ལམ་བགྲོད་མི་དགོས་ཞེས ་བྱ་བའི་ཐ་ཚིག་གོ།། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། ཞེས་བྱ་བ་ནི་ཚིག་རྣམས་ཀྱི་རྗེ་བོ་དང་བདག་པོ་ནི་དག་པ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ།། སྨྲ་མཁས་པ་ནི་དག་པ་དེ་སྨྲས་པས་སེམས་ཅན་དབུགས་འབྱིན་པའོ།། ཚིག་ལ་དབང་བ་ནི་གང་སྨྲས ་བདེ་འགྲོ་བ་གཞན་ཉན་པའོ།། ཚིག་མཐའ་ཡས་ནེ་པ་ནི་གང་ལ་གང་བསྟན་པར་འོས་པའི་ཚིག་སྟེ། ཉན་ཐོས་ལ་སོགས་པ་ལ་བདེན་པ་བཞི་ལ་སོགས་པ་སྟོན་པའོ།། ཚིག་བདེན་པར་སྨྲས་པས་དོན་བདེན་པར་གྱུར་པ་ན་ཚིག་བདེན་པར་སྨྲ ་བབའོ་ཚིག་མཐའ་ཡས་ཞེས་པ་དེ་ཉིད་གང་སྙམ་པ་ལ། བདེན་པ་བཞི་ནི་སྟོན་པ་པོ་ཞེས་བྱ་བ་གསུངས་ཏེ། བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ། སྟོན་པ་པོ་ཞེས་པ་ནི་དགྲ་པ་དང་ལྡན་པ་ངེས་ཉན ་ཐོས་ལ་སོགས་པ་རྣམས་ལའོ།། དེས་ཅིར་འགྱུར་ན། ཕྱིར་མི་ལྡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཀྱི་འབྲས་བུ་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཞེས་བྱ་བའི་འབྲས་བུ་འབྱིན་པའི་ཕྱིར་རོ།། དེ་འབའ་ཞིག ་གམ་སྙམ་པ་ལ། འདྲེན་པ་རང་རྒྱལ་ཏེ། འོག་ནུས་སྟོན་པའི་ཡན་ལག་བཅུ་གཉིས་བསྟན་པས་དེའི་འབྲས་བུ་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་འབྱུང་བའོ།། དེར་མ་ཟད་དེ། ངེས་འབྱུང་སྣ་ཚོགས་ལྔས་བྱུང་བ་ཞེས་གསུངས་ཏེ། མདོར་ན ་ཐེག་པ་གསུམ་གྱིས་བསྡུས་པའི་ངེས་འབྱུང་སྣ་ཚོགས་སོ།། ལས་བྱུང་བ་ཞེས་པ་ནི་རྣམ་པར་དག་པ་འདི་ལས་བྱུང་བའོ་ཞེས་བྱ་བའི་དོན་ཏོ།། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་པ་ལ། འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། ས་དང་ཆུ ་དང་མེ་དང་རླུང་ངོ་།། རྒྱུ་གིཅིག་བློ་ཞེས་པ་ནི་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་སོ།། དགེ་སློང་དགྲ་བཅོམ་ཟག་པ་ཟད་། ཅེས་བྱ་བ་ལ། དགེ་སློང་ཞེས་པ་ནི་བཏགས་པའི་དགེ་སློང་དང་དམ་བཅས་པའི་དགེ་སློང་དང་། སློང་བའི་དགེ་སློང་དང་། ་དོན་དམ་པའི་དགེ་སློང་ལས་འདི་ནི་དོན་དམ་པའི་དགེ་སློང་སྟེ། རྣམ་པར་དག་པ་ཡིན་པའི་ཕྱིར་རོ།། དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་སྟེ། ངེས་འཕགས་པའི་ནོར་བདུན་འཕྲོག་པའི་ཕྱིར་རོ།། ཟག་པ་ནི་ཡུལ་དང་དབང་པོ་ལ་བརྟེན་པའི་རྟོག ་པའོ།། ཟད་པ་ནི་ཡུལ་དང་དབང་པོ་ལྷ་དང་ལྷ་མོ་གཉི་སུ་མེད་པར་བསྒོམ་པའོ།། ཡང་ན་འདོད་པའི་ཟག་པ་ནི་ཡུལ་དང་ཡུལ་ཅན་དུ་རྟོག་པ་དང་། སྲིད་པའི་ཟ་ག་པ་ནི་སྐྱེ་རྒ་ན་འཆི་དང་། མ་རིག་པའི་ཟག་པ་ནི་འཁོར ་བར་འཁོར་བར་བྱེད་པའོ།། ལྟ་བའི་ཟག་པ་ནི་བདག་དང་བདག་གིར་འཛིན་པ་སྟེ། དེ་དག་དགེ་སློང་དེས་ཟད་པར་བྱས་པའོ།། ཟད་པ་དེ་ཉིད་གང་ཞེ་ན། འདོད་ཆགས་བྲལ་བས་དབང་པོ་ཐུ་ལཿཞེས་གསུངས་ཏེ། འདོད་ཆགས་ནི་ཡུལ་ལ་འདོད་ཅིང ་ཆགས་པ་སྟེ། དེ་དང་བྲལ་བས་སོ།། དབང་པོ་ཐུལ་ཞེས་པ་ནི་ལུས་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ལས་སོ།། ཡང་ན་དབང་པོའི་སྤྱོད་ལམ་དུལ་བའོ།། ཐུལ་བ་ཙམ་མཾ་ཞེ་ན། དེའི་སྟེང་དུ། བདེ་བ་རྙེད་ཅེས་གསུངས་ཏེ། འདོད་པའི་ཡོན་ཏན་ལྔ ་ལ་བརྟེན་ནས་རྙེད་པའོ།། འཇིགས་མེད་ཅེས་པ་ནི་ཡུལ་གང་ལ་སྤྱོད་ཀྱང་འཇིགས་པ་འམ་ཡང་བ་མེད་པའོ།། ཡང་ན་ཡུལ་གང་ལ་སྤྱོད་ཀྱང་འཁོར་བའི་འཇིགས་པ་དྲང་བྲལ་བའོ།། ཐོབ་ཅེས་པ་ནི་དེའི་སྒོ་ནས་དེ་ཁོ་ན་ཉིད་རྙེད་པའོ།། མྱ་ངན ་ལས་འདས་པ་ལའང་འདོད་པའི་གདུང་བ་མེད་པས་ན་བསིལ་བར་འགྱུར་བའོ།། རྙོག་པ་ནི་རྟོག་པའི་རླབས་མེད་པས་སོ།། དེ་ལྟ་བུ་དེ་གང་གིས་རྙེད་སྙམ་པ་ལ། རིག་པ་དང་ནི་རྐང་པར་ལྡན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ ་མའི་མན་ངག་ནི་རིག་པ་སྟེ། མིག་དང་འདྲ་བས་རྟོག་པར་བྱ་ཞིང་ཉམ་སུ་མྱོང་བ་རྐང་པ་དང་འདྲ་བས་བགྲོད་པར་བྱའོ།། ཡང་ན་རིག་པ་ནི་ལྟ་བ་སྟེ་མིག་དང་འདྲ་བའོ།། དེ་བླ་མའི་ཞབས་ལ་གུས་པར་བྱས་པས་དེ་ཐོབ་པར་བྱ་སྟེ། ཡང ་སྤྱོད་པ་ཡང་རྐང་པ་དང་འདྲ་བར་སྤྱད་པར་བྱའོ།། དེ་ལ་བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་ཅེས་བྱ་བ་སྟེ། འཇིག་རྟེན་ན་གནས་ཀྱང་བདེ་བར་གཤེགས་པར་རིག་པར་བྱའོ།། ཡང་ན་འཇིག་རྟེན་ནི་གཟུགས་ལ་སོགས་པ་ཡིན་ལ། དེ་རྣམ་པར ་དག་པ་གཉིས་སུ་མེད་པར་རིག་པ་ནི་བདེ་བར་གཤེགས་པའི་མཆོག་གོ།། རིག་པ་དེ་ཅི་འདྲ་སྙམ་པ་ལ། བདག་གིར་མི་འཛིན་ངར་མི་འཛིནཿཞེས་གསུངས་ཏེ། བདག་དང་བདག་གི་ཞེ་འམ་ང་དང་ང་ཡི་ཞེས་པར་མི་འཛིན་པའོ།། འོན་ཀྱང་། བདེན ་གཉིས་ཀྱི་ཚུལ་ལ་གནས། ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་གཉིས་ཀྱི་ཚུལ་གྱིས་གནས་ཏེ། མངོན་སུམ་རྟོག་པ་མེད་ཅེས་པའི་དོན་ཏོ།། དེ་ནི། འཁོར་བའི་ཕ་རོལ་མཐར་སོན་པའོ།། བྱ་བ་བྱས་པས་སྐམ་སར་གནས། ཞེས་པ་སྟེ ་མི་སློབ་པ་ཞེས་བྱ་བའོ།། འོན་ཀྱང་ལས་དང་པོ་པ་ལ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གོང་དུ་བསྟན་པ་ལྟར་འཇུག་པའོ།། དེའི་ཕྱིར་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ་ཞེས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ།། དེ་ལྟ་བུ་ནི། ཡེ་ཤེས ་འབའ་ཞིག་ངེས་གསལ་བ་སྟེ། དཔེར་ན་རིན་པོ་ཆེའི་གླིང་དུ་ཕྱིན་ནས་དང་རྡོ་ལ་སོགས་པའི་མིང་ཡང་མི་གྲག་པ་བཞི་ན་དུ་འདིར་ཡང་གཞན་གྱི་གོ་སྐབས་གང་ཡང་མི་འབྱེ་ངོ་།། དེས་ནི་ཉོན་མོངས་པའི་མགྲོ་ལྟུང་བར་བྱེད་པས། ཤེས་རབ ་མཚོན་ཆས་རྣམས་འཇོམས་པ་ཞེས་བྱའོ།། ད་ནི་རྒྱུ་དང་ལ་མོ་དང་འབྲས་བུ་གསུམ་གྱི་ཆོས་བསྟན་པར་བྱ་བའི་ཕྱིར། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི ་སངས་རྒྱས་ཡིན་ལ། ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ།། ཆོས་ཀྱི་རྒྱལ་པོ་ནི་དེ་ལས་རྣམ་པར་ཕྱེ་བ་སྟེ། གསང་བ་བླ་ན་མྱེད་པའོ།། གསལ་བ་ཞེས་པ་ནི་འོད་གསལ་བ་སྟེ། དེ་སྟོན་པས་ན་ལྡན་པའོ།། འཇིག་རྟེན ་སྣང་བར་བྱེད་པའི་མཆོག། ཙཱ་བ་འཇིག་རྟེན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། དེ་དག་ལ་གནས་པ་ནི་མུན་པ་དང་འདྲ་བཾ་ཞེས་པའི་དོན་ཏོ།། སྣང་བ་ནི་འོད་གསལ་བ་སྟེ། དེ་སྣང་བར་བྱེད་པ་ནི་འོད་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བ ་ཞེས་བྱ་བའི་དོན་ཏོ།། ཆོས་ཀྱི་དབང་ཕྱུག་ནི་ཆོས་རྣམས་ལ་དབང་སྒྱུར་བའོ།། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་གསང་སྔགས་སོ།། ཡང་ན་ཆོས་ནི་འཇིག་རྟེན་གྱི་ཚེས་བརྒྱད་ཡིན་ལ། དེ་ལས་རྒྱལ་བས་ན་རྒྱལ་བའོ།། ལམ་གྱི་ཆོས་བསྟན་པར་བྱ་བའི ་ཕྱིར། ལེགས་པའི་ལམ་ནི་སྟོན་པ་པོ།། ཞེས་གསུངས་ཏེ། ལེགས་པ་ནི་སྐུ་བཞི་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་བཤད་ཟིན་པ་དེ་དག་སྟོན་པས་སྟོན་པའོ།། འབྲས་བུའི་ཆོས་བསྟན་པར་བྱ་བའི་ཕྱིར་དོན་གྲུབ་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་ཟུང་དུ་འཇུག་པའི་སྐུའོ།། གྲུབ་པ་ནི་སྔོན་དུ་བྱས་པའོ།། བསམ་པ་གྲུབ་ཅེས་པ་ནི་བདག་དང་གཞན་གྱི་བསམ་པ་གྲུབ་པར་བྱེད་པའི་ཕྱིར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་སྟོན་པར་བྱེད་པའོ།། དེ་ལྟར་སྟོན་པ་ལ ་རློམ་སེམས་ཡོད་པས་སམ་ཞེ་ན། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་དེ་ཞེས་གསུངས་ཏེ། ཀུན་དུ་རྟོག་པ་ཞེས་པ་ནི་སྲེ་བར་བྱེད་པའི་ཤེས་པ་སྟེ། སྡེ་ཕྱི་སྲེ་བ་ལ་སོགས་པའོ།། ཐམས་ཅིད་ཅེས་པ་ནི་མཽ་ལུས་པའོ།། སྤངས་ཞེས་པ ་ནི་བདྲུག་དང་གཞན་གྱི་དོན་སྒྲུབ་ཀྱང་རློམ་སེམས་མེད་ཅེས་པའི་དོན་ཏོ།། ད་ནི་དབྱིངས་བསྟན་པར་བྱ་བའི་ཕྱིར། རྣམ་པར་མི་རྟོག་དབྱིངས་མི་ཟད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་མི་རྟོག་པ་ནི་རྟོག་པ་དང་བྲལ་བ་ཙམ་མོ།། ་ཆོས་ཀྱི་དབྱིངས་མི་ཟད་ཅེས་པ་ནི་གྲངས་ཅན་ལ་སོགས་པས་དཔག་པར་མི་ནུས་པའོ།། ཡང་ན། རྣམ་པར་མི་རྟོག་དབྱིངས་མི་ཟད་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ཀྱིས་སངས་རྒྱས་མྱ་དྲན་ལས་འདས་པ་དང་། བསྟན་པ་ནུབ ་པར་འདོད་པོ་དེས་བསལ་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་སོ།། སྔགས་ཀྱི་བཞེད་པས་ནི། སངས་རྒྱས་མྱ་ངན་མི་འདའ་ལ། ཆོས་ཀྱང་ནུབ་པར་མི་འགྱུར་ཞེས་པའོ།། དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། ཆོས་དབྱིངས་དམ་པ་ཟད་མི ་ཤེས་ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་ནི་འོད་གསལ་བའོ།། དམ་པ་ཞེས་པ་ནི་ཆོས་དབྱིངས་དེ་ལས་སྐུ་གསུང་ཐུགས་ཀྱི་སྣང་བ་འབྱུང་སྟེ། དེ་ཟད་མི་ཤེས་པའོ།། དེའི་ཕྱིར་ཆུ་ཤིང་གི་འབྲས་བུ་བཞིན་ནོ།། འདིར་ནི་རྒྱ་མཚོ་ཆེན་པོ་ལ་མཆིལ་མ ་དོར་བ་བཞིན་ནོ།། ད་ནི་ཡེ་ཤེས་ཀྱི་ཁྱོད་པར་བསྟན་པར་བྱ་བའི་ཕྱིར། བསོད་ནམས་ལྡན་པ་བསོད་ནམས་ཚོགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་ལྡན་པ་ནི་སྔོན་གྱི་བསོད་ནམས་ཡོད་པའོ།། དེ་བསོད་ནམས་ཚོགས་ཞེས་པ་ནི ་བསོད་ནམས་ཆུང་ངུ་སྟེ། ཐ་ན་བསྐྱེད་པའི་རིམ་པ་གཅིག་ཙམ་བྱས་ཀྱང་ཚོགས་ཤིན་ཏུ་ཆེ་བར་འགྱུར་བའོ།། དེ་ལས་ཅི་འགྱུར་སྙམ་པ་ལ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། ཡེ་ཤེས་ཁྱད ་པར་ཞེས་པ་ནི་མེ་ལོང་ལ་སོགས་པ་བཞི་དེར་འདུས་པའི་ཕྱིར་རོ།། དེའི་ཕྱིར། ཡེ་ཤེས་ལྡན་པ་ཡོད་མེད་ཤེས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ཡོད་པ་སྟེ་མངོན་སུམ་པ་དང་། མེད་པ་སྟེ་ལྐོག་ཏུ་གྱུར་པ ་མཁྱེན་པའོ།། དེ་ཅི་ལས་བྱུང་ན། ཚོགས་གཉིས་ཚོགས་ནི་བསྔགས་པ་པོ་ཞེས་གསུངས་ཏེ། ཚོགས་གཉིས་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནི་དམ་པ་ཞེས་པའི་མིང་ཅན་ཟད་མི་ཤེས་པ་འབྱུང་བར་འགྱུར་བའོ།། དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་སྒྲ་དོན ་བསྟན་ནས། རྣམ་པར་སྣང་མཛད་ཀྱི་སྒྲ་དོན་བསྟན་པར་བྱ་བའི་ཕྱིར། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལ་འབྲས་བུའི་དུས་སུ་གཟུགས་སྐུ་ནི་མི་འདོད་དེ། ཆོས་སྐུ་འབའ་ཞིག་ཏུ་གནས་སོ་ཞེས་འདོད ་ལ་ལམ་གྱི་དུས་སུ་བསོད་ནམས་ཀྱི་ཚོགས་མི་དགོས་སོ་ཞེས་ཚང་པར་ལྟ་བའི་ཕྱོགས་དང་མཐུན་པའི་གཏི་མུག་ཅན་དེ་བསལ་བར་བྱ་བའི་ཕྱིར་རྟག་པ་ཞེས་ཀྱང་བྱའོ།། རྒྱལ་བ་ཀུན་ཅེས་པ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྟེ། དེ་རྣམས ་ཀྱི་སྐུའི་སྣང་བ་ནི་རྣམ་པར་སྣང་མཛད་དོ།། རྣལ་འབྱོར་ཅན་ནི་དེ་ལྟ་བུ་ཉམས་སུ་བླང་བར་བྱ་བའི་དོན་ཏོ།། དཱ་ནི་བསམ་གཏན་དུ་བྱེད་པ་པོ་བསྟན་པའི་ཕྱིར། བསམ་གཏན་བསམ་བྱ་བློ་ལྡན་མཆོག་ཅེས་གསུངས་ཏེ། དེ་ལ་བསྐྱེད་པ་ལྷའི་རྣལ ་འབྱོར་དུ་བསམ་གཏན་བྱ་བ་དང་། རྫོགས་པ་ཡེ་ཤིསུ་བསམ་གཏན་བྱ་བའོ།། བསམ་བྱ་བློ་ལྡན་ཞེས་པ་ནི་དེ་ལྟར་བསམ་བྱར་བྱེད་པའི་གང་ཟག་དེ་ནི་བློ་དང་ལྡན་པས་ན་དེ་ལྟ་བུ་ཉམས་སུ་བླང་བར་བྱ་བའི་དོན་ཏོ།། ད་ནི་བསམ་གཏན་དུ་བྱ་བ ་བསྟན་པའི་ཕྱིར། སོ་སོ་རང་རིག་མི་གཡོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་དེ་གཞན་གྱིས་རིག་པར་བྱ་བ་མ་ཡིན་པས་ན་རང་རེག་གོ།། དེ་ཡང་སེམས་ལས་གཞན་དུ་མ་གྱུར་པས་ན་མི་གཡོ་བའོ།། དེ་དག་གི་འབྲས ་བུ་བསྟན་པར་བྱ་བའི་ཕྱིར། མཆོག་གི་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ནི་མཆོག་གི་དངོས་གྲུབ་སྟེ་སྐུ་གསུམ་ཡིན་ལ། དེའི་དང་པོ་ནི་ཆོས་ཀྱི་སྐུའོ།། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་བསྟན་པར་བྱ་བའི་ཕྱིར། སངས ་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཞེས་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་སངས་རྒྱས་སྐུ་ལྔ་སྟེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་སྐུ་དང་རྡོ་མི་བསྐྱོད་པའི་སྐུ་དང་། རིན་ཆེན་འབྱུང་ལྡན་གྱི་སྐུ་དང་། འོད་དཔག་མེད་ཀྱི་སྐུ ་དང་། དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྐུ་རྣམས་སོ།། བདག་ཉིད་ཅེས་པ་ནི་སངས་རྒྱས་དང་སྐུ་དེ་ཉིད་གཅིག་པའོ།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། ཅེས་པ་ནི། ཡེ་ཤེས་ལྔས་བདག་དང་གཞན་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པས ་ན་ཁྱབ་བདག་གོ།། ཡེ་ཤེས་ལྔ་ཞེས་པ་ནི། འདི་ལྷུར་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ།། ་བདག་ཅེས་པ་ནི་བཤད་མ་ཐེག་པའི་སྐུ་དང་འདི་ཉིད་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་བདག་ཉིད་དོ།། དེའི་ཕྱིར། སངས་རྒྱས་ལྔ་བདག་ཅོད་པན་ཏེ། དེ་བཞིན་གཤེགས་པ་རེ་རེ་ཡང་དེ་བཞིན་གཤེགས་པ་ལྔ་ལྔའི་ཅོད་པན ་ཅན་ནོ།། དེ་དག་ནི་ཡེ་ཤེས་ཡིན་ལ། དེའི་དབྱིངས་བསྟན་པའི་ཕྱིར། སྤྱན་ལྔ་ཆགས་པ་མེད་པ་འཆང་། ཞེས་གསུངས་ཏེ། སྤྱན་ཞེས་པ་ནི་སངས་རྒྱས་སྤྱན་ནོ།། ལྔ་ཞེས་པ་ནི་མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ ་མ་དང་། ཆོས་ཀྱི་དབྱིངས་ཕྱུག་མ་རྣམས་སོ།། དེས་ཅི་བྱེད་སྙམ་པ་ལ། ཆགས་པ་མེད་པ་འཆང་། ཞེས་གསུངས་ཏེ། ཆགས་པ་མེད་པའི་ཚུལ་གྱིས་དེ་དག་དང་སྙོམས་པར་ཞུགས་པའོ།། དེ་ནི་དབྱིངས་ཡིན་ལ་དེས་དེ་བཞིན་གཤེགས་པ ་རྣམས་འཁྲུངས་པར་མཛད་ཅེས་བྱ་བའི་དོན་ཏོ།། དེ་ནས་སྐྱེ་གནས་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་སྐྱེད་པ་པོཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་དུས་དང་ཕྱོགས་དང་རིགས ་ཀྱིས་བསྡུས་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སོ།། སྐྱེད་པ་པོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྤྱན་ལྔ་ལས་སོ།། བསྐྱེད་པ་ཉིད་གང་ཞེ་ན། སངས་རྒྱས་སྲས་པོ་དམ་པའི་མཆོག། ཅེས་གསུངས་ཏེ། སངྱས ་ཀྱང་ཡིན་ལ་སྲས་པོ་ཡང་ཡིན་པས་སངས་རྒྱས་སྲས་པོའོ།། འདི་ལྟར་སྤངས་སྲས་པོ་སྟེ། ཆོས་ཀྱི་དབྱིངས་ལས་བལྟམས་པའི་ཕྱིར་རོ།། དེའི་ཕྱིར་དམ་པ་དང་མཆོག་གོ།། ཤེས་པ་ཞེས་པ་ནི་ཚིག་དབུ་མ་མི་མངོན་པར་བྱས་པ་སྟེ་ཤེས ་རབ་བོ།། དེ་ལས་སྐྱེས་པ་ནི། སྲིད་འབྱུང་སྟེ་གནས་མེད་པ་སྟེ། སྲིད་པའི་འབྱུང་གནས་སམ་སྐྱེ་གནས་བཞི་སྟེ། མངལ་དང་སྒོ་ང་དང་། དྲོད་གཤེར་དང་། བརྫུས་ཏེ་སྐྱེ་བར་བྱེད་པའོ།། མེད་ཅེས་པ་ནི་དེ་དག་ལས་སྐྱེས་པ་མེད་པའོ།། ཡང་དེ་ཉིད ་གསལ་བར་བསྟན་པའི་ཕྱིར་གསུངས་པ། ཆོས་ལས་འབྱུང་བ་སྲིད་པ་སེལ། ཅེས་པ་ནི་ཆོས་ཞེས་པ་ནི་ཆོས་ཀྱི་དབྱིངས་སོ།། དེ་ལས་འབྱུང་བ་ནི་སྐྱེས་པ་སྟེ། དེའི་ཕྱིར། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཞེས་པ་ཡང་དེ་ཉིད་ལ་དགོངས་པའོ།། དེས ་སྲིད་པ་སེལ་ཏེ་སྐྱེ་གནས་བཞི་ལས་བྱུང་བ་བསལ་ལོ།། དེའི་ཕྱིར་དེ་ནི། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག། ཅེས་གསུངས་ཏེ། གཅིག་པུ་ཞེས་པ་ནི་རང་བྱུང་གི་སྐུ་དེའོ།། གཞན་གྱིས་གཞིག་ཅིང་གཞོམ་དུ་མེད་པའི་ཕྱིར་རྡོ་རྗེ་དང་འདྲ་བ་ལ་དེ་སྐད་ཅེས ་བྱའོ།། སྐྱེས་མ་ཐག་ཏུ་འགྲོ་བའི་བདེག་ཅེས་པ་ནི་ཆོས་ཀྱི་དབྱིངས་ལས་སྐྱེས་མ་ཐག་ཏུ་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་རྗེསུ་འཛིན་ཅིང་དབང་སྦྱར་བས་ན་འགྲོ་བའི་བདག་པོའོ།། ཡང་ན་ཆགས་བྲལ་གྱི་སྐུ་སྟེ། སྐྱེ་གནས་བཞི་ལ་སྐྱེ ་བོར་མཛད་པ་དེ་འགྲོ་བ་དང་མཐུན་པར་མཛད་པས་ན་སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་བྱའོ།། ན་མཁའ་ལས་བྱུང་རང་བྱུང་བ་ཞེས་པ་ནི་ན་མཁའ་ཞེས་ནམ་ཁའ་དང་ཆོས་མཐུན་པ་སྟེ་ཆོས་ཀྱི་དབྱིངསོ།། དེ་ལས་བྱུང་བ་ནི་རང་བྱུང་བའི་སྐུ་ཞེས་བྱའོ།། ། ་དེ་དག་ནི་ཡེ་ཤེས་ཀྱི་སྐུ་རང་བྱུང་བ་ཞེས་པ་དེའི་དབང་དུ་བྱས་པའོ།། སྤྲུལ་པའི་སྐུ་ནི་སྐྱེ་གནས་བཞིག་འདུལ་བའི་ཕྱིར་འགྲོ་བ་དང་མཐུན་པར་བྱ་བའི་དོན་དུ་དེ་ཉིད་ཀྱང་སྐྱེ་གནས་བཞི་ག་ལས་སྐྱེ་བར་མཛད་པའོ།། ད་ནི་སྣང་བའི་ཁྱད་པར་བསྟོན ་པར་བྱ་བའི་ཕྱིར། ཤེས་རབ་ཡེ་ཤེས་མེ་བོ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཡེ་ཤེས་གཉིས་སུ་མེད་པ་ནི་མེ་དང་འདྲ་བ་སྟེ། གསལ་བ་དང་སྲེག་པར་བྱེད་པ་སྟེ་ཉོན་མོངས་པའི་ཚོགས་སོ།། འོད་གསིལ་བ་ལས་སྐུ་དང་ཡེ ་ཤེས་ཀྱི་སྣང་བ་འབྱུང་བས་འོད་ཆེན་རྣམ་པར་སྣང་བར་མཛད་པའོ།། རང་བཞིན་གྱི་སྣང་བ་ཡིན་པས་ན་ཡེ་ཤེས་སྣང་བའོ།། ལམ་མེ་བ་ཞེས་པ་ནི་གསལ་བའོ།། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།། ཞེས་པ་ནི་འགྲོ་བ ་མུན་པ་དང་འདྲ་བ་འོད་གསལ་བ་མེ་དང་འདྲ་བས་སྣང་བར་མཛད་པ་སྟེ་ཡེ་ཤེས་སྒྲོན་མའོ།། དེ་ཉིད་སླར་བཤིང་པ། གཟི་བརྗིད་ཚུན་པོ་འོད་གསལ་བ། ཞེས་གསུངས་ཏེ། གཡོགས་པ་འམ་བར་དུ་ཆོང་པ་ལྟ་བུ་མ་ཡིན་པས་ན་གཟི་བརྗིད་ཆེན ་པོའོ།། འཁོར་བ་དང་མྱ་ངན་ལས་འདས་པ་ཐམ་ཅད་ལ་ཁྱབ་པས་ན་འོད་གསལ་བའོ།། ད་ནི་མཛད་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་དེ་ཡང་སྔ་ཊ ་ཀྱི་ལུགས་ལ་ཡིན་གྱི་གཞན་གྱི་ལུགས་ལ་མ་ཡིན་པ་ན་སྔགས་མཆོག་གོ།། མངའ་བདག་རིག་སྔགས་རྒྱལ་ཞེས་པ་ནི་ཇི་ལྟ་བུའི་རྡོ་རྗེ་འཆང་ཡིན་པས་སོ།། ཡང་ན་སྔགས་མཆོག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཡིད་སྐྱོབས་པས ་སྔགས་སོ།། དེའི་ཕྱིར་མངའ་བདག་རིག་སྔགས་རྒྱལ་པོའོ།། སྐུ་དང་ཡེ་ཤེས་ཀྱི་སྣང་བས་སེམས་ཅན་གྱི་དོན་མཛད་པས་ན་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། ཅེས་བྱ་བའོ།། གཙུག་ཏོརརེ་ཆེན་པོ་རྨད་བྱུང་གཙུག། ཅེས་བྱ་བ་ལ། གདུ ་ཏིར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གཙུག་ཏོར་ཆེན་པོ་སྟེ་ཆོས་ཀྱི་དབྱིངས་སོ།། དེ་ལས་འབྱུང་བར་མཛད་པས་རྨད་དུ་བྱུང་བའི་གཙུག་ཏོར་རོ།། དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར་ན་མཁའི་བདག་པོ་སྣ་ཚོགས་སྟོན་ཅེས ་གསུངས་ཏེ། ན་མཁའི་བདག་པོ་ནི་ན་མཁའ་དང་ཆོས་མཐུན་པས་བདག་ཉིད་དོ།། སྣ་ཚོགས་སྟོན་ནི་དེ་ལ་སྭ་སྐྱེས་པའི་ཡེ་ཤེས་ཀྱི་སྐུའི་སྣང་བ་ལས་སྐུ་དང་ཡེ་ཤེས་སྣ་ཚོགས་པ་མི་ཟད་པར་འབྱུང་བར་མཛད་པའོ།། སངས་རྒྱས་ཀུན ་ཅེས་པ་ནི་སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ་དེ་དུས་ཀྱིས་བསྡུས་པའོ།། སྐུ་ཡི་མཆོག་ཅེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཇི་སྲིད་དུ་འབྱུང་བ་དེ་སྲིད་དུ་སྐུའི་སྣང་བ་མཛད་པའོ།། འགྲོ་ཀུན་ཅེས་པ་ནི་འགྲོ་བ ་ཡང་ཡིན་ལ་ཀུན་ཀྱང་ཡིན་པ་འགྲོ་བ་ཀུན་ཏེ་རིགས་དྲུག་གོ།། དགའ་བའི་མིག་ཅེས་པ་ནི་གང་མོས་པའི་གཟུགས་འཛིན་པ་སྟེ། འགྲོ་བ་ཀུན་གྱི་མིག་དགའ་བར་བྱེད་ཅེས་བྱ་བའོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར། སྣ་ཚོགས་གཟུགས ་ཅན་སྐྱེད་པ་པོ་ཞེས་གསུངས་ཏེ། འགྲོ་བ་ཀུན་གང་ལ་མོས་པ་དེའི་གཟུགས་སྣང་བར་མཛད་པ་ན་སྐྱེད་པ་པོ།། ཞེས་གསུངས་ཏེ། འགྲོ་བ་ཀུན་གང་ལ་མོས་པ་དེའི་གཟུགས་སྣང་བར་མཛད་པས་ནཱ་བསྐྱེད་པོ་པོའོ།། དེ་ལྟ་བུ་དེ་ལ་དྲང་སྲོང ་ཆེ་དགུ་ཞེས་པ་ནི་སེམས་དྲང་ཞིང་ངག་གསོང་པོར་སྨྲ་བ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམ་སོ།། མཆོད་ཅིང་རྗེད་པ་ཞེས་པ་ནི་གཉིས་སུ་མེད་པའི་འོད་གསལ་བ་རྣམ་པར་སྣང་མཛད་ཅེས་བྱ་བའི་མིང་ཅན་དེ་ལ་བསྔགས་པ་མཛད་པ ་འམ་ཆེ་བ་བརྗོད་པའོ།། རིགས་གསུམ་ནི་གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགསོ།། ཡང་ན་སྐུ་གསུང་ཐུགས་ཀྱི་རིགས་ལས་རིགས་བརྒྱ་ལ་སོགས་པ་འབྱུང་བས་འཆང་བའོ།། གསང་སྔགས་ལ་འཆང་བ་འདིའི ་ཚུལ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ།། ཞེས་པའི་དོན་ཏོ།། དམ་ཚིག་ཆེན་པོ་གསང་སྔགས་འཛིན་ཅེས་པ་ལ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། མི་འདའ་བའི་ཕྱིར་རོ།། དེ་ཡང་དང་། ་པོ་འགྲོ་བའི་དོན་བྱེད་པའི་སེམས་བསྐྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ།། གསང་སྔགས་ཀྱི་ཚུལ་ལ་ཡོད་པའི་སྐྱོ་བ་པར་བྱེད་ཅིང་གཉིས་སུ་མེད་པར་ཟུང་འཇུག་གི་སྐུ་འཛིན་པའོ།། གཙོ་བོ་དཀོན་མཆོག་གསུམ་འཛིན་པ་ཞེས་པ་ལ། གཙོ་བོ་ཞེས་པ ་ནི་གཉིས་སུ་མེད་པ་ཡིན་ལ། དེ་བཟུང་བས་ན་དཀོན་མཆོག་གསུམ་འཛིན་པའོ།། དེ་ཡང་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། གང་དུ་ཡིད་ནི་སྒོམ་བྱེད་ན། དེ་ནི་སངས་རྒྱས་དང་ནི་ཆོས།། དགེ་འདུན་ཉིད་དུ་དེ་བསྟན་ཏོ།། ཞེས་པ་ལྟ་བུའོ།། ཐེག་པ་མཆོག་གསུ ་སྟོན་པ་པོ།། ཞེས་པ་ནི་ཐེག་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ཐེག་པ་མཆོག་སྟེ་རྡོ་རྗེ་ཐེག་པའོ།། གསུམ་ནི་གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་ཏེ། དེ་སྟོན་པ་ནི་ཡེ་ཤེས་ཀྱི་སྐུའོ།། དེའི་མིང་ནི། དོན་ཡོད་ཞགས ་པ་རྣམ་པར་རྒྱལ་ཞེས་པ་ལ་སོགས་པ་གསུངས་ཏེ། རླུང་ངམ་ན་མཁའ་ལ་འདེབས་པ་བཞིན་དོན་མེད་པ་མ་ཡིན་ནམ་སྐམ་པ་ལ། དོན་ཡོད་པ་སྟེ། འགྲོ་བ་རྣམས་རྗེ་སུ་འཛིན་པས་ན་ཞགས་པའོ།། གང་གི་ཞགས་པ་ཡིན་ན་རྡོ་རྗེ་ཐེག་པའི ་ཡིན་པས་སོ།། དེས་ཉོན་མོངས་པ་ལས་རྣམ་པར་རྒྱལ་པོའོ།། འཛིན་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་རྡོ་རྗེ་ཞགས་པ་ཡང་ཡིན་པས་འཛིན་པ་ཆེན་པོ་རྡོ་རྗེ་ཞགས་པ་སྟེ། ཐེག་པ་གཞན་གྱི་ལམ་དུ་མི་གཏོང་བས་ན་འཛིན་པ་ཆེན་པོའོ།། ་རྡོ་རྗེ་ནི་སྤྱོད་པ་དང་སྙིང་རྗེ་དབྱེར་མེད་པས་སེམས་ནྡན་རྡྷེས་སུ་འཛིན་པས་ཞུགས་པའོ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེད་ཞེས་པ་ནི་ཞགས་པ་དང་ལྗགས་ཀྱུ་ཡན་ལ། དེའི་མཚན་ཉིད་རྡོ་རྗེ་ཡིན་པ་ལས་རྡོ་རྗེ་ལྕགས་ཀྱུ་ཞགས་བྱ་སྟེ ་འདྲེན་པའི་རྣམ་གྲངས་སོ།། ། དེ་དག་གིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བཤད་ཟིན་ཏོ།། ། ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཅེས་བྱ་བ་ལ་སོགས ་བཱ་གསུངས་ཏེ། འདིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མཉམ་གཞག་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྗེས་ཐོབ་སྟེ། རྗེས་ལ་སྐུ་ཁྲོ་བོའི་རྣམ་པར་བསྟན་པ་ནི་མི་བསྐྱོད་པ་ཞེས་བྱ་བའི་མིང་ཅནོ།། འདིར་གདུལ་བྱ་ཞེ་སྡུད་ཅན་རྣམས ་ནཱི་སྒྱུ་མ་ཡིན་པས་མི་འདུལ་བྱས། དེའི་ཕྱིར་སྒྱུ་མདོག་དང་ཕྱུག་མཚན་དང་རྒྱནྟ་དང་ཚྭ་ལུགས་ལ་སོགས་པ་རྣམ་པ་དང་མཚནྡ་ཉིད་གཉིས་སུ་རྟོགས་པར་བྱའོ།། མོ་ཚན་ཉིད་རྡོ་རྗེའོ།། ཡང་བཤད་པར་བྱ་བ་ལྟ་ཡིན་ཀྱང་གཅིག་གི ་ཡོད་གྱི་བྱེ་བྲག་ཏུ་རྟོགས་པར་བྱའོ།། དེའི་ཕྱིར་དང་པོ་མཛད་པའོ།། ཕྲིན་ལྷས་གྱིས་མི་བསྐྱོད་པ་བསྟན་ཏེ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེས་འཇིགས་བྱེད་ཅེས་པ་ནི་འགྲོ་བ་རྣམས་འཇིགས་པར་བྱེད་པ་བདུད་བཞི་འམ་ཉོན ་མོངས་པ་རྣམ་པར་འཇོམས་པར་བྱེད་པས་འཇིགས་པར་བྱེད་པའོ།། དེ་གང་གིས་སྐམ་པ་ལ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། ཞེས་གསུངས་ཏེ། སྐུའི་རྣམ་པ་ཁྲོ་བོ་སྟེ་མཆེ་བ་གཙིགས་ལ་སོགས་པའི་མཚན་ཉིད་ཅན་འཆད་པར ་འགྱུར་བའོ།། རྒྱལ་པོ་ནི་འཇིག་རྟེན་ལས་འདས་པ་ཁྱད་པར་དུ་གྱུར་པའོ།། གདོང་དྲུག་ནི་རྟོགས་པར་བླའོ།། མིག་དྲུག་ནི་མི་མཉམ་པའི་སྤྱན་མངའ་བས་སོ།། ཡང་ན་རིག་པར་བྱེད་པས་ན་མིག་སྟེ་ཡུམ་བཟུང་ངོ་།། ་ལག་དྲུག་ནི་གཡས་པ་མཚོན་ཆ་སྟེ། གཡོན་པ་ཝཱར་ལ་འཆང་པའོ།། སྟོབས་དང་ལྡན་ཞེས་པ་ནི་མ་རུངས་པ་འདུལ་བའི་སྟོབས་ཡོད་པའོ།། ཀེང་རུས་མཆེ་བཱ་ནི་ཀེང་རུས་ཤིན་ཏུ་དཀར་པོ་དང་འདྲ་བའི་མཚོ་བ་དཀར་པོ་བཞིའོ།། གཙིགས་པ་ནི ་གཞན་དག་གིས་གསལ་བར་མཐོང་བ་སྟེ། འདིར་ནི་སྨིན་མ་ནག་པོ་ཆར་སྤྲིན་ལྟ་བུ་ལས་འོད་གློག་ལྟ་བུ་འཕྲོ་བ་དང་། ཤངས་ནས་ཧཱུཾ་ཞེས་བརྗོད་པ་འབྲུག་གི་སྒྲ་ལྟ་བུ་དང་། མཆེ་བ་བཞི་རྩེ་ཕྲད་པའི་བར་ནས་ལྗགས་འདྲིལ་བ་ལས་རྡོ་རྗེ་ཕྲ ་མོ་ཐོག་དང་སྡེ་བ་ལྟར་འདྲིལ་བའོ་ཞེས་པའི་དོན་ཏོ།། ཆ་ལུགས་དེར་མ་ཟད་དེ། ཧ་ལ་ཧ་ལ་གདོང་བརྒྱ་པ། ཞེས་པ་ནི་དུག་ཡིན་ལ། སེམས་ཅན་རྗེ་སུ་གཟུང་བར་བྱ་བའི་ཕྱིར་ཞལ་བརྒྱ་སྤྲུལ་ནས་དེ་གསོལ་བར་བྱེད་པས་དེ་སྐད་ཅེས་བྱའོ།། ་དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། གཤིན་རྗེའི་གཤེད་པོ་ཞེས་གསུངས་ཏེ། གཤིན་རྗེ་ནི་ཉོན་མོངས་པ་འབྲས་བུ་དང་བཅས་པ་ཡིན་ལ། གཤེད་ནི་འཇོམས་པར་བྱེད་པ་སྟེ་དེ་ཉིད།། བགེགས་ནི་བི་ན་ཡ་ཀའོ།། ཡང་ན་ལོག་པར ་འདྲེན་པས་ན་བགེགས་ཏེ། མི་དགེ་བའི་བཤེས་གཉེན་ལ་སོགས་པའོ།། རྒྱལ་བ་ནི་དེ་ལས་རྒྱལ་བར་བྱེད་པ་སྟེ། གོང་མ་ཉིད་ངོ་།། དེ་ལྟ་བུའི་སྟོབས་ཅི་སྙམ་པ་ལ། རྡོ་རྗེ་ཤུགས་ཅན་ནོ།། རྡོ་རྗེ་ལྟ་བུའི་ཤུགས་ཐོག་ལྟ་བུའོ།། ངེས་འཛི ་པར་བྱེད་པས་ན་འཇིགས་བྱེད་དོ།། ད་ནི་རང་བཞིན་ཐུགས་ཀྱི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང་། ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་སྲ་བ་བརྟན་པ་ཞེས་བྱ་ལ་སོགས་པ་ཆོས་བདུན་དང་ལྡན་པར་རང་དང་གཞན ་གྱི་གྲུབ་མཐའ་ལས་གྲགས་པས་ན་དེའི་ཐུགས་རྡོ་རྗེ་ལྟར་གཉི་སུ་མེད་པ་སྟེ། རྡོ་རྗེ་མི་ཕྱེད་ཅེས་བྱའོ་ཞེས་པ་ལྟ་བུའོ།། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་ཞེས་པ་ནི་འགྲོ་བ་འདུལ་བའི་དོན་དུ་འདི་ལྟ་བུར་མཛད་པའོ།། སྲིད་པ་གསུམ་ཡང་དེའི་ལྟོ་བ ་ན་ཡོད་པས་གསུས་པོ་ཆེའོ།། ད་ནཱི་ཡོན་ཏན་སྤྲུལ་པའི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བ་དག་ཅེས་བྱ་བ་ལ་སོགས་བྱ་གསུངས་ཏེ། རྡོ་རྗེ་ལས་སྐྱེས་ཞེས་པ་ནི་རྡོ་རྗེ་ནི་སྟོང་པའོ།། དེ་ལས་སྐྱེས་པའི་ཕྱིར་སྐུ ་ལྟ་བུ་དེ་ཡང་རྡོ་རྗེའི་བདག་ཉིད་དོ།། རྡོ་རྗེ་སྙིང་པོ་མཁཱའ་འདྲ་བ་ཞེས་པ་ནི། སྙིང་པོ་ནི་གཉིས་སུ་མེད་པ་སྟེ་རྡོ་རྗེའོ།། མཁའ་འདྲ་ཞེས་པ་ནི། རྡོ་རྗེ་སྙིང་པོ་ཆོས་ཀྱི་དབྱིངས་གཉིས་སུ་མེད་པ་ན་མཁའ་དང་འདྲ་བ་ཀུན་ལ་ཁྱབ་ཅིང་ཀུན་ངོའི་ཁོངས ་གཏོགས་པའོ།། མི་གཡོ་རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི་གོང་དུ་བསྟན་པ་དེ་དག་མི་གཡོ་བ་ནི་མཱི་བསྐྱོད་པ་སྟེ། དེ་ལས་མུ་གཡོས་པར་བསྟན་ཏོ།། རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི་ཇི་ལྟར་རལ་པ་འམ། སྐྲ་མང་པོ་ཡོད ་ཀྱང་དར་གཅིག་གིས་གཅིག་ཏུ་བཅིངས་པ་ལྟར་སྣང་བའི་བྱེ་བྲག་མང་པོ་ཡོད་ཀྱང་། གཉིས་སུ་མེད་པ་མི་བསྐྱོད་པར་བསྡོམ་པའོ།། ཡང་ན་རིགས་ཀྱི་དབྱེ་བ་མང་པོར་ཕྱེ་ཡང་མི་བསྐྱོད་པ་འམ། རྡོ་རྗེའི་རིགས་སུ་བསྡུས་པའོ།། གླང་ཆེན་ཀོ ་རློན་གོས་སུ་གྱོན།། ཞེས་པ་ནི་ཤིན་ཏུ་གདུལ་བར་དཀའ་བྱའི་གདུག་པ་ཅན་བཏུལ་ནས་དེའི་པགས་པ་གྱོན་པ་ཞེ་འམ། ཡང་ན་གཏི་མུག་ཅན་གདུལ་བའི་རྟགསུ། ནཱ་བཟུའ་དེ་བནབས་པའོ།། དེ་ནི་ཉེ་བར་མཚོན ་པ་སྟེ། དུར་ཁྲོད་ཀྱི་རྒྱན་གཞན་གྱིས་ཀྱང་བརྒྱན་པའོ།། ད་ནི་གདུལ་བྱ་གསུང་གི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། དྲག་ཆེན་ཧཱ་ཧ་ཞེས་སྒྲོགས་པ། ཞེས་པ་ལ་སོགས་པ་གསུངས་ཏེ། གསུང་གི་སྒོ་ནས་གདུལ་བྱ་སྐྲག་ཅིང་ཚར་བཅང་བར ་བྱ་བའི་ཕྱིར། མ་རངས་པའི་གང་མོ་ཤིན་ཏུ་དྲག་ལ། ཆེ་བར་ཧ་ཧ་ཞེས་དགོད་པའོ།། དེ་ཡང་བཞིན་ཁྲོས་པ་དང་བཅས་པས་བགང་པ་ནི་མ་རེངས་པའི་གང་མོ་སྟེ། ཚར་བཅད་པར་བྱ་བའི་ཕྱིར་རོ།། བཞིན་མདངས་ཕྱུང་ནས་དགོད་པ་ནི། རངས ་པའི་དགོད་པ་སྟེ། གདུལ་བྱ་རྗེས་སུ་གཟུང་བའོ།། ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། ཅེས་པ་ནི་ཧི་ཧི་ཞེས་སྒྲོགས་པའི་ཚེ་གནས་དང་མཐུ་ལ་སོགས་པ་དྲེགས་པར་བྱེད་པའི་མི་རུངས་པ་རྣམས་འཇིགས་པར་མཛད་པའོ།། དོན་ཆེན་པོ ་དང་ལྡན་པའི་ཕྱིར་གང་མ་ཆེན་པོའོ།། གང་རྒྱངས་ནི་ལྕི་བྱ་ནས་ཡོངས་སུ་བསྐྱོད་པའོ།། རྡོ་རྗེ་གང་མོ་ཆེརརྭ་སྒྲོགས་པ།། ཞེས་པ་ནི་རྡོ་རྗེ་ལྟར་ཐོགས་པ་མེད་པའི་གསུང་གི་སྒོ་ནས་གདུལ་བྱ་འདུལ་བར་མཛད་པས་ན་དེ་སྐད་ཅེས་བྱའོ།། འོན ་དེ་ལྟར་མོ་བསྐྱོད་པ་དེས་གདུལ་བྱ་ཉེ་བར་འདུལ་བ་དེ་རློམ་སེམས་ཀྱིས་མོ་ཡིན་ནམ་སྙམ་པ་ལ་རྡོརྗེ་ཕྱིར། རྡོ་རྗེ་སེམས་དཔའི་སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་མང་དུ ་མཛད་ཀྱང་གཉིས་སུ་མེད་པ་གཉུག་མ་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ཕྱིར་གང་ལྟར་ནང་གྲང་ཕྱི་རོལ་ཚ་ཞེས་པ་ལ་སོགས་པའི་དོན་ཏེ། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ།། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ་ཞེས་པ་མང་ན་ཡང་གཉིསུ་མེད་པའི ་རྡོ་རྗེ་འདི་ཐམས་ཅད་ཀྱི་ནང་ན་རྒྱལ་པོ་ཡིན་པས་དེ་སྐད་ཅེས་བྱའོ།། དེ་ཉིད་བདེ་བ་ཆེན་པོ་སྟེ། དེ་ལྟར་ན་གདུལ་བྱ་རྣམས་བཏུལ་ནས་བདེ་བ་ཆེན་པོ་ལ་འགོད་པར་བྱེད་པ་དེ་ལ་དྲི་སྐད་ཅེས་བྱའོ།། རྡོ་རྗེ་དགྲ་པོ་དགའ་བ་ཆེ་ཞེས་པ་ནི་རྡོ་རྗེ་ནི་གསུང་དེས ་གདུལ་བྱ་རྣམས་དགའ་བ་ཆེན་པོ་སྟེ། གཉིས་སུ་མེད་པའི་ལམྦ་ལ་འཇོག་པའོ།། རྡོ་ཛྫ་ཧཱུཾ་སྟེ་ཧཱུཾ་ཞེས་པ་ནི་རྡོ་རྗེ་ནི་རང་གི་རིགས་ཡིན་ལ། དེ་བསྐྱེད་པར་བྱེད་པ་རིགས་ཀྱི་ས་བོན་ཧཱུ~ཾ་སྟེ་དེ་འདོན་ཅིང་སྒྲོགས་པའོ།། དེའི་ཕྱིར་བསྐྱེད་པའི་རིམ་པ ་ཡང་ཆོ་གཽ་ཡན་ལག་གསུམ་གྱིས་བསྐྱེད་པའོ།། དྲ་ནི་དྲག་པོ་སྐུའི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། མཚོན་དུ་རྡོ་རྗེ་མདའ་ཐོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་ཕྱག་དྲུག་སྨོས་པའི་ཕྱག་མཚན་བསྟན་པ་སྟེ། རྡོ་དྷཱའི་མངའ་མཐ ་པ་མེད་པར་འབིགས་པར་བྱེད་པའི་མ་དའོ།། འདི་དག་ལ་རྣམ་པ་དང་མཚན་ཉིད་གཉི་ས་གཉི་སུཾ་ཤེས་པར་བྱའོ།། རྡོ་རྗེའི་རལ་གྲི་ཞེས་པ་ནི་རྡོ་རྗེ་ལྟར་ཐོགས་པ་མེད་པར་གཅོད་པའི་རལ་གྲི་སྟེ་ཤེས་རབ་ཆེན་པོའོ།། གཅོད་པ་ནི་ཉོན་མོངས་པ ་མངོན་དུ་རྒྱུ་དང་བག་ལ་ཉལ་བ་མ་ལུས་པ་སེལ་བར་བྱེད་པའོ།། དེས་ནི་འཇམ་པའི་རྡོ་རྗེའི་ཕྱག་གཡས་གཉིས་སྨོས་པ་སྟེ། གཡོན་གཉིས་ན་ཨུཏྤ་ལ་དང་། གཞུ་འཛིན་པའོ།། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན་ཞེས་པ་ནི་སྣ་ཚོགས་རྡོ་རྗེའོ།། འཆ ་བཱ་ནི་འཛིན་པའོ།། རྡོ་རྗེ་གཅིག་པུ་ནི་རྡོ་རྗེ་རྩེ་གཅིག་པ་སྟེ། རྣམ་པ་ཐ་དད་པ་ཀྱང་མཚན་ཉིད་རྡོ་རྗེའི་རིགསུ་གཅིག་པས་དེ་སྐད་ཅེས་བྱའོ།། གཡུལ་ནི་ཉོན་མོངས་དང་གཡུལ་འགྱེད་པའི་ཚེ་ངེས་སེལ་བའོ།། དེ་དག་གིས་ཕྱག ་མཚན་བསྟན་ནས། ད་ནི་སྤྱན་ལ་སོགས་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེའི་ཕྱིར། རྡོ་རྗེ་འབར་བ་མིག་མི་བཟང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབར་བ་ཞེས་པ་ནི་མེ་སྟེ། རེག་བྱ་ཚ་བ་དང་ཁ་དོག་དམར་བའི་མཚན་ཉིད་དང་ལྡན ་པས་གདུལ་བྱ་མ་རུངས་པ་རྣམས་གཟིགས་པས། རྡོ་རྗེ་ལྟར་ཐོགས་པ་མེད་པར་བསྲེག་པའོ།། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། ཞེས་པ་ནི་ཁ་དོག་མེ་འབར་བ་ལྟར་གྱེན་ལ་འགྲེང་བ་དང་། མདོག་དམར་སེར་གྱི་མེ་ལྟ་བུ་དེས་ན་མཁའ་འམ་སྟེང་གི་ཕྱོ། ་ན་གནས་པའི་གདུག་པ་ཅན་རྡོ་རྗེ་ལྟར་ཐོགས་པ་མེད་པར་འདུལ་བར་བྱེད་པའོ།། རྡོ་རྗེ་འབེབས་པ་ཞེས་པ་ནི་སྐུ་དབྱར་གྱི་ཆར་སྤྲིན་ལྟར་སྨིན་མའི་བར་ནུས་གློག་ལྟ་བུའི་འོད་འབྱུང་བ་དང་། མཆེ་བ་གཙིགས་པའི་བར་ནས་ལྗགས་འདྲིལ ་བས་ཞལ་དང་ཚེམས་ཀྱི་བར་ནས་རྡོ་རྗེའི་ཐོག་འབེབས་པའོ།། འབེབས་པ་ཆེ་ཞེས་པ་དེ་དག་གི་བ་སྤུ་ནས་ཀྱང་རྡོ་རྗེ་ལྟར་ཐོགས་པ་མེད་པར་རྡོ་རྗེ་ཕྲ་མོའི་ཚོགས་འབེབས་པའོ།། མིག་བརྒྱ་པ་ཞེས་པ་ནི་གདོང་པ་བརྒྱ་ལ་མི་མཉམ་པའི་མྱིག ་བརྒྱ་ཡོད་པའོ།། རྡོ་རྗེའི་མིག་ཅེས་པ་ནི། རེག་བྱ་ཚ་ཞིང་ཁ་དོག་དམར་བའི་མིག་གིས་གདུལ་བྱ་རྣམས་ལ་བལྟས་པས་རྡོ་རྗེ་ལྟར་ཐོགས་པ་མེད་པར་སྲེག་པའོ།། ལུས་ནི་རྡོ་རྗེའི་བ་སྤུ་ཅན། ཞེས་པ་ནི་སྐུ་གསུམ་གསུམ་རྩེ་མོ་འདུས ་པའི་རྡོ་རྗེའི་རྩེ་མྱོ་ནྡན་ནོ།། རྡོ་རྗེའི་སྒྲ་ནི་གཅིག་པུའི་ལུས་ཞེས་པ་སྟེ། ཤིན་ཏུ་རྙི་ཞིང་ཆ་ཕྲ་བའི་ལུས་ཀྱང་རྡོ་རྗེ་ལྟར་ཐོགས་པ་མེད་པར་གདུལ་བྱར་འདུལ་བར་བྱེད་པས་ལུས་ཁྱབ་པསཱ་ན་ལུས་སོ།། སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། ་ཞེས་པ་ནི་སེན་མོའི་རྩེ་མོ་རྡོ་རྗེ་ལྟར་རྣོ་བས་གདུལ་བྱ་རྣམས་ཀྱི་པགས་པ་ཕུག་ནས་མེར་འབར་བར་བྱེད་པའོ།། རྡོ་རྗེ་སྙིང་པོ་ཞེས་པ་ནི་ཐུགས་རྡོ་རྗེ་སྟེ་ཐོགས་པ་མེད་པའོ།། དེ་ལ་གཡོགས་པའི་པགས་པ་ཡང་རྡོ་རྗེ་དང་འདྲ་བ་སྟེ། དེའི་ཕྱིར་རྡོ་རྗེའི ་གོ་བགོ་བ་ཞེས་བྱའོ།། མཁྲེགས་ཞེས་པ་ནི་མཚོན་པ་སྟེ།། རྡོ་རྗེའི་ཆོས་བདུན་དང་ལྡན་པའོ།། རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། ཞེས་པ་ནི་རྡོ་རྗེའི་མཚན་ཉིད་དང་ལྡན་པའི་ཐོད་པའི་ཕྲེང་བས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་དོ་ཤལ་ཙ་ནུ་མོ།། ་རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། ཞུས་པ་ནི་རུས་པ་ལ་རྡོ་རྗེའི་རྣམ་པ་ལྟར་བྱས་པའམ། དེ་ལྟར་སྲ་བའི་རྒྱན་ཆ་བདུན་དང་ལྡན་པའོ།། ད་ནི་གསུང་གི་རྣམ་པ་བསྟེན་པར་བྱ་བའི་ཕྱིར། གངྒཱ་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། ཞེས་བྱ་བ་ལ་སོགས ་པ་གསུངས་ཏྲཾ། ཞུམ་པ་མེད་པའི་སེམས་ཀྱིས་ཧཱ་ཧཱ་ཞེས་སྒྲོགས་པས་རཱང་ལས་གཞན་པ་རྣམས་ཤིན་ཏུ་སྐྲག་པར་མཛད་པའོ།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ།། ཞེཿས་པ་ནི་གཞན་དག་ནི། ཨོཾ་བཱ་གཱི་ཤཱི་རི་མུ་ཞེས་པ་ལྔ་བཞེད་དོ།། ལ་ལ་ཡི ་གེ་དྲུག་པ་ནི་འཁོར་ལོས་སྒྱུར་བ་དྲུག་གི་སྔགས་སོ་ཞེས་བཞེད་དོ།། འདིར་ཞལ་དྲུག་དྲིལ་བུའི་སྒྲ་དང་ལྡན་ཞེས་གསུངས་ཏེ། ཞལ་ནས་ཤིན་ཏུ་མྱུར་བར་ཧཱུཾ་དྲུག་བརྗོད་པ་འམ། གདུལ་བྱ་སྐྲག་པར་བྱ་བའི་ཕྱིར་ཨ་ལ་ལ་ལ་ལ ་ལ་ཞེས་བརྗོད་པའོ།། ཕྱིར་ཇི་ལྟར་སྒྲོགས་ཀྱང་ནང་དུ་གཉིས་སུ་མེད་པའི་ངང་ལས་མ་གཡོས་པས་ན་འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བའོ།། འཇིག་རྟེན་གསུམ་ན་སྒྲ་གཅིག་པ། ཞེས་པ་ནི་འཇིག་རྟེན་གསུམ་ནི་འདོད་པ་དང་། ་གཟུགས་དང་། གཟུགས་མེད་པའི་ཁམ་སོ།། དེ་ནི་ཟིན་པ་དང་མ་ཟིན་པའི་སྒྲ་ཇི་སྙེད་དུ་གྲགས་ཀྱང་གཉི་སུ་མེད་པའི་འཇམ་དབྱངས་ཀྱི་སྒྲ་གཅིག་པུ་འདི་མཆོག་གོ།། ཡང་ན་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་གི་སྒྲ་སྒྲོགས་པའོ།། ་ཙམ་དུ་ཁྱབ་སྙམ་པ་ལ། ནཱ་མཁའི་མཐས་ཀླུས་སྒྲ་སྒྲོགས་པ། ཞེས་པ་འདིས་ནི་བཟླས་པའི་ཕནྡ་ཡོན་ཀྱང་བཤད་པའོ།། སྒྲ་དད་ལྡན་པ་རྣམས་ཀྱི་མཆོག། ཅེས་པ་ནི་སྒྲ་ནི་ཟིན་པ་དང་མ་ཟིན་པའི་སྒྲ་རྣམས་ལས་འདིར་མཆོག་གོ།། ཕུ་ལོ།། ་གྱ་ནོམ་པའོ་ཞེས་པ་ལ་སོགས་པའི་དོན་ཏོ།། དེ་དྲུག་གིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བཤད་ཟིན་ཏོ།། །། ད་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་བསྟན་པར་བྱ་སྟེ། ཡང་དག་བདག་མེད་དེ་བཞིན་ཉི་དྲཱ་ཅེས་བྱ་བ་ལ་སོ ་པ་གསུངས་ཏེ། ཡང་དག་པ་ནཱི་མཱ་ནོར་བའོ།། དེ་ནི་མི་སླུ་བའོ།། དེ་ནི་ཡིད་ཀྱིས་ཕྲད་པར་འདོད་པའོ།། ཕྲང་བ་ནི་ཡོད་ན་ཕྲད་ཅིང་མེད་ན་དེ་ལྟ་མ་ཡིན་པ་སྟེ། གཉིས་སུ་མེད་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནི་ཡིད་ལ་ཕྲད་པར ་གྱུར་པ་སྟེ། མད་ལ་མི་ཕྲད་པ་ནི་རི་བོང་གི་རྭ་ལྟ་བུ་མ་ཡིན་པའོ།། བདག་མེད་པ་ནི་ཆོས་དང་གང་ཟག་གི་བདག་གིས་དབེན་པའོ།། དེའི་མཚན་ཉིད་ནི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ་ཆོས་ཉིད་དང་ཞེས་པ་ལ་སོགས་པ་རྣམ་གྲངསོ།། ཡི་གེ་མེད་ཅེསྭ་པ་ནི་རྟོག་གྲེ་པ་རྣམས་ཀྱི་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། བླ་མ་དམ་པའི་ཞབས་ཀྱི་པདྨ་ལ་གུས་པའི་སྤྱོད་ཡུལ་ལོ་ཞེས་པའི་དོན་ཏོ།། དེས་ནི་ཐུགས་ཀྱི་སྣང་བ་སྒྲོ་འདོགས་དང་བྲལ་བ་བསྟན ་འོ།། ང་ནི་གསུང་གི་སྣང་བ་སོ་སོར་དབྱེ་བ་བསྟན་པར་བྱ་བའི་ཕྱིར། སྟོང་ཉིད་སྨྲ་བའི་ཁྱུ་མཚོ་གཱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་བ་ལང་རྣམ་ས་ཀྱི་ནང་ན་ཁྱུ་མཆོག་མཆོག་ཏུ་གྱུར་པ་ཡིན་ལ། འདིར་ཡང་སྟོང་པ་ཉིད་དང་། ་ཡང་དག་པའི་མཐའ་ཞེས་པ་ལ་སོགས་པ་དེ་སྨྲ་བ་མཆོག་སྟེ། གཞན་གྱིས་ཟིལ་གྱིས་མ་ནོན་པའི་ཕྱིར།། ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ། ཞེས་པ་ནི་ཟབ་པ་ནི་བཤད་མ་ཐགས་པ་ཡིན་ལ། དེ་སྟེན་པར་བྱེད་པའི་སྒྲ་སྒྲོགས་པར་བྱེད་པ་དེ་ལ་ཡང ་དེ་སྐད་ཅེས་བྱའོ།། རྒྱ་ཆེ་བ་ནི་ཐུབས་མང་བ་དང་། ཐུབས་ཆེ་བའི་སྒོ་ནས་སོ།། དེ་ནི་བརྗོད་པའི་སྔགས་སོ།། ཆོས་ཀྱི་དུང་སྟེ་ཀྲིས་པ་ལ་སོགས་པ་གསུམ་ནི་སྟོན་པར་བྱེད་པའི་བརྡ་ཡིན་པས་བརྡའི་སྔགས་སོ།། དྲངོས་པོ་འདི་གསུམ་གྷ་སྒོ ་ནས་ཡང་དག་པའི་མཐའ་སྟོན་པར་བྱེད་པའོ།། མི་གནས་མྱ་ངན་འདས་པ་པོ།། ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་སྟེ། ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་འདི་ལྟ་བུའི་ལམ་ལ་སྐུལ་བར་བྱེད་དོ ་ཞེས་པའོ།། ད་ནི་སྐུའི་སྣང་བ་མཆོག་ཏུ་བསྟན་པར་བྱ་བའི་ཕྱིར། གཟུགས་མེད་གཟུགས་བཟང་དམ་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་མེད་ཅེས་པ་ནི་ཡུལ་དཔྱད་པས་གཟུགས་སུ་ཡོད་པ་དང་། རེག་པས་གཟུན ་སུ་ཡོད་པ་ཞེས་བྱ་བ་ལ་སོགས་པ་མེད་པའོ།། གཟུགས་བཟང་ཞེས་པ་ནི་ཆུའི་ནང་དུ་སྐྱེས་པའི་གྲིབ་མྱ་སྣང་བ་ལྟ་བུར་སྣང་དུ་རུང་བའི་ཕྱི་རོ།། དམ་པ་སྟེ་ཤེས་པ་ནི་ཚོགས་གཉིས་ལས་བྱུང་བའི་ཕྱིར་རོ།། ་སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། ཞེས་པ་ནི་ཕྱོགས་གཅིག་པ་བསལ་བ་ཡིན་ཏེ། ཁ་དོག་སྣ་ཚོགས་དང་། གཟུགས་སྣ་ཚོགས་དང་། རེག་པ་སྣ་ཚོགས་པའི་གཟུགས་སུ་སྣང་བ་ཅན་ནོ།། ཡིད་ལས་སྐྱེས་ཤེས་པ་ནི་འགྲོ་བ ་རྣམས་ཀྱི་ཡིད་སྦྱང་བར་བྱ་བའི་ཕྱིར་རོ།། ཡིད་དགའ་བར་བྱེད་པ་དང་། ཡིད་ཚིམ་པར་བྱེད་པ་དང་། ཡིད་འཕྲོག་པར་བྱེད་པས་དེ་སྐད་ཅེས་བྱའོ།། གཟུགས་རྣམས་ཐམས་ཅད་སྣང་བའི་ཞེས་པ་ནི་སྐུའི་མཚན་ཉིད་ཐམས་ཅད་དུ་སྣང་བ་སྟེ། གང ་ལ་གང་གིས་འདུལ་བའི་སྐུའོ།། དཔལ་ཞེས་པ་ནི་བདག་དང་གཞན་གྱི་དོན་འབྱུང་བས་སོ།། གཟུགས་བརྙན་མ་ལུས་འཆང་བ་པོ་ཞེས་པ་ལ། གཟུགས་ཞེས་པ་ནི་སྣང་དུ་རུང་བའོ།། བརྙན་ཞེས་པ་ནི་དངོས་པོ་མ་ཡིན་ཏེ། ཆུའི་གཟུགས་བརྙན་ལྟ ་བུའོ། མ་ལུས་ཞེས་པ་ནི་ཆེ་བ་དང་ཆུང་བ་དང་མང་བ་དང་ཉུང་བྱ་ལ་སོགས་པ་སྟེ། འཆང་བ་ནི་དེ་ལྟ་བུའི་གཟུགས་འཛིན་པའོ།། ཡང་ན་གཟུགས་ནི་གསུམ་སྟེ། འཇའ་ཚོན་ལྟ་བུ་དང་། པདྨ་ལྟ་བུ་དང་། རྣམ་པར་སྨིན་པ་ལས་བྱུང་བའོ།། ་ཚུགས་པ་མེད་ཅིང་ཆེ་བར་གྲགས། ཤེས་པ་ལ། འཇའ་ཚོན་ལྟ་བུའི་སེམས་དེ་ལ་འབྱུང་བ་བཞིའི་གནོད་པས་མི་ཚུགས་པས་དེ་སྐད་ཅེས་བྱའོ།། དེ་ལྟ་བུ་ལ་སྐུ་ཆེན་པོ་ཞེས་རང་དང་གཞན་གྱི་གྲུབ་པའི་མཐའ་ལས་གྲགས་སོ།། ། ་ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། ཞེས་པ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ནི་ཁམས་གསུམ་མོ།། དེ་ལ་དབང་སྒྱུར་བ་ནི་དབང་ཕྱུག་སྟེ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ཡིན་ལ། དེ་རྣམས ་ཀྱི་ཡང་ཆེན་པོ་ནི་གཉིས་སུ་མེད་པའི་སྐུའོ།། འཕགས་ལམ་ཤིན་ཏུ་མཐོ་ལ་གནས། ཤེས་པ་ནི་ལཱམ་རྣམས་ལས་ཁྱད་པར་འཕ་གས་པ་སྟེ་རྡོ་རྗེའི་ཐེག་པའོ།། ལམ་ཤིན་ཏུ་མཐོ་བའི་ནི་རྣམ་པ་གཉིས་ཏེ། དེ་ལས་བསྐྲུན་པའི་ཡེ ་ཤེས་ཀྱི་སྐུའོ།། དར་བ་ཆེན་པོ་ཆོས་ཀྱི་ཏོག། ཅེས་པ་ནི་དར་ལ་ཁང་པའི་སྔ་ལྟ་སུ་རྟགས་ཏེ། སྐུ་འདི་ལྟ་བུ་འབྱུང་བའོ་ཞེས་གསུང་སོ།། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། ཅེས་པ་ནི་འཇིག་རྟེན་གསུམ་ནི་འདོད་པ་དང་། གཟུགས ་དང་གཟུགས་མེད་པའོ།། གཞོན་ལུས་གཅིག་ཅེས་པ་ནི་དེར་གནས་པའི་སེམས་ཅན་འགྲོ་བ་རྣམས་ཀྱི་དོན་མཛད་ཀྱང་དེ་དག་གི་ཉེས་པས་མ་གོས་པཱ་ན་དེ་སྐད་ཅེས་བྱའོ།། ཡང་ན་ཟབ་མོ་ལྟར་ན་འཇིག་རྟེན་གསུམ་ནི་དགའ་བ་དང་། མཆོག་ཏུ ་དགའ་བློ་དང་། དགའ་བྲལ་ལོ།། གཞོན་ལུས་གཅིག་ནི་ལྷན་ཅིག་སྐྱེས་པ་སྟེ། དེས་དགུའ་བ་གསུམ་ལ་རྒྱས་འདེབས་པས་ན་དེ་སྐད་ཅེས་བྱའོ།། གནས་བརྟན་རྒན་པོ་ཞེས་པ་ནི་གདོང་མ་ནུས་ལྷུན་གྱིས་གྲུབ་པས་ན་རྒན་པོའོ།། ་སྐྱེ་དགུའི་བདག་ནི་སྐྱེས་སོ་ཅོག་གི་དོན་མཛད་པ་སྟེ། ངག་པ་དང་མི་དག་པ་བསྡུས་པའོ།། སུམ་ཅུ་རྩ་གཉིས་མཚན་འཆང་བ། ཞེས་པ་ནི་མཚན་དང་དཔེ་བྱང་དང་ལྡན་པའོ།། སྡུ་གུ་འཇིག་རྟེན་གསུམ་ན་མཛེས་ཞེས་པ་ནི་བལྟ་བ ་ཆོ་ག་མི་ཤེས་པའི་སྐུ་ཞེས་བྱའོ།། ཡང་ན་སུམ་ཅུ་རྩ་གཉིས་ནི་རྩའོ།། མཚན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེས་ཁྱབ་པའོ།། འཆང་ཞེས་པ་ནི་བདེ་བ་དང་ལྡན་པའོ།། སྡུག་ཏུ་ཞེས་པ་ནི་བལྟ་བས་ཆོག་མི་ཤེས ་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཕོ་ཉེའོ།། འཇིག་རྟེན་གསུམ་ནི་དེ་དང་གཉིས་སུ་མེད་པ་ལས་བྱུང་བའི་དགའ་བ་གསུམ་མོ།། མཛེས་ཞེས་པ་ནི་དེ་དག་གི་ནང་ན་ལྷན་ཅིག་སྐྱེས་པ་མཆོག་གོ་ཞེས་པའོ།། ད་ནི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེ་མེ་ཤེས་ལེགས་སློབ་དཔོན་ཏེ། ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ཞེས་པ་ཚུ་རོལ་མཐོང་བ་རྣམས་ཀྱིས་སྔར་བཤད་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ། སྐུ་མཚན་དང་དཔེ་བྱད ་ཀྱིས་སྤྲས་པ་དེ་ལྟ་བུ་མཐོང་བའི་སྐལ་བ་མེད་པ་ལ་རྡོ་རྗེ་འཆང་གཉིས་པ་འཇིག་རྟེན་འདི་ན་བཞུགས་པ་དེས་ཤེས་པ་སྟེ། ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་དང་། ལེགས་པ་སྟེ། བྱང་ཆུབ་གསུམ་ལ་སྦྱོར་བར་བྱེད་པའི་ལམ་སྟོན་པར ་བྱེད་པའི་ཕྱིར་སློབ་དཔོན་ཏེ། དེ་ཁོ་ན་ཉིད་བཅུ་དང་། ཚུལ་བདུན་ལ་སོགས་པ་དང་ལྡན་པའོ།། དེ་ལྟ་བུ་དེ་ནི་འཇིག་རྟེན་ན་བཞུགས་ཀྱང་འཇིགས་པ་མེད་དེ། ཆུ་བོ་བཞི་དང་ངན་སོང་གསུམ་གྱི་རྒྱུ་དང་འབྲས་བུ་ལས་གྲོལ་བར་མཛད་པའི་ཕྱིར ་སློབ་དཔོན་དུ་འོས་པས་ན་འཇིག་རྟེན་སློབ་དཔོན་འཇིགས་པ་མེད། ཅེས་བྱའོ།། མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ་ཞེས་བྱ་བ་ལ། བླ་མ་དེ་ནི་སློབ་མ་རྣམས་ཀྱི་མགོན་ཡིན། སྐྱོབ་པ་ཡིན་ཏེ་འཁོར་བ་ལས་སོ།། འཇིག་རྟེན་ནི ་འཇིག་རྟེན་པའི་སློབ་མ་རྣམས་སོ།། ཡིད་བཙུགས་པ་ཞེས་པ་ནི་སློབ་མ་རྣམས་ཀྱིས་སེམས་བརྩེ་ཞིང་འཐུན་པར་བྱ་བར་འོས་པའོ།། སྐྱབས་དང་སྐྱོབ་པ་བླ་ན་མེད། ཅེས་པ་ནི་སེམས་ཅན་གྱི་སྐྱབས་དང་དཔུང་གཉེན་དུ་གྱུར་པ་སྟེ། དཀོན ་མཆོག་གསུམ་གྱི་ངོ་བོའོ།། དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ལ་བསྙེན་བཀུར་སྔོན་དུ་འགྲོ་བས་གསོལ་བ་གདབ་པར་བྱའོ།། དེ་ནས་བླ་མོས་གནས་དང་ཡོ་བྱད་ཇི་ལྟ་བུ་རྣམས་ཚོགས་ཤིང་འབྱོར་རིམ་ཞེས་དྲི་བར་བྱའོ།། དེའི་ཚེ་ཁས་ལེན་ན ་དེ་ནས་བསྙེན་པ་ལ་འཇུག་པར་བྱ་སྟེ། གྲངས་དང་། དུས་དང་། མཚན་མའོ།། བསྙེན་པའི་ལས་ནི་དང་པོར་བཤད་ཅེས་བྱའོ།། དེ་ནས་དང་པོས་བརྟག་པ་ལ་སོགས་པའི་ཆོ་ག་རྫོགས་པར་བྱའོ།། དེ་ནས་སའི་ལྷ་མོ་དང་། ལྷག་པའི་ལྷ ་དང་། བུམ་པ་དང་། སློབ་མ་རྣམས་སྟ་གོན་དུ་བྱའོ།། དེ་ནས་ཐིག་དང་ཚོན་གྱི་མན་ངག་ཤེས་པར་བྱས་ཏེ། དཀྱིལ་འཁོར་བྲིས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགོད་པ་དང་། ཕྱི་ནང་གི་རྒྱན་དང་།། མཆོད་པ་དགྲམ་པ་དང་། དཀྱིལ་འཁོར་སླར ་བཤད་པའི་ཚོ་གས་དཀྱིལ་འཁོར་བསྐྱེད་པ་དང་། མཉེས་པར་བྱ་བའི་ཁྱད་པར་རྣམས་ཀྱིས་དཀྱིལ་འཁོར་མཆོད་པ་བྱས་ཏེ། སློབ་མ་གཞུག་པར་བྱ་བའི་ཕྱིར་ཁྲུས་དང་། གདོང་རུས་བཅིང་བ་དང་། མེ་ཏོག་གཏད་པ་དང་། ནད་དུ་རླུང་བྱཱ་དང་། ་འདོད་པ་རྡི་བ་དང་། བགགས་བསྐྲད་པོ་དང་། དམ་ཚིག་བསྒྲག་པ་དང་མིལ་བ་སཾ་བསལ་བ་དང་། ཕྱག་བཞི་བྱ་བ་དང་། བྲལ་ལ་དགང་བ་དང་། ངོ་མཆོག་བཟློག་པ་དང་། མི་ཤེས་དབབ་པ་དང་། སྣང་བ་བརྟག་པ་དང་། མི་ཧོམ ་བ་དང་། མེ་ཏོག་མགོ་ལ་གདགས་པ་དང་། གདོད་གཡོགས་བླང་ཞིང་མིག་དབྱེ་བ་དང་། ལྷ་དང་དཀྱིལ་འཁོར་བསྟན་པ་རྣམས་ནི་འཇུག་པའི་ཆོ་གའོ་དེའི་ཕྱིར། ན་མཁའི་མཐའ་ལ་ལོངས་སྤྱོད་པ། ཞེས་པའི་ཚིག ་གཉིས་པོ་འདི་བཤད་པ་དང་འཆད་པར་འགྱུར་བ་གཉིས་ཀའི་དོན་སྟོན་པར་བྱེད་པའོ།། དེ་ལ་བཤད་པའི་དབང་དུ་བྱས་ནས་བླ་མའི་མཁྱེན་པའི་ཡོན་ཏན་དང་། སེམས་ཅན་རྗེས་སུ་བཟུང་བའི་ཐབས་ན་མཁའི་མཐའ་དང་མཉམ་པར་མཁྱེན ་པའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚེ། ཞེས་པ་ནི་ཇི་ལྟར་རྒྱ་མཚོ་ལ་ནོར་བུ་འབྱུང་བ་ལྟར་ཐམས་ཅད་མཁྱེན་པ་ཡང་བླ་མ་ལས་འབྱུང་བའོ།། འཆང་བ་ལྟར་ན་དབང་ཡོངས་སུ་རྫོགས་པ་ལས་ན་མཁའ་ནི་ཆོས་ཀྱི་སྐུའོ།། ལོངས་སྤྱོད ་བཱ་ནི་གཟུགས་སྐུ་གཉིས་ཀྱི་སེམས་ཅན་རྗེས་སུ་འཛིན་པའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྐུ་གསུམ་མོ།། མཚོ་ཞེས་པ་ནི་རིན་པོ་ཆེ་འབྱུང་བར་བྱེད་པ་སྟེ། དབང་བསྐུར་བ་ལས་བདག་དང་གཞན་གྱི་དོན་འབྱུང་བའི་ཕྱིར་རོ།། ་ནི་མཱ་རིག་པ་རིག་པར་བྱ་བའི་ཕྱིར་རིག་པའི་དབང་བསྐུར་བ་བསྟན་པར་བྱ་བའི་ཕྱིར། མ་རིག་སྒོ་ངའི་སྦུབས་འབྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་ཞེས་པ་ནི་ཁམས་དུ་མ་འདུས་པ་ལ་བདག་ཏུ་འཛིན་པས་ན་མ་རིག ་པ་ཡིན་ལ། དེ་ནི་སྦུབས་སམ་ཤུགས་ཞེས་བྱ་སྟེ། སྒོ་ང་དང་འདྲ་བ་རིག་པའི་སྲུབས་མེད་པའོ།། དེ་གང་གིས་འབྱེད་ན། སྔར་བཤད་པའི་བླ་མས་སོ།། ཐབས་གང་གིས་ན། དབང་གསུམ་པས་སོ།། ཡང་ན་མ་རིག་པ་ནི་རིག་པ་ཡེ་ཤེས ་ལ་ཀུན་ནས་སྒྲིབ་པར་བྱེད་པ་སྟེ། དཔེར་ན་སྦུབས་སམ་སྒོ་ང་དང་འདྲ་བས་སོ།། དེ་འབྱེད་པས་ན་བླ་མས་སོ།། ཐབས་གང་གིས། ཤེ་ན། རིག་པའི་དབང་ལྔ་སྟེ། དེའི་དོན་ནི་རིག་པའི་དབང་ལྔས་གཟུགས་ལ་སོགས་པ་ལྔ་རྣམ་པར་སྣང་མཛད ་ལ་སོགས་པ་ལྔ་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་དུ་བྱ་སྟེ། གཏི་མུག་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་དང་། གཞན་ཡང་ཁམས་དང་སྐྱེ་མཆེད་རྣམས་ཀྱང་ལྷར་བྱིན་གྱིས་བརླབ་བོ།། དེས་ཅི་བྱེད་སྙམ ་པ་ལསྲིད་པའི་དྲ་བ་འཇོམས་པ་པོ་ཞེས་གསུངས་ཏེ། སྲིད་པ་ནི་འཁྲོར་བ་ཉོན་མོངས་པ་དང་བཅས་པའོ།། དེ་དྲ་བ་འམ་རྒྱ་དང་འདྲ་བའོ།། འཇོམས་པ་ནི་དབང་གིས་ཏེ། ཆུ་དང་ཞེ་སྡང་ནི་མི་བསྐྱོད་པ་ལ་སོགས་པའི་དོན་ཏོ།། ཉོན་མོངས་མ ་ལུས་ཞི་བྱེད་པ། ཞེས་པ་ནི་དེ་ཉིད་དོ།། འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་ཅེས་པ་ནི་འཁོར་བ་ནི་འཁོར་བར་བྱེད་པ་སྟེ། སྐྱེ་བ་ལ་སོགས་པའོ།། རྒྱ་མཚོ་ནི་མཚོ་དང་འདྲ་བའོ།། ཕ་རོལ་ཏུ་ཕྱིན་པ་ནི་ཇི་ལྟར་གཟིངས་དང་། གཉན་པ་དང་། སྐྱེ་བའི ་སྒོ་ནས་ཕྱིན་པར་བྱེད་པ་སྟེ། ཐ་མ་དང་། དབང་གི་མན་ངག་གིས་ཤེས་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་འབྲས་བུ་མངོན་དུ་བྱས་པའོ།། ཡང་ན་ལུང་བསྟན་པ་དང་། དབུགས་དབྱུང་བ་བསྡུས་པའོ།། ཡ་ཤས་དབང་བསྐུར་ཞེས་པ་ནི་ཡེ ་ཤེས་དབང་བསྐུར་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་རིགས་ལྔའི་རྫས་ཀྱིས་དབང་བསྐུར་བའོ།། ཅོད་པན་ཅན་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རྟོག་པ་བསལ་བར་བྱ་བའི་ཕྱིར་ལྷར་བྱས་ལ།། དེ་ཉིད་ཀྱི་རྟོག་པ་བསལ་བར་བྱ་བའི ་ཕྱིར་ཅོད་པན་ལ་རིགས་ལྔས་རྒྱས་གདབ་པོ།། ཡང་ན་ཅོད་པན་ཞེས་པས་ནི་ཅོད་པན་ཉིད་བཟུང་ལ། དེས་ནི་དབང་གི་རྫས་བཞི་པོ་ཡང་གཟུང་ངོ་།། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་ཞེས་པ་ནི་བཤད་མ་ཐག ་པ་དེ་ཉིད་དོ།། ཡང་ན་མེ་ཏོག་གང་ལ་བབས་པ་དེ་ཉིད་དེ་ལ་སྦྱིན་པར་བྱ་སྟེ། མི་འབྲལ་བར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ།། ང་ནི་རིག་པ་གྲོལ་བར་བྱ་བའི་དབང་བསྟན་པར་བྱ་བའི་ཕྱིར། སྔགས་བསྔལ་གསུམ་གྱི་སྡུག་བསྔལ་ཞི། ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གསུམ་ནི་རིག་པའི་དབང་གི་ལྟར་ན་འགྱུར་བ་ལ་སོགས་པའི་སྡུག་བསྔལ་གསུམ་མམ། ལུས་ངག་ཡང་གསུམ་དུ་གཏོགས་པའི་སྡུག་བསྔལ་ཞི་བ་འམ་བསལ་བའོ།། གསུམ་པ་ལྟར་ན ་སྡུག་བསྔལ་ནི་དགྲའ་བ་དང་པོ་གསུམ་སྟེ། རྟོག་པ་དང་བཅས་པའི་ཕྱིར་རོ།། དེའི་ཕྱིར་སྡུག་བསྔལ་བས་ལ་ན།། ཞི་བ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཟུང་ངོ་།། དེ་ཉིད་སླར་བཤད་པ། གསུམ་སེལ་ཅེས་པ་སྟེ། རྟོག་པ་དང་བཅས་པའི ་དགའ་བ་གསུམ་མི་འཛིན་པས་སོ།། གསུམ་གང་ཞེ་ན། མཐའ་ཡས་ཤེས་པ་སྟེ། མཐའ་ཡས་པ་ནི་ཨཱ་ནནྡ་ཏེ་དགའ་བའོ།། གྲོལ་བ་ནི་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པའོ།། གསུམ་ཐོབ་ཅེས་པ་ནི་སྐུ་གསུམ་ཐོབ་པའོ།། སྒྲིབ ་པ་ཀུན་ཅེས་པ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་མ་རྟོགས་པ་རྣམས་སོ།། ངེས་པ་ནི་གདོན་མི་ཟ་བར་གྲོལ་བའོ།། མཁའ་ལྟར་མཉམ་ཞེས་པ་ནི་གཉིས་འདས་ནས་ནི་གཉིས་མཉམ་པ་ཞེས་པ་སྟེ། ལྷན་ཅིག་སྐྱེས་པའི ་མཚན་ཉིད་དོ།། ཆགས་པ་དང་བཅས་པའི་མཚན་ཉིད་དེས་སླར་ཉོན་མོངས་པར་མི་འགྱུར་རམ་སྙམ་པ་ལ། ཉོན་མོངས་དྲི་མ་ཀུན་ལས་འདས། ཞེས་པ་སྟེ། ཉོན་མོངས་པ་ཡང་ཡིན་ལ་དྲི་མ་ཡང་ཡིན་པས་ཉོན་མོངས་དྲི་མ་སྟེ་དགའ་བ་གསུམོ།། ། ་འདས་པ་ནི་དེ་ལས་འདས་པ་སྟེ། ལྷན་ཅིག་སྐྱེས་པའོ།། དུས་གསུམ་ནི་སྐད་ཅིག་གསུམ་མོ།། དུས་མེད་ཅེས་པ་ནི་གཉིས་སུ་མེད་པ་སྟེ། མཚན་ཉིད་དང་བྲལ་བའོ།། རྟོགས་པ་ནི་རྟོགས་པར་བྱའོ།། ཞེས་པའི་དོན་ཏོ།། ད་ནི་དེ་དག་གི་ཕན ་ཡོན་མདོར་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱི་གཙོ་བོ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀུན་ནི་དེ་ལྟར་དབང་ཐོབ་པ་དེ་དག་གོ། གཙོ་བོ་ནི་སེམས་ཅན་གཞན་གྱི་གཙོ་བོར་གྱུར་པ་ཞེས་པའི་དོན་ཏོ།། ་ཡོན་ཏན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་།། དེ་ཉིད་བཀུར་བར་འོས་པས་ཐོང་ངོ་།། རྣམས་ཀྱི་ཐོད་ཅེས་པ་ནི་དེ་བས་ཀྱང་ཆེས་བླ་མའི་མན་ངག་གུས་པར་གཟུང་བར་བྱའོ།། ལུས་ཀུན་ལས་ནི་རྣམ་གྲོལ་བ། ཞེས་པ་ནི་བསྒོམ ་པར་བྱ་བ་སྟོན་པ་སྟེ། རིག་པའི་དབང་དང་ལྡན་ནས་ཕུང་པོ་ལྔ་ལ་སོགས་པ་རིགས་ལྔ་ལ་སོགས་པར་བསྒོམ་པའོ།། གཉིས་པས་ནི་སྐུར་འཛིན་པ་ལས་གྲོལ་ཏེ། འཁོར་ལོ་དྲུག་ལྀ་བཀོད་པའི་ཡིག་འབྲུ་བསྒོམ་པའོ།། གསུམ་པས་ནི་ཡིག ་འབྲུ་བསྒོམས་པའི་རྟོག་པ་ལས་གྲོལ་ཏེ། ཐིག་ལེ་བྱང་ཆུབ་སེམས་བསྒོམ་པའོ།། བཞི་པས་ནི་དེ་དག་ཐམས་ཅད་གཉིས་སུ་མེད་པར་བསྒོམ་པའོ།། ཡང་ན་ལུས་ཀུན་ཅེས་པ་ནི་གསུམ་སྟེ། ལས་ཀྱི་ལུས་དང་། རྣམ་པར་སྨིན་པའི་ལུས ་དང་། བག་ཆགས་ཀྱི་ལུས་སོ།། དེ་དབང་གསུམ་གྱིས་སྦྱོང་བར་བྱེད་པ་སྟེ། ཡེ་ཤེས་ཀྱི་ལུས་སུ་གྱུར་པས་ན་མཁའི་ལམ་ལ་རབ་གནས་པ། ཞེས་གསུངས་ཏེ། ནམ་མཁའ་ནི་འདུས་མ་བྱས་ཏེ། ཆོས་ཀྱི་སྐུ་མངོན་དུ་བྱེད ་པའོ།། གནས་པ་ནི་ལོངས་སྤྱོད་པ་དང་། སྤྲུལ་པ་སྟེ། དེས་སེམས་ཅན་རྗེས་སུ་འཛིན་པར་མཛད་པས་སོ།། ཡང་ན་ན་མཁའ་ནི་གོ་བླའོ།། དེ་ལ་གནས་པ་ནི་མཁའ་གྲོ་མ་རྣམས་ཏེ། དེ་དག་དང་མི་གཉིས་པར་མཁའ་སྤྱོད་དུ་འགྱུར་བའོ།། ང་ནི་རློམ ་སེམས་མེད་པར་དཔེ་གསུམ་གྱི་སྒོ་ནས་སོམས་ཅན་གྱི་དོན་བྱ་བསྟན་པའི་ཕྱིར། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་མཁའི་ལམ་ལ་གནས་ནས་སེམས་ཅན་རྗེ་སུ་འཛིན་པ་ནི་ཡད་བཞིན་ནོར་བུ་ལྟར ་རྟོག་པ་མེད་པར་འཇུག་པའོ།། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག། ནི་མཉམ་སྙོམས་སུ་བྱེད་པས་དེ་སྐད་ཅེས་བྱའོ།། མཆོག་ནི་མ་ཆོ་ག་གི་དངོས་གྲུབ་གསོལ་བར་མཛད་པའོ།། དཔག་བསམ་ཤིན་ཆེན་རྒྱས་པ་སྟེ། ཞེས་པ་ནི་དཔག་བསམ ་གྱི་ཤིང་ལས་དགོས་པ་འབྱུང་བ་ནི་ཤིང་གི་ལྕུག་མ་འམ་ཤིང་གས་པ་ལས་མི་འབྱུང་ལ། རྒྱས་པ་ཁོ་ན་ལས་འབྱུང་གི་མཱ་རྒྱས་པ་ལས་མ་ཡིན་པ་ལྟར་སྐུ་གསུམ་ཆར་ལས་སེམས་ཅན་གྱི་དོན་འབྱུང་གི་ཆོས་སྐུ་འབའ་ཞིག་ལས་མ་ཡིན་ནོ།། ་ཡང་ན་དགའ་བ་དང་མཆོག་དགའ་ནི་མྱུ་གུ་སྟེ་དེ་ལས་མ་ཡིན་ལ། དགའ་བྲལ་ནི་སྐམས་པ་ལྟ་བུ་ཡིན་པས་དེ་ལས་མ་ཡིན་གྱི། ལྷན་ཅིག་སྐྱེས་པ་ནི་རྒྱས་པ་ཡིན་ལ་དེ་ལས་འབྲས་བུ་སྐུ་གསུམ་འབྱུང་བའོ།། བུམ་པ་བཟང་པོ་ཆེ་བའི་མཆོག ་ཅེས་པ་ནི་གྲུབ་པའི་བུམ་པ་ལས་དགོས་པ་འབྱུང་བ་ལྟར་འདིར་ཡང་སེམས་ཅན་རྗེས་སུ་བཟུང་བར་ནུས་པའོ།། ཆེ་བའི་མཆོག་ཅེས་པ་ནི་མཆོག་གི་དངོས་གྲུབ་གསོལ་བའོ།། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཅེས་པ་ནི་སྙོམས ་པར་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཉིད་གང་ཞེ་ན། ཕན་འདོགས་སེམས་ཅན་མཉེས་གཤིན་པ་ཞེས་གསུངས་ཏེ། དོན་དུ་གཉེར་བར་བྱ་བས་ན་ཕན་འདོགས་པ་སྟེ། སེམས་ཅན་རྣམས་ནི་གྲུ་ཞིག་པ་འམ་གཡང་ས་ཆེན་པོའི་ཁ་ན ་འདུག་པ་འམ། གསལ་ཤིང་ལ་བསྐྱོན་པ་ལྟ་བུ་འམ། ངན་སྐྱུགས་ཀྱི་ནང་དུ་གང་བ་དེ་དག་ལ་སྙོམས་པར་བདེ་བའི་རྒྱུ་དང་འབྲས་བུ་ལ་བཀོད་པ་དེ་སྐད་ཅེས་བྱའོ།། མཉིས་གཤིན་པ་ཞེས་པ་ནི་རྟག་ཏུ་མ་བརྗེད་པར་བྱེད་པའོ།། དྲ་ནི་ཤེས ་རབ་ཁྱད་པར་ཅན་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་བསྟ་ན་པར་བྱ་བའི་ཕྱིར། བཟང་ངན་ཤེས་ཤིང་དུས་ཤེས་ལ་ཞེས་གསུངས་ཏེ། བཟུང་པོའི་དུས་ཤེས་པ་དང་། ངན་པའི་དུས་ཤེས་པར་བྱ་བའི་ཕྱིར་ནང་གི་སྒོ་ནས་སེམས ་ཅན་རྗེས་སུ་འཛིན་པའོ།། ནང་གི་དབང་དུ་བྱས་ནས་རླུང་གི་རྒྱུ་བ་སོ་སོར་རྟོག་པར་བྱེད་ལ། ཕྱིའི་དབང་དུ་བྱས་ནས་དུས་སྦྱོར་བཅུ་གཉིས་ཀྱིས་སོ་སོར་རྟོག་པར་བྱེད་དེ། ངས་ན་རྣལ་འབྱོར་གྱི་གཙུག་ལག་ལ་མཁས་པར་བྱའོ།། ཁྱབ ་བྱདག་ཅེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀཱ་ལ་ཁྱབ་པའོ།། དམ་ཤེས་ཞེས་པ་ནི་མི་སླུ་བ་སྟེ། རྣལ་འབྱོར་གྱི་གཙུག་ལག་གིས་མི་སླུ་བའོ།། དམ་ཚིག་ལྡན་ཞེས་པ་ནི་དམ་ཚིག་དང་ལྡན་པས་སེམས་ཅན་གྱི་དོན ་ལ་འཇུག་པའོ།། དེ་ལྟ་བུའི་རྩིས་ཀྱིས་བཟང་བ་དང་ངན་པ་དང་སྐྱེ་བ་དང་འཆི་བ་ལ་སོགས་པ་ཤེས་པ་ནི་དུས་ཤེས་པའོ།། དབང་པོ་ཤེས་པ་ནི་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ།། རྣམ་གྲོལ་གསུམ ་མཁས་པ་པོ། ཞེས་བྱ་བ་ལ། རྣམ་གྲོལ་ནི་གྲོལ་བར་བྱེད་པ་སྟེ་ཐེག་པའོ།། གསུམ་ནི་ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོའོ།། མཁས་པ་པོ་ནི་བཤད་མ་ཐག་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ལ་ཅི་རིགས་པར་སྟོན ་པུ་ལ་དེ་སྐད་ཅེས་བྱའོ།། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེསཽ། ཞེས་བྱ་བ་ལ། དེ་ལྟར་གཙུག་ལགྣ་གི་སྒོ་ནས་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་ཡང་ཤེས་པར་བྱའོ།། ཡང་ན་གཙུག་ལག་ནི་རང་གི་དོན་ཡོན་ཏན་ཤེས་པ་ཡིན་ལ། དེའི ་སྒོ་ནས་གཞན་དོན་ཡོན་ཏན་དང་ལྡན་པར་ཤེས་པར་བྱའོ།། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་ཞེས་བྱ་བ་ལ། ཆེས་ཤེས་པ་ནི་རྩིས་སོ།། ངེས་བཟང་ནི་བཀྲ་ཤིས་པ། ངན་ན་ནི་བཀྲ་མི་ཤིས་པ་སྟེ། བཟློག་པར་བྱའོ།། ཡང་ན ་རྩིས་དེ་ཤེས་པས་བྱ་བ་ཅི་བྱས་ཀྱང་བཀྲ་ཤིས་པའོ།། བཀྲ་ཤིས་ཀུན་གྱི་བཀྲུ་ཤིས་བྱ། ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་པའོ།། དེ་ཉིད་བཤད་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། ཞེས་གསུངས ་ཏེ། བཀྲ་ཤིས་པ་ཉིད་དུ་སྙན་པར་གྲགས་པའོ།། དབུགས་འབྱིན་ནི་ལྟ་བ་ལོག་པ་མངོན་པར་ཤེས་པ་ཅན་ཡང་རྩིས་འདིའི་སྒོ་ནས་དབུགས་འབྱིན་པར་བྱེད་པའོ།། ཆེན་པོ་ནི་དེ་ལྟར་དབང་ཐོབ་པས་དབུགས་འབྱིན་ཅིང་ངལ་བསོས ་ཅེས་པ་ནི་གྲུབ་པའི་བུམ་པ་ལས་དགོས་པ་འབྱུང་བ་ལྟར་འདིར་ཡང་སེམས་ཅན་རྗེས་སུ་བཟུང་བར་ནུས་པའོ།། ཆེ་བའི་མཆོག་ཅེས་པ་ནི་མཆོག་གི་དངོས་གྲུབ་གསོལ་བའོ།། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཅེས་པ་ནི་སྙོམས ་པར་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཉིད་གང་ཞེ་ན། ཕན་འདོགས་སེམས་ཅན་མཉེས་གཤིན་པ་ཞེས་གསུངས་ཏེ། དོན་དུ་གཉེར་བར་བྱ་བས་ན་ཕན་འདོགས་པ་སྟེ། སེམས་ཅན་རྣམས་ནི་གྲུ་ཞིག་པའམ་གཽ་ཡང་ས་ཆེན་པོའི་ཁ་ན ་འདུག་པ་འམ། གསལ་ཤིང་ལ་བསྐྱོན་པ་ལྟ་བུ་འམ། ངན་སྐྱུགས་ཀྱི་ནང་དུ་གང་བ་དེ་དག་ལ་སྙོམས་པར་བདེ་བའི་རྒྱུ་དང་འབྲས་བུ་ལ་བཀོད་པ་དེ་སྐད་ཅེས་བྱའོ།། མཉེས་གཤིན་པ་ཞེས་པ་ནི་རྟག་ཏུ་མ་བརྗེད་པར་བྱེད་པའོ།། དྲ་ནི་ཤེས ་རབ་ཁྱད་པར་ཅན་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་བསྟ་ན་པར་བྱ་བའི་ཕྱིར། བཟང་ངན་ཤེས་ཤིང་དུས་ཤེས་ལ་ཞེས་གསུངས་ཏེ། བཟང་པོའི་དུས་ཤེས་པ་དང་། ངན་པའི་དུས་ཤེས་པར་བྱ་བའི་ཕྱིར་ནང་གི་སྒོ་ནས་སེམས ་ཅན་རྗེས་སུ་འཛིན་པའོ།། ནང་གི་དབང་དུ་བྱས་ནས་རླུང་གི་རྒྱུ་བ་སོ་སོར་རྟོག་པར་བྱེད་ལ། ཕྱིའི་དབང་དུ་བྱས་ནས་དུས་སྦྱོར་བཅུ་གཉིས་ཀྱིས་སོ་སོར་རྟོག་པར་བྱེད་དེ། ངས་ན་རྣལ་འབྱོར་གྱི་གཙུག་ལག་ལ་མཁས་པར་བྱའོ།། ཁྱབ ་བྱདྲག་ཅེས་པ་ནི་འཁོར་བ་དྲང་མྱ་ངན་ལས་འདས་པ་གཉིས་ཀྲྀ་ལ་ཁྱབ་པའོ།། དྲམ་པོ་ཤེས་ཞེས་པ་ནི་མི་སླུ་བ་སྟེ། རྣལ་འབྱོར་གྱི་གཙུག་ལག་གིས་མི་སླུ་བའོ།། དམ་ཚིག་ལྡན་ཞེས་པ་ནི་དམ་ཚིག་དང་ལྡན་པས་སེམས་ཅན་གྱི་དོན ་བཞུགས་ཀྱིས་སེལ་བའོ།། ད་ནི་བརྟུལ་ཞུགས་ཀྱི་ཆ་ལུགས་དངོས་བསྟན་བྱར་བྱ་བའི་ཕྱིར། གཙུག་ཕུང་ཕུང་པུ་ལྗང་ལྷོ་ཅན། ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། འདིར་མཉམ་པར་བཞུག་པའི་དུས་སྱཱ་ཧེ་རུ་ཀཉྫི་རྒྱུན ་དང་ཆ་ལུགས་འདི་འདྲ་བར་བསྒོམས་ལ། རྗེས་ལ་ཐོབ་པ་འམ་བསྐྱེད་རྫོགས་ལ་ནུས་པ་ཐོབ་ནས་སྤྱོད་པ་བྱེད་པ་འམ། ཡུལ་ཉི་ཤུ་རྩ་བཞིར་རིགས་ལྡན་ཚོ་ལ~ཾ་བའི་དུས་སུ་འདི་དག་བྱ་བ་སྟེ། རྒྱལ་ཚབ་ཧེ་རུ་ཀའི་སྤྱོད་པ་ཞེས་བྱའོ།། དེའི་ཕྱིར་གཙུག ་ཕུད་ནི་ཐོད་པའི་དུམ་བུ་སོར་ལྔ་ག་ཚིང་ལ་འཁོར་ལོའི་གཟུགསུ་བྲིས་ཏེ། དེའི་བུག་པ་ནུས་སྐྲ་རྣམས་དྲངས་ཏེ་སྤྱི་ཁབ་བྱ་བའི་གཙུག་ཕུང་ངོ་།། འཁོར་ལོའི་སྟེང་དུ་རུས་པའི་ཟླ་བ་ཕྱེད་པོ་དང་། སྣ་ཚོགས་རྡོ་རྗེ་བྱས་པ་ནི་ཕུང་པའོ།། ལྕང་ལྷོ་ནི་རྐུན་མ ་འམ་དཔའ་བོ་བསད་པའི་སྒྲ་ལས་བྱས་པའི་ལན་བུ་ཕྲ་མོ་གཉིས་ལྡན་པ་གཡས་གཡོན་དུ་འཕྱང་བའོ།། ར་ལ་པ་མུཉྫ་ཅོད་པན་ཐོགས་ནི་སྐྲ་གྱེན་དུ་བཛྲེས་ནས་ངར་གྱིས་བཙོངས་ནས་རལ་པའི་ཚོ་གྲས་ཐུར་དུ་འཛག་པའོ།། མུཉྫ་ནི་སྐ་འམ་རྩ ་ལ་ལྷས་མཱ་ལེགས་པར་བྱས་པའི་མཆོད་ཕྱིར་ཐོགས་འཆང་བའོ།། གདོད་ལྔ་ནི་རུས་པ་འམ་བ་སོ་ལས་ཐོད་པ་སྐམ་པོའི་དབྱིབས་བྱས་པ་ལྔ་མགོ་ལཱ་འཇོག་པའོ།། དེའི་ཁ་ནས་རུས་པ་ལུས་བྱས་པའི་མུ་ཏིག་ཧཱ་རའི་གཟུགས་ཆེ་ཆུང་ངུ་བྱས ་པ་ལས་རིང་ཐུང་བྱས་པའི་རིམ་པས་གསུམ་དང་ལྡན་པས་ཟུར་ཕུང་ལྔ་པ་མེ་ཏོག་ཐོང་། ཅེས་བྱ་བའོ།། གཙུག་ཕུད་ལྔ་དང་ལྗོན་ཞེས་པ་ནི་གདོང་ལྔ་པོ་རེ་རེའི་སྟེང་དུ་རུས་པ་ལས་བྱས་པའི་རྡོ་རྗེ་ར་རེ་ཕྲེང་བའོ།། མགོ་ཟླུམ་ནི་སྒྲ་བརྫེས་པས ་འཛུམ་པར་སྣང་བའོ།། བརྟུལ་ཞུགས་ཆེན་པོ་འཆང་། ཞེས་པ་ནི་ལག་པ་ལ་སོགས་པ་ཡང་རུས་པའི་རྒྱན་གྱིས་རྫོགས་པར་བྱས་ཏེ། གཡོན་པའི་གྲུ་མོས་རྣལ་འབྱོར་གྱི་ལྷུང་བཟེད་བཟུང་། ལྷག་པས་ཁ་ཊྭཱཾ་ག་གཟུང་། ལྷག་པ་གཡས་པ་ཌཱ་མ ་རུ་དང་ལྡན་པར་བྱས་པཱ། ལྷུང་བཟེད་དང་ཁཱ་ཊྭཱཾ་ག་དུར་ཁྲོད་ཀྱི་རས་ཀྱིས་གཡོགས་ནས་སྤྱོད་པའོ།། ཚངས་པོར་སྤྱོད་པ་ནི་ཕྱི་ནང་གི་བྱང་ཆུབ་ཀྱི་སེམས་ལྷུང་བར་མི་བྱ་བའོ།། དེ་ལྟ་བུའི་བརྟུལ་ཞུགས་ནི། བརྟུལ་ཞུགས་རྣམས་ཀྱི་ནང་ན་མཆོག་གོ། དེ ་ནི་དཀའ་ཐུབ་མཐུར་ཕྱིན་པ་སྟེ་ཐ་མལ་པིའི་རྟོག་པ་བཅོམ་པའོ།། དཀའ་ཐུབ་ཆེ་ཞེ་ས་པཱ་ནི་དེ་ལྟ་བུའི་དཀ་འཐུབ་ཀྱིས་མཆོག་གི་དངོས་གྲུབ་སྒྲ་རིབ་པའོ།། དེ་ལྟ་བུའི་སྤྱོད་བས་ནཱི་ནང་གི་དྲི་མ་བཀྲུས་པས་ན་གཙང་གནས་ཏེ་གཙང་སྦྲ་ཅན་ནོ།། ་གཽ་ཏ་མཱ་ནི་སྐད་སོར་གཞག་པ་སྟེ། དམ་པ་ཞེས་པ་འམ་མཆོག་ཅེས་པའོ།། གཙང་སྦྲ་དེ་ཡོད་པས་ནི་ནཱང་གི་བྲམ་ཟེའོ།། ཚུངས་པ་ཚངས་པ་ཤེས་ཤེས་པ་ནི་དྲི་མ་དག་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ།། དེ་ཉིད་བསྟན་པར ་བྱ་བའི་ཕྱིར། མྱ་ངན་འདས་པ་ཞེས་པ་ནི་ཐོབ་པའོ་ཞེས་པའོ།། གྲོལ་བ་ནི་རྟོག་པ་ལས་སོ།། ཐར་པཱ་ནི་བཅིངས་པ་ལས་སོ།། དྲིའི་ལུས་གཉིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ།། རྣམ་གྲོལྔ་ཞི་བ་ནི་ཉན་ཐོས་ཀྱི་ཆགས་བྲལ་གྱི་ལུསོ།། ་ཞི་བ་ཉིད་ནི་ཆགས་བཅས་ཀྱི་ལུས་ཏེ་རྡོ་རྗེ་འཆང་གི་སྐུའོ།། ཡང་ན་རྣམ་གྲོལ་ཞི་བ་ནི་འཁོར་བ་ལ་མི་གནས་པའོ།། ཞི་བ་ཉིད་ནི་མྱ་ངན་ལས་འདས་པ་ལ་མི་གནས་པའོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར།། མྱ་ངན་འདས་ཞི་མྱ་ངན་འདས་ཞེས ་པའོ།། ལེགས་པར་མྱ་ངན་འདས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། གཞན་ནཱི་མ་ལགས་པ་ཡིའོ།། ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚན་ཉིད་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར ་བདེ་སྡུག་སེལ་བ་མཐར་གྱུར་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་དགའ་བ་དང་མཆོག་དག་སྟེ། བདེ་བ་ཉིད་ཀྱི་ཕྱིར་རོ།། སྡུག་པ་ནི་དགའ་བྲལ་ཏེ། འདོད་པའི་ཕྱིར་རོ།། སེལ་བ་ནི་ལོག་པར་རྟོགས་པ་སེལ་བ་སྟེ་གནས་ལ་སོགས ་བའོ།། མཐར་གྱུར་པ་ནི་ལྷན་ཅིག་སྐྱེས་པ་སྟེ། མཆོག་མཐའ་ཞེས་གསུངས་པའི་ཕྱིར་རོ།། མཐར་གྱུར་པ་ཞེས་པས་དགའ་བྲལ་དུ་ལོག་པར་རྟོགས་པ་བསལ་བའི་ཕྱིར་རོ།། ཆགས་བྲལ་ལུས་ལས་འདས་པ་པོ།། ཞེས་གསུངས་ཏེ། ་ཆགས་བྲལ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་སྟེ། དེ་དང་མཐུན་པའི་དགའ་བྲལ་ལས་འདས་པ་སྟེ། ཐུབ་པ་མེད་པ་དཔེ་མེད་པ་ཞེས་པ་ནི་དགའ་བ་གསུམ་གྱིས་མི་ཐུབ་པའོ།། དཔེ་མེད་པ་དེ་སྐར་མ་དང་ཟླ་བ་ལྟ་བུའོ།། མི་མངོན་པ ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པའོ།། ཅིའི་ཕྱིར་ཞེ་ན། མི་སྣང་བྱ་ནི་སྤྱོད་ཡུལ་མ་ཡིན་པའོ།། གསལ་བྱེད་མིན་པ་ནི་གསལ་བྱེད་གཞན་ལ་མི་ལྟོས་པའོ།། མི་འགྱུར་བ་ནི་རྟག་པའི་ཕྱིར་རོ།། གལ་ཏེ་མི་རྟག་ན་སངས་རྒྱས་ཀྱི ་ཡེ་ཤེས་མ་ཡིན་པར་འགྱུར་བའི་ཕྱིར་རོ།། ཀུན་འགྲོ་ཞེས་པ་ནི་ཕྱོགས་ཆ་མེད་པའི་ཕྱིར་རོ།། ཁྱབ་པ་པོ་ཞེས་པ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། ནམ་མཁའ་བཞིན་ནོ།། ཁྱབ་དང་རྡོ་རྗེའི་བདག་ཉིད་དང་། འགྱུར་མེད་དུས་ནི ་ཐམས་ཅད་པའོ་ཞེས་གསུངས་ཏེ། ཤིན་ཏུ་ལེགས་པ་ཉིད་དུ་འགྱུར།། ཡང་ན་ཆོས་ཀྱི་སྐུར་རོ་གཅིག་ཕྱིར་མི་འགྱུར་བའོ།། དེའི་མིང་ཀུན་འགྲོ་ཞེས་བྱ་བུ་སྟེ། ཁྱབ་པའི་ཕྱིར་རོ།། ཁྱབ་པ་ནི་ཁམས་གསུམ་མམྦྷ་དབང་པོ་དྲུག་པའོ།། ཇི ་ལྷུར་འབྱུང་བ་བཞི་ལ་ན་མཁས་ཁྱབ་པ་བཞིན་ནོ།། ཕྲ་བ་ནི་རྟོགས་པར་དཀའ་བའོ།། ཟག་པ་མེད་པ་ནི་ཡུལ་དང་ཡུལ་མ་ཡིན་པས་སྲིང་བར་མི་འཁོར་བའི་ཕྱིར་རོ།། ས་བོན་བྲལ་ཞེས་པ་ནི་རྒྱུ་འབྲས་ཐ་མི་དད་པའི་ཕྱིར་ཟག་བཅས་ཀྱིས ་བྱོབྱོན་དང་བྲལ་བའོ།། ཡང་ན་ཟུག་བཅས་ཀྱི་སྐུ་བོན་དང་བྲལ་བས་ཟག་པ་མེད་པའོ།། རྡུལ་མེད་ཅེས་པ་ནི་རྡུལ་ནི་དྲི་མ་ཡིན་ལ། དེ་ནི་དགའ་བུ་གསུམ་གྱི་དྲི་མི་དང་བྲལ་བས་སོ།། དྲི་མ་མེད་པ་ནི་ལྷན་ཅིག་སྐྱེས་པའོ།། ཉེས་པ་སྦྱངས་པ ་སྐྱོན་མེང་པ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་སྐྱོན་དུ་འགྱུར་བ་ཀུན་ཅེས་པའོ།། ཤིན་ཏུ་སད་པ་སད་པའི་བདག་ཅེས་པ་ནི་ཉམས་སུ་མྱོང་བའི་དུས་སུ་གཉིད་སད་པ་ལྟ་བུ་སྟེ། སངས་ཞེས་པའི་དོན་ཏེ་སངས་རྒྱས་ཞེས་པའོ།། ཀུན ་ཙོས་པ་ནི་ཀུན་མཁྱེན་ཏེ། འཁོར་འདས་ཀུན་གཉིས་སུ་མེད་པར་ཤེས་ཤིང་རིག་པ་སྟེ། མི་སླུ་བས་ན་དམ་པའོ།། རྣམ་པར་ཤེས་པའི་ཆོས་ཉིད་འདས། ཤེས་པ་ནི་ཤེས་པ་དང་ཤེས་བྱ་ལས་འདས་པའོ།། ངོའི་མཚན་ཉིད་ཇི་ལྟ་བུ ་སྙམ་པ་ལ། ཡེ་ཤེས་གཉིས་མེད་ཚུལ་འཆང་བ་ཞེས་གསུངས་ཏེ། ཤེས་པ་དང་ཤེས་བྱ་གཉིས་སུ་མེད་པའི་ཚུལ་འཆང་བའོ།། དེས་སེམས་ཅན་གྱི་དོན་མཛད་པའི་ཚུལ་གསུངས་པ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་ཅེས་པ་སྟེ། ་སྔོན་གྱི་སྨོན་ལམ་གྱིས་མཛད་པ་ལྷུན་གྱིས་གྲུབ་པའོ།། དེས་ཅི་བྱེད་སྙམ་པ་ལཱ། དུས་གསུམ་སངས་རྒྱས་ལས་བྱེད་པ་ཞེས་གསུངས་སོ།། དུས་གསུམ་གྱི་སངས་རྒྱས་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཐོག་མ་ཐ་མ ་མེད་ཅེས་གསུངས་ཏེ། ཐོག་མ་ཞེས་པ་ནི་སྔོན་དུ་འགྲོ་བ་སྟེ་རྒྱུའོ།། ཐ་མ་ཞེས་པ་ནི་འགག་པ་སྟེ་རྐྱེན་གྱིས་མི་འཇིག་པའོ།། མེད་ཅེས་པ་ནི་སྐྱེ་བའི་རྒྱུ་དང་འགག་པའི་རྐྱེན་ཏེ། རང་བྱུང་བ་ཞེས་པའི་དོན་ཏོ།། དེ་ཉིད་གསུངས་པ། དང་པོ་སངས ་རྒྱས་རྒྱུ་མེད་པ། ཞེས་གསུངས་ཏེ། ཉན་ཐོས་རྡུལ་ཕྲ་རབ་རྒྱུར་འདོད་པ་དེ་མེད་པའོ།། དེས་རྒྱུ་ནི་སྔོན་དུ་འགྲོ་བ་ཡིན་ལ། དེ་ཡང་བདག་གི་བྱ་བ་ལ་སོགས་པའོ།། འབྲས་བུ་སྔོན་དུ་རྒྱུ་བའི་ཚེ་རྒྱུ་དེ་དང་འབྲས་བུ་བདག་ཉིད་གཅིག་ལ་སོགས། ་པ་ཡོད་དམ། འོན་ཏེ་མེད། ཡོད་དོ་ཞེ་ན་རྒྱུ་འགགས་པ་ལས་འབྲས་བུ་འབྱུང་ངམ། འོན་ཏེ་མ་འགགས་པ་ལས་འབྱུང་ཞེས། འགགས་པའི་ཕྱིར་འབྲས་བུ་གང་ལས་འབྱུང་། མ་འགེགས་ན་རྒྱུ་དང་འབྲས་བུ་དུས་གཅིག་པར་འགྱུར་བས་ན ་འདི་ནི་བདག་མེད་པའོ།། དེ་གང་གིས་མི་ཐོང་སྙམ་པ་ལ། ཡེ་ཤེས་མིག་གཅིག་དྲི་མ་མེད་ཅེས་གསུངས་ཏེ། ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་སོ།། མིག་གཅིག་དྲི་མ་མེད་པ་མིག་དང་འདྲ་བས་སོ།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས ་ཞེས་པ་ནི་དེ་ལྟ་བུ་གང་གིས་མཐོང་བ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཞེས་བྱའོ།། ང་ནི་དབང་བཞི་པའི་མཚན་ཉིད་གཏན་ལ་དབབ་པའི་ཕྱིར། ཚིག་གི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཐོབ ་པར་བྱེད་པ་བླ་མ་ལ་ལྟོས་དགོས་པས་དང་པོ་བླ་མ་མཉེས་པར་བྱ་བའི་ཕྱིར་མུཎྜལ་དང་ཚོགས་ཀྱི་མཆོད་པ་སྔོན་དུ་འགྲོ་བས་ཚིག་འདིས་བསྟོད་པར་བྱ་སྟེ། གསུམ་པར་ངོས་བཟུང་བ་དེ་འདིས་ཉམས་སུ་བླང་བར་བྱའོ།། ཚིག་དབང་ཐོབ་པས ་ན་ཚིག་དབང་ཕྱུག་སྟེ། སྣང་བ་མཐའ་ཡས་ཞེས་བྱའོ།། སྨྲ་བ་ཆེ་ཞེས་པ་ནི་སྨྲ་བ་རྣམས་ཀྱི་ནང་ན་བཞི་པ་མཆོག་ཡིན་པས་སོ།། སྨྲ་བའི་སྐྱེས་མཆོག་ནི་བཞི་པ་སྨྲ་བསོ།། སྨེ་བའི་རྒྱལ་པོ་ནི་གཞན་ཀླན་ཀ་ཚོལ་བས་ཟིལ་གྱིས་མི་ནོན ་པས་སོ།། སྨྲ་བའི་དམ་པ་ནཱི་འདིའི་སྒོ་ནུས་གཞན་རྟོགས་པས་སོ།། མཆོག་གི་གནས་ནི་དངོས་གྲུབ་ཀྱི་གནས་སོ།། སྨྲ་བའི་སེངྒེ་ནི་ལྟེ་བ་ངན་པ་ཚར་གཅོད་པས་སོ།། མཚུངས་པ་མེད་པ་ནི་གཞན་གྱི་ཀླན་ཀས་སོ།། དེ་ལྟར་ནཱ་ཀྱེ་ཞེས་སྟོན ་དུ་སོང་བས་ཕྱག་འཚལ་བསྟོད་ཅེས་བྱའོ།། ད་ནི་བཞི་པའི་མཚན་ད་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། ཀུན་དུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྟེན་དང་བཅས་པ་དང་། རྟེན་མེད་པ་གཉིས་ཏེ། རྟེན་བཅས་ཀྱི་དབང་དུ་བྱས ་ཏེ། ཀུན་ཅེས་པ་ནི་རྒྱལ་རིགས་ལྔ་སོགས་པའོ།། ལྟ་བ་ནི་ལས་རྒྱུ་ལ་ཡེ་ཤེས་ཀྱིས་རྒྱས་པ་སྟེ། སངས་རྒྱས་སྦྱིན་ལ་སོགས་པའི་རང་བཞིན་གནས་ལྔར་ཡི་གེ་དགོད་པའོ།། དེ་ལ་བརྟེན་ནས་མཆོག་ཏུ་དགའ་བ་སྟེ། ཕྱག་རྒྱ་ཆེན་པོ་འབྲུ ་བས་དེ་སྐད་ཅེས་བྱའོ།། གཟི་བརྗིད་ཕྲེང་བ་ནི་འོད་ཟེར་ཏེ། སྤྱན་ལ་སོགས་པ་བཀུག་ནས་བསྟིམས་ཏེ་དེར་བྱས་པའོ།། བལྟ་ན་སྡུག་ཅེས་པ་ནི་དེ་ལྟར་བལྟ་ན་སྡུག་པར་བྱས་ནས་དེ་སྐད་ཅེས་བྱའོ།། འོད་བཟངས་འབར་བ་དཔལ་གྱི་བེའུ ་ཞེས་པ་ནི་སྙིང་གར་ཉམ་སུ་མྱོང་བའོ།། ལག་ན་འོད་འབར་སྣང་བ་པོ།། ཞེས་པ་ནི་ལག་པས་རྫས་ལ་སོགས་པ་ལེན་པར་ལྟར་ཕོ་ཉ་འདིས་ཀྱང་གཉིས་སུ་མེད་པ་ལེན་པར་བྱེད་པའོ།། སྨན་པ་ཆེ་མཆོག ་གཙོ་བོ་སྟེ། ཞེས་པ་ནི་ཐབས་ཀྱིས་ཟུག་རྔུ་འབྱིན་པའོ།། དེ་ཉིད་བཤད་པ། ཟུག་རྔུ་འབྱིན་པ་བླ་ན་མེད་པ་སྟེ། ཆུང་ཡང་སྡུག་བསྔལ་སྐྱེད་པར་བྱེད་པསོ།། ཡང་ན་ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ནས་ཀུན་ཅེས་པ་ཡུལ་ལྔ་གཟུ་གུས ་རྡོཛྷ་མཱ་ལཱ་སོགས་པར་བལྟའོ།། ཡེ་ཤེས་ལྀ་ལས་ཀྱི་ཕྱག་རྒྱས་གདབ་པ་སྟེ། བདེ་བ་སྐྱེ་བའི་རྟེན་དུ་རུང་བར་བལྟ་བ་སྟེ། ཙུམ་པ་ན་དང་། ཨཱི་ལིང་ཀ་དང་། ནཱ་གུ་པྲ་ཧཱ་ར་ལ་སོགས་པ་བྱའོ།། གཟི་བརྗིད་ཕྲེང་བ་ལྟ་ན་སྡུག། ཅེས་པ་ན་འོད ་ཟེར་གྱི་ཕྲེང་བས་རེག་རྡོ་རྗེ་མེ་ལ་སོགས་པ་སྤྱན་དྲང་བ་དང་དོར་བྱཱ་བ་སྟེ། བཝཱ་ན་སྔགྶ་པ་ནི་ལས་དང་འདྲ་གྱུ་རོ།། ལྷག་མ་ནི་གྲོང་མ་བཞིན་ནོ།། སྐྱུར་བ་ནི་ཉོན་མོངས་པའི་ནང་གསོ་བྱ་སྟེ་དྲུག་རྔུ་ཞེས་བྱའོ།། ནུས་ཀྱི་ཕྱག་རྣ་ལྟར་ན ་ཀུན་དུ་ཞེས་པ་ལུས་ཀུན་ཏུ་སྟེ། སྤྱི་བོ་ལ་སོགས་པའོ།། བ་ན་སྡུག་ཅེས་པ་ནི་གནས་དེར་འཁོར་ལོར་བལྟ་བ་སྟེ། བདེ་བ་ཆེན་པོ་ལ་སོགས་པའོ།། གཟི་བརྗིད་ནི་གཏུམ་མོའོ།། ཕྲེང་བ་འཁོར་ལོ་བཞི་རིམ་པས་བསྲེགས་པ་སྟེ། ་ལྟེ་བའི་ཨའོ།། དཔལ་བོའུ་ནི་སྙིང་གར་བག་ཆགས་བསྲེག་པའོ།། ལག་ན་འོད་འབར་ནི་དེས་ཡེ་ཤེས་ཀྱི་བདུད་རྩི་བླངས་པའོ།། སྨན་པ་ནི་སྔར་བསྲེགས་པ་གསོ་བར་བྱེད་པའོ།། ཟུག་རྔུ་ནི་བདག་ཏུ་ལྟ་བའོ།། ད་ནི་དེ་དག ་གི་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱིར། སྨན་རྣམས་མཱ་ལུས་ལྗོན་པའི་ཤིང་། ཞེས་པ་ལ། སྨན་གྱི་ལྗོན་པའི་ཤིང་ནི་སྡོང་བུ་དང་མེ་ཏོག་དང་ཡལ་ག་དང་ལོ་མ་ལ་སོགས་པ་ཐམས་ཅད་སྨན་དུ་འགྱུར་པ་ཝཱར་ཕོ་ཉྲ་དེ་དག ་ལ་བལྟས་པ་དང་རེག་པ་དང་མཐོང་བློ་ལ་སོགས་པས་གཉིས་སུ་མྱོང་བའི་གྲོགསུ་འགྱུར་བས་སོ།། ནང་ངོ་ཅོག་གི་དགྲ་ཆེ་བ། ཞེས་པ་ནི་ཉོན་མོངས་པའི་ནད་རྣམས་རྩང་ནས་གཅོད་པས་ན་ནད་ཀྱི་དགྲ་བོ་ཆེན་པོའོ།། སྟག་གུ་ཞེས ་པ་ནི་དེ་ལྟར་བྱིན་གྱིས་བརླབས་པ་དེའོ།། འཇིག་རྟེན་གསུམ་གྱི་མཆོག་ནི་གཉིས་སུ་མེད་པ་རྟོགས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་གཞན་མྱེད་པས་དེ་སྐད་ཅེས་བྱའོ།། དཔལ་ལྡན་ཞེས་པ་ནི་བདག་དང་གཞན་གྱི་དོན་འབྱུང ་བས་སོ།། རྒྱུ་སྐར་དཀྱིལ་འཁོར་ཅན་ནི་ཡེ་ཤེས་ངེས་ཉོན་མོངས་པ་ཟིལ་གྱིས་གནོན་པ་སྟེ། ཇི་ལྟར་ཟླ་བའི་དཀྱིལ་འཁོར་གྱིས་སྐར་མའི་ཚོགས་ཟིལ་གྱིས་གནོན་པ་བཞིན་ནོ།། ངོ་ཇི་ཙམ་དུ་སྙམ་པ་ལྔ། ཕྱོགས་བཅུ་ན་མཁའི ་མཐར་ཐུག་པར། ཆོས་ཀྱི་རྒྱལ་མཚན་ལྡེགས་པར་འཛུགས། ཞེས་གསུངས་ཏེ། ཕྱོགས་བཙུ་ནི་ཡུལ་དང་དབང་པོའོ།། ཆོས་ཀྱི་རྒྱལ་མཚན་ཡེ་ཤེས་སོ།། འཛུགས་པ་ནི་བརྟན་པ་སྟེ་གསུམ་པའི་ཡེ་ཤེས་སོ།། འགྲོ་ན་གདུ ་གཅིག་ཡངས་པ་སྟེ། ཞེས་པ་ནི་འགྲོ་བ་ནི་དྲུག་གོ།། གདུགས་ནི་གདུགས་དང་འདྲ་བ་སྟེ་ཆེ་བའི་གདུང་བསལ་བར་བྱེད་ཅིང་སྐྱོབ་པའི་ཕྱིར་རོ།། ཡངས་པ་ནི་ཁྱབ་པའོ།། གང་གི་གདུགས་ཤེ་ན། བྱམས་དང་སྙིང་རྗེའི་དཀྱིལ་ལ ་ཅན། ཞེས་གསུངས་ཏེ། རྒྱུ་བྱམས་པ་དང་སྙིང་རྗེ་ཡིན་ལཱ། རྣམ་པ་ལྷའི་དཀྱིལ་འཁོར་གྱི་སྣང་བས་སེམས་ཅན་རྗེས་སུ་འཛིན་པར་མཛད་པའི་གདུགས་སོ།། མཚན་ཉིད་གང་ཞེ་ན། དཔལ་ལྡན་པདྨ་གར་གྱི་བདག། ་ཅེས་གསུངས་ཏེ། གར་མཁན་དང་གླུ་མཁན་ལོ་སོགས་པ་ཤིན་ཏུ་དམན་པའི་འགྲོ་བ་ཡང་དག་པར་འཛིན་བསཱི་ན་གར་གྱི་དབང་ཕྱུག་གོ་ཞེས་བྱའོ།། དེ་ལྟར་ན་རློམ་སེམས་མངའ་བ་ཞེ་ན། ཁྱབ་བདག་ཆེན་པོ་ཞེས་གསུངས་ཏེ། བྱམས་པ་དང ་སྙིང་རྗེས་མཆོག་དང་དམན་པའི་དོན་མཛད་པའི་ཕྱིར་རོ།། འདོད་པ་འབྱུང་བའི་ཕྱིར་རམ། ལྷའི་དཀྱིལ་འཁོར་གྱིས་གདུལ་བྱ་རྗེས་སུ་འཛིན་པས་ན་རིན་ཚན་གདུགས་སོ།། དེ་ལྟར་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོར་གྱུར ་བ་ལ་སོགས་པའི་ཕན་ཡོན་རྒྱས་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་གཟི་བརྗིད་ཚེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཐམས་ཅད་སངས་རྒྱས་ཀུན་ཅེས་གཞི་གཅིག་ལ་བསྡུ་བར་ཤེས་པར་བྱའོ།། དེ་ལྟར་དབང་ཐོབ་པའི ་གང་ཟག་སྟེ། སངས་རྒྱས་ཀུན་ནི་རིགས་ལྔའི་དེ་བཞིན་གཤེགས་པའོ།། དེའི་གཟི་བརྗིད་དམ་པ་མཆོག་ཏུ་གྱུར་པ་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དེ་ལྟར་འགྱུར་བའོ།། སངས་རྒྱས་ཀུན་གྱི་སྐུ་འཆང་བ། ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད ་ཀྱི་སྐུ་དང་མི་གཉིས་པར་འགྱུར་བའོ།། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དེ་ཉམས་སུ་བཞེས་པ་སྟེ། དེ་དང་ལྡན་པ་དེ་ཡང་དེ་ལྟར་འགྱུར་རོ་ཞེས་བྱའོ།། སངས་རྒྱས་ཀུན་གྱི་བསྟན་པ་གཅིག། ཅེས ་པ་ནི་བསྟན་པའི་ངོ་བོ་ཕྱག་རྒྱ་ཆེན་པོ་སྟེ་དེ་ཉིད་དུ་འགྱུར་བའོ།། དེ་གང་གི་མཐུ་ཡིན་སྙམ་པ་ལ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། ཞེས་གསུངས་ཏེ། རྡོ་རྗེ་ནི་བུམ་པ་ལྟར་ན་རྡོ་རྗེ་དངོས་སོ།། ངེས་མཚོན་པའི་དྲིལ་བུའི་ཡང་ངོ་།། རིན་ཆེན་ནི་ཅོད་པན ་དེ་བཞིན་དུ་ཆུ་དང་། མིང་ཡང་གཟུང་ངོ་།། དབང་བསྐུར་བ་ན་བཤད་པ་ལྟར་རོ།། དཔལ་ནི་བཤད་པ་རྣམས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྟེ་ཆེ་བའོ།། གསང་བ་ལྟར་ན་རྡོ་རྗེ་ནི་བླ་མའོ།། རིན་ཆེན་ནི་ཕོ་ཉའོ།། དབང་བསྐར་བ་ནི ་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མའི་ལྕེ་ལ་འཇོག་པའོ།། དཔལ་ནི་དེས་དེའི་ངག་གི་སྒྲིབ་པ་ཟད་པར་བྱེད་པའོ།། གསུམ་པ་ལྟར་ན་རྡོ་རྗེ་ནི་སློབ་མའོ།། རིན་པོ་ཆེ་ནི་དེ་ལ་བྱིན་པའི་ཕྱག་རྒྱའོ།། དབང་བསྐུར་བ་ནི་བླ་མའི་མན་ངག་གིས ་ལྷན་ཅིག། སྐྱེས་པ་བསྟན་པའོ།། དཔལ་ནི་དེའི་ཡིད་ཀྱི་སྒྲིབ་པ་ཟད་པའོ།། བཞི་པ་ལྟར་ན་རྡོ་རྗེ་ནི་སློབ་དཔོན་ནོ།། རིན་པོ་ཆེ་ནི་སློབ་མའོ།། དེ་ལ་ངེས་ཚིག་དཔུང་རིན་པོ་ཆེ་སྦྱིན་པའོ།། དཔལ་ནི་ཡེ་ཤེས་ཀྱི་སྒྲིབ་པ་ཟད་པར་བྱེད་པའོ།། ང་ནི་འཇིག་རྟེན ་པའི་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཀུནྡ་བདག་དབང་ཕྱུག་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རིན་ཆེན་ཀུན་ཅེས་པ་ནི་གསེརུ་ལ་སོགས་པའོ།། དབང་ཕྱུག་ནི་ཡིད་བཞིན་གྱི་ནོར་བྲིའོ།། དེ་ལྟར་དང་པོ་དང་གཉི ་པ་ནི་རིན་པོ་ཆེའོ།། གསུམ་པ་ནི་ཡིད་བཞིན་གྱི་ནོར་བུའོ།། འཇིག་རྟེན་དབང་ཕྱུག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའོ།། བྱེ་བྲག་ནི་ཤར་གྱི་ཡུལ་འཁོར་སྐྱོང་ལ་སོགས་པ་སྟེ། བདག་ཅེས་པ་ནི་དེ་རྣམས་ཀྱིས་བདག་པོ་དབང་དང་ལྡན་པར་དེ་འགྱུར། ་ཡང་ན་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དེ་དག་གིས་བསྲུང་བ་དང་སྦེད་པ་ལ་སོགས་པར་འགྱུར་བ་སྟེ། ཕན་ཡོན་ལས་ཀྱང་གསལ་བར་བསྟན་ཏོ།། རྡོ་རྗེ་འཆང་བ་ཀུན་གྱི་རྗེ། ཞེས་པ་ལ་སྔགས་རྡོ་རྗེ་འཆང་བ་ནི་བྱང ་ཆུབ་སེམས་དཔའོ།། ཡང་ན་གནོད་སྦྱིན་ལག་ན་རྡོ་རྗེའོ།། རྗེ་ཞེས་པ་ནི་དེ་རྣམས་ལ་དབང་བྱེད་པར་དེ་འགྱུར་བའོ།། ང་ནི་དབང་དང་ལྡན་པ་དེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བར་འགྱུར་བ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི ་ས་ཆེ་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་གསུམ་པོ་འདི་གྲངས་ཅན་ལ་སོགས་པའི་རྟོག་གེ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཆགས་བྲལ་གྱི་དེ་བཞིན་ག་ཤེགས་པས་རྟོགས་པར་དཀའ་བའོ།། དེ་ལྟར་གསང ་བ་གསུམ་དང་། དབང་དང་ལྡན་པ་དེའི་ལུས་ངག་ཡིད་གསུམ་དབྱེར་མེད་པར་འགྱུར་བའོ།། སངས་རྒྱས་ཀུན་ནི་རིགས་ལྔའོ།། ཐུགས་ནི་ཐུགས་ཀྱི་གསང་བའོ།། དེའི་ལྷག་མ་ནི་གོ་བླའོ།། ད་ནི་བསྐྱེད་པའི་རིམ་པ་མདོར་བསྡུས་ཏེ་ཉམསུ་བླང ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཉི་མ་སྣང་བ་ཆེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་སྐད་ཅིག་མས་སྐྱེང་པར་བྱེད་པའོ།། རྡོ་རྗེ་ཉི་མ་ན་ཆོས་མཐུན་པ་སྟེ། མདོག་དམར་བ་དང་། སྡུག་བསྔལ་སྐྱེད་པ་དང་། རེག་བྱ་ཚ་བའི་ཕྱིར་ཁྲག ་གོ་རྡོ་རྗེ་ཟླ་བ་དྲི་མེད་འོངད་། ཅེས་པ་ནི་ཁ་དོག་དཀར་བ་དང་། བདེ་བསྐྱེད་པ་དང་། བསིལ་བ་སྟེ་བྱང་ཆུབ་ཀྱི་སེམསོ།། ཆག་སོ་བྲལ་ལ་སོགས་ཆགས་པ་ཆེ། ཞེས་པ་ནི་གནས་སྐབས་ལྔའི་རང་བཞིན་ཏེ། ཡི་གེ་དང་། ཕྱག་མཚན་ནོ།། ་ཁ་དོག་སྣ་ཚོགས་འབྱར་བའི་འོད་། ཅེས་པ་ནི་འོད་ཟེར་སྤྲོ་བ་དང་བསྡུ་བའོ།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། ཞེས་པ་ནི་བུ་སྐྱེས་པ་སྟེ། མངལ་ནས་སྐྱེས་པའི་དོན་ཏོ།། བྱང་ཆུབ་པ་ལྔའི་དབང་དུ་བྱས་པ། རྡོ་རྗེ་ཉི་མ་སྣང་བ་ཆེ་ཞེས་པ་ནི ་ཚོགས་གཉིས་སྔོན་དུ་སོང་བས་བསྲུང་བུ་རྡོ་རྗེ་རཱ་བ་དང་། དེར་ཆོས་ཀྱི་འབྱུང་གནས་དང་། གཞལ་ཡས་ཁང་གདན་དང་བཅས་པའི་ནང་དུ་ཀཱ་ལི་ཚར་གཉིས་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་ལ་ཡང་ཀཱ་ལིས་བརྒྱན་པ་སྟེ། ཇི་ལྟར་རྒྱུ ་རུ་ལ་མུ་མེན་གྱི་འཕྲ་བཀོད་པ་ལྟ་བུར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ།། རྡོ་རྗེ་ཟླ་བ་དྲི་མེད་འོད་ཅེས་པ་ནི་ཨཱ་ལི་ཟུང་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རྒྱས་པ་དབྱངས་ཀྱིས་བརྒྱན་པ་ནི་ཇི་ལྟར་དུང་ལྱ་མུ་ཏིག་བཀང ་པ་ལྟ་བུ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའོ།། དེར་ཡི་གེ་ཧཱུཾ་ནག་པོ་བསམ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོའོ།། དེ་གཉིས་ལྔས་འོད་ཟེར་ཕྱུར་སྤྲོ་ཞིང་བསྡུས་པ་ལྔས་རྡོ་རྗེ་ཧཱུ~ཾ་དང་ལྡན་པ་ནི་བྱ་བ་ནན་ཏན་གྱི་རང་བཞིན་ནོ།། ཆགས ་ཞེས་པ་ནརྀ་སྤྲུལ་པའི་སྐུ་སྟེ། ཡུམ་མེད་པའི་ཡབ་བམ། ཡབ་མེད་པའི་ཡུམ་བསྒོམ་པ་སྟེ་ཁྲོ་བོའོ།། ཡང་ན་འཇམ་པའི་རྡོ་རྗེ་ཞལ་གཅིག་ཕྱག་གཞི་པ་གཡས་ནི་རལ་གྲི་དང་། མདོའ། གཡོན་ཨུཏྤ་ལ་དང་གཞུ་འཛིན་པའོ།། སོགས ་ཞེས་པ་ནི་ལོངས་སྤྱོད་པའི་སྐུ་སྟེ། ཆགས་པ་ཆེ་ཞེས་པ་ནི་ཡབ་ཡུམ་ཁ་སྦྱོར་ཁྲོ་བོའི་རྣམ་པར་བསྒོམ་པའོ།། ཁ་དོག་སྣ་ཚོགས་ཞེས་པོ་ནི་དཀར་པོ་ལ་སོགས་པ་གང་འདོད་པའོ།། འབར་བའི་འོད་ཅེས་པ་ནི་དཀར་པོ་ཡང་ཤིན་དུ་དཀ ་བ་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། ཞེས་པ་ནི་བཞུགས་སྟབས་ཏེ་ཇི་ལྟ་བུའི་ཡང་ཞེས་པའི་དོན་ནོ།། དེ་དག་ནི་བསྡུས་པའི་དབང་དུ་མཛད་ནས་བསྐྱེད་པའི་རིམ་པ་གསུངས་པའོ།། ཡང་ན ་ཀློག་པའི་དབང་དུ་བྱས་ནས་ཚོགས་པ་སོགས་པ་སྔོན་དུ་སོང་བས་སོངྒེའི་གདན་གྱི་སྟེང་དུ་ཟླ་བ་ལ་མུ་བལྟ་སྟེ། དེ་ལས་བྱུང་བའི་ཆགས་བྲལ་གྱི་སྐུ་བསམས་ཏེ། སེམས་ཅན་སྣོད་ཀྱི་དབང་གིས་སྣོད་དུ་རུང་བར་བྱས་ལ། དེ་དག་ལ་དཀྱིལ་འཁོར ་དྲུག་ལ་བསྟོང་པའི་རིམ་པས་ཀློག་པ་ནི་ཀློག་པའི་མན་ངག་གོ།། ད་ནི་འགྲོ་བ་དང་མཐུན་པར་སྐྱེས་ཀྱང་འགྲོ་བའི་ཉེས་པའི་སྐྱོན་གྱིས་མ་གོས་པར་བསྟེན་པར་བྱ་བའི་ཕྱིར། སངས་རྒྱས་འགྲོ་བའི་ཆོས་འཛིན་པ་ལ་སོགས་པ་གསུངས་ཏེ། འགྲོ་བའི ་ཆོས་ནི་ཕྲ་མས་བུ་སྐྱེད་པ་ལྟར་ཁྲག་དང་ཁུ་བ་དང་གནས་སྐབས་ལྔའི་ཚུ་ལོ།། འཛིན་པ་ནི་མཐུན་པ་སྟེ། དེ་ལྟར་ན་ཡང་དེའི་ཉེས་པས་མི་གོས་པར་བསྟན་པར་བྱ་བའི་ཕྱིར། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། ཞེས་གསུངས་ཏེ། བདུག་དང ་གཞན་གྱི་དོན་འབྱུང་བ་ནི་དཔལ་ལྡན་ནོ།། སངས་རྒྱས་ནི་དེ་ལྟར་བསྐྱེད་པའོ།། པདྨ་ཞེས་པ་ནི་ཇི་ལྟར་པདྨ་འདམ་ལས་བྱུང་ཡང་འདམ་གྱིས་མ་གོས་པཾ་ལྟར་འདིར་ཡང་འགྲོ་བ་དང་ཆུས་མཐུན་ཡང་དེའི་ཉྩཽས་པས་གོས་པ་ནི་མ་ཡིན་ནོ།། ་ནི་ལམ་གྱི་ཆེ་བ་མ་དོར་བསྡུས་ཏེ་བསྟེན་པར་བྱ་བའི་ཕྱིར། ཀུན་མཁྱེན་ཡེ་ཤེས་མཛད་འཛིན་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཅེས་པ་ནི་ཡོད་པ་དང་མེད་པའི་དངོས་པོ་སྟེ། དེ་མཁྱེན་པ་ནི་ཀུན་མཁྱེན་ནོ།། ཡེ་ཤེས་མཛོད ་འཛིན་ཅེས་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པའོ།། ང་གང་གི་མཐུ་ཡིན་ཞེ་ན། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆངཞེས་པ་སྟེ། རྒྱལ་པོ་ནི་རྡོ་རྗེ་འཆང་ངོ་།། སྒྱུ་འཕྲུལ་ཞེས་པ་ནི་སྒྱུ་འཕྲུལ་དང་འདྲ་བ་སྟེ། སྐུ་ཆེ་བ་དང་རླུང ་བཱ་དང་། མྱང་བ་དང་ཉུང་བ་དང་། ཆགས་པ་དང་བྲལ་བ་དང་བཅས་པའི་སྐུ་སྣ་ཚོགས་པར་སྐྱེད་ཅིང་སྤྲུལ་པའོ།། དེ་ལྟར་ན་ཡང་རློམ་སེམས་ཡོད་དམ་ཞེ་ན། སྒྱུ་འཕྲུལ་སྣ་ཚོགས་འཆང་ཞེས་ཀྱང་གསུངས་ཏེ། དཔེར་ན་སྒྱུ་མ་མཁན ་གྱིས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དུ་དེ་བཞིན་གཤེགས་པ་འཁོར་རྣམ་བཞི་དང་བཅས་པ་སྤྲུལ་ཞིང་ཛྲ་དྭེ་ཡང་དེ་དག་ལ་ཆོས་གསུང་བར་མཛད་པ་སྤྲུལ་པ་ཡང་དེ་དང་དེ་དག་ལ་རློམ་སེམསུ་མི་བྱེད་དོ།། དེ་བཞིན་དུ། ཆེ་བཱ་ས ་རྒྱས་རིག་སྔགས་རྒྱལ། ཞེས་གསུངས་ཏེ། འབྲས་བུའི་དུས་སུ་སངས་རྒྱས་མི་ཉམས་པར་འགྱུར་བ་ནི་བ་སྐྱེད་པའི་རིམ་པ་དང་། སྔགས་བཟླས་པ་དང་། འོད་ཟེར་སྤྲོ་བསྡུ་ལ་སོགས་པའི་མཐུ་སྟེ། རིག་སྔགས་རྒྱལ་ཞེས་པ་རྡོ་རྗེ ་ཐེག་པའི་ལུགས་ལས་བྱུང་བ་སྟེ་དེའི་ཆེ་བའོ།། ད་ནི་རྫོགས་པའི་རིམ་པ་མདོར་བསྡུས་པ་ལས། ཡི་གེ་རབ་མཆོག་གི་རྣལ་འབྱོར་པ་ལས་དྲང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་རྣན་པོ་རལ་གྲི་རྗེ། ཞེས་པ ་ལ་སོགས་པ་གསུངས་ཏེ། རང་འདོད་པའི་ལྷར་བསྐྱེད་པ་སྔོན་དུ་སོང་བའི་ལུས་ལ་འཁོར་ལོ་བལྟས་པའི་སྤྲུལ་པར་རྡོ་རྗེ་དང་ལྡན་པའི་རལ་གྲི་བསམ་པ་སྟེ། རྣམ་པ་ནི་རྡོ་རྗེའོ།། མཚན་ཉིད་ནི་རྣོན་པོའོ།། མཐུན་པའི་དཔེ་རལ་གྲི་ཞེས་བྱ་བ ་ནི་དེའི་རྩེ་མོ་ལ་ཡི་གེ་ཨ་བསམ་པ་ཡིན་པས་དེ་སྐད་ཅེས་བྱའོ།། དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཡིག་གེ་མཆོག་སྟེ་རྣམ་པར་ངགཅེས་གསུངས་ཏེ། ཡི་གེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ ་ནཱི། ཨ་སྟེ་རལ་གྲིའི་རྩེ་མོར་བལྟའོ།། རྣམ་པར་ངག་ཅེས་པ་ནི་འོག་ནས་རིག་པར་བྱའོ།། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། ཙོས་པ་ནི་ཐེག་པ་ཆེན་པོ་ནི་རྡོ་རྗེའི་ཐེག་པ་ཆེན་པོའོ།། དེའི་ལུགས་དེསྟེ་སྡུག་བསྔལ་གཅོད་པ་སྟེ། སྙིང་ག ་ཆོས་ཀྱི་འཁོར་ལོ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཕུང་པོ་ལྔ་དང་འབྱུང་བ་ལྡིའི་རང་བཞིན་གྱི་ཡི་གེ་གནས་པ་དེ་གཅོད་པ་དང་ཆོས་མཐུན་པར་སྲེག་པའོ།། མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། ཞེས་པ་ནི་དེ་ལྟར་ཉོན་མོངས་པ་གཅོད་པས ་མཚོན་ཆ་སྟེ་རལ་གྲིའོ།། ཆོ་སྭཱ་ཞེས་པ་ནཱི་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ། དཱི་ནས་ལམ་བྱུང་ནུས་ཧཾ་གནས་སུ་འགྲོ་བ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཡི་གེ་ཨ་གནས་པ་ནི་རྡོ་རྗེ་ཆོས་སོ།། རྡོ་རྗེ་ཟབ་མོ་ཛི་ན་ཇིག་ཅེས་པའི་ཟབ་མོ་ནི་བྱང་ཆུབ་ཀྱི ་སྙེསེམས་གཉིས་སུ་མེང་བའོ།། ཛི་ན་ཛིག་ནི་རྒྱལ་བ་འཛིན་པ་སྟེ། རྒྱལྭ་བ་ནི་བདེ་བ་ཆེན་པོའོ།། དེ་བཟུང་བ་ནཱི་ཧཾ་ངོ་།། དེ་ལྟར་བསྒོམས་པའི་སྒྲུབ་པ་པོ་ནི་རྡོ་རྗེ་བློ་གྲོས་ཅན་ནོ།། དོན་བཞིན་རིག་ཅེས་པ་ནི་བདེ་བ་ཆེན་པོ་ནས་རྣ་བ་གཡས་ནས ་ཕྱིར་བྱུང་སྨིན་མའི་དབུས་ནས་ཞུགས་ཏེ་ཚངས་པའི་བུ་ག་ནས་སོང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་གནས་པའི་དམ་ཚིག་གི་འཁོར་ལོ་དཀྲུགས་ཏེ། དེ་བྱང་ཆུབ་ཀྱི་སེམས་བཀུག་སྟེ་སྤྱི་བོ་ནས་ཞུགས་ཏེ་སྔར་བསྲེ། ་པ་རྣམས་གསོས་ནས་འགེངས་པར་རིམ་གྱིས་འཆང་ལ། རིག་པ་རྣམས་རྣམ་པར་དག་པ་ནི་དོན་བཞིན་རིག་པ་སྟེ་བསྒོམ་པའོ།། ཕ་རོལ་ཕྱིན་པ་ཀུན་རྫོགས་པ། ཞེས་བྱ་བ་ལ་སོགས་པ་ནཱི་སྔར་བསྟན་པར་ཟད་དོ།། ས་རྣམས་ཀུནྣ་ཎཱི ་བརྒྱན་དང་ལྡན། ཞེས་པ་ནི་རང་གི་ལུས་ལ་སོགས་པ་རྣམས་རྒྱན་དང་འདྲ་བར་གནས་པས་དེ་སྐད་ཅེས་བྱའོ།། རྣམ་པར་དག་པ་བདག་མེད་ཆོས། ཞེས་པ་ནི་རྣམ་པར་ཞེས་པ་ཕ་རོལ་ཏུ་སྦྱིནྡྲ་པ་ལ་སོགས་པའོ།། དག་པ་ནི་རོ་གཅིག་པ ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ལས་སོ་བདག་མེད་ཅེས་པ་ནི་བ་ཤེད་མ་ཐུག་པ་སྟེ། དེ་ཉམས་བླང་བར་བྱ་བའི་ཆོས་སོ།། དེ་ནི་རྩ་དང་ཐིག་ལེ་སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། ཡང་དག་ཡེ་ཤེས་ཟླ་འོད་བཟང་། ཞེས ་བྱ་བ་ལ་སོགས་པས་བསྟན་ཏེ། ཡང་དག་ཅེས་པ་ནི་དོན་ཕྱིན་ཅི་མ་ལོག་པ་སྟེ་དོན་དམ་པོ་བྱང་ཆུབ་ཀྱི་སེམས་སོ།། ཟླ་འོད་བཟང་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་ཀྱི་སེམས་ཟླ་བ་ལྟ་བུ་ལ་བརྒྱན་ནས་ཡེ་ཤེས་སྐྱེ་བས་ན་བཟང་པོ་ཞེས་བྱའོ།། ་དེ་ཉིད་ཐབས་གང་གིས་སྙམ་པ་ལ། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་ཚན་ནི་རླུང་ངོ་།། སྒྱུ་འཕྲུལ་ཞེས་པི་ནཱི་སྟར་བསྟན་པའི་བྱང་ཆུབ་ཀྱི་སེམས་དེ་སྒྲུབ་ཅིང་སྒྲུབ་པའི་སྦྱོར་བྱས་ཞུ་སྟེ། འཁོར་བ ་དང་མྱ་ངན་ལས་འདས་པ་འཕྲུལ་པར་བྱེད་པས་དེ་སྐད་ཅེས་བྱའོ།། དྲ་བ་ཞེས་པ་ནི་རྩ་སྟེ། སྤྲུལ་པའི་འཁོར་ལོ་ལ་སོགས་པར་བྱང་ཆུབ་ཀྱི་སེམས་འཛིན་པའོ།། རྒྱུ་ཅེས་པོ་ནི་རྒྱུའི་རྒྱུང་ལ་གནས་པོ་སྟེ་སེཾ་བོན་ཞེས་པའོ།། ཀུན་ཅེས ་པ་ནཱི་འཁོར་བ་དང་མྱ་ངན་ལས་འདས་པ་མ་ལུས་པའི་ས་བོན་ནོ།། བདག་པོ་མཆོག་ཅེས་པ་ནི་རྒྱུ་ལས་གཞན་མེད་པའི་ཕྱིར་རོ།། རྡོ་རྗེ་གདན་ནི་མཱ་ལུས་ལྡན། ཞེས་པ་ནི་དེ་བཞིན་གཤེགས་པ་བཞུགས་པའི་གནས་རྡོ ་རྗེའི་གདན་ཡིན་པ་ལྟར་དོན་དམ་པ་དང་ཀུན་རྫོབ་གཉིས་སུ་མེད་པ་ནི་དེ་བཞིན་གཤེགས་པ་འབྱུང་བའི་གནས་སོ།། ཡེ་ཤེས་སྐུ་ནི་གཉི་སུ་མེད་པའོ།། རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། མ་ལུས་འཆུང་ཞེས་པ་ནི་རྡོ་རྗེའི ་གདན་དེ་ལ་བཞུགས་ཞེས་པའི་དོན་ཏོ།། ཀུན་ཏུ་བཟང་པོ་བློ་གྲོས་བཟང་།། སའི་སྙིང་པོ་འགྲོ་བ་འཛིན།། ཅེས་གསུངས་ཏེ། ཡེ་ཤེས་ཀྱི་སྐུ་ཅན་གྱི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་མ་ཟད་ཀྱི་བྱང་ཆུབ་སེམས་དཔའ ་རྣམས་བཞུགས་ཤེས་བསྟན་པའི་ཕྱིར་རྟོགས་པ་ཕུལ་དུ་ཕྱིན་པས་ན་ཀུན་ཏུ་བཟང་པོའོ།། ས་ཡི་སྙིང་པོ་འགྲོ་བ་འཛིན་ཅེས་པ་ནི་ཡོན་ཏནྡ་ཐམས་ཅད་བསྐྱེད་པས་སོ།། སྙིང་པོ་ནི་དེ་རྣམས་ཀྱི་སྙིང་པོ་སྟེ་སྐུ་གསུམ་མོ།། དེས་ཅི་བྱེད་སྙམ་པ ་ལཱ། འགྲོ་བ་འཛིན་ཅེས་གསུངས་ཏེ། དག་པ་དང་མ་དག་པའི་འགྲོ་བ་རྗེས་སུ་འཛིན་པའོ།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་སྟེ་རྒྱུའོ།། ་ད་ནི་སྤྲུལ་པའི་འཁོར་ལོ་ལ་ཆོས་ཐམས་ཅད་རོ་གཅིག་པར་བྱ་བའི་ཕྱིར། སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲུལ་པའི་འཁོར་ལོ་ལ་ཡི་གེ་སྡེ་ཚོན་རེ་རེ་ལ་ཡང་ཁ་དོག་ལྔ་ལྔར་བཀོད་པ་ནི་སྣ་ཚོགས་འཆང ་ཞེས་ཟེར་རོ།། ཡང་ན་སྣ་ཚོགས་ནི་ལས་དགེ་བ་ལ་སཾ་དང་མི་དགེ་བ་ལས་གྲུབ་པའི་འཁོར་བ་སྣ་ཚོགས་སྤྲུལ་པའི་ཨ་ལས་འབྱུང་བའོ་ཞེས་ཟེར་རོ།། འདིར་རང་གི་འདོད་པ་ཉམས་སུ་བླང་བའི་རིམ་པ་སྟེ། སྤྲུལ་པའི་འཁོར་ལོ་ཉིད་སྣ་ཚོགས ་ཏེ། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའོ།། དེ་ཉིད་བསྟན་པ། དངོས་པོ་ཀུན་གྱི་རང་བཞིན་མཆོག་ཅེས་གསུངས་ཏེ། དངོས་པོ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་དངོས་པོ་ཀུན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་བྱུང་ཞིང་འིཛི ་པར་དང་དོན་བྱེད་ནུས་པའི་ཆོས་རྣམས་སོ།། རང་བཞིན་མཆོག་ནི་དེ་དག་ཡིན་པས་སོ།། དངོས་པོ་ནི་སྔ་མ་བཞིན་ནོ།། རང་བཞིན་འཛིན་ཅེས་པ་ནི་སྣང་བ་དང་སྟོང་པ་ཐ་མི་དད་པའི་རང་བཞིན་འཛིན་པའོ།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན།། ཞེས་པ ་ནི་སྣ་ཚོགས་པོའི་དོན་སྐྱེ་བ་མེད་པ་ཞེས་བྱའོ།། དེ་བས་ན་ཆོས་ཀུན་ངོ་བོ་ཉིད་འཆུང་བ་ཞེས་བྱའོ།། ཤེས་རབ་ཆེན་པོས་སྐད་ཅིག་ལ། ཆོས་ཀུནི་ཁོང་དུ་ཆུད་པ་འཆང་ཞེས་པ་ནི་དེ་ལྟར་ན་ལམ་དེ་ཁོང་དུ་ཆུད་པས་ནི་ཤེས་རབ་ཆེན་པོ་སྟེ། ་ད་ཙག་གཱ་ཁོ་དུནང་སྟེ། བྱ་མན་།། དེ་འདི་པོ་གིདུ་ཧཱུ~ཾ་གཚག་ཅིག་ཤེས་རྡོ་རྗེ་འཆང་འཐོབ་པ་ནི་གསང་སྔགས་ཀྱི་ལམ་ཆེ་བའི་ཁྱད་པ་རོ།། དེ་ལྟར་ནེ་ཚེ་གཅིག་གིས་ཆོས་ཀུན་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པ་སྟེ། དེས་ན། ཐུ ་པ་བློ་མཆོག་ཡང་དག་མཐའ། ཞེས་གསུངས་ཏེ། འཁོར་བ་ཟློག་པ་ཐུབ་པ་སྟེ་རྡོ་རྗེ་འཆང་ཞེས་བྱའོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང་། བདེ་བར་གཤེགས་པ་དང་། རྒྱལ་བ་ཞེས་བྱའོ།། ཡང་དེ་ལྟར་རྟོགས་པ་དེ་ཐུབ་པའི་བློ ་དང་མཉམ་པ་སྟེ། ཡང་དག་པའི་མཐར་ཐུག་པ་ཞེས་བྱའོ།། མི་གཡོ་རབ་ཏུ་དང་བའི་བདག་ཅེས་བྱ་བ་ལ། མི་གཡོ་བ་ནི་ཐེ་ཙོམ་མི་ཟ་བའོ།། རབ་ཏུ་དང་བ་ནི་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་པར་འགྱུར་བའི ་བདག་ཉིད་དོ།། རྫོགས་པའི་སངས་རྒྱས་ནི་དུས་གསུམ་གྱིའོ།། བྱང་ཆུབ་ནི་གཉིསུ་མོད་པ་སྟེ་དེ་ཙམ་གཅིག་ཏུ་ཟང་ངོ་།། སངས་རྒྱས་ཀུན་ཅེས་པ་ནི་དུས་གསུམ་གྱིའོ།། མངོན་སུམ་པ་ཞེས་པ་ནི་སངས་རྒྱས་ཀུན་གྱིས་མངོན་སུམ་དུ་མཛད་ཅིང་ཕྱག ་བྱ་བ་དང་དེ་ལྟར་བདག་གིས་མངོན་སུམ་དུ་བྱས་སོ་ཞེས་པའི་དོན་ཏོ།། ཡེ་ཤེས་མེ་ལྕེ་འོད་འབར་གསལ། ཞེས་པ་ནི་ཉོན་མོངས་པ་མ་ལུས་པར་བསྲེགས་ནས་འོད་གསལ་བྱར་གནས་སོ་ཞེས་བྱ་བའི་དོན་ཏོ།། དེ་དག་གིས་ནི་སོ་སོར་རྟོག་པའི ་ཡེ་ཤེས་བཤད་ཟིན་ཏོ།། །། ང་ནི་ཆགས་བཅས་ལམ་གྱི་སྤྱོད་པ་ལ་འཇུག་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདོད་པའི་དོན་གྲུབ་དམ་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིར་འདོད་པའི་སྒོ་ནས་དོན་གྲུབ་པ་ནི་གཉི ་ཏེ། ངན་སོང་སྦྱོང་བ་དང་། གྲོལ་བར་བྱེད་པའོ།། དེ་གང་གིས་འགྲུབ་པར་བྱེད་སྙམ་པ་ལ། འདོད་པ་ཞེས་གསུངས་ཏེ། འདོད་པ་ནི་གཟུགས་ལ་སོགས་པ་ལྔའོ།། དེས་གཟུགས་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷའི་བདག་ཉིད་ཀྱིས ་དོན་གྲུབ་པ་སྟེ། དེ་གང་ཞེ་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གཞན་དག་ནི་འདོད་པའི་ཡོན་ཏན་གྱིས་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ་ཞེས་ཟེར་ཏེ། འདིར་དེ་ཉིད་ཀྱིས་སྦྱོང་བའོ།། མགོན ་བོ་ཞེས་པ་ནི་དེ་ཉིད་ལ་བྱའོ།། སེམས་ཅན་ཀུན་གྱི་མཆོག་ཅེས་པ་སྟེ། དེ་ལྟ་བུའི་གང་ཟག་དེ་ལས་དང་པོ་པའི་ས་བ་ཡིན་ན་ཡང་ཐེག་པ་གསུམ་གྱི་གང་ཟག་གི་ནང་ནས་དེ་མཆོག་གོ།། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། ཅེས་པ་ནི་ལམ ་འདིའི་སྒོ་ནས་བཅིངས་པ་ལས་མཉམ་སྙོམས་སུ་གྲོལ་བར་བྱེད་ཅེས་པའི་དོན་ཏོ།། ཡང་ན་འདོད་པ་ནི་ཐབས་ཁྱད་པར་ཅན་ཚོགས་ཀྱི་མཆོད་པ་ལ་བརྟེན་ནས་དོན་གཉིས་སུ་མེད་པ་ཡིན་ལ། དེ་ཉིད་ལ་འོག་ནས་འབྱུང་བའི་ཕོ་ཉ་དང་སྙོམས ་བཔར་འཇུག་པས་ན་དེ་སྐད་ཅེས་བྱའོ།། ངོས་ཅིར་འགྱུར་ཞེ་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བ་ཞེས་གསུངས་ཏེ་སྔ་མ་བཞིན་ནོ།། དྲ་ནི་དཔའ་བོ་དང་རྟེན་གྱི་གང་ཟག་གི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་གསུ ་དུ་གཅིག་དཔའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདྲིར་ཁྱད་པར་རྣམ་པར་བཞིར་འགྱུར་ཏེ། ཉོན་མོངས་པ་དང་གཡུལ་འགྱེད་པའི་ཚེ་དཔའ་བ་སྟེ། ཉོན་མོངས་པ་རྩད་ནས་གཅོད་པའི་བསམ་པ་གཅིག་པུ་ཡོད་པ་སྟེ་དང་པོའོ།། ་མི་ཤེས་པ་ནི་ཉོན་མོངས་པ་བསལ་བའི་ཐབས་མི་ཤེས་པ་ཉིད་དགྲ་ཡིན་པས་དེ་ཤེས་པར་བྱེད་པ་ནི་འཇོམས་པ་སྟེ་གཉིས་པའོ།། བློ་ལྡན་ནི་དཔའ་བའི་བློ་སྟེ་སྔར་གྱི་བློ་དང་ལྡན་པའོ།། སྒེག་འཆང་ཞེས་པ་ནི་ལུས་ཆ་གསུམ་དུ་འཁྱོག ་པའམ་སྦྱིན་བཏོན་པའོ།། དཔལ་དང་ལྡན་ཞེས་པ་ནི་བདག་དང་གཞན་དོན་འབྱུང་བར་བྱ་བའི་བསམ་པ་ཅན་ཏེ་གསུམ་པའོ།། བརྟན་པོ་ནི་ཉིན་མོངས་པ་ལས་རྒྱལ་བར་བྱེད་པའི་དུས་སུ་བློ་བརྟན་པ་སྟེ། ཐེག་པ་གཞན་ལ་འདོང་པ་དང་བྲ ་བཱ་སྟེ་བཞི་པའོ།། ད་ནི་དེའི་ཆ་ལུགས་བསྟན་པར་བྱ་བའི་ཕྱིར། མི་སྡུག་གཟུགས་འཆང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྡུག་པ་ནི་ལུས་དང་རྒྱན་ཏེ། ལུས་ནི་ན་མཁའི་གོས་གྱོན་པས་སོ།། རྒྱན་མི་སྡུག་པ་ནི ་རུས་པའི་རྒྱན་འཆང་བའི་ཕྱིར་རོ།། ལག་པ་བརྒྱ་པོ་ཞེས་པ་ནི་གར་བྱེད་པ་དང་འབྲེལ་ཏེ། གར་གྱི་རིགས་བརྒྱ་བྱེད་པའོ།། ཀུནྡ་བསྐྱོད་ཅིང་ཞེས་པ་ནི་གོམ་པའི་སྟབས་ཞེས་བྱ་བ་དང་འབྲེལ་ཏེ། རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལྷག་པས་གཡས ་དང་གཡོན་དྲང་དབུས་དག་ཏུ་གར་བྱེད་ཅིང་ལག་པ་གཉིས་དཀུར་གནས་ཏེ། རྐང་པས་ས་ལ་ཆོས་ཀྱི་འབྱུང་གནས་མཐེ་བོང་གིས་བྲི་བར་བྱའོ།། དེ་བཞིན་དུ་ལག་པ་གར་བྱེད་ཅིང་གསུམ་དུ་བྱས་ཏེ་རྐང་པས་སྣ་ཚོགས་རྡོ་རྗེ་བྲི་བཱར་བྱའོ།། དེ ་གནས་གཅིག་གཅིག་གི་ནང་དུ་གཽཅིག་བྱ་སྟེ། དེ་ནས་ཟིལ་གྱིས་གནོན་པ་དང་མཆོད་པ་དང་རིགས་མཚོན་པར་བྱེད་པའི་གར་རྣམས་བྱེད་པོ་ནི། དཔལ་དང་ལྡན་ལག་པ་བརྒྱས་གང་ལ། ནམ་མཁའ་ཁྱབ་པར་གར་བྱེད་པ། ཞེས་པའི་དོན་ཏོ།། ད་ནཾ ་སྦྱོར་ཐབས་བརྡས་བསྟན་པ་བཤད་པར་བྱ་བའི་ཕྱིར། སྭ་ཡ་དཀྱིལ་འཁོར་གཞིའི་ཁྱོན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཚོགས་ཀྱི་འཁོར་ལོའི་གནས་སྐབས་འདིར་གནས་ཁྱད་པར་ཅན་དུ་སྟེང་འོག་བསྐྱང་ནུལ་བྱས་ཏེ ་དཀྱིལ་འཁོར་གྱི་ཐིག་བཏབ་ལ། དེར་དཀྱིལ་འཁོར་གཅིག་པའི་དཔའ་བོ་དང་། རིགས་ལྡན་དགུག་པ་དང་། བརྡ་དྲི་བ་དང་། དབྱེ་གསལ་བྱས་ཏེ་དཀྱིལ་འཁོར་གྱི་རིམ་པས་གྲལ་ལ་བཀོད་དེ། འདོད་པའི་ཡོན་ཏན་ལྔས་ཚུལ་ཇི་ལྟ་བར ་ཆོད་དེ།། རེག་རྡོ་རྗེའི་གནས་སྐབས་འདིར་ནི་ཇི་ལྟར་ས་ལས་འཁྲིལ་ཤིང་དང་ལོ་མ་དང་མེ་ཏོག་ལ་སོགས་པ་འབྱུང་བ་ལྟར། འདིས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འབྱུང་བར་བྱེད་པས་དེ་སྐད་བྱའོ།། དཀྱིལ་འཁོར་ཞེས་པ་ནི་དེའི་ལུས ་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཤིང་དེ་ལས་སྙིང་པོ་ལེན་པས་སོ།། རྐང་པ་ཡ་གཅིག་ཅེས་པ་ནི་དཔའ་བོ་ཡེའི།། མཐིལ་གྱིས་གནོན་ཞེས་པ་ནི་རིམ་གྱིས་དབབ་པའོ།། རྐང་འཐོབ་ཅེས་པ་ནི་རྐང་པའི་བྱེ་བྲག་སྟེ། ཨེ་ཀ་ཨཾ་གུ་ལི་སྟེ་སོར ་མོ་གཅིག་མཚོན་པ་ནོར་བུའོ།། སེན་མོ་ནི་དེ་ལས་བྱུང་བ་སྟེ་བྱང་ཆུབ་ཀྱི་སེམས་སོ།། ཁྱོན་ཅེས་པ་ནི་དེའི་ནུས་པའོ།། ཚངས་པ་ཞེས་པ་ནཱི་ཧཾ་གྲི་གནས་སོ།། དེ་ནས་བྱང་ཆུབ་ཀྱི་སེམས་སྤྱན་དྲང་ཞིང་གཤེགས་སུ་གསོལ་བ་ནི་དུ་མའི་གྲངས་སུ་བྱ ་ཞིང་མྱ་ངན་ལས་མི་འདའ་བར་བྱ་བའི་ཕྱིར་རྩེ་ནས་གནོན་ཞེས་གསུངས་ཏེ། ནོར་བུའི་རྩེ་ནས་བཟློག་སྟེ་གཤེགས་པར་བྱའོ།། ད་ནི་གཉི་སུ་མེད་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། དོན་གཅིག་གཉིས་མེད་ནི་གསུངས་ཏེ། དེས་ཅིར ་འགྱུར་སྙམ་པ་ལ། དོན་ཞེས་པ་ནི་གཉིས་སུ་མེད་པ་ཡིན་ལ། དེ་ཡང་ཀུན་རྫོབ་ཀྱི་ཀུན་ད་ལྟ་བུ་དང་། ཉི་མ་དང་། དེའི་བདེ་བོ་ཐ་མི་དད་པར་དཔའ་བོ་དང་ཕོ་ཉས་ཉམས་སུ་མྱོང་བའོ།། དྲི་ནི་ཆོས་ཀྱི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། ་ཆོས་ཀྱི་དོན་ཞེས་གསུངས་ཏེ། ཆོས་ཀྱི་ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེང་ངོ་།། དེའི་དོན་ནི་གཉིས་སུ་མེད་པ། འདོད་པར་བྱ་བ་མི་སླུ་བ། ཕྲད་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། ད་ནི་དམ་པའི་དོན་གཏན་ལ་དབབ་པ་བསྟན་པར ་བྱ་བའི་ཕྱིར། དམ་པའི་དོན་ཏེ་འཇིགས་པ་མེད། ཅེས་གསུངས་ཏེ། དེ་ལ་འདོད་པར་བྱ་བ་ནི་དོན་དམ་པ་སྟེ། མི་སླུ་བའི་ཕྱིར་རོ།། འཇིགས་པ་མེད་ཅེས་པ་ནི་འཇིགས་པ་ཅན་ཉན་ཐོས་ལ་སོགས་པ་ཡིན་ལ། འདྲིར་ཐབས་དེ་ལྟ་བུ ་ལ་འཇིགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ད་ནི་རྣམ་པར་རིག་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པ་དེ་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ ་སྣང་བ་སྟེ། དེ་དག་གནས་གྱུར་པ་ནི་ཡེ་ཤེས་ལྔའོ།། དེས་ན་དེ་ལ་རྣམ་རིག་ཅེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ།། སྣ་ཚོགས་ཞེས་པ་ནི་སྒོ་ལྔའི་རྣམ་པར་ཤེས་པའོ།། གཟུགས་དོན་ཅན་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་།། སེམས་དང་ཞེས་པ་ནི ་ཡིད་ཀྱི་རྣམ་པར་ཤེས་པའོ།། རྣམ་ཤེས་རྒྱུད་དང་ལྡན་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདིར་བི་ཛྙཱ་ན་ནི་བི་ཛི་སྟེ་ས་བོན་ཞེས་བྱ་སྟེ། དེ་རྒྱས་པ་ནི་རྒྱུན་ཡིན་ཏེ། དེའི་རིགས་འཛིན་པ་སྟེ། ཡེ་ཤེས་སྐུའི་མིང་ཅན་ཡེ་ཤེས་ལྔ་གཉིསུ་མེད་པའི ་བྱང་ཆུབ་ཀྱི་སེམས་སོ།། ད་ནི་དངོས་པོ་མི་ལུས་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར་རོ།། དངོས་དོན་མ་ལུས་རྣམས་ལ་དགའ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་ཁྱད་པར་ཅན་གྱི་སྒོ་ནས་དངོས་པོ་རྣམས་ལ་དགའ ་བོ་དང་བདེ་བ་བསྟན་ཏེ་དོན་དམ་པ་དེ་རྟོགས་པའོ།། ཡང་ན་དངོས་དོན་མ་ལུས་རྣམས་ལ་དགའ་བར་བྱའི་སྤང་བར་མི་བྱའོ།། སྟོང་པ་ཉིད་དགའ་འདོད་ཆགས་བློ།། ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཕོ་ཉ་དང་དེ་ཁོ་ན་ལ་ངགའ་བ་དང་། སེམས ་ཅན་གྱི་དོན་ལ་འདོད་ཆགས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་ན་འདོད་ཆགས་ཀྱིས་ཉེས་པར་མི་འགྱུར་རམ་ཞེ་ན། དེའི་ཕྱིར། སྐྱིད་པའི་འདོད་ཆགས་རྣམ་སྤངས་པ། ཞེས་གསུངས་ཏེ། སྲིད་པ་གསུམ་གྱི་ཐ་མལ་པའི་འདོད་ཆགས་ལ ་སོགས་པའི་སྐྱོན་སྔར་སྤངས་པའོ།། སྲིད་གསུམ་དགའ་བ་ཆེན་པོ་པཿཞེས་པ་ནི་གོང་དུ་སྨོས་པ་དེ་དག་ལུས་ངག་ཡིད་གསུམ་གྱིས་དེ་ཁོ་ན་ཉིད་དུ་བསྒྱུར་བའོ།། ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར་སྦྱིན ་ཀར་དག་པ་བཞིན་དུ་དགྱུར་ཞེས་བྱ་བ་ལ། སྲིད་པའི་སྐྱོན་གྱིས་མ་གོས་པ་དང་། དེའི་མདོག་བསྟན་པའོ།། འོད་བཟུང་སྟོན་ཀའི་ཟླ་བའི་འོད་། ཅེས་པ་ནི་རེག་བྱ་བསིལ་བ་དང་། མདོག་དཀར་བ་དང་། བདེ་བ་བསྐྱེད་པར་ཆོས་མཥྚཱནྣ་ཏ~ཾ། ཐབས ་ཀྱི་བྱང་ཆུབ་ཀྱི་སེམས་སོ།། ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བ་ནི། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། ཞེས་གསུངས་ཏེ། མདོག་དམར་བ་དང་། རེག་བྱ་ཚ་བ་དང་། སྡུག་བསྔལ་བསྐྱེད་པར་མཐུ་ན་པའོ།། སེན་མོའི་འོད་ནི་ཤེས ་དེར་དམར། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བར་བྱེད་པའི་གནས་རྩ་གསུམ་འདུས་པ་སྟེ། དེའི་མདོག་ཀྱང་དེ་འདྲའོ།། ང་ནི་དཔའ་མོའི་ལུས་དང་ཡན་ལག་གི་མཚན་ཉིད་བསྟན་པར་བྱ་སྟེ། ཅོད་པོན་བཟང་པོ་མཐོན་ཀྭའི་རྩེ། ཞེས་པ་ལ་སོས ་པ་གསུངས་ཏེ། འདིར་གཟུགས་དང་ལང་འཆིའི་མཚན་ཉིད་སྟོན་པ་སྟེ། ལོའི་གྲངས་ནི་ཡན་ལག་བཅུ་གཉིས་ཞེས་བྱ་འོག་ནས་གསལ་ལོ།། ཡང་ན། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། དེ་ཉིད་རྣམ་པ་བཅུ་དྲུག་རེག། རྣམ་པ་ཉི་ཤུས་བྱ ་ཆུབ་པ། ཞེས་པས་བསྟན་ཏོ།། ཅོད་པན་ནི་སྐྲ་བཅིངས་པའི་དར་དཔྱངས་སོ།། མཐོན་ཀ་ནི་ནག་པོའོ།། དེའི་རྩེ་མོ་ནི་ལི་བའོ།། དེའི་སྐྲ་མཆོག་ཏུ་འཐུག་པ་དང་། གནག་པ་དང་ལི་བའོ།། མཐོན་ཀ་ཆེན་པོ ་འཆང་དུ་ཞེས་པ་ནི་སྐྲའི་མདོག་གོགྲོ། ནོར་བུ་ཆེན་པོ་འོད་ཆགས་དཔལ།། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལྡང་བའི་གནས་སོ།། འོང་ཆགས་དཔལ་ཞེས་པ་ནི་པདྨ་རཱ་གའི་མདོག་ཅན་ནོ།། ང་ནི་དེའི་རྒྱན་དང་ཆ་ལུགས་བསྟན་པར་བྱ ་བའི་ཕྱིར། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། ཞེས་བྱ་བ་ལ་སོགས་པ་གསུངསོ།། སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལ་དབུ་རྒྱན་དང་སྙན་ཆ་ལ་སོགས་པ་མངའ་བ་ལྟར་འདི་ལ་ཡང་དེ་ལྟར་བརྒྱན་པར་བྱའོ།། སྤྲུལ་པ ་ཞེས་པ་ནི་ཆགས་བྲལ་ཏེ་དེ་ལ་རང་བཞིན་གྱི་རྒྱན་ཤངས་ཀྱི་དབྱིབས་མཐོ་བ་དང་། སྤྱན་ཡངས་པ་དང་། ཚེམས་དཀར་བ་དང་། ཚིགས་དམ་པ་དང་། མ་གས་པ་དང་ལྡན་པའོ།། འཇིག་རྟེན་ཁྱམས་བརྒྱ་ཀུན་བསྐྱོད་པ། ཞེས་པ་ནི ་འཇིག་རྟེན་གྱི་ཁམས་ན་གནས་པའི་དཔའ་བོ་བརྒྱའི་སེམས་དུས་གཅིག་ཏུ་བསྐྱོད་པར་ནུས་པ་འམ། ཡང་ན་རྩ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀུན་བསྡུས་པའི་ནུས་པ་དེ་སྨིན་པའོ།། དེ་ནས་ཚོགས་ཀྱི་འཁོར་ལོའི་གནས་སྐབས ་འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདུས་པར་བྱ་སྟེ། དེ་ལ་ཚོགས་ཀྱི་ལམ་གྱི་ཆོས་བཅུ་གཉིས་བསྟན་པར་བྱ་བའི་ཕྱིར། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགྱོག ་པར་བསྐྱོད་པས་ན་རྫུ་འཕྲུལ་གྱི་རྐང་པ་སྟེ། ཆགས་བཅས་ཀྱི་ལམ་མྱུར་བ་ཞེས་བྱ་བའི་དོན་ཏོ།། དེ་ཡང་བཞི་སྟེ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་དང་། འདུན་པའི་དང་། དཔྱོད་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི ་རྐང་པའོ།། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སེམས་པ་སྟེ། དོགས་པ་མེད་པའི་སེམས་ཀྱིས་སྐད་ཅིག་གིས་རྡོ་རྗེ་འཆང་ཐོབ་པར་འདོད་པའོ།། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ལེ་ལོ་ལོ་མི་གནས་པར་བདག་དང་གཞན་གྱི ་སྐད་ཅིག་གིས་སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཕོ་ཉའི་ལུས་སྤྱན་མ་ལ་སོགས་པའི་རང་བཞིན་དུ་སྒོམ་པའོ།། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་སྐད་ཅིག་གིས་དེ་ཁོ་ན་ཉིད་ཁྱོད་དུ་ཆུད་པར་འདོད་པའོ།། དཔྱོད་པའི་རྫུ་འཕྲུལ ་གྱི་རྐང་པ་ནི་བླ་མའི་མན་ངག་ལ་ཐེ་ཚོམ་མི་ཟླ་བར་འཇུག་པས་རྟོགས་པར་བྱ་བའོ།། སྟོབས་ནི་འགྲོ་བ་སྟེ། གོང་ནས་གོང་དུ་འགྲོ་བས་ནི་ཆེན་པོའོ།། དེ་ཉིད་ཅེས་པ་ནཱི་བཤད་མ་ཐག་པའོ།། དྲན་པ་ཆེན་པོས་འཆང་ཞེས་པ་ནི་དེ་ལྟ་བུའི ་མན?་ངག་མི་བརྗོད་པར་བྱ་བའོ་ཡང་ན་དྲན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། དྲན་པ་བཞི་པོ་ཏིང་འཛིན་རྒྱལ། ཞེས་པ་ལ། ལུས་དྲན་པ་ཉེ་བར་གཞག་པ་ནི་ལྷར་ལྟ་བ་སྟེ་ཕུང་པོ་ལ་སོགས་པའོ།། ཚོར་བ་དྲན་པ་ཉེ་བར་གཞུན ་བ་ནི་དེ་ལ་བརྟེན་ནས་སྐྱེ་བའི་ཕྱིར་བདེ་བ་ཆེན་པོར་བལྟའོ།། ཆོས་དྲན་པ་ཉེ་བར་གཞག་པ་ནི་བླ་མའི་མན་ངག་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་རོ་གཅིག་པར་བལྟའོ།། སེམས་དྲན་པ་ཉེ་བར་གཞག་པ་ནི་སེམས་ཕྱག་རྒྱ་ཆེན ་པོའི་ངོ་བོ་གཅིག་ཏུ་དྲན་པར་བྱའོ།། དེ་དག་བསྒོམ་བྱ་ཡིན་པས་ཏིང་ངེ་འཛིན་ཅེས་བྱའོ།། འདིར་ཡང་དག་པར་སྤོང་བ་བཞི་བལྟ་བར་བྱ་སྟེ། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་ནི་གསུམ་པའོ།། སྐྱེས་པ་འཕེལ་བ ་ནི་བཞི་པ་རིན་པོ་ཆེ་ཚིག་དབང་ངོ་།། མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་ནི་དྲི་མ་ཚིག་གོ།། སྐྱེས་པ་སྦྱོང་པོ་ནི་དེ་སྤོང་བ་སྟེ། དེ་དག་ཀྱང་གསལ་བར་བྱས་སོ།། དེ་དག་ནི་ཚོགས་ཀྱི་ལམ་གྱི་ཆོ་སོ།། ད་ནི་སྦྱོར་བའི་ལམ་བསྟན་པར་བྱ་སྟེ། དང ་བའི་དབང་པོ་ནི་རྡོ་རྗེ་ཐེག་པ་ལྔ་མོས་པའོ།། བརྩོན་འགྲུས་ཀྱི་དབང་པོ་ནི་བླ་མའི་མན་ངག་ལེན་པ་ལ་བརྩོན་པའོ།། དྲན་པའི་དབང་པོ་ནི་དེ་ལ་ཤེས་བཞིན་དུ་བྱེད་པའོ།། ཏིང་ངེ་འཛིན་གྱི་དབང་པོ་ནི་དེ་གོམས་པར་བྱེད་པ་སྟེ་བསྒོམ་པའོ།། ་རབ་ཀྱི་དབང་པོ་ནི་དེ་དག་གི་གནས་ཡིན་པའི་ཕྱིར་རིགས་ལྷུན་བསྟེན་པར་བྱའོ།། དེ་དག་ཁྱད་པར་དུ་བྱ་བའི་སྟོབས་ལྔ་སྟེ། འདི་ལྟར་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། དྲན་པའི་སྟོབས ་དང་། ཤེས་རབ་ཀྱི་སྟོབས་ཤེས་བྱ་བའོ།། ད་ནི་མཐོང་བའི་ལམ་གྱི་ཆོས་བསྟན་པར་བྱ་སྟེ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། ཞེས་གསུངས་ཏེ། བྱང་ཆུབ་ཐོབ་པར་བྱེད་པའི་ཡན་ལག་བདུན་ནོ།། དྲི་ཡང་ལོངས་སྤྱོད་དུ་བྱ་བ ་དང་། རྒྱན་དུ་བྱ་བའོ།། ལོངས་སྤྱོད་དུ་བྱ་བ་ནི། མེ་ཏོག་སྤོས་ཞེས་པ་སྟེ་སྤོས་དངོས་སོ།། ཡོན་ཆབ་དང་མར་མེ་དང་། དྲི་དང་། ཞལ་ཟས་དང་། སྒྲ་ཞེས་པ་བདུན་ནོ།། རྒྱན་དུ་བྱ་བ་ནི་མེ་ཏོག་གི་རྒྱན་ནམ་རིན་པོ་ཆེའི་རྒྱན་ཏེ། མགུལ ་རྒྱུན་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། ལག་གདུབ་དང་། དོ་ཤུལ་དང་། སྐ་རགས་དང་། རྐང་གདུབ་བོ།། སྤོས་ཞེས་པ་ནི་དེའི་ལུས་ལ་གཱ་པུར་ལ་སོགས་པ་བཅད་པར་བྱའོ།། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། ཞེས་པ་ཎཱི། ་མཐར་ཕྱིན་པའི་ལམ་སྟེ། དེ་བཞིན་གཤེགས་པ་ནི་རིགས་ལྔའོ།། ཡོན་ཏན་ནི་སྟོབས་དང་། མི་འཇིགས་པ་དང་། གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པའོ།། མཚོ་འོས་པ་ནི་ཡོན་ཏན་འབྱུང་བའི་ཕྱིར་རོ།། ཡང་ན་དེ་བཞིན་ག ་པའི་ཡོན་ཏན་ནི་འདོད་པའི་ཡོན་ཏན་ལྔ་སྟེ་ཡུམ་མོ།། ལམ་གྱི་ཡན་ལག་བརྒྱ་ཚུལ་རིག། ཅེས་པ་ནི་ལམ་ནི་འཕགས་པའི་འོ།། ཡན་ལག་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་དོ།། ཚུལ་ཞེས་པ་ནི་ཐེབ་བུ་ཆེན་པོར ་གསུངས་པ་དང་། མིང་དང་གྲངས་མཐུན་པས་དེ་སྐད་ཅེས་བྱའོ།། རིག་ཅེས་པ་ནི་རྡོ་རྗེའི་ཐེག་པས་དེའི་དོན་སྟོན་པའི་ཕྱིར་ཡང་དག་པའི་ལྟ་བ་ནི་རང་གྲི་ལྷའི་རྣལ་འབྱོར་རོ།། ཡང་དག་པའི་རྟོག་བྱ་ནི་དེ་ཉིད་ལ་ངེས་པར་རྟོག་པའོ།། ་ཡང་དག་པའི་དྲག་ནི་རྡོ་རྗེའི་བཟླས་པ་ལ་སོགས་པའོ།། ཡང་དག་པའི་དྲན་པ་ནི་ལུས་ལྷར་དྲན་པ་དང་། ཚོར་བ་བདེ་བར་དྲན་པ་དང་། ཆོས་སྐྱོན་མེད་པར་དྲན་པ་དང་། སེམས་ཕྱག་རྒྱ་ཆེན་པོར་དྲན་པའོ།། ཡང་དག་པའི་ཏིང ་འཛིན་ནཱ་ལྷན་ཅིག་སྐྱེས་པ་ལ་དམིགས་པའོ།། ཡང་དགྲ་པའི་ལུས་ཀྱི་མཐའ་ནི་སེམས་ཅན་གྱི་དྲོན་བྱེད་པའོ།། ཡང་དྲུག་པའི་རྩོལ་བ་ནི་རྡོ་རྗེའི་ཐེག་པ་ལ་རྩོལ་བར་བྱེད་པའོ།། ཡང་དག་པའི་འཚོ་བ་མི་ཤ་ལྔ་བདུད་རྩི ་ལྔས་འཚོ་བའོ།། ཡང་དག་སངས་རྒྱས་ལམ་རིག་པ། ཞེས་པ་ལ། ཡང་དགྲ་པ་ནི་མཱི་སླུ་བའོ།། གང་གིས་ན་སངས་རྒྱས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དུས་གསུམ་དུ་བཞུགས་པའོ།། དེ་དག་སྐྱེད ་པར་བྱེད་པ་སྟེ་ཕོ་ཉའོ།། ལམ་རིག་པ་ཞེས་པ་ནི་ཕོ་ཉ་ལ་བརྟེན་ནས་དེ་ལྟར་རིག་པ་སྟེ། བསྒོམ་པའི་ལམ་གྱི་ཆོས་སོ།། ད་ནི་ཆགས་བཅས་ཀྱི་ལམ་གྱི་ཕན་ཡོན་རྒྱས་པར་བཤད་པར་བྱ་བའི་ཕྱིར། སེམས་ཅན་ཀུན་ལ་ཤས་ཚོར ་ཆགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ་འགྲོ་བ་དྲུག་གོ།། ཤས་ཆེར་ཆགས་པ་ནི་གཉིས་ཏེ། ཉོན་མོངས་པ་ལྷག་པར་ཆེ་བ་ལ་ཆགས་པ་དང་། སྙིང་རྗེའི་སྒོ་ནས ་ཆགས་པ་ལས་འདི་ནི་ཉོན་མོངས་པ་ལྷག་པར་ཆེ་བ་ལ་ཆགས་པ་སྟེ། འདོད་ཆགས་ཅན་རྗེསུ་བཟུང་ནས་སྣང་བ་མཐའ་ཡས་འཛུད་པ་ལ་སོགས་པའོ།། སྙིང་རྗེའི་སྒོ་ནས་ཆགས་པ་ནི་ཉན་ཐོས་ཀྱི་རིགས་ཅན་ལ་བདེན་པ་བཞི ་སྟོན་པ་ལ་སོགས་པའོ།། ཡང་ན་རྒྱུའི་གནས་སྐབས་ན་ཕོ་ཉ་ལ་སོགས་པ་ལ་ཆགས་པ་ནི་སེམས་ཅན་ཀུན་ལ་ཤས་རྗེར་ཆགས་པའོ།། འབྲས་བུའི་དུས་ན་སེམས་ཅན་གྱི་དོན་ལ་ཆགས་པས་དེ་སྐད་ཅེས་བྱའོ།། དེ་ལྟར་ན་དེ ་དེ་གཉིས་ཀ་ཉོན་མོངས་པ་ཅན་དུ་མི་འགྱུར་རམ་སྙམ་པ་ལ། གསུངས་པ། ན་མཁའ་ལྟ་བུར་ཆགས་པ་མེད། ཅེས་གསུངས་ཏེ། དེ་ལྟར་ཆགས་ཀྱང་དེའི་སྐྱོན་གྱིས་མི་གོས་ཏེ། ནམ་མཁའ་དང་། བུམ་པ་དང་། ཡིད ་བཞིན་གྱི་ནོར་བུ་ལ་སོགས་པ་བཞིན་དུའོ།། དེ་ལྟར་ན་སེམས་ཅན་གྱི་དོན་ཇི་ལྟ་བུ་སྙམ་པ་ལ། སེམས་ཅན་ཀུན་གྱི་ཡིད་ལ་འཇུག། ཅེས་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ་འགྲོ་བ་དྲུག་གོ། ་ཡིད་ལ་འཇུག་ཅེས་པ་ནཱི་ཡིད་དང་ཇི་ལྟར་མཐུན་པའོ།། ཡང་ན་སེམས་ཅན་ཀུན་ནི་སློབ་མའོ།། ཡིད་ལ་འཇུག་པ་ནི་གཉིས་ཏེ། བླ་མའི་བྱིན་གྱིས་རློབས་པ་དང་། སློབ་མའི་རྩོལ་བའོ།། དེའི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས ་ལ་འཇུག་པ་སྟེ། བླ་མའི་ངག་ལས་སོ།། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། ཞེས་པ་ནི་རིམ་གྱིས་མ་ཡིན་ཏེ། སྐད་ཅིག་གིས་མཛད་པས་དེ་སྐད་ཅེས་བྱའོ།། ལུང་ལས་ཀྱང་མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། ཤེས་བྱའི ་དཀྱིལ་འཁོར་ཀུན་ཁྱབ་ཅན་ཞེས་པ་ལྟ་བུའོ།། དེ་ལྟ་བུ་དེ་ཡང་རིགས་ལྡན་དེས་སྟེར་བའོ།། ད་ནི་ཡེ་ཤེས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱི་དབང་དོན་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དབང ་བྱོ་ཤེས་པ་ནི་མཆོག་དང་མཆོག་མ་ཡིན་པའོ།། དོན་ཤེས་པ་ནི་གཟུགས་མ་ཡིན་པར་ཤེས་པར་འགྱུར་རོ།། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ་ཞེས་པ་ནི་སྤྱི་དང་བྱེ་བྲག་ཏུ་འཕྲོག་པའོ།། ཆགས་བཅས་ཀྱི་ལམ་གྱིས་སྦྱིར ་རྟོག་པ་དང་བཅས་པ་དང་། རྟོག་མེད་དུ་འཕྲོག་པའོ།། བྱེ་བྲག་ཏུ་འཕྲོག་པ་ནི་རྣལ་འབྱོར་པའི་ཡིད་གཉིས་སུ་མེད་པ་སྟེ་ཨ་བ་དྷཱ་ཏཱིར་འཕྲོག་པའོ།། ཕུང་པོ་ལྔ་དོན་དེ་ཉིད་ཤེས་ཞེས་བྱ་བ་ལ། ཕུང་པོ་ལྔ་ནི་གཟུགས་ལ་སོགས ་པའོ།། དེའི་དོན་ཤེས་པ་ནི་ཡེ་ཤེས་ལྔ་གཉིསུ་མེད་པར་ཤེས་པའོ།། རྣམ་དག་ཕུང་པོ་ལྔ་འཆང་བ་ཞེས་བྱ་བ་ལ། རྣམ་པར་དག་པ་ནི་ཁམས་དང་སྐྱེ་མཆེད་དེ་རྣམས་གཏི་མུག་རྡོ་རྗེ་ལ་སོགས་པ་དང་། ་གཟུགས་རྡོ་རྗེ་མ་ལ་སོགས་པར་རོ།། ཕུང་པོ་ལྔ་ཡེ་ཤེས་ལྔའི་རང་བདེ་བར་གཤེགས་པ་ལྔའོ།། ངེས་འབྱུང་ཀུན་གྱི་མཐའ་ལ་གནས་ཞེས་བྱ་བ་ལ། ངེས་འབྱུང་ཀྱང་ཡིན་པས་ངེས་འབྱུང་ཀུན་ཏེ། འབྲས་བུ་ངེས་པར་འབྱུང་བའི ་ཐབས་ཏེ་ཐེག་པ་གསུམ་མོ།། མཐའ་ཞེས་པ་ནི་དེ་རྣམས་ཀྱི་མཐར་ཐུགས་པ་ཆགས་བཅས་ཀྱི་ལམ་མོ།། ངེས་པར་འབྱུང་བ་ཀུན་ལ་མཁས་ཞེས་པ་ནི་ཆགས་བཅས་ཀྱི་ལམ་འདིར་རྟོགས་པར་བྱ་བཱའོ།། གཞན་ཡང་དྲན་པར་བྱ ་བའི་ཕྱིར། ངེས་འབྱུང་ཀུན་གྱི་ལམ་ལ་གནས། ངེས་པར་འབྱུང་བ་ཀུན་སྟོན་པ།། ཞེས་པ་ནི་ཆགས་བཅས་ཀྱི་ལམ་འདིར་ལྡན་པར་སྟོན་པའོ།། ད་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕན་ཡོན་བསྟན་པར་བྱ་བའི ་ཕྱིར། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་ཀྱང་ཡིན་ལ་བཅུ་གཉིས་ཀྱང་ཡིན་པས་ཡན་ལན་ལག་བཅུ་གཉིས་ཏེ། འདི་ལྟར་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས ་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྨ་ཤི་ཞེས་བྱ་བ་རྣམས་སོ།། དེ་རྣམས་ནི་སྲིད་པའི་ཡན་ལོག་དང་རྩ་བའོ།། གཏོན ་ཞེས་པ་ནི་འདི་རྣམས་ཤེས་པས་སྲིད་པའི་རྩ་བའོ་ཞེས་བྱའོ།། དེ་ལ་འདི་རྣམས་ཤེས་པར་བྱེད་པའི་ཚུལ་ཀྱང་གཉིས་ཏེ། རྒྱ་ཆེ་བ་དང་། ཟབ་པའི་ལུགས་གཉིས་སྷོ།། དེ་ལ་རྒྱ་ཆེ་བ་ནི་ལུགས་དང་འཐུན་པ་དང་། ལུགས་ལས ་བཟློག་པ་སྟེ། དེ་ཤེས་པས་སྲིད་པའི་རྩ་བ་བཏོན་པའོ།། ཟབ་པ་ནི་རྡོ་རྗེ་ཐེག་པའི་ཚུལ་ཞེས་བྱའོ།། དེ་ལ་ཡང་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ།། དེ་ལ་བསྐྱེད་པའི་རིམ་པས་སྲིད་པའི་རྩ་བ་འཇོམ ་བ་ནི་འདི་ལྟ་སྟེ། མ་རིག་པ་ཞེས་པ་ནི་བྱདག་ཏུ་འཛིན་པ་ལྔ་བྱ་སྟེ། འདི་ལྟར་ཁམས་དྲུག་འདུས་པ་ལས་བདག་དང་བདག་གིར་འཛིན་པ་འབྱུང་བའོ།། དེ་ལ་ཁམས་དྲུག་ནི་ས་ངང་ཆུ་དང་མེ་དང་རླུང་དང་ན་མཁའ་དང་རྣམ་པར་ཤེས ་པའི་ཁམས་སོ།། དེ་རྣམས་འདུས་པ་ནི་ཚོགས་པ་གཅིག་གི་བདག་ཉིད་དོ།། དེ་རྣམས་ཀྱི་ནུས་པའི་རྩལ་གྱིས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་བསྐྱེད་པའོ།། དེ་ནས་གཅིག་ལ་བདྲུག་ཏུ་བཟུང་བྱས་ལྷག་མ་ལ་བདག་གིར ་འཛིན་པའོ།། དེ་ཕྱིར་མ་རིག་པ་ཞེས་བྱའོ།། དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་སྦྱོང་སྟེ། འདི་ལྟར་དམ་པའི་བཀྐུའ་དྲིན་གྱིས་འབྲེལ་པའི་སྐྱེས་བུས་གནས་དདེན་དར་མཆོད་པའི་རྟེན་དང་ཡོ་བྱད་སྟེ་གོན་བྱ་ཞིང་ལུས་དང ་ངག་གི་བྱ་བ་བྱ་ཞིང་ཚོགས་བསགས་ནས་ཕྱི་དང་ནང་གི་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་ཞིང་།། ཨོཾ་སྭ་བྷཱ་བ་ཤུདྡྷོ་ཞེས་བྱ་བས་སྟོང་པ་ཉིད་དུ་བསྒོམ་ཞིང་། ཨར་རྣཱ་ཙིཏྟ་ནྱ་ནུཏྤ་ཏ་སྟེ། ཨ་ཀཱ་རོ་ལ་སོགས ་པའི་སྔགས་ཀྱིས་སོ།། དེའི་ཕྱིར་མ་རིག་པ་སྐྱེ་བ་མེད་པར་ཡོངས་སུ་དྲག་པའོ།། དེ་ལ་སྒྱུ་མཐར་བསམ་ཞིང་ཡོངསུ་བསྲུང་བར་བྱའོ།། ར་བ་དང་གུར་གྱི་ནང་དུ་ན་མཁྭའི་ཁམས་རྣམ་པར་དག་པའི་ཆོས་འབྱུང་བ ་བསྐྱེད་དེ། དེའི་ནང་དུ་ཡཾ་ལས་བྱུང་བའི་རླུང་གི་ཁམས་གཞུ་ལྟ་བུའོ།། བཾ་ལས་བྱུང་བའི་ཆུའི་ཁམས་ཟླུམ་པོའོ།། དེར་རཾ་ལས་བྱུང་བའི་མེའི་ཁམས་གྲུ་གསུམ་མོ།། དེར་ལཾ་ལས་བྱུང་བའི་སའི་ཁམས་རྣམ་པར་དག་པ་གྲུ་བཞི་པའོ།། ་དེ་རྣམས་ཀྱི་ས་བོན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམ་པར་དག་བྱ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་ཕྱི་རོལ་གྱི་དོན་གྱིས་བསྐྱེད་པ་ནི་མ་ཡིན་གྱི། རང་གི་རྣམ་པར་ཤེས་པ་ལས་བྱུང་བ་སྟེ། གཟུང་འཛིན་གྱིས་སྟོང་པའི་སེམས ་ཙམྦྷ་པུ་ཤེས་བྱར་བྱའོ།། དེ་ནས་དེ་དག་གི་ཁྱད་པར་འདུས་པ་ལས་ཡི་གེ་ཨཱ~ཾ་དྲྀ་བསྡམ་ཞིང་རྣམ་པར་སྣང་མཛད་ཀྱི་རྣམ་པར་གྱུར་པ་ལས་གྲོ་ཞལ་ཡས་ཁང་ངོ་།། དེ་ཡང་རང་གི་སེམས་ཀྱི་སྣང་བ་ཙ་མཱཾ་སྟེ། དེ་ལྟ་བཱས་ན་སེམས་གཟུང ་འཛིན་གྱིས་སྟོང་པོ་ཉིད་མ་རིག་པ་རིག་པར་བྱེད་པ་སྟེ། བདག་དང་བདག་གིར་འཛིན་པ་ལས་གྲོལ་བའོ།། འདུ་བྱེད་རྣམ་པར་ལ་ནི་འདི་ལྟ་སྟེ། དེ་ཡང་འདུ་བྱེད་ཀྱི་རྐྱེན་གྱིས་འདུ་བྱེད་འབྱུང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཁམས་དྲུག ་པོ་ཉིད་ལས་བདག་ཏུ་བཟུང་ནས་བདག་ནི་སྐྱེས་པའོ།། བདག་ནི་བུད་མེད་དོ་སྙམ་བདག་དང་གཞན་དུ་རྟོག་པའོ།། དེའི་དབང་གིས་གཅིག་ལེ་གཅིག་ལྷག་པར་ཆགས་ཏེ་མངོན་པར་འདུ་བྱེད་པའོ།། འདིར་ཁམས་དྲུག་པོ་ཉིད་སྐྱེས ་པཱ་དང་། བུད་མེད་མ་ཡིན་ཏེ། སེམས་ནི་ཕོ་མོར་མ་གྲུབ་སྟེ་རིག་པ་ཙམ་མོ།། རིག་པ་དེ་ཉིད་ཡི་གེའི་ངོ་བོ་སྟེ་ཨུ་ལཱི་དང་ཀ་ལིའོ།། དེ་ལས་ཟླ་བ་དང་ཉི་མའོ།། དེ་དག་ནི་མངོན་པར་འདུ་བྱ་བ་ཡིན་ཏེ་འདུ་བྱེད་དོ།། འདུ་བྱེད་དེ་ཉིད ་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སྟེ། རང་གི་ལྷའི་ཕྱག་རྒྱ་དང་ས་བོན་ནོ།། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་སྟེ། རང་གི་ལྷའི་སྐུ་འོད་ཀྱིས་གོང་བུའོ།། རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་མཆེད་དྲུག ་སྟེ། དེ་ལས་སྐུ་ཡོངསུ་རྫོགས་པ་ནི་སྐྱེ་མཆེད་དྲུག་གོ།། དེ་ལྟར་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་སྟེ། འདོད་ཆགས་ཆེན་པོས་རྗེ་སུ་ཆགས་ཤིང་ཡབ་ཡུམ་གཉིས་རེག་པ་ལས་ཞུ་བའི་ངོ་བོ་ཉིད་ལ་གནས་ཏེ། རེག་པའི ་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ནི་བདེ་བ་ཞེས་བྱའོ།། ཚོར་བ་བདེ་བའི་རྐྱེན་གྱིས་སྲེད་པ་ནི་ཡབ་ཡུམ་ཁྭ་སྦྱོར་དུ་བཞེངས་པའོ།། སྲེད་པའི་རྐྱེན་གྱིས་ལེན་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་བསྟིམ ་པ་དང་། དབང་བླང་བ་དང་། སྐྱེ་མཆེད་བྱིན་གྱི་སྣ་བརླབ་པ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་། སྔགས་བཟླས་པ་ནི་གཞན་ལ་རག་ལས་པའི་ཚུལ་གྱིས་ལེན་པའོ།། ལེན་པའི་རྐྱེན་གྱིས་སྲིད་པ་ནི་སྐུ་སྤྲོ་བ་དང ་བསྡུ་བ་མངོན་དུ་མཛད་པའོ།། སྲིད་པའི་རྐྱེན་གྱིས་བསྡུ་བ་མངོན་དུ་མཛད་པའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཉིད་ནི་ལྕེའི་འཁོར་ལོ་ཐུན་མོང་བ་རྣམསོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ནི་དཀྱིལ་འཁོར་བསྡུ་ཞིང་མི་དམིགས་པ་སྤྱན་དྲང་ཞིང ་གཤེགསུ་གསོལ་བའོ།། དེ་ནི་བསྐྱེད་པའི་རིམ་པའི་ཚུལ་གྱི་གདམས་ངག་གོ།། རྫོགས་པའི་རིམ་པའི་ཚུལུ་ནི་བླ་མ་དམ་པའི་ཞལ་ལ་ལྟོས་པར་བྱའོ།། ཡང་ན་ཡན་ལག་བཅུ་གཉིས་ནི་ཕོ་ཉའི་ལོ་གྲངསུ་ཤེས ་བར་བྱའོ།། དེ་ལྟར་ན་དག་པ་རྣམ་པ་བཅུ་གཉིས་འཆང་བའོ།། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། ཞེས་པ་ནི་ཇི་སྐད་དུ་བཤད་པའི་ཐེག་པ་ཆེན་པོར་བདེན་པ་བཞི་ནི་སྡུག་བསྔལ་ཤེས་པར་བྱ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། ་རྒྱུད་ལ་བསྟེན་པར་བྱ་བ་དང་། འགོག་པ་ནི་འབྲས་བུ་མངོན་དུ་བྱ་བར་འདོད་པའོ།། འདིར་ནི་རྣམ་པ་དེ་དག་གི་མི་འདོད་དེ། མིང་དང་གྲངས་མཐུན་ལ་དོན་ནི་དགའ་བ་བཞི་རྟོགས་པར་བྱ་བའོ།། ཤེས་པ་བརྒྱད་པོ་ཞེས་པ་ནི་རྣམ་པར ་ཤེས་པའི་ཚིགས་བརྒྱད་དེ། ཀུནཱ་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། སྒོ་ལྔའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་བརྒྱད་།། རྟོགས་པོ་འཆང་ཞེས་པ་ནི་ཀུན་གཞི་གནས་གྱུར་པ་སྤྲུལ ་པའི་སྐུ། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ཆོས་ཀྱི་སྐུ། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་ལོངས་སྦྱོང་རྫོགས་པའི་སྐུ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་སྐུ་གསུམ་ངོ་བོ་ཉིད་ཀྱི་སྐུ་སྟེ། དེས་ན་དེ་ལ་དེ་སྐད་ཅེས་བྱ་འོ།། ། ་བདེན་དོན་རྣམ་པ་བཅུ་གཉིས་ལྡན། ཞེས་པ་ནི་བདེན་པ་ནི་མི་སླུ་བ་སྟེ། དོན་རྣམ་པ་བཅུ་གཉིས་ལྡན་པ་སྟེ། གང་ཞེ་ན། དང་པོ་དབང་བཞི་ལས་སྐད་ཅིག་མ་བཞི་དང་། དེ་ལ་བརྟེན་ནས་དགའ་བ་བཞི་སྐྱེ་བས་དེ་སྐད་ཅེས་བྱའོ།། དེ་ཉིད ་རྣམ་པ་བཅུ་དྲུག་རིག་ཅེས་པ་ནི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་། དྲི་མ་མེད་པ་དང་། འབྲས་བུ་བཞི་སྟེ་བཅུ་དྲུག་གོ། རྣམ་པ་ཉི་ཤུས་བྱང་ཆུབ་པ། ཞེས་པ་སྟེ། རྣམ་པ་ནི་སྔར་བསྒྲགས་པ་དེ་ཉིད་དང་། ཉི་ཤུ་ནི ་དྭེར་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་སྟེ། བཞི་བསྣན་པས་དེ་སྐད་ཅེས་བྱའོ།། དེ་དག་རིག་པས་རྣམ་པ་སངས་རྒྱས་ཀུན་རིག་མཆོག་ཅེས་སྦྱར་རོ།། བྱང་ཆུབ་པ་ཞེས་པ་ནི་ཆགས་བཅས ་ཀྱི་ལམ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་ཐོབ་པའོ་ཞེས་པའི་དོན་ཏོ།། རྣམ་པ་སངས་རྒྱས་ཀུན་རིག་མཆོག། ཅེས་བྱ་བ་ལ། རྣམ་པ་ནི་སྔར་བཤད་པ་ཉི་ཤུ་པོ་སྟེ་ལམ་མོ།། སངས་རྒྱས་ནི་འབྲས་བུའོ།། ཐབས་གང་སྙམ་པ་ལ། ཀུན ་རིག་མཆོག་སྟེ་སྔ་མ་དེ་དག་རིག་པ་ནི་ཐབས་ཀྱི་མཆོག་གོ། དེ་ལྟར་ན་ཇི་སྐད་དུ་བཤད་པའི་ཐེག་པ་ཆེན་པོར་ནི་བགྲོད་པའི་ལམ་དུ་གསུངས་ལ། འདིར་ནི་ལྡན་པའི་ཆོས་སོ་ཞེས་གསུང་སོ།། ད་ནི་ཐུན་མོང་མ་ཡིན་པའི་འབྲས་བུ་བསྟན་པར ་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་སྤྲུལ་པ་སྒྲ། ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ། དེ་དག་སྐྱེད་པར་བྱེད་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང ་བཞིན་པོ་ཉའོ།། དེའི་ཕྱིར་ཕོ་ཉའི་ཆེ་བ་ཡིན་པར་རིག་པར་བྱའོ།། དེའི་གྲངས་ཇི་ཙམ་སྙམ་པ་ལ། བྱེ་བ་དཔག་མེད་འགྱེད་པ་པོ། ཞེས་གསུངས་ཏེ། ཐེག་པ་ཆེན་པོར་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་ཞིང་གྲངས་བྱེ་བ་བརྒྱ ་འགྱེད་པར་འདོད་ལ། འདིར་ནི་གཉིས་སུ་མེད་དེ་འོད་གསལ་བ་ལྔས་འབྱུང་ཞིང་། སྐུ་ཁྲོ་བོའི་རྣམ་པ་དཔག་ཏུ་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། འདིར་ནི་ཇི་སྐད་དུ་བཤང་པའི་ཐུབ་པ་ཆེན་པོ ་ཐུབ་ཆེན་ལྡན། ཞེས་པའི་དོན་གསལ་བར་བསྟན་པའོ།། ད་ནི་ལམ་ཉེ་བར་རྟོགས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐད་ཅིག་མ་ནཱི་བཞི་སྟེ། ་ཆོས་ཐམས་ཅད་མངོན་པར་རྟོགས་པའི་སྐད་ཅིག་མ་དང་། སེམས་ཅན་གྱི་དོན་རིག་པའི་སྐད་ཅིག་མ་དང་། བྱེ་བྲག་འབྱེད་པའི་སྐད་ཅིག་མ་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་མ་དང་། གཞན་དུ་ནི་མཚན་ཉིད་དང་བྲལ ་བ་དང་། རྣམ་པར་སྨིན་པ་དང་། རྣམ་པ་སྣ་ཚོགས་པ་དང་། རྣམ་པར་ཉེད་པ་ཞེས་བྱ་བའི་མིང་ཅན་ཏེ། ལུམ་མྱུར་བ་དང་། ཐོབ་བྱ་དགའ་བ་བཞི་ཡུནྟ་ཐུང་བས་སྐད་ཅིག་མ་ཞེས་བྱའོ།། ཐམས་ཅད་ཅེས་པ་ནི་ཕུང་པོ་དང་ཁམས་དང ་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་སོ།། མངོན་པར་རྟོགས་པ་ཞེས་བྱ་བ་ནི་གཉིསུ་མེད་པར་མངོན་སུམ་དུ་རྟོགཅེས་པའོ།། དེས་ནི་རྟོགས་པར་བྱ་བ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དུས་དང་མཚན ་སོང་དང་བྲལ་བའི་སྐད་ཅིག་མ་རྟོགས་པའོ།། ཡང་ན་དུས་གང་གིས་ནི་སྐད་ཅིག་གཅིག་ལ། གང་རྫོགས་ན་ཆོས་ཐམས་ཅད་ཚུལ་ཇི་ལྟར་རྟོགས་ན་མངོན་སུམ་དུ་ལྷན་ཅིག་སྐྱེས་པའོ།། སེམས་ཀྱི་སྐད་ཅིག་དོན་ཀུན་རིག། ཅེས་པ ་ནི་སེམས་ཀྱི་ཞེས་པ་ནི་མཆོག་དགའ་སྟེ། གཟུང་བ་དང་འཛིན་པས་སྟོང་པས་སྟོན་ཀའི་ཉི་མ་ཕྱེད་ཀྱི་ན་མཁའ་ལྟ་བུར་རིག་པ་སྟེ། སེམས་ཙམ་དུ་རིག་པའོ།། འདིར་བྱང་ཆུབ་ནི་དགེ་བྱའི་བཤེས་གཉེན་ལ་རག་ལས་པ་ཡིན་ལ། ་རང་དགར་འཇུག་པ་རྣམས་བློ་དྭགས་བེར་བྷ་བའི་ཕྱིར་འདི་དང་ཕྱི་མརེ་དཀྲུག། སཾ་ཏེ་བསྐྲུནྡྷ་པའོ།། དེའི་ཕྱིར་སྐད་ཅིག་ལ་རྟོགས་ཤིང་ཚྭ་གཅིག་གིས་སངས་རྒྱས་པར་བྱེད་བའི་ལམ་ནཱི་རྡོ་རྗེ་ཐེག་པའོ།། དེ་ལྟ་ན་སེམས་ཅན་ཐམས་ཅད་ལ ་ལམ་འདི་མ་བསྟན་པ་ཅིའི་ཕྱིར་ཞེ་ན། ཐེག་པ་སྣ་ཚོགསྣ་ཐབས་ཀྱི་ཚུལ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཐེག་པ་ནི་གསུམ་སྟེ་ཉན་ཐོས་ལ་སོགས་པའོ།། སྣ་ཚིགས་ཐབས་ཀྱི་ཚུ་ལ་ཞེས་པ་ནི་ཐབས་སྣ་ཚོགས་སུ་བསྟན་པ་སྟེ། ་དེ་ཡང་སྐད་ཅིག་མ་རྟོགས་པར་བྱེད་པའི་ཐབས་སུ་རིག་པར་བྱ་སྟེ། འདིར་ནི་རེ་ཤིག་བསྟི་གནས་ཙམ་དུ་རིག་པར་བྱའོ།། འགྲོ་བའི་དོན་ལ་རྟོགས་པ་པོ། ཞེས་བྱ་བ་ནི་ལས་དང་པོ་ལ་འགྲོ་བ་དྲང་བའི་དོན་ལ་དགོངས་ནས་གསུངས ་པ་སྟེ། དེའི་ཕྱིར། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། ཞེས་བྱ་བ་ནི་ཐེག་པ་གསུམ་ནི་གོ་བླའོ།། ངེས་པར་འབྱུང་བ་ནི་འབྲས་བུ་སྟེ། དགྲ་བཅོམ་པ་ལ་སྩོགས་པ་ཡིན་ལ་དེའི་ལམ་ནི་དེ་ངག་གོ། ཐེག་པ་གཅིག་གི་འབྲས་བུར ་གནས། ཞེས་པ་ནི་བཞི་པ་རྡོ་རྗེའི་ཐེག་པའོ།། འབྲས་ངུར་གནས་པ་ཞེས་པ་ནི་འབྲས་བུ་སྐུ་གསུམ་ལམ་དུ་བྱེད་པ་སྟེ། འཁོར་ལོ་གསུམ་དུ་ཉམ་སུ་མྱོང་བའོ།། དེ་ཡང་མགྲིན་པར་ལོངས་སྤྱོད་རྫོགས་པའོ།། སྙིང་གར་ཆོས ་ཀྱིའོ།། ལྟེ་བར་སྤྲུལ་པའི་སྒྲའོ།། དེ་བཞིན་དུ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་། སོ་སོར་རྟོག་པ་རྣམས་ནི་ལོངས་སྤྱོད་རྫོགས་པའོ།། བྱ་བ་ནན་ཏན་ནི་སྤྲུལ་པའོ།། ཆོས་ཀྱི་དབྱིངས་རྣམ་པར་དག ་པ་ནི་ཆོས་ཀྱིའོ།། དེ་བཞིན་དུ་ཡང་རྒྱུ་མཐུན་པ་ནི་སྤྲུལ་པའོ།། རྣམ་པར་སྨིན་པ་ནི་ཆོསོ།། སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་ངོ་།། དྲི་མ་མེད་པ་ནི་བདེ་བ་ཆེན་པོའི་ཚུལ་གྱིས་གནས་པས་ན་དེ་སྐད་ཅེས་བྱའོ།། ད་ནི་སྤུད་བྱུ་སྤངས ་པའི་ཕན་ཡོ་ན་བསྟན་པར་བྱ་བའི་ཕྱིར། ཉོན་མོ་དྲངས་ཁམས་རྣམས་དག་པའི་བདག། ཅེས་བྱ་ལ་སོགས་པ་གསུངས་པ་གསུངས་ཏེ། ཉོན་མོངས་ཁམས་ནི་རྩ་བ་དང་ཉེ་བའི་ཉོན་མོངས་པའོ།། རྣམས་ཞེས་པ་ནི ་ཁམས་གསུམ་གྱི་ཉོན་མོངས་པའོ།། དག་པ་ནི་འདིར་སྐད་ཅིག་གིས་སོ།། གཞན་ནི་བསྐལ་པ་གྲངས་མྱེད་པ་གསུམ་ལ་སོགས་པའོ།། ལས་ཀྱི་ཁམས་རྣམས་ཟད་བྱེད་པ། ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བའི་ལས ་ལས་སྐྱེས་པའི་ཁམས་གསུམ་གྱི་བག་ཆགས་རྣམས་སྐད་ཅིག་གིས་ཟད་པར་བྱེད་པའོ།། ཆུ་བོ་རྒྱ་མཚོ་ཀུན་ལས་རྒལ། ཞེས་པ་ནི་གང་གཱ་དང་། སཱིན་དྷུ་ལ་སོགས་པ་ནི་ཆུ་བོ་ཡིན་ལྀ། དེ་རྣམས་གཅིག་ཏུ་འདུས་པའི ་རྒྱ་མཚོའོ།། དེ་བཞིན་དུ་སྐྱེ་བ་ལ་སོགས་པ་ནི་རྒྱུན་མི་འཆང་བའི་ཕྱིར་ཆུ་བོ་ཡིན་ལ། དེ་རྣམས་གཅིག་ཏུ་འདུས་པ་ནི་རྒྱ་མཚོ་སྟེ། སྲིད་པའི་རྒྱ་མཚོ་དེ་ལས་ཀྱང་སྐད་ཅིག་གིས་སོ།། དེ་བཞིན་དུ་སྦྱོར་བའི་དགོན་པ་ལས ་བྱུང་བ། ཞེས་བྱ་བ་ལ། འདིར་མུ་གེའི་དགོན་པ་དང་། གཅན་ཟན་གྱི་དགོན་པ་དང་། ལམ་རིང་ཞིང་ཡང་པའི་དགོན་པ་དེ་ན་ཆུ་དུག་ཅན་ལ་སོགས་པའི་དགོན་པ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་འཁོར་བའི་དགོན་པ་འདི་ན་ཡང་སྐྱེ་བ་ལ་སྲོག ་པོའི་སྡུག་བསྔལ་ཡང་བ་ལས་འབྱུང་བར་བྱེད་པ་ནི་ཆགས་བཅས་ཀྱི་ལམ་འདིའི་ཕན་ཡོན་ནོ།། ཉོན་མོངས་ཉེ་བ་ཀུན་ཉོན་མོངས། ཞེས་བྱ་བ་ལ། འདོད་ཆགས་དང་ཁོང་ཁྲོ་བ་ལ་སོགས་པ་དྲུག་རྩ་བའི་ཉོན་མོངས་པ་དང་། ཁྲོ་བ་དང་ཁོ་ན ་དུ་འཛིན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དང་། ཞེ་སྡང་ལ་སོགས་པ་ཀུནྡ་ནས་ཉོན་མོངས་པ་དང་། བག་ཆགས་བཅས་པ་གཏན་སྤངས་པ། ཞེས་བྱ་བ་ལཱ། བག་ཆགས་ས་བོན་ཙམ་ཡང་མ་ལུས་པར་སྤངས་ཏེ། གང་གིས་ཤེ་ན། ་གོང་མ་ངེས་སོ།། ད་ནི་ཐོབ་བྱ་ཐོབ་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་སྙིང་རྗེ་ཆེན་པོ་ནི་རྒྱུའི་གནས་སྐབས་དམིགས་པ་མེད་པའི་སྙིང་རྗེ་དང་། ཤེས་རབ ་ཅེས་བྱ་བ་གཉིས་སུ་མེད་རྫོགས་པའི་ལྔ་རིམ་པ་དང་། ཐབས་ཤེས་བྱ་བ་བསོད་ནམས་ཀྱི་ཚོགས་དང་། བསྐྱེད་པའི་རིམ་པ་བསྒོམ་པའོ།། དོན་ཡོད་འགྲོ་བའི་དོན་བྱེད་པ། ཞེས་བྱ་བ་ལ་རུ་སྔར་བསོད་ནམས་ཀྱི་ཚིགས་བསགས་བྱ་དོན ་ཡོད་ཀྱང་ཡོད་ལ་བྱེད་ཀྱང་བྱེད་པ་སྟེ་སྐུ་གཉིས་པོའོ།། གང་གི་དོན་བྱེད་དེ་སྙམ་པ་ལ། འགྲོ་བ་སྟེ། དེ་དག་གིས་བསྡུས་པ་རྣམསོ།། འགྲོ་བ་རྣམས་ཀྱི་དོན་བྱེད་པའི་དུས་ན་རློམ་སེམས་ཡོད་ངམ་སྙམ་པ་ལ། འདུ་ཤེས་ཀུན་གྱི་དོན ་སྤངས་ཤིང་། ཞེས་བྱ་བ་ལ། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པ་སྟེ། རྟགས་འདི་དང་ལྡན་པ་ནི་སྐྱེས་པ་ཞེས་པ་ལ་སོགས་པའོ།། དོན་སྤངས་ཞེས་པ་ནི་ང་ནི་བདག་གིས་ལྷ་ལ་སོགས་པ་ཐབས་འདིའི་སྒོ་ནས ་འདི་བྱའོ་སྙམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྣམ་ཤེས་དོན་ནི་འགག་པར་བྱེད་ཅེས་བྱ་བཱ་ལ། འདིར་ཤེས་པ་དང་ཤེས་བྱ་གོ་ཉིས་མེད་ཀྱང་ཞེས་བྱའོ།། དེའི་ཕྱིར། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། ཞེས་གསུངས་ཏེ། སེམས་ཅན་ཡང ་ཡིན་ལ་ཡུལ་ཡང་ཡིན་པས་སེམས་ཅན་ཀུན་ཡིད་ཡུལ་ཏེ་དག་པ་དང་མ་དག་པའོ།། ཡིད་ནི་ཡུལ་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པའི་བྱེ་བྲག་གིས་རྡོ་རྗེ་འཆང་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་བྱེ་བྲག་གིས ་རྗེས་སུ་འཛིན་ཅིང་སྣང་བའོ།། སེམས་ཅན་ཀུན་གྱི་ཡིད་རིག་པ། ཞེས་པ་ནི་དེ་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པའོ།། མཁྱེན་པ་དེ་ཅི་མཛད་སྙམ་པ་ལ། སེམས་ཅན་ཀུན་གྱི་ཡིད་ལ་གནས། ཞེས་གསུངས་ཏེ། ཇི་ལྟར་མོས་པ་བཞིན་དོན་སྒྲུབ་པའོ།། ་དེ་དག་སེམས་དང་མི་ཐུན་པར་འཇུག། ཅེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་སེམས་ཅན་དེ་དག་གོ།། དེ་དག་གི་སེམས་དང་རྗེ་སུ་མཐུན་པར་འཇུག་པ་སྟེ། ཇི་ལྟར་ཆུ་ཡིས་རྗེ་སུ་བཀང་བའི་སྣོད་ཤིན་དུ་མང་པོར་ཟླ་བ་ཤར་བ་ན་ཟླ་བ་མང་བ་མ་ཡིན་པྲ་ཝཱར་འདྲིན ་གང་ལ་གང་མོས་པར་འཇུག་པའོ།། ཞུགས་ནས་ཅི་བྱེད་སྙམ་པ་ལ། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། ཅེས་བྱ་བ་གསུངས་ཏེ། དེ་དག་ནི་རང་རང་གི་དགའ་བ་དང་བ་བས་ཚིམ་པར་བྱེད་པའོ།། དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཨོཾ། ་ཅན་ཀུན་གྱི་ཡིད་དགའ་བ། ཞེས་གསུངས་ཏེ། དེ་དག་ཆོས་ལ་ཞུགས་ནས་ཀྱང་སྤྱོད་པར་བྱེད་པའོ་ཞེས་པའི་ཐ་ཚིག་གོ།། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། ཅེས་བྱ་བ་ལ། འཁྲུལ་པ་མེད་པ་ནི་རྒྱུ་རྟེན་གྱི་གང་ཟག་དང་ལམ་འཁྲུལ་པ་མེད ་བས་སྒྲུབ་པ་མཐར་ཕྱིན་པ་སྟེ། བྱས་པ་དོན་ཡོད་པའོ།། དེ་ཅི་ལས་བྱུང་ཞེ་ན། ནོར་པ་ཐམས་ཅད་རྣམ་པར་སྤངས། ཞེས་གསུངས་ཏེ། ནོར་པ་ནི་ལྟ་བ་དང་སྤྱོད་པ་ཟུང་དུ་མ་འབྲེལ་པའོ།། ཇི་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ ་འཇོག་ཏུ་བསྒོམ་པ་ལྟ་བུའོ།། དོན་གསུམ་ཐེ་ཚོམ་མེད་པའི་བློ།། ཞེས་པ་ནི་རྒྱུ་དང་ལམ་དང་འབྲས་བུ་ལ་ཐེ་ཚོམ་དང་བྲལ་བའོ།། དེས་ཅིར་འགྱུར་སྙམ་པ་ལ། ཀུན་ངན་ཡོན་ཏན་གསུམ་གྱི་བདག། ཅེས་གསུངས་ཏེ། ཀུན་ཅེས་པ་ནི་འགྲོ་བ་དག་པ ་དང་མ་དག་པའོ།། ཡོན་ཏན་གསུམ་ནི་སྐུ་གསུམ་སྟེ། དྲིའི་བདུག་ཉིད་དུ་འགྱུར་རོ་ཞེས་བྱའོ།། ཕུང་པོ་ལྔ་ཞེས་པ་ནི་དཔའ་བོ་དུང་དཔའ་མོའོ།། དེའི་དོན་ནི་ཕུང་པོ་ལྷ་ལ་སོགས་པ་ལྷ་དང་ལྷ་མོར་བསྐྱེད་པའོ།། དུས་གསུམ་ཞེས་པ་ནི་སྐྱེ་བའི་ང ་དང་གནས་པའི་དུས་དང་། འགག་པའི་དུས་སོ།། སྐྱེ་བའི་དུས་ནི་བྱང་ཆུབ་པ་ལྔའི་དོན་ཏེ། ཀུན་ད་ལྟ་བུ་དང་། རང་བྱུང་སྟེ། ཉི་ཟླ་ཞེས་བྱ་བའི་མིང་ཅན་ལ་སོགས་པས་མངལ་ནས་སྐྱེ་བའོ།། གནས་པའི་དུས་ནི་བསྐྱེད་ཟིན་ནས་སེམས ་ཅན་གྱི་དོན་ལ་ཀུན་སྤྲོ་བ་དང་བསྡུ་བ་མངོན་པར་མཛད་པའོ།། འགག་པའི་དུས་ནི་གཙོ་འཁོར་གཉིསུ་མེདང་པར་བསྡུ་བའོ།། དེ་ནས་འབྲས་བུའི་དུས་སུ་ཡང་སྐུ་དང་ཡེ་ཤེས་ཀྱི་སྣང་བས་སེམས་ཅན་གྱི་དོན་མཛད་བའོ།། སྔར་བསྟན་པའི། ་སྐད་ཅིག་མ་གཉིས་ཀྱི་འཕྲོར་གྱུར་པ་བསྟན་པར་བྱ་བའི་ཕྱིར། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། ཅེས་གསུངས་ཏེ། སྐད་ཅིག་ནི་སྔར་བཤད་ཟིན་ཏོ།། ཐམས་ཅད་ཅེས་བྱ་བ་མང་བ་སྟེ། ལྟ་བ་དང་། ་འཛུམ་པ་དང་། ཨ་ལིང་ག་དང་ཙུམ་པཱ་ན་དང་། ནཱ་ག་པྲ་ཧ་ར་ལ་སོགས་པའོ།། བྱེ་བྲག་ཕྱེད་ཅེས་བྱ་བ་ནི་དགའ་བ་བཞིའི་བྱེ་བྲག་ཤེས་པར་བྱ་བའི་ཐ་ཚིག་གོ།། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱསྟེ། ཞེས་བྱ་བ་ནི་རྫོགས་པ་ནི ་ཀུན་ཐོབ་པར་རྫོགས་པའོ།། སངས་རྒྱས་ནི་བཞི་པའི་དུས་སུ་འདི་གཟུང་བར་བྱའོ།། སངས་རྒྱས་ཀུན་གྱི་རང་བཞིན་འཆང་། ཞེས་བྱ་བ་ལ། སྔར་གྱི་དེ་ཉིད་གསལ་བར་སྟོན་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས ་རྒྱས་ཀུན་ཏེ། ཕུང་པོ་ལྔ་པོ་གནས་གྱུར་པའི་དེ་བཞིན་གཤེགས་པ་ལྔའོ།། དེ་ཡང་རྒྱུའི་གནས་སྐབས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་བཞིན་གཤེགས་པ་སྦས་དང་བཅས་པར་བསྐྱེད་ཅིང་སྤྲོ་བ་དང་བསྡུ་བའི་སྐུ་མངོན་དུ་བྱས ་པས་འབྲས་བུའི་དུས་སུ་སེམས་ཅན་གྱི་དོན་དུ་སྭཱ་དང་ཡེ་ཤེས་ཀྱི་སྣང་བ་མཛད་པ་ལྔ་དེ་སྐད་ཅེས་བྱའོ།། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག། ཅེས་བྱ་བ་ལཱ། ཏིང་ངེ་འཛིན་ལས་བྱུང་བའི་ལུས་ཡེ་ཤེས་ཀྱི་སྐུ་ཡིན་པས་ལུས ་མེད་པའོ།། ལུས་ཏེ་ཞེས་པ་ནི་སྔ་མ་བཞིན་ནོ།། ལུས་ཀྱི་མཆོག་ཅེས་པ་ནི་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་རྒྱུད་ལ་སྣང་བས་ལུས་ཀྱི་མཆོག། ལུས་ཀྱི་མཐའ་ནི་རྟོགས་པ་པོ།། ཞེས་བྱ་བ་ལ། ལུས་ཅན་ཐམས་ཅད་ཀྱི ་ནང་ན་མཐར་ཐུག་པའི་ལུས་འདྲི་ཡིན་པས་རྟོགས་པ་འམ་སངས་རྒྱས་པའོ།། འོ་ན་དེ་གཞན་ལ་སྣང་བར་མི་འགྱུར་རམ་ཞེ་ན། གཟུགས་རྣམས་སྣ་ཚོགས་ཀུནྡ་དུ་སྟོན། ཅེས་གསུངས་ཏེ། ཇི་ལྟར་ནོར་བུ་དག་རས་ཀྱིས་འགྱུར་བ་ལྷུར ་འདིར་སེམས་ཅན་གྱི་དབང་པོའི་བྱེ་བྲག་གིས་སྐུ་མདོག་སྣ་ཚོགས་པ་དང་། ཕྱག་མཚན་དང་། བཞུགས་ཚུལ་དང་། ཞི་བ་དང་། ཁྲོ་བོ་ལ་སོགས་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ།། དེའི་ཕྱིར། ནོར་བུ་ཆེན་པོ་ཞེས་པ་ནི་ནོར་བུའི་ཁ་དོ། ་རས་ཀྱིས་འགྱུར་བ་འམ། དེ་ལས་འདོད་དགུ་འབྱུང་བར་བྱེད་པས་སོ།། དེའི་མཚན་ཉིད་ཅི་སྙམ་པ་ལ། རིན་ཆེན་རྟོག་ཅེས་བྱ་བ་སྟེ། རིན་ཆེན་འབྱུང་ལྡན་ཞེས་བྱ་བའོ།། དེ་དག་གིས་མཉམ་པ་ཉིད་ཀྱི་ཡེ་ཤེས་བཤད་ཟིན་ཏོ།། ། ་དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་བཤད་ནས། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། ཞེས་གསུངས་སོ།། སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་དེ་དུས ་གསུམ་གྱིའོ།། རྟོགས་པར་བྱ་བཱ་ནི་རྡོ་རྗེ་འཆང་ངོ་།། དེ་ནཱི་བྷ་བ་བསྒྲུབ་པའོ།། ད་ནི་གསཱིད་སྔགྲོས་ཀྱི་དོན་ཐམས་ཅད་སྐྱེད་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་བླ་ན་མེད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས ་རྒྱས་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་སོ།། དེའི་བྱང་ཆུབ་ནི་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་འཆང་ཆེན་པོའོ།། དེས་ན་མཆོག་གོ།། གང་གིས་གྲུབ་ན། གསང་སྔགས་ལས་བྱུང་ཡི་གེ་མེད་ཅེས་གསུངས་ཏེ། ཡི་གེ་མེད་པ་ནི ་འོག་ནས་འཆད་པར་བྱེད་དོ།། གསུང་སྔགས་ཆེན་པོ་རིགས་གསུམ་པ་ཞེས་བྱ་བ་གསང་སྔགས་ཆེན་པོ་ནི་རྡོ་རྗེ་འཆང་།། དེ་ལས་ཕྱེ་བ་ནཱི་རིགས་གསུམ་སྟེ་སྐུ་གསུང་ཐུག་སོ།། ཡང་ན་རིག་སྟེགས། གསང་སྔགས ་གཟུངས་སྔགས་གཟུངས་སྔགས་ལ་དེ་སྐད་ཅེས་བྱའོ།། གྲེསང་སྔགས་དོན་ཀུནྡ་བསྐྱོད་པ་པོ།། ཞེས་བྱ་བ་ལ། གསང་སྔགས་ཀྱི་དོན་ཀུན་ནི་དངོས་གྲུབ་གཉིས་སོ།། སྐྱེད་པར་བྱེད་པ་ནི་གྲུབ་པར་བྱེད་པ་སྟེ། དེའི་དྲིན་གྲུབ་པ་ཞེས་བྱའོ།། ་ནིཐིབ་པར་བྱེད་པའི་ཐབས་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། ཐེག་ལེ་ཆེན་པོ་ཡི་གོ་མེད། ཅེས་བྱ་བ་ལོ་སོགས་པ་གསུངས་ཏེ། སྔར་གྱི་ཡི་གེ་མེད་ཅིས་གསུངས་པ་དེ་གསལ་བར་སྟོན་བྱཾ་སྟེ། ཐིག་ལེ་ཆེན་པོ་ནརྀ་ཕྱུག་རྒྱ་ཆེན་བྲི་སྟེ། ་དེ་ལ་གཉིས་ཀྱི་རྟོགས་པ་ཐམས་ཅད་སྤངས་ནས་ཡི་གེ་མེད་པའོ།། དེ་ལ་མིང་དམ་ཐ་སྙད་འདོགས་ན་སྟོང་པ་ཞེས་བྱ་བ་སྟེ། དེ་ཉིད་སྐུ་གསུམ་ཡེ་ཤེས་ལྔའི་སྣང་བས་སེམས་ཅན་གྱི་དོན་བྱེད་པས་ན་ཆེན་པོ་ཡི་གེ་ལྔ་ཞེས་བྱའོ།། ཡང ་ན་རེག་པ་སྨྲ་བ། བསྐྱོད་པ་རླུང། དྲོ་བ་མེན་བྱང་ཆུབ་ཀྱི་སེམས་ཆུ་སྟེ། འབྱུང་བྱ་བཞི་ལས་གྲུབ་པའི་ལུས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཆགས་པའོ།། དེ་ལས་རྩ་དང་རླུང་དང་ཐིག་ལེའི་དབྱེ་བས་གནས་པ་ནི ་བཤད་པའི་དོན་ཏོ།། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། ཞེས་བྱ་བ་ལ། ཕུང་པོ་དང་། ཁམས་དང་། རིགས་དང་། ཡེ་ཤེས་ལས་བྱེ་བྲག་རོ་རེ་ལ་ཡང་ལྔ་ལྔར་ཕྱེ་བས་རིགས་བརྒྱར་འགྱུར་བ་དེ་སྐད་ཅེས་བྱའོ།། རྣམ་པ་ཀུན་ལྡན་རྣམ ་པ་མེད། ཅེས་བྱ་བ་ནི་རིགས་ཀྱི་དབྱེ་བ་དེ་རྣམས་འགྲིབ་པར་བསྡུས་པས་ནི་རྣམ་པ་མེད་པ་སྟེ། གཉིས་སུ་མེད་པར་ཐམས་ཅད་དང་བྲལ་བ་ཞེས་བྱའོ།། ཡང་ན་ཀུན་རྫོབ་བམ་ཐ་སྙད་ཙམ་དུ་རྣམ་པ་དེ་དག་དང་ལྡན་ལ། དོན་དམ ་པར་རྣམ་པ་མེད་པ་ཞེས་བྱའོ།། དེ་ཚུལ་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། ཞེས་གསུངས་སོ།། རྡོ་རྗེ་དང་པདྨ་གཉིས་མཉམ་པ་ལས་གཉིས། ཀུན་རྫོབ་ཀུན་དང་། དྲོན་དམ་པ་བདེ་བ་གཉིས་ཏེ། བཞིར ་གནས་པ་ལ་དེ་སྐད་ཅེས་བྱ། དེ་ལྟར་གཉིས་འདས་ནས་གཉིས་མཉམ་པའི་ལྷན་ཙྪ་ག་སྐྱེས་པའི་བདེ་བ་ཅི་འདྲ་སྙམ་པ་ལ། ཡན་ལག་མེད་པའི་རྩི་སཱ་ལས་འདས། ཞེས་གསུངས་ཏེ། འདིར་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད། ཡཱ ་ལག་ཅེས་པ་ནི་སྤྲོས་པ་སྟེ་དེ་མེད་པའོ།། རྩིས་ལས་འདས་ཞེས་པ་ནི་བཅུ་དྲུག་ཕྱེད་ཕྱེད་ལོ་སོགས་པའི་གྲངས་ལས་འདས་པའོ།། བསམ་གཏན་བཞི་ཡི་རྩེ་མོ་ཅན། ཞེས་བྱ་བ་ལཪྵ་དགའ་བ་དང་། བདེ་བ་དང་། རྟོག་པ་དང་། དཔྱོད་པ་ནི ་བསྡམ་གཏན་བཞི་པའོ།། དེ་དང་གྲངས་མཐུན་པ་ནི་བསམ་གཏན་བཞི་སྟེ་དགའ་བོ་བཞིའོ།། རྩེ་མོ་ཞེས་པ་ནི་མཛེས་པའི་སྤྱི་བོ་ཅན་ཞེས་པ་ནི་བདག་མེད་པའི་ཆ་སྟེ། གཉིས་ཀྱི་བར་གྱི་ཆ་ལ་གནས་པ་སྟེ། དཔྱོད་པ་ནི་བསམ་གཏན ་བཞི་ལྷན་ཅིག་སྐྱེས་པའོ།། དེའི་དང་པོ་ནི་དབང་གི་དུསོ།། གཉིས་པ་ནི་རྩེ་མོ་གསུམ་གྱི་རྩེ་མོ་ཉིད་ཡིད་ཡིན་པའི་ཕྱིརརོ།། བསམ་གཏན་ཡན་ལག་ཀུམ་ཤེས་ཤིང་། ཞེས་པ་ནི་ཕྱག་རྒྱ་བཞི་དང་། སྐད་ཅིག་མ་བཞི་དང་། དགའ་བ་བཞི་ནི་བས ་གཏན་གྱི་ཡན་ལག་གམ་ཐབས་ཞེས་བྱ་སྟེ། དེ་ངེས་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དྲ་ནི་ཐབས་ཁྱད་པར་ཅན་དེའི་སྒོ་ནཱས་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པ་བསྟ་ན་པར་བྱ་སྟེ། དེའི་ཕྱིར། ཏཱིང ་འཛིན་རིག་དང་རྒྱུད་རིག་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ཏིང་འཛིན་ཡིན་ལ། དེ་ཉིད་རིག་བྱ་སྟེ། ཏིང་འཛིན་ལས་བྱུ་ང་བའི་སྐུ་ཞེས་བྱ་བའི་དོན་ཏོ།། རྒྱུད་ཅེས་བྱ་བ་ནི་རྒྱུན་ཡིན་ལ་དེ་ཉིད ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ཅན་ནི་བྱང་ཆུབ་ཀྱི་སེམས་སོ།། དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་ཅེས་གསུངས་སོ།། ཏི་འཛིན་ལུས་ནི་དེ་ལས་བྱུང་བའོ།། ལུས་ཅན་རྣམས་ལྔ ་མཆོག་ཏུ་གྱུར་པ་ཡིན་པས་ལུས་ཀྱི་མཆོག་སྟེ། ཆུ་ནང་གི་གཟུགས་ལྟ་བུའོ།། དེ་གང་གི་ལུས་ཡིན་ཞེ་ན། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། ཞེས་གསུངས་ཏེ།། སྐུ་དེ་ཉིད་ཐེག་པ་ཆེན་པོ་པ་ཡང་འདོད་པས། དེའི་ཁྱད་པར་བསྟན ་པ་ནི་ཀུནྡ་གྷི་རྒྱལ་ཞེས་གསུངས་སྷོ།། དེ་ནི་གཞན་དོན་དུ་སྐུ་དེ་ལྟ་བུའི་རྣམ་པར་སྣང་བའོ།། ཡང་ན་རྡོ་རྗེ་ནོར་བུའི་ཆ་ལ་གནས་པའི་བདེ་བཉྫ་ལོངས་སྤྱོད་པ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱའོ། ད་ནི་སྤྲུལ ་པའི་སྐུའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། སྤྲུལ་པའི་སྐུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནི་གཅིག་ཏུ་མ་ངེས་ཏེ། གདུལ་བྱའི་སྣོད་ཀྱི་རིམ་པ་ལ་དེ་དང་དེར་སྟོན་པ་ཞེས་གཞན་དགེ་འདོད་པ་ལ་དེ་སྐད་ཅེས ་བྱའོ།། འདིར་ནི་སྐུའི་མཆོག་སྟེ། ཁྱད་པར་དུ་གྱུར་པས་ཚུགས་བཅས་ཁྲོ་བོའི་སྐུར་སྣང་བར་མཛད་ཅིང་སྐུར་ཡང་སྟོན་པས་དེ་དག་ཅེས་བྱའོ།། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་ཞེས་པ་ལ། རྒྱུད་ནི་རྡོ་རྗེ་འཆང་སྟེ། དེའི་རྒྱུད་ནི ་དེ་ལྟར་སྣང་བ་འབྱུང་བའོ།། ཡང་ནཱ་རྒྱུད་ནི་རྒྱུན་ཏེ། རྒྱུན་མི་འཆད་པར་གདུལ་བྱ་རྗེས་སུ་འཛིནྡ་པར་མཛད་པའོ།། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེདཙོས་བྱ་བ་ལ། ཇི་ལྟར་ནགས་ལ་མེ་མཆེད་ནུ་ལ་ལྔར་ནི་བངོ་བའོ།། ་ལ་ལཱ་ར་ནི་བདོ་ཡོལ་ལོ།། ལ་ལར་ནི་མགོ་ཟུག་གོ། ལ་ལར་ནི་དུ་བ་འཕྲུལ་ལོ།། ལ་ལར་ནི་ཤི་བའོ།། དེ་བཞིན་དུ་ཕྱོགས་ལ་ལར་ནི་ཡུམ་གྱི་ལྷུམ་སུ་ཞུགས་པའོ།། ལ་ལར་ནི་བལྟམས་སོ།། ལ་ལར་ནི་རོལ་རྩེ་ང་མཛུད་དོ།། ་ལར་ནི་ཁྱབ་བཞེས་སོ།། ལ་ལར་ནི་རབ་ཏུ་བྱུང་ངོ་།། ལ་ལར་ནི་དཀའ་ཐུབ་མཛད་དོ།། ལུ་ལར་ནི་བསོད་སྙོམས་མཛད་དོ།། ལ་ལར་ནི་བདུད་འདུལ་བར་མཛད་དོ།། ལ་ལར་ནི་མངོན་པར་སངས་རྒྱས་སོ།། ལ་ལར་ནཱི་ཆོས་ཀྱི ་འཁོར་ལོ་སྐོར་རོ།། ལ་ལར་ནི་མྱ་ངན་ལས་འདས་པར་མཛད་དེ། དེས་ན་དེ་སྐད་ཅེས་བྱའོ།། དེ་ལྟ་བུར་སྤྲུལ་ནས་ཀྱང་ཅི་མཛད་ཅེ་ན། ཇི་བཞིན་འགྲོ་བའི་དོན་མཛད་པ། ཞེས་བྱ་བ་ལ། གང་ལ་གང་གིས་འདུལ་བའི་གཟུགས ་དང་ཁ་དོག་དང་སྤྱོད་པ་རྣམས་དང་ཆ་མཐུན་པར་མཛད་པ་སྟེ། ཇི་ལྟར་སྔོན་གྱི་དུས་ན་ཀུ་ས་ལི་ཞེས་བྱ་བ་ལུས་བོང་མཚན་གང་བ་ཅིག་ཡོད་པར་གྱུར་པ་ལ། དེ་ལ་ཁང་པ་དབངས་སོར་ལྔ་པའི་ཚད་ཙམ་ཅིག་སྟེ། དེར་བཅོམ་ལྡན་འདས ་འཁོར་རྣམ་བཞི་དང་བཅས་པ་གདུགས་ཚོང་ལྔ་བྱོན་པར་ཞུགསོ།། དེའི་ཚེ་བཅོམ་ལྡན་འངས་འཛུམ་པ་མཛད་དོ།། དེའི་ཚེ་ཀུནྡ་དགའ་བོས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་རྒྱུ་དང་རྐྱེན་ཞུས་སོ།། བཅོཾ ་ལྡན་འདས་ཁྱིམ་བདག་འདི་ལ་ཁང་པ་སོར་ལྔ་པ་ལས་མེད་པ་འདིར་བཅོམ་ལྡན་འདས་འཁོར་རྣམ་བཞི་དང་བཅས་པ་སྤྱན་འདྲེན་པ་ལ་ཅིའི་ཕྱིར་འཛུམ་པ་མཛད་ཅེ་ན། བཀའ་སྩལ་པུ་ཁྱིམ་བདག་འདིའི་ཁང་པར་ནི་ད་ལྟར ་སྤྲིན་འདྲེན་ཅིང་འགྲོ་བར་མ་ཟད་དེ། འདས་པའི་སངས་རྒྱས་གྲངས་མེད་པ་རྣམས་ཀྱང་སྤྱན་དྲུངས་ཤིང་བྱོན་ལ་བསོད་སྐྱོ་མས་ཀྱང་གསོལ་བར་མཛད་།། ཕྱིས་ཀྱང་མཛད་པར་འགྱུར་རོ་ཞེས་གསུངས་ཏེ། བཅོམ་ལྡན་འདས ་འཁོར་དང་བཅས་པ་ཡང་སྐུ་ཆུང་བར་མཛད་པ་མ་ཡིན་པར་དེར་གཤེགས་ཤིང་བསོ་ད་སྙོམས་ཀྱང་གསོལ་ལོ།། དེ་དག་དེར་བཞུགས་པ་དེའི་ཚེ་ཤིན་ཏུ་ཡངས་པར་མཛད་པས་དེའི་ཚེ་ཀུན་དགའ་བོ་ལ་སོགས་པ་ངོ ་མཚར་དུ་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་ངོ་མཚར་དུ་བྱར་མེད་དེ། རྡུལ་ཕྲ་མོ་གཅིག་གི་སྟེང་ན་སངས་རྒྱས་བཅོམ་ལྡན་འདས་རྡུལ་སྙེད་ཀྱི་གྲངས་ཀྱིས་ཀྱང་བཞུགས་པར་མཛད་དོ།། ཞེས་བཀའ ་སྩལ་པས་ཀུན་དགའ་བོ་ལ་སོགས་པའི་འཁོར་ཐམས་ཅད་ཡི་རངས་པར་གྱུར་ཏོ།། དེའི་ཕྱིར་གསུངས་པ། ལྷ་དང་ལྷ་དབང་ལྷའི་ལྷ། ཞེས་གསུངས་ཏེ། ལྷ་དང་ཞེས་པ་ནི་འཁོར་ལ། ལྷ་དབང་ཞེས་པ་ནི་གཙོ་བོ་སྟེ་བརྒྱ ་བྱིན་ནོ།། དེའི་ཕྱིར་ལྷའི་ལྷ་ནི་བརྒྱ་བྱིན་དེ་ཉིད་དོ།། དེས་ན་ལྷའི་བདག་པོའོ།། ལྷ་མིན་བདག་ཅེས་པ་ནི་ལྷ་མིན་གྱི་གཙོ་བོའོ།། འཆི་མེད་དབང་པོ་ལྷ་ཡི་པྤ། ཞེས་བྱ་བ་ལ། འཆི་མེད་དབང་པོ་ནི་ལྷ་མ་ཡིན་གྱི་རྒྱལ་པོའི་བྱེ་བྲག་གི ་མིང་ངོ་།། ལྷའི་བླ་ཞེས་པ་ནི་ལྷ་མོ་ཡིན་རྣམས་ཀྱི་བླ་མར་གྱུར་པ་སྟེ། གཙོ་བོ་ཞེས་བྱའོ།། དེ་བཞིན་དུ་མི་ལ་སོགས་པ་ལ་སྦྱར་རོ།། འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་གོ། ཞེས་བྱ་བ་ལ། འཇིག་རྟེན་པ་རྣམས་ཀྱི་འཇོམས ་བྱེད་ནི་བདུད་བཞི་དང་། ཆུ་བོ་བཞི་ཡིན་ལ། དེ་འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་ནི་སྐུ་ཁྲོ་བོའི་རྣམ་པར་སྟེང་བའོ།། སྲིད་པའི་ད་གོན་པ་ལས་རྒ་ལཱ་བཾ། ཞེས་བྱ་བ་ལྀ། སྲིད་པ་གསུམ་ནི་དགོན་པ་སྟེ། ཇི་ལྟར་འབྲོག་དགོན་པར་མུ་གེ་དང ་གཅན་གཟན་དང་། ལུམ་ཉམ་དྲ་བ་ལ་སོགས་པ་ཡོད་པ་ལྟར། འདིར་ཡང་སྐྱེ་བཱ་ལ་སོགས་པའི་ཆུ་བོ་དང་། འདོད་ཆགས་ལྔ་སོགས་པ་མང་བའི་ཕྱིར་དེ་སྐད་ཅེས་བྱའོ།། ལུས་རྒ་ལྔ་བ་ཞེས་པ་ནི་དེ་ལས་རྒལ་བར་གྱུར་པས་ན ་རྒལ་བ་ཞེས་བྱའོ།། སྟོན་པ་གཅིག་པུ་འགྲོ་བའི་བླ། ཞེས་བྱ་བ་ལ། འགྲོ་བ་ནི་དྲུག་གོ།། དེ་རྣམས་ཀྱི་སྟོན་པ་ནི་སྤྲུལ་པའི་སྐུ་སྟེ། བརྒྱ་བྱིན་ལ་སོགས་པ་རེ་རེ་གཅིག་པུའོ།། དེའི་ཕྱིར་འགྲོ་བ་རྣམས་ཀྱི་བླ་མའོ།། ད་ན་ཆེ་བ་བསྟན ་པར་བྱ་བའི་ཕྱིར། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ནི་གསུམ་སྟེ། དེ་ཕྱོགས་བཅུའི་ལྷའི་སྐད་དང་གནོད་སྦྱིན་གྱི་སྐད་ལ་སོགས་པར་ཆོས་སྒྲོགས་པར་བྱེད་པ ་འམ། ཡང་ན་སྤྲུལ་པའི་སྐུརྱ་གྲགས་པའོ།། ཆོས་ཀྱི་སྦྱིན་བདག་ཆེ་བུ་པོ།། ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན་ཆོས་ཀྱི་སྦྱིན་བདུག་གོ།། ཆོས་ཀྱི་སྦྱིན་པ་ནི་མཚོམ ་པ་སྟེ། ཟང་ཟིང་ལ་སོགས་པ་ཡང་ངོ་།། བྱ་མས་པའི་གོ་ཆ་ཆས་པ་སྟེ། སྙིང་རྗེ་ཡཽ་ནི་ཡ་ལངྒ་བགོས། ཞེས་བྱ་བ་ལ། རྒྱུ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་གོ་ཆ་འམ། དེ་ཉིད་གོམས་པཱ་ནི་གོ་ཆུ་དང་འདྲ་བའོ།། ཤེས་རབ ་གྲི་མངའ་གཞུ་ཐོགས། ཞེས་བྱ་བ་ལ། ཤེས་རབ་གསུམ་ནི་རལ་གྲི་དང་འདྲའོ།། མངའ་ནི་སྙིང་རྗེའོ།། གཞུ་ནི་སྟོང་པ་ཉིང་ངོ་།། དེ་ལྟར་ན་སེམས་ཅན་གྱི་དོན་གྱི་གནས་སྐབས་འདིར་རློམ་སེམས་ཀྱི་དོན་གྱིས་རྣམ་པར་དབེན་པའོ།། ་ཡང་ན་སྔར་ཆགས་བྲལ་ལ་སོགས་ཆགས་པ་ཆེ། ཞེས་གསུངས་པའི་ཕྱིར་ཕྱག་མཚན་དུ་རིགས་པར་བྱ་སྟེ། གཡས་རལ་གྲི་དང་མདུའ། གཡོན་ཨུཏྤ་ལ་དང་གཞུ་འཛིནྡ་པཱའི་འཇམ་བྱའི་རྡོ་རྗེ་བསྒོམ་པར་བྱའོ།། དེས་ཅི་བྱེད་ཅེ ་ནུ་ཉོན་མོངས་མི་ཤེས་གཡུལ་ངོ་སེལ། ཅེས་གསུངས་ཏེ། ཤེས་རབ་ཆེན་པོས་མི་ཤེས་པའི་གཡུལཱ~ཾ་ལིས་རྒྱལ་བར་བྱེད་ཅིང་ཉོན་མོངས་པའི་མགོ་ལྟུང་བར་བྱེད་པའོ།། དེའི་ཕྱིར། དཔའ་བློ་བདུད་དགུ་བདུད་འདུལ་བ། ས་གསུངས ་སོ། འདིར་འགྲོ་བའི་བདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུད་དགྲ་སྟེ། ཉོན་མོངས་པ་རྣམས་སོ།། དེ་སེལ་ཅིང་དེ་ལས་རྒྱལ་བར་བྱེད་པ་ནི་སྤྲུལ་པའི་སྐུ་སྟེ་དཔའ་བོ་ཞེས་བྱའོ།། བདུད་ཉིད་གང་ཞེ་ན། བདུད་ཀྱི་བཞིའི་འཇིག ་པ་ཞེས་གསུངས་ཏེ། ལྷའི་བུ་དང་། འཆི་བདག་དང་། ཉོན་མོངས་པ་དང་། ཕུང་པོའི་བདུད་ངོ་།། ཡང་ན་བདུད་ནི་ཆུ་བོ་ཆེན་པོ་བཞིའོ།། དེ་སེལ་བར་བྱེད་པ་ནི་ཇི་ལྟར་ཀྲུ་ཞིག་པ་ལྟ་བུ་འམ། གཡང་ཁ་ལ་འདུག་པ་ལྟ་བུའི་སེམས ་ཅན་སྐྱབས་དང་དཔུང་གཉེན་མེད་པ་དག་འདོན་པར་བྱེད་པའོ།། བདུད་ཀྱི་དཔུང་རྣམས་པ་མ་བྱེད་པ། ཞེས་བྱ་བ་ལ། དེའི་འཁོར་བཞི་དང་། དེའི་དམག་དཔུང་རྣམས་ཕམ་པར་བྱེད་པའོ།། དེ་གང་གིས་ཕམ་པར་བྱང་ཅེ་ན། རྫོགས ་བཔའི་སངས་རྒྱས་འཇིག་རྟེན་འདྲེན། ཅེས་གསུངསོ།། ཐབས་དང་ཤེས་རབ་རྫོགས་པ་འམ་གཉིསུ་མེད་པཾ་ལས་བྱུང་བ་ནི་སངས་རྒྱས་ཏེ་སྤྲུལ་པའི་སྐུའོ།། དེས་འཇིག་རྟེན་གྱི་འགྲོ་བ་འཛིན་པར་མཛད་སྟེ། འོཛག་རྟེན་འདྲེན ་པའི་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དེ་ལ་དྲིན་ལ་ལན་གྱིས་གླན་པར་བྱ་བར་འོས་པ་སྟེ། དེའི་ཕྱིར། མཆོད་འོས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཛིན་ཆེ་ནབས་ནུ་མཆོད་པར་འོས་པའོ།། དགའ་བའམ ་ཡི་རང་བས་ན་བསྟོད་པར་འོས་བའོ།། གུས་པར་བྱ་བས་ན་ཕྱག་གི་གནསོ།། རྟག་ཏུ་བསྟེན་པར་བྱ་བས་ནི་རི་མོར་བྱ་བར་འོས་པའོ།། དེ་ཉིད་རྒྱལ་པོ་དྲང་འདྲ་བས་ན་བཀུར་བར་འོས་པའོ།། དེའི་གོང་ན་གཞན་མེད་པས ་འདི་འབའ་ཞི་ག་བསམས་པས་གཞན་བརྗེད་པས་ན་དེ་སྐད་ཅེས་བྱའོ།། བླ་མ་དང་འདྲ་བའི་ཕྱིར་ཕྱག་བྱ་བར་འོས་པའོ།། བླ་མ་ཞེས་བྱ་བ་ནི་དེའི་གོང་ན་གཞན་མེད་པའོ།། རབ་ཅེས་པ་ནི་མཚོན་པ་སྟེ། ཕུལ་ལོ།། གྱ་ནོམ་པའོ།། ་མཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་ཁྱད་པར་གཞན་གསུང་བ། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། ཅེས་བྱ་བ་ལ། འཇིག་རྟེན་གསུམ་ནི་སྔར་བསྟན་པར་ཟད་དོ།། དེ་ནི་རྒྱ་མཚོ་དང་འདྲ་བ་སྟེ། གོམ་པ་གཅིག ་ནི་ཚེ་གཅིག་གིས་བགྲོད་པར་བྱེད་པའོ།། དེ་ཆེ་བའི་ཁྱད་པར་གཞན་གསུངས་པ། མཁའ་ལྟར་མཐའ་མེད་རྣམ་པར་གནོན། ཞེས་གསུངས་སོ།། འདིར་གཉིསུ་མེད་པའི་ཡེ་ཤེས་ན་མཁའ་དང་འདྲ་བར་རྟོག་གེ་པ་དང་། གྲངས་ཅན་ལ ་སོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་རྟོགས་པར་མི་ནུས་པ་ཡང་ཚེ་གཅིག་གིས་རྟོགས་པར་བྱེད་པའོ།། ཡང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་གོམ་པ་གཅིག ་གིས་བགྲོད་པར་བྱེད་པའོ།། གསུམ་རིག་གཙང་མ་དག་པ་སྟེ། ཞེས་བྱ་བ་ལ། ཡེ་ཤེས་སྒྲུབ་པ་མི་མངའ་བས་དུས་གསུམ་རིག་པ་སྟེ། གཙང་མ་དག་པ་ཞེས་བྱ་བ་འོད་གསལ་དུ་རིག་པའོ།། ཡང་ན་སྐད་ཅིག་ཙམ་གྱིས་སྒྲིབ་པ ་གཉིས་དག་པར་བྱེད་པའོ།། མངོན་ཤེས་དྲུག་ལྡན་རྗེས་ངན་དྲུག། ཅེས་བྱ་བ་ལ། རིམ་པ་དང་པོའི་གནས་སྐབས་སུ་སྐྱེ་མཆེད་བྱིན་གྱིས་བརླབས་པས་མངོན་ཤེས་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ ་པོ་སའི་སྙིང་པོ་འམ། གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་མིང་ཅན་དུ་གྱུར་པའོ།། རྗེས་དྲན་དྲུག་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དག་པའི་རང་བཞིན་སྤྱི་གཙུག་ལ་སོགས་པ་དྲུག་རྣམ་པར་དག་པ་སྟེ། འཁོར་ལོའི་གཟུགས ་ཀྱིས་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པར་འགྱུར་རོ།། རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། ཞེས་བྱ་བ་ལ། འདིར་རྫུ་འཕྲུལ་ནི་གཉིས་ཏེ། འཇིག་རྟེན་པའི་ངང་། འཇིག་རྟེན་ལས་འདས་པའོ།། དེ་ལ་འཇིག་རྟེན་ལས་འ ་པའི་རྫུ་འཕྲུལ་ནི་སྔོན་སེམས་ས་དང་ཆུ་ལྔ་སོགས་པར་བ་སྐྱེད་པས་འབྲས་བུའི་གནས་སྐབསུ་ན་མཁའ་དང་ཆུ་ལ་ཡང་སཱ་ལ་བྱ་བ་བཞིན་དུ་འགྱུར་བ་ལ་སོགས་པ་ནི་ཟུད་པར་དང་། འདིར་དཀར་པོ་ལ་སོགས་པའི་ཁ་དོག ་ལྔ་ཟིལ་གྱིས་གནོན་པར་བྱེད་པའོ།། འཇིག་རྟེན་པའི་རྩཝ་འཕུལ་ཡང་འཇིག་རྟེན་འདིར་སྟོབས་དང་མཐུ་དང་ལྡན་ཡང་ཟིལ་གྱིས་གནོན་པ་དང་། ཉི་ཟླ་ལག་གིས་ལེན་པ་དང་། སྟོད་ནས་མེ་འབར་ཞིང་སྨད་ནས་ནུ ་འབབ་པ་ལ་སོགས་པ་འབྱུང་བར་ནུས་པའོ།། ཤེས་རབ་ཕ་རོལ་ཕྱིན་པ་འི་མཐའ། ཞེས་བྱ་བ་ལ། ལམྦ་དང་གཞུང་དང་འབྲས་བུ་གསུམ་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དྲི་མཐར་ཐུག་པ་ནི ་མིའི་གཟུགས་ལ་སོགས་པར་གནས་པའི་ཕོ་ཉས་ཤེས་པའོ།། དེས་ཅིར་འགྱུར་ཞེ་ན། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། ཅེས་བྱ་བས་གསུངས་ཏེ། དེ་ལ་ཡང་དེ་ཁོ་ན་ཉིད་ཐོབ་སྟེ། བདེ་བ་ཆེན་པོའི་མཆོག་འདི ་བདག་དང་གཞན་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལྟ་བུའོ།། བདག་རིག་གཞན་རིག་ཐམས་ཅད་པ། ཞེས་པ་ནི་བདག་རིག་པ་ཞེས་པ་བདག་གི་དོན་རིག་པའོ།། གཞན་རིག་པ་ཞེས་པ་ནི་གཞན་དོན་ལྡན་གྱིས་གྲུ ་པ་སྟེ། དེའི་ཕྱིར་དོན་ཡོད་གྲུབ་པ་ཞེས་བྱའོ།། བདུག་དང་གཞན་གྱི་དོན་གྲུབ་པས་ཅི་བྱ་སྙམ་པ་ལ། ཀུན་ལ་ཕན་པའི་གང་ཟག་མཆོག། ཅེས་བྱ་བ་གསུངས་ཏེ། ཀུན་ཅེས་པ་ནི་ས་མ་པྲ་ཐ་སྟེ། མཉམ་པར་བྱེད ་པ་ཞེས་བྱའོ།། དེ་ལྟ་བུ་དེ་ནི་གང་ཟག་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པའོ།། དཔེར་བྱ་ཀུན་ལས་འདས་པ་སྟེ། ཞེས་བྱ་བཱ་ལ། ཕོ་ཉ་ལས་ཐོབ་པའི་དེ་ཁོ་ན་ཉིད་དེ་ནི་དཔེར་བྱ་བ་ཐམས་ཅད་ལས་འདྲེས་པའོ།། ཤེས་དང་ཤེས་བྱའི ་བདག་པོ་མཆོག། ཅེས་བྱ་བ་ལ། ཡུལ་དང་ཡུལ་ཅན་དུ་གྱུར་པ་ཐམས་ཅད་ངོ་ལས་བྱུང་བ་འམ། དེའི་བདག་ཉིད་ཡིན་པ་འམ། བདག་པོའོ།། མཆོག་ཅེས་པ་ནི་གཉིསུ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ།། གཙོ་བོ་ཆོས་ཀྱི་སྦྱིན་བདག ་སྟེ། ཞེས་པ་ལ། གཙོ་བོ་ཞེས་བྱ་བ་ནི་འབྲས་བུའོ།། ཆོས་ཞེས་པ་ནི་ལམ་སྟེ། ལམ་དང་འབྲས་བུ་གཉིས་མེད་པར་སྟོན་པས་ན་ཆོས་ཀྱི་སྦྱིན་བདག་གོ།། དེ་ཉིད་གང་ཞེ་ནཱ། ཕྱག་རྒྱ་བཞིའི་དྲིན་སྟོན་པ། ཞེས་གསུངས་སོ།། རྡོ་རྗེ་ཐཱ་ག ་པའི་ལམ་ནི་ཕྱག་རྒྱ་བཞིའི་དོན་དུ་བསྡུས་པའོ།། ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ།། དེའི་དོན་ནི་སྐད་ཅིག་མ་བཞི་སྟེ། སྔར་བསྟན་པ་བཞིན་ནོ།། དེའི་ཕྱིར། ་རིམ་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་བྱ་བར་འོས་པ་སྟེ་འཆང་བར་འགྱུར་བའོ།། ད་ནི་ངོན་རྣམ་པར་དག་པ་ངེས་གཞན་གྱི་དོན་བྱེད་པ་བསྟན་པར་བྱ་བའི་ཕྱིར། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆིག། ཅེས་བྱ་བ་ལ་སོགས་པ་གསུ། ་ཏེ། ཕྱག་རྒྱའི་དོན་སྟོན་པར་བྱེད་པ་དེ་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་བྱ་བའི་གནས་སུ་གྱུར་པས་མཆོག་གོ།། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། དོན་གྱི་དམ་པ་ཞེས་བྱ་བ་ལ། ངེས་པར་འབྱུང་བ་ནི་འབྲས་བུ་སྟེ། ཉན ་དང་། རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔའོ།། བགློད་པར་བྱ་བ་ནི་ལམ་ཡིན་ལ། དེ་དགྲ་རྣམས་ཀྱི་གཙོ་བོར་དོན་གྱི་དམ་པ་འདི་གཟུང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་དྲག་དཔལ། ཞེས་གསུངས་ཏེ། རྣམ་པར་དག་པ་ནི་འདི་ལ་དེ་དག་ལྡན ་པ་སྟེ། དེའི་ཕྱིར་དཔལ་ཞེས་བྱའོ།། དཔལ་ཞེས་པ་ནི་གཉིས་སུ་མེད་པ་བདག་དང་གཞན་གྱི་དོན་ཐམས་ཅད་འབྱུང་བའོ།། འཇིག་རྟེན་གསུམ་སྐལ་བཟོང་ཆེ། ཞེས་པ་ནི་ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་འདི་ལས་ལྷག་པ་མེད་པས ་སྐལ་པ་བཟང་པོའོ།། དཔལ་ལྡན་འབྱོར་པ་ཀུན་བྱེད་པ། ཞེས་བྱ་བ་ནི་འདིས་བདག་དང་ལྡན་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པས་དེ་སྐད་ཅེས་བྱའོ།། དེ་གང་ཞེ་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། ཅེས ་བྱ་བ་གསུངས་ཏེ། གཉིས་པ་ཐམས་ཅད་ཀྱི་ཟུག་རྔུ་མེད་པས་འཇམ་པའོ།། བདག་དང་གཞན་གྱི་དོན་ཐམས་ཅད་འབྱུང་བས་དཔལ་དང་ལྡན་པའི་མཆོག་ཅེས་བྱའོ།། བྱ་བ་གྲུབ་པའི་ཡེ་ཤེས་པ་ཤང་ཟིན་ཏེ། དེ་བཞིན་གཤེགས་པ ་མི་བསྐྱོད་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་སྟེ། དེའི་ཕྱིར། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆེག་ནི་རྡོ་རྗེའི་མཚན་གྱིས་རྣམ་གྲངས་ཡེ་ཤེས་ཀྱི་སྐུ། རང ་བྱུང་འཇམ་དཔལ། ཡེ་ཤེས་སེམས་དཔའ། དཔལ་དང་ལྡན་པའི་མཆོག། ཅེས་བྱ་བའི་མིང་ཅན་ཏེ། རང་ཡང་མཆོག་དང་ལྡན་ལ་གཞན་ལ་ཡང་མཆོག་དང་ལྡན་པ་སྦྱིན་པར་བྱེད་པ་རྡོ་རྗེ་ལྟར་བརྟན་ལ ་སྲ་བ་གཉིས་སུ་མེད་པ་དེ་གུས་པས་ཉམསུ་བླང་བར་བྱ་བ་ལ་དེ་སྐད་ཅེས་བྱའོ།། ཡང་དག་མཐར་གྱུར་ཅེས་པ་ལ། ཡང་དག་པ་ནི་ཐེག་པ་གསུམ་མོ།། མཐར་གྱུར་པ་ནི་རྡོ་རྗེ་ཐེག་པའོ།། ཡང་ན་དེ་དག་གཉིས་སུ་མེད་པའི་རྡོ་རྗེ་འཆང་བ ་ཆེན་པོའོ།། སྟོང་ཉིད་ལས་བྱུང་ཞེས་བྱ་བ་ལ། སྟོང་པ་ཉིད་ནི་གཉིས་སུ་མེད་པ་སྟེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུའོ།། ཡུང་ན་སྟོང་པ་ཉིད་ནི་ཕོ་ཉའོ།། དེ་ལས་བྱུང་བ་ནི་གཉི་སུ་མེད་པའི་ཡེ་ཤེསོ།། སངས་རྒྱས་བྱང་ཆུབ་ཅེས་པ་ནི། དུས ་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་བྱ་བ་ཡིན་པས་བྱང་ཆུབ་བོ།། ཡང་ནཱ་སངས་རྒྱས་ནི་སྒྲུབ་པ་པོའི་ཕུང་པོ་ལ་སོགས་པའོ།། བྱང་ཆུབ་ནི་རྟོགས་པར་བྱ་བ་སྟེ། འདུད་ཅེས་པ་ནི་རྟོགས་ནས་ཉམ་སུ་བླང་བར་བྱ་བའོ།། ད་ནི་རྣམ ་པར་སྣང་མཛད་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་སྟེ། དེའི་ཕྱིར་སངས་རྒྱས་ཆགས་པ་ཁྱོད་ལ་འདུད།། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་དུས་གསུམ་དང་ཕྱོགས་ཀྱིས་བསྔོས་པའོ།། ཆ ་པ་ནི་སེམས་ཅན་གྱི་དོན་ལ་ཆགས་པའོ།། ཡང་ན་དམན་པའི་འགྲོ་བ་གར་མཁན་ལྟ་བུ་ཡང་རྗེས་སུ་འཛིན་པའོ།། སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། ཅེས་པ་ནི་སེམས་ཅན་རྣམས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར། ་སངས་རྒྱས་དགྱེས་པ་ནི་སངས་རྒྱས་པར་འདོད་པའི་རིགས་ཀྱི་བུ་ལ་དགྱེས་པ་འམ། ཡང་ན་སེམས་ཅན་གྱི་དོན་ལ་དགྱེས་པར་མཛད་དོ།། སངས་རྒྱས་རོལ་ལ་ནི་སེམས་ཅན་གྱི་དོན་ལ་མཛད་པ་བཅུ་གཉིས་ཀྱིས་རོལ་པ་སྟོན་པའོ།། ་ཡང་ན་པོ་ཉའི་བྷ་གར་ལིང་ག་གཞག་པའོ།། དེ་ལྟ་བུ་ལ་ཕྱག་འཚལ་བ་ནི་གུས་པའི་ཚུལ་གྱིས་སོ།། ང་ནི་སྣང་བ་མཐའ་ཡས་ལ་སོ་སོར་ཀུན་ཏུ་རྟོག་པའི་བསྒོ་ནས་བསྟོད་པར་བྱ་བའི་ཕྱིར། སངས་རྒྱས་འཛུམ་པ་ཞེས་བྱ་བ་ལ་སོགས ་གསུངས་ཏེ། སེམས་ཅན་གྱི་དོན་དུ་ཆོས་གསུང་བ་ལ་འཛུམ་མདངས་ཕྱུང་ནས་ཚེམས་མཆེ་བ་མངོན་པར་འཛུམ་པ་མཛད་པའོ།། སངས་རྒྱས་བཞད་པ་ཞེས་པ་ནི་འདིའི་གསུང་སྣང་བ་མཐའ་ཡས་ཡིན་ལ། སེམས་ཅན་ལ་གསུང ་གིས་ཆོས་བསྟན་པས་རྗེ་སུ་འཛིན་པས་སོ།། སངས་རྒྱས་གསུང་ཉིད་ཅེས་པ་ནི་ཆོས་རྣམས་པ་གསུམ་གྱི་ཆར་འདེབས་པའོ།། སངས་རྒྱས་ཐུགས་ཞེས་པ་ནི་གཉིས་སུ་མེད་པ་ལས་མི་བསྐྱོད་པས་ན་ཐུགས་རྣམ་པར་མི་རྟོག་པ ་མཉམ་པར་བཞག་པའོ།། ད་ནི་རིན་ཆེན་འབྱུང་ལྡན་ལ་མཉམ་པ་ཉིད་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་བའི་ཕྱིར། མེད་པ་ལས་ཐུབ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་མེད་པ་ལས་ཞིང་སྒྱུ་མའི་དཔེ་བཅུ་གཉིས་དང་འདྲ་བས ་སེམས་ཅན་གྱི་ངོར་མཛད་པ་འམ། ཡང་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས་ནི་རིན་ཆེན་འབྱུང་ལྡན་ཏེ། ཡིད་བཞིན་གྱི་ནོར་བུ་ལྟ་བུའོ།། སངས་རྒྱས་འབྱུང་བ་ཞེས་པ་ནི་སྐུ་དང་ཡེ་ཤེས་ཀྱི་སྣང་བཟང་མི་ཤེས ་པ་འབྱུང་བཱ་སྟེ། སངས་རྒྱས་ཀྱི་ཡོན་ཏན་ནོ།། ནུ་མཁའ་ལས་བྱུང་ཞེས་པ་ནི་སྐྱེ་གནས་ཀྱིས་མཱ་གོས་པའོ།། ཡེ་ཤེས་ལས་བྱུང་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མིང་ཅན་ཡེ་ཤེས་ལྷ་གཅིག་ཏུ་གྱུར་པ་སྟེ། ་རིན་ཆེན་འབྱུང་ལྡན་ཞེས་བྱའོ།། ད་ནི་དོན་ཡོད་གྲུབ་པ་ལ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་བའི་ཕྱིར། སྒྱུ་འཕྲུལ་དྲ་བ་ཞེས་གསུངས་ཏེ། སེམས་ཅན་གྱི་དོན་མཛད་པའི་དུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་འཕྲུལ ་དྲ་བ་མཛད་པ་སྟེ། རློམ་སེམས་མེད་པས་ཞེས་བྱ་བའི་ཐ་ཚིག་གོ།། སྒྱུ་འཕྲུལ་དྲ་བ་དེ་ཉིད་ཇི་ལྟ་བུ་སྙམ་པ་ལྔ། སངས་རྒྱས་རོལ་སྟོན་ཏེ། སེམས་ཅན་རྣམས་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སྟོན་པ་མཛད་པའོ།། ཐམས་ཅད་ཐམས ་ཅད་ཅེས་པ་ནི་འཁོར་བ་ཐམས་ཅད་སྒྱུ་འཕྲུལ་དྲ་བ་ལྟ་བུར་ཁྱོད་ལ་ས་བྱུང་ཞིང་མཁྱེན་པ་སྟེ། མདོར་ན་རིགས་ལྔར་མ་ཟད་པར་སྒོ་མ་དང་མཚམས་མ་ཡན་ཆད་ལ་བསྟོད་པའོ།། ཡེ་ཤེས་སྐུ་ཉིད་ཅེས་པ་ནི་ཞུས་པའི་སྐབས་སུ། ཡེ་ཤེས ་སྐུ་སྟེ་རང་བྱུང་བ་ཞེས་པའི་ལན་གསུ་རིངས་པ་དང་། གཞུང་གི་བརྗོད་བྱ་ལྔ་བསྟོད་པའོ།། ཡེ་ཤེས་རྣམ་འཕྲུལ་དུ་འབྱུང་བའི་སྐུ་སྟེ། རང་བྱུང་། དཔལ། ཡེ་ཤེས་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་མིང་ཅན་དེ་ལ་གུས་པའི ་ཚུལ་གྱིས་ཕྱག་བྱ་བར་འོས། བསྟོད་པར་འོས་པས་དེ་སྐད་ཅེས་བྱའོ།། རིགས་ལྔ་ལ་བསྟོད་པ་བཤད་ཟིན་ཏོ།། རི་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་སྔགས་བསྟན་པར་བྱ་བའི་ཕྱིར། ཨོཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ནི ་ཤིས་པ་བརྗོད་པའོ།། སརྦྦ་དྷརྨཱ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མ་ཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ངོ་།། དེ་རྣམ་པར་དག་པའི་རང་བཞིན་ཏེ། ཇི་ལྟ་བུ་ཞེ་ན། ཨ་བྷཱ་བ་སྟེ་དངོས་པོ་མེད་པ་ཆུའི་ཟླ་བ་ལྟ་བུར་སྣང་བའོ།། དེ་གློ ་བུར་དུ་མ་ཡིན་ཏེ། སྭ་བྷཱ་བ་ནི་རང་བཞིན་གྱིས་དྲག་པ་སྟེ། བི་ཤུདྠ་ཞེས་པ་དང་འབྲེལ་ལོ།། རང་བཞིན་དག་པ་དེ་དག་གང་གིས་མཐོང་ཞིང་རྟོགས་སྙམ་པ་ལ། བཛྲ་ཙཀྵ་ཞེས་གསུངས་ཏེ། སྣང་བ་དང་སྟོང་པ་དབྱེར་མེད་པའི་རྡོ་རྗེ་དེ་ཇི་སྐད་དུ ་བཤད་པའི་སངས་རྒྱས་སྤྱན་ལ་སོགས་པའི་ཐབས་ཀྱི་ཁྱད་པོར་གྱིས་མཐོང་བ་འམ་རྟོགས་པའོ།། ཚུལ་ཇི་ལྟར་སྙམ་པ་ལ། ཨ་ཞེས་པ་ཐབས་དང་། ཨཱ་ཞེས་པ་ཤེས་རབ་གཉིས་ལས་བྱུང་བའི་ཨོཾ་སྟྭ~ཾ་ཐིག་ལྡེ་ཀུན་རྫོབ་ཀྱི་ངོ་བོ་དང ་ཨཿཞེས་པ་དོན་དམ་པ་སྐྱེ་བ་མེད་པ་བདེ་བའི་རྣམ་པར་རྟོག་པ་སྟེ། མདོར་ན་ཆོས་ཐམས་ཅད་རཱང་བཞིན་གྱིས་རྣམ་པར་དག་པ་དངོས་པོ་མེད་པ་སྟེ། ཐབས་ཀྱི་ཁྱད་པར་གྱི་སྲ་གཉིས་སུ་མེད་པའི་བདེ་བར་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུ ་རོ།། ཞེས་བྱ་བའི་དོན་ཏོ།། ད་ནི་རླུང་བཞིན་རྣམ་པར་དག་པའི་སྔགས་བསྟན་པར་བྱ་བའི་ཕྱིར། པྲ་ཀྲི་ཏཱི་ཞེས་བྱ་བ་ལ་སོགས་གསུངས་སོ།། དེ་ནི་རང་བཞིན་ནམ་མ་བཅོས་པའོ།། པ་རི་ཤུདྡྷཿཞེས་པ་ནི་ཡོངས་སུ་དག་པའོ།། རང་བཞིན་གྱིས་ཡོངས ་སུ་དག་པ་སྟེ། ཡང་གཞན་དུ་མི་བལྟ་སྟེ། འཁོར་བ་འདི་ཉིད་དག་པ་སྟེ། དེ་གང་ཞེ་ན། སརྦ་དྷརྨཱཿསྟེ། འཁོར་བའི་ཆོས་ཐམས་ཅད་དོ།། དེ་ཡང་རེས་འགའ་བ་ཡིན་ནམ་ཞེ་ན། ཡ་དུ་ཏི་སྟེ་ཇི་སྲིད་དུ་དག་པ་དེ་ཡང་གཟུགས་ལ་སོགས་པའོ།། དེ ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སརྦ་ཏྲ་ཐཱ་ག་ཏ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཛྙཱ་ན་ཀ་ཡ་སྟེ་ཡེ་ཤེས་ཀྱི་སྐུའོ།། མཉྫུ་ཐི་ནི་འཇམ་དཔལ་ལོ།། པ་རི་ཤུདྡྷི་ཏཱ་ནི་ཡོངས་སུ་དག་པའོ།། མུ་པཱ ་ནི་ལུས་སོ།། དཱ་ཡེ་ཏི་ཞེས་པ་ནི་གོ་འཕང་ངོ་།། ཨ་ནི་ཐབས་ལ། ཨཱཿནཱི་ཤེས་རབ་བོ།། དེའི་དོན་ནི་ཇི་སྲིད་དུ་ཆོས་ཐམས་ཅད་ཡོངས་སུ་དག་པ་མ་བཅོམ་པཱ་གང་ལ་ཡོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། ཡོངས་སུ་དག་པ་འཛ ་དབུལ་གྱི་མྱིང་ཅན་དེའི་དེའི་གྲོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྟན་པར་བྱ་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྒྱུན་དུ་བགྲང་བར་བྱ ་བའི་སྙིང་པོར་ཤེས་པར་བྱའོ།། སརྦྦ་ཏ་ཐཱ་ག་ཏི་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ།། ཧྲི་དཱ་ལ་ནི་སྙིང་པོ་སྟེ་ཡེ་ཤེས་ཀྱི་སྐུའོ།། དེས་ན་ཡེ་ཤེས་ཀྱི་སྐུ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པ་དྲི་རྟོགས་པས ་བྱེད་ཅེ་ན། ཧུ་ར་ཧ་ར་སྟེ་ཐུ་མལྔ་པའི་ལུས་དང་ངགྲ་དང་ཡིད་ཀྱི་ཉོན་མོངས་པ་ཐམས་ཅད་འཕྲོག་པར་བྱེད་པའོ།། ཕྲོགས་པས་ཅིར་འགྱུར་ཞེ་ན། དེ་གང་གི་སྙིང་པོ་ནི་སྐུ་གསུང་ཐུགས་ཀྱི་སྙིང་པོའོ།། ངེས་ལས་ཅི་བྱེད་ན། ཁམས ་གསུམ་གྱི་རྟོགས་པ་འཕྲོག་ཅིང་འཇོམས་པར་བྱེད་པའོ།། ཨོཾ་ཧཱུཾ་ཧྲཱིཿཞེས་གསུངས་ཏེ། སྐུ་གསུང་ཐུགས་སུ་འགྱུར་བའོ།། གང་གི་ཡིན་ན། བྷ་ག་ཝཱན་ཏེ་བཅོམ་ལྡན་འདས་ཀྱིའོ།། མཚན་གྱི་ཁྱད་པར་གསུངས་པ། ཛྙཱ་ན་མཱརྟི་ཞེས ་གསུངས་ཏེ། ཡེ་ཤེས་ཀྱི་ལུས་ཤེས་བྱ་བར་འགྱུར་རོ།། དེ་ཚིག་གི་སྒོ་ནས་སྟོན་པར་བྱེད་པས་ན། བཱ་གཱི་ཤཱ་ར་སྟེ། ངག་ལ་དབང་བྱེད་པས་ན་ངག་གི་དབང་ཕྱུག་གོ། ཚིག་གི་སྒོ་ནས་བསྟན་པས་ཅིར་འགྱུར་སྙམ་པ་ལ། མ་ཧཱ་པ་ཙཱ ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་འཆིད་ཅིང་ཁ་དོག་བསྒྱུར་བར་བྱེད་དོ།། གང་ན། སརྦ་དྷརྨ་སྟེ་ཆོས་ཐམས་ཅད་དོ།། ཅི་དང་ཅི་འདྲ་བར་ན། ག་ག་ན་སྟེ་ན་མཁའ་དང་འདྲ་བར་རོ།། ཨ་མ་ལཱ་ནི་ཏྲི ་མ་མེད་པའོ།། དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སུ་པ་རི་ཤུདྡྷེ་སྟེ་ཤིན་ཏུ་ཡོངས་སུ་དག་པའོ།། དེ་ཐམས་ཅད་གཪྵ་བསྟུ་ནཱ། དྷརྨདྷཱ་ཏྲ་སྟེ་ཆོས་ཀྱི་དབྱིངས་དང་། ཛྙཱ་ན་གནྡྷ་སྟེ་ཡེ་ཤེས་ཀྱི་སྙིང་པོ།། ཨཿསྟེ་སྐྱེ་བ་མེད་པར་ཐིམ ་པའོ།། དེའི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་བཞུགས་པའི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་དེ་ཚིག་གི་སྒོ་ནས་བསྟན་པས་ཁམས་གསུམ་གྱི་ལུས་ངག་ཡིད་གསུམ་གྱི་ཉོན་མོངས་པ་འཕྲོག་པར་བྱེད་པའོ།། ་དེའི་མཚན་གྱི་ཁྱད་པར་བྱསྟན་པ་ནི་ཆོས་ཐམས་ཅད་མམཁའ་དང་འདྲ་བར་དྲི་མ་མེད་པར་ཆོས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ།། དེས་རྣམ་པར་རྟོག་པ་ཐམས་ཅད་དེ་ཉིད་དུ་སྦྱར་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་དག ་གིས་རྒྱང་རྩི་དངོས་པོ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལན་གནང་བ་བཤང་ཟིན་པ་སྟེ་རྫོགས་ཞེས་བྱ་བའི་ཐ་ཚིག་གོ།། ད་ནི་བཅོམ་ལྡན་འདས་ཀྱིས་གསུངས་དོན་ལ་རྗེ་སུ་ཡི་རང་བ་ཚུལ་གྱིས་གུས་པ་བསྟོན་པར་བྱ་བའི་ཕྱི་། ་དཔལ་ལྡན་རྡོ་རྗེ་འཆང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བར་གང་གིས་ཀྱང་མཆོད་པ་སྟེ། ཞུས་པའི་ལན་གསུངས་པའི་དེ་མ་ཐག་པའོ།། དཔལ་ལྡན་རྡོ་རྗེ་འཆང་ནི་སྡུད་པ ་པོ་སྟེ། ཚིག་གི་དོན་བཤད་ཟིན་ཏོ།། དགའ་ཞིང་མ་གུ་ནས་ཐལ་མོ་སྦྱར་ཞེས་བྱ་བ་ལ། སྡུད་པ་པོ་ཆོས་ཐམས་ཅད་དགའ་བ་སྟེ་མདངས་ཕྱུང་ཞེས་བྱའོ།། མགུ་ནི་རྗེས་སུ་ཡི་རང་བའོ།། ཐལ་མོ་སྦྱར་བྱ་ནི་གུས་པའི་དོན་ཏོ།། ཡང་ན ་དགའ་ཞིང་མགུ་བ་ནི་བདེ་བ་རྒྱས་པའོ།། མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས།། ཞེས་པ་ནི་བདག་དྲང་གཞན་གྱི་མགོན་མཛད་པ་ལ་དེ་སྐད་ཅེས་བྱའོ།། དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཆིང་སྟེ། མིང་གཞན་# ་ཐུབ་པ་ཞེས་བྱའོ།། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། ཞེས་པ་ནི་རང་གི་སྟོན་པའི་ཞབས་ལ་སྤྱི་བོས་གཏུགས་པའོ།། དེ་ནི་ཞེས་པ་ནི་རྡོ་རྗེ་འཆང་ངོ་།། བདག་དང་གཞན་གྱི་མགོན་དུ་གྱུར་པས་སོ།། གསང་བའི་བདག་པོ་ལག ་ནཱ་རྡོ་རྗེ་ཁྲོ་བོའི་རྒྱལ་ཞེ་ས་པཱ་ལ། སྐུ་གསུང་ཐུགས་ཀྱི་གསང་བྱ་འཛིན་པ་སྟེ་བཤད་ཟིན་ཏོ།། ལག་ན་རྡོ་རྗེ་ཁྲོ་བོ་རྒྱ་ལ། ཞེས་པ་ནི་དེའི་མིང་ཅན་གྱི་འཁོར་རྣམས་སོ།། སྣ་ཚོགས་གཞན་དང་ལྷན་ཅིག་ཏུ་ཞེས་བྱ་བ་ལ། སྒྲོལ་མ་ང ་ཁྲོ་གཉེར་ཅན་ལ་སོགས་པའི་དཔའ་མོ་རྣམས་ནི་སྣ་ཚོགས་པའོ།། གཞན་ཞེས་པ་ནི་སྡུང་པོ་ལས་གཞན་དུ་གྱུར་པའི་འཁོར་རྣམས་སོ།། ལྷན་ཅིག་ཅེས་པ་ནི་དེ་རྣམས་དང་མཉམ་པོར་ཞེས་པའི་དོན་ཏོ།། གསང་བསྟོད་ནས་ནི་ཚིག ་འདི་གསོལ་ཞེས་བྱ་བ་ལ་སྐད་གསང་ལ་ཆེ་བས་འོག་ནས་འབྱུང་བ་རྣམས་གསོལ་བའོ།། ད་ནི་དྲོན་ཆེན་པོའི་ཕྱིར་རྗེས་སུ་ཡི་རང་བ་བསྟན་པར་བྱ་བའི་ཕྱིར། མགོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་མགོན་པོ་ཞེས་བོས ་ནས་བདག་ཅག་ཅེས་པ་ནི་འཁོར་རྣམས་སོ།། ཡི་རང་བ་ནི་མགུ་བའོ།། ལེགས་སོ་ཞེས་བྱ་བ་ནི་བདག་གི་དྲོན་དུ་ཆོས་གནང་བའོ།། ཡང་ལེགས་སོ་ཞེས་བྱ་བ་ནི་གཞན་དོན་དུའོ།། ཡང་ན་ལྷག་མ་མ་ལུས་པའོ།། ལེགས་པར་གསུང ་ཞེས་བྱ་བ་ནི་སྒྲ་ལ་སྐྱོན་མེད་དེ། ཐོག་མ་དང་བར་དང་མཐར་དགེ་བྱར་གསུངས་པའོ།། རྣམ་པར་གྲོལ་བའི་འབྲས་བུ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུའོ།། འགྲོ་བ་མགོན་མེད་རྣམས་དང་ནི། བདག་ཅག ་ཅེས་བྱ་བ་ནི་ཇི་ལྟར་རྒྱ་མཚོར་གྲུ་ཞིག་པ་ལ་སོགས་པ་ལྟ་བུའོ།། བྱང་ཆུབ་ཐོབ་པའི་དོན་ཆེན་མཛད།། ཅེས་པཱ་ནི་ཉན་ཐོས་དང་རང་རྒྱལ་བ་ལ་སོགས་པའི་ལམ་ལམ་བཀོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པཱའི་བྱུང ་ཆུབ་ལ་བཀོད་པར་མཛད་པ་བཀའ་དྲིན་ཆེ་ཞེས་པའི་དོན་ཏོ།། ཐབས་གང་གི་སྒོ་ནས་ཤེ་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། ཞེས་གསུངས་ཏེ། སྐྱེད་པ་ལྷའི་རྣལ་འབྱོར་དང་། རྫོགས་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི་སྒྲ ་འཕྲུལ་དྲ་བ་སྟེ། དེའི་ལམ་གྱི་སྒོ་ནས་ཤེས་པའོ།། འདི་ནི་རྣམ་དག་ལེགས་ལམ། ཞེས་བྱ་བ་ཟིལ། བཤད་མ་ཐེག་པའི་ལམ་འདི་ནི་བདེ་བས་བདེ་བ་སྒྲུབ་པའི་ཕྱིར། རྣམ་པར་དག་པ་ལེགས་པའི་ལམ་སྟེ། དུས་གསུམ ་གྱི་བདེ་བར་གཤེགས་པའི་གཤེགས་ཤུལ་འདི་བཀོད་པ་ལ་དྷེ་སུ་ཡི་རང་། ཞུས་བྱ་བའི་ཐ་ཚིག་གོ།། དྲ་ནི་ཟབ་མོ་སངས་རྒྱས་ཀྱིས་གསུངས་པ་ལ། རྗེསུ་ཡི་རང་བ་བསྟན་པར་བྱ་བའི་ཕྱིར། ཟབ་ཅིང་ཡངས ་ལ་རྒྱ་ཆེ་སྟེ། ཞེས་བྱ་བ་ལུ་སོགས་པ་གསུངས་ཏེ། རྡོ་རྗེ་ཐེག་པ་ནི་ཟབ་པ་སྟེ། རྟོགས་པར་དཀའ་བའི་ཕྱིར་རོ།། ཡང་པ་ནི་འདིར་ཀུན་ཤོང་བའོ།། རྒྱ་ཆེ་བ་ནི་འདིར་ཀུན་འདུས་ལ་ཐེག་པ་གཞན་དུ་འདི་མི་འདུས་པའི་ཕྱིར་རོ།། དྲོན་ཆེན ་ནི་བདག་གིའོ།། འགྲོ་བའི་དོན་ནི་གཞན་དོན་ཏེ། དེ་བྱེད་པ་ལྔ་དེ་སྐད་ཅེས་བྱའོ།། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། ཞེས་བྱ་བ་ལ། འདི་ནི་ཉན་ཐོས་དང་། རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་སྦྱོང ་ཡུལ་མ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་འབའ་ཞིག་གི་ཡུལ་ཡིན་ནོ་ཞེས་པའི་དོན་ཏོ།། དེའི་ཕྱིར་ར་རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། ཅེས་པ་ནི་དེ་དག་གི་ཕྱིར་རྗེ་སུ་ཡི་རང་ངོ་ཞེས་བྱའོ།། དེ་ལྟར་བདག་ཅག་རྣམས་ཀྱང་ཡི་རང ་བའོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱི་བཀའ་ལས་རྗེས་སུ་ཡི་རང་བ་བཤད་ཟིན་ཏོ།། ཐོག་མ་པར་མཐའ་སྒྲའི་གཙོ་བོ་དང་ལྡན་རྒྱུད་ཀྱི་རྒྱལ་པོ་འགྲོ་བའི་དོན་མཛད་གསང་བ་ཟབ་མོའི་དོན། ཟབ་ཅིང་རྒྱ་ཆེར་གྱུར་པས་འདི་དོན ་ལེགས་པར་ཤེས་པའི་སྐྱེ་བོས་སྦྲང་རྩི་འཐུང་བ་ཤིན་དུ་དཀོན།། ཡི་གེ་རིག་བྱེད་པ་ཡི་མིད་ཅིང་དེ་ཡིས་ཉེ་བར་བཟུང་ཞིང་འཆི་མེད་མེད་འཐུངས་སྒྲ་ངན་ཆེན་པོ་དེའི།། གདམས་པ་ལ་བརྟེན་བདག་གིས་ཁེ་དང་གྲགས་པ་ལ་སོགས ་ངན་གཉེར་མན་ཀྱང་རླུང་གཟུགས་རྣམ་པས་མནྟ། ང་མས་གསུངས་པཀླུ་རྡུལ་བུམ་པ་དྷཱ་བཱ་ཥྚཙྪ་བྱས་འཇུགས་ཤིང་བདུག་ག་ན་ན་གྲུབ་ན་པསྨྲ་ཙྪན་དྷ། དྷཱ་ས་མས་བསྣོད་ནམས་ན་ཡང་ངས་ན་ལྡ་རུང་། ་མ་ལུས་སྦྱངས་དང་དེ་ཡི་ཐབས་ལ་མཁས་པརྒྱ་ཤོག།། འཇིགས་པ་འང་མ་ཡུལ་གྱི་མཚན་ཡང་དག་པ་བརྗོད་པའི་འགྲེལ་པོའང་མ་པལ་གྱི་རྒྱལ་ཟེ་ཟེའི་དབང་པོ་གྲགས་པས་མཛད་པ། བྱང་ཆུབ་སེམས ་དཔའ་སྤྱན་རས་གཟིགས་ཀྱི་བཀའ་བཏུང་བ་རྫོགས་སོ། རྒྱ་བར་གྱི་མཁན་པོ་ཨ་བྷ་ཡ་བརྗེ་དསམཅི་བསྐལ་རྡོ་རྗེ་རྒྱལ་ཐོས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་