CLOSE WINDOW

GT1139: phyag rgya chen po rdo rje'i glu zhes bya ba
Wyliee-texts produced with BDRC’s OCR application

སྤྲུལ་པའི་རྣལ་འབྱོར་པས་གཞུང་དུ་བགྲོད་པ་རྫོག་སོ།། ། རྒྱ་གར་སྐད་དུ། མ་ཧཱ་མུ་དྷཱ་བཛྲི་གཱི་ཏི་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་ཞེས་བྱ་བ། དཔ་ལ་ཤྲ་བ་རཱི་དབང་ཕྱུག་འཚལ་ལོ།། ན་མོ་དྷརྨ་ཀྵ ་ཡཱི་མ་ཧཱ་སུ་ཁྱཱ་ཡེ། ཀྱེ་འོ་གཉིས་མེངྒེ་རྡོ་རྗེ་འདི་ལྟར་ཉོན།། གང་ཞིག་མིག་མེད་པ་ཡིས་ལམ་མཁནྡ་བསྟེན།། འུ་ཆུང་དཔའ་བོ་མ་ལ་རག་ལུས་ཏེ།། མེ་ལིང་བསྟོན་པས་བཞིན་གྱི་དཀྱིལ་འཁོར་གསལ།། དང་པའི་མན ་ཡིས་ཆུ་དང་འོ་མ་འབྱེད།། བསྐལ་པའི་མུན་པ་སེལ་བྱེད་སྒྲོན་མེ་སྟེ།། གཏེར་གྱི་བང་མཛོད་འབྱེད་པའི་ལྡེ་མིག་མཆོག། མི་ཟད་གཏེར་ཆེན་འབྱིན་པའི་རྒྱལ་པོ་བསྟེན།། དབུལ་པོ་བསྟེན་པས་བདག་ཉིད་དབུལ་པོར་འགྱུར།། ་ནམཁའ་རྒྱུ་མཚོ་ཉིད་ཟླ་གསུམ་ལྡན་བསྟེན།། ནེ་ཙོའི་ཁ་ཐོན་སྙན་པས་ཅི་ཞིག་ཕན།། འདབ་ཆགས་བུ་ནི་མཁའ་ལ་སྦྱར་ན་བདེ།། དུད་འགྲོ་གཡང་ལ་བསྒྱུར་ན་གསོན་མི་རུང་།། ཉི་ཟླ་གཊཱའ་བྲལ་སྦྱིན་པ་རླུང་བཏབ ་གསལ།། སྤྲིན་སངས་གྱུར་ཀྱང་གཟས་ཟིན་སྣང་བ་མེད།། ཆུ་སྐྱེས་པདྨའི་བཅུད་ནི་བུང་བས་ལེན།། འང་སྦལ་དྲུང་ན་གནས་ཀྱང་དེ་ལྟ་མིན།། ཆུ་ཤེལ་ཆུ་ནི་རྐྱེན་དང་འཇོམ་པ་ཅེས།། སེང་གེའི་འོ་མ་སྣོད་ངན་ཕེ་ལ་པར་མིན།། ་ཨོཾ་ཨཱཿཧཱུ~ཾ་ཨེ་མ་ཧི།། སྣང་སྲིད་ཐམས་ཅད་ན་མཁའ་ཉིད་ལས་བྱུང་།། ན་མཁའ་ཡོད་མེད་ཕྱོགས་རྒྱུ་ཁ་དོག་བྲལ།། ཐོག་མ་བར་དང་ཐ་མ་འགྲོ་འོང་མེད།། འབྱུང་བཞི་རབ་ཏུ་འཁྲུགས་ཀྱང་འགྱུར་མི་སྲིད།། རྐྱེན་གྱིས ་དཀར་ནིག་སྣང་ཡང་དཀར་ནག་མེད།། རྒྱ་མཚོ་གཏིང་ཟླབ་རྒྱ་ཆེ་སྣ་ཚོགས་འཆར།། རྦ་རླབས་རི་བོ་འདྲ་ཡང་རྒྱ་མཚོའི་ངང་།། འཁྱག་རོམ་བྲག་འདྲ་ཆུ་ལས་ཡོངས་མ་འདས།། ས་ལ་སྣ་ཚོགས་འཁྲུངས་ཀྱང་ཟད་པ་མྱེད།། ་བསྲེགས་བཅད་བདར་ཡང་གསེར་གྱི་ངོ་མི་འགྱུར།། མིང་ནི་ཚ་ཞིང་ཆུ་ནི་རླན་མི་འབྲལ།། སྤྲུལ་པ་དྲུག་ནི་རབ་ཏུ་རྟོགས་པར་གྱིས།། ན་མཁའ་སྟོང་ལས་སྟོང་པ་འབྱུང་བ་སྟེ།། རྐྱེན་གྱིས་མེ་ཆུ་འབྱུང་ཡང་ཤེལ་གྱི་ངོ་མི ་འགྱུར།། བཀའ་རྟགས་ཕྱག་རྒྱ་གཉུག་མ་ཞེས་བརྗོད་དོ།། ས་འོག་གསེར་དང་གྱད་ཀྱི་ནོར་བུ་དང་།། དབུལ་པོའི་གཏེར་དང་བུམ་པའི་མར་མེ་ལྟོས།། ནོར་བུ་རིན་ཆེན་མི་གཙང་འདམ་དུ་བྲིང་།། སྒྱུ་མར་མ་ཤེས ་རྒྱལ་པོ་ཨ་བྱུང་ཆད།། ཐག་པ་སྦྲུལ་དུ་མཐོང་བས་བརྒྱལ་ནས་ཤི། མར་མེ་ཉི་མ་དམུས་ལོད་མྱུར་པར་སྣང་།། མི་གཙང་དྲི་ཟླ་ཅན་དན་དྲི་ལ་འབྲོས།། མིག་སྨོན་ཅན་གྱིས་ཟླ་བ་གཉིསུ་མཐོང ་གླང་པོ་བཞག་ནས་གླང་པོའི་རྗེས་ཚོལ་བ།། བུ་ཆུང་མེ་ལོང་གཟུགས་བརྙན་མཐོང་བས་དགའ།། རི་དགས་འཁྲུལ་པ་སྨིག་རྒྱུ་ཆུ་ལི་སྟེག། གསེར་མ་ཤེས་བུ་རཱག་ན་ཕྱེ་མ་འཆང་། སྒྲོ་ཆུ་གླང་རྗེས་ཆུ་ནི་མྱུར་དུ ་སྐམ། རྐྱལ་མེད་པ་དག་རྒྱ་མཚར་ཞུགས་ན་འབྱིང་།། ལམ་མཁན་མེད་པར་དམུན་ལོང་ལམ་འགྲོ་དང་།། འདབ་གཤོག་མེད་པའི་བྱེ་དྲུག་འཕུར་ན་ལྗང་།། དུག་ལོ་བྲེགས་ནས་བསྒྱུར་ཀྱང་ཅི་ཞིག་ཕན།། མུན་ཁུང་དག་ཏུ ་སྒྲོན་མ་བཏེགས་པས་བསལ།། ཕག་པ་གཅིག་ཚོང་མདུད་པ་བརྒྱ་གྲོལ་ཏེ།། ཐེག་པ་མེས་ཚིག་དག་གིས་འཆིང་མི་ནུས།། གསེར་འགྱུར་རྩི་ཡིས་ཟངས་ལྗགས་གསེར་དུ་འ་གྱུར།། རྨ་བྱ་བ་ཙན་དུག་ཟོས་པས་སྤུ་ཐོག ་རྒྱས། མིག་དང་ལྡན་པས་རྐང་པ་གར་གཞག་ཕྱིན།། དཔུང་གི་རྒྱལ་པོ་གཅིག་ལ་འདོད་དགུ་རྫོགས།། ཁྱུད་ཕྲུགས་གཤོག་རྫོགས་མཁའ་ལ་སྤུར་ན་བདེ།། མར་མེ་བཏེག་པས་མུན་པའི་ལམ་གསལ་ཞིང་།། ཅང་ཤེས་སྒྲོག ་ཏུ་བཅུག་པ་ཕྱེ་བས་གྲོལ།། ངང་པ་ཆུ་ལ་འོ་མ་ལེན་པ་ལྟོས།། དགྲ་སྐུགས་བཙལ་བས་འཇིགས་པ་སངས་ནས་འགྲོ།། ནམ་མཁའ་མ་མཐོང་ན་མཁའ་མཐོང་བ་སྟེ།། རྒྱ་དང་རྒྱའི་འབུར་ནི་ལོག་པར་འབྱུང་།། མར་མེ་བསད་པས་ལུས ་དང་གྲིབ་མ་མེད།། སྒྱུ་མ་བཤིག་པས་འདུ་ཤེས་རྣམ་ལྔ་སྤངས།། ཆུ་ལ་ཆུ་བཞག་དེ་ཉིད་དབྱེར་མྱེད་འགྱུར།། ནམ་མཁའི་མེ་ཏོག་རི་བོང་རཱ་ཞེས་བྱ།། གཟིངས་ལ་འཕུར་བའི་བྱ་ནི་སླར་ལ་ལྡོག། གང་ཞིག་འཁྱག་རོམ་སྤངས་ནས་ཆུ་ཆོལ ་བརྒྱ་རྐྱེན་རྩོལ་བས་བྱས་པ་རང་འབྱུང་མིན།། དབུལ་པོ་མི་ནོར་རྒྱ་ཡིས་འདེབས་པ་དང་།། ས་བོན་འབྲས་བུ་ཐ་དད་འཛིན་པ་འཁྲུལ།། རྐུན་མོ་ངོས་མ་ཟིན་པར་ར་མདའ་སྦྲོན།། ཀྱེ་མ་འདི་ནི་སྦྲུལ་དང་རིག་སྔགས་མཚོན་ཆའདྲ།། རྟ་ཛ ་སྦྲུལ་ལ་མདུད་པ་བརྒྱབ་པ་གྲོལ།། མཁའ་ལ་མདུང་བསྐོར་ལས་ཟིན་སྐྱེས་བུ་བདེ།། ཁྱུང་ཆེན་མཁའ་ལྡིང་ཉམ་ང་འཛུགས་པ་མེད།། རི་མཐོནྟ་ཁ་ན་ཡུལ་ཁམས་སྣ་ཚོགས་གསལ།། བུ་ཡི་སྡུག་བསྔལ་མ་ཡིས་མཐོང་མི་བཟོད།། ་རལ་གྲིལ་དར་མས་དངོས་པོ་མ་ལུས་གཅོད།། སྨྱོན་པར་གྱུར་ཀྱང་དུག་ལོ་རེག་མི་བྱེད།། བུ་ཆུང་ཡིན་ཡང་གཙུག་གི་ནོར་མི་འབྲལ།། ཨཿོཾ་ཧཱུཾ། ཨེ་མ་ཧོ།། མེ་དོན་གཉེར་བས་དུ་བ་ཤུགས་ཀྱིས་འབྱུང་།། ནོར་བུ་རྙེད་ན་སོ་ནམ ་འད་མི་དགོས།། མི་གཅིག་སྐྱེས་པས་ཤིང་ལ་འདོད་ལྔ་འབྱུང་། སྐྱུར་པོ་ཟོས་ན་མཐོང་བས་ཉམས་སུ་མྱོང་།། སྔར་འདྲེས་མི་དང་ཕྲང་ན་ཐེ་ཚོམ་མེད།། སྐྱེས་བུ་ན་མཁས་བཟུང་བ་ཐར་མི་སྲིད།། རྨི་ལམ་སྒྱུ་མའི་མཚོན་གྱིས་གནོད ་པ་མེད།། དངུལ་རྡོ་འོ་མ་བུར་ཤིང་ཏིལ་མར་ལྟོས།། ཆུ་ནི་མཐོང་དང་ཐོས་པས་སྒོམ་མི་སེལ།། སྨན་པའི་ངག་མི་ཉན་པའི་ནད་པ་དེ།། ཟས་ནོར་བྱིན་པས་རང་ཉིད་བཀྲེས་ནས་ཤི།། གཏེར་མཛོད་བགྲངས་པས་རང་གི་ཐོབ་པ་མེད།། ་འོན་པ་སིལ་སྙན་ལོང་བ་རི་མོ་མཁན།། བྱིས་པ་མན་གཏམ་དམུས་ལོང་ཡུལ་ཁམས་སྟོན།། སྒོ་ད་མ་ཡིས་ག་བ་ནཱ་བྱི་ཕྲུག་སྨིན།། རྡོ་ལ་གཞུ་བརྟུལ་བྱས་ན་རིན་ཆེན་ནོར།། སྡང་མ་མུནན་ནས་བསིངས ་པསྭ་གར་ཆང་འབྱུང་།། བུ་ཆུང་གསོས་པས་དཔའ་བོའི་ལས་རྣམས་ནུས།། རྒྱལ་བུ་ཆེར་ནས་ཡུལ་ཁམས་དབང་ཐོབ་སྟེ།། མཁའ་ལ་སྤྲིན་དེངེས་འཁྱག་པ་ཆུར་ཐི་མེ་འགྱུར།། མཁའ་ལྡིངས་རྒྱལ་པོ་སྤྲོ་བསྡུ་མེད་པར་གནས ་ཆུ་ནི་མ་རྙོགས་འདི་དངས་ཉིད་དུ་ཞོག། ཇི་ལྟར་མཁས་པྲ་པ་ལང་སྐྱོང་བ་བཞིན།། བརྟན་གསྩལ་རྣོ་བ་མཱར་མེའི་སྙིང་པོ་ལྟོ་སྟེ།། སྒྱུ་མའི་སྐྱོས་བུ་ཆགས་ཞིན་རྩི་སྱ་གདབ་མེད།། བྱ་ནི་ན་མཁར་རྟེན་མེད་གནས་པར་བྱེད།། ཆོས ་མ་རྣམས་ཀྱིས་རས་གོས་དག་པར་བཀྲུ།། མཁྱེར་སྡེ་རྩིགས་ནས་འགྲམ་གཞི་ལེགས་པར་ཐིམ།། མ་ཡི་སྡུག་བསྔལ་བུ་ཡིས་མ་ཐོང་བར་གྱིས།། ཡིད་བཞིན་ནོར་བུ་སྤྱི་བོའི་གཙུག་ཏུ་གཞག། ན་མཁའ་ལྟན་འཇའོ་ཚོན་ལུས ་སུ་བསྒྱུར།། དམུ་རྒོད་རྟ་ནི་ཐིབས་ཀྱིས་ཟུང་ལ་ཚོས།། རི་གཟར་འབབ་ཆུ་ཡང་ཡང་བརྡབས་ནུ་དྲུངས།། སྤྲེའུ་ཟིན་ན་ཀུན་ལ་ཡང་རྩཝལ་སྦྱངས།། བསགས་པའི་ཡོ་བྱད་ཚོགས་མེད་ཀུན་ལ་སྦྱིན།། བྱིང་ཞིང་རྨུགས་ན་འདབ་ཆ ་མཁའ་ལ་སྤུར།། ཡང་ན་བུམ་པ་ཁ་སྦྱོར་རླུང་གིས་ཁོང། རྒོད་ན་ཁང་སྟོང་རྐུན་མ་སྤྲིན་ལ་ལྟོས།། རྒྱ་མཚོའི་རྦ་རླ་བོས་ཆུ་ཟླར་ཤེས་པོར་བྱ།། རྐུན་མ་མཐོང་ཞིང་ཚོར་ན་ལྡོག་པར་ངེས།། རྩེ་བ་སྨན་ན་ཐམས་ཅང་སྨན་ཞེས་བྱ ་ནོར་བུ་རིན་ཆེན་ས་ཡིས་གཏེར་དུ་སྭ།། ཡང་ན་རི་དགས་གར་སོང་དེང་ལ་གསོད།། ལྟོགས་ན་དུགས་ལ་སྔགས་ཀྱིས་བཏབ་ལ་བཟའ།། སྙོམས་ལས་བྱིས་པའི་ཉམ་ང་གཡང་ས་ལྟོས།། སྙིང་ལ་གཅེས་པ་དུར་ཁྲོད་གནས་སུ་སྒྲོལ། ་ན་ཚ་བྱུང་ན་རྒྱལ་པ་སྟོང་པར་གྱིས།། དེ་ལ་བུ་ག་ཐོས་ལ་མེས་ཚིག་མེ་ལ་གདུངས།། སྨན་མ་ཞུ་ན་སླར་ཡང་ནད་དུ་འགྱུར།། རྩ་དང་གསེར་གཉིས་འཆིང་བྱེད་ཁྱད་པར་མེད།། ཤེས་པ་འཛུམས་ན་ཡུལ་ཁམས་སྐོར་ཞིང་བལྟ། ་རྐང་འགྲོས་བུལ་ན་འོག་རྟ་རོལ་ལ་སྤོས།། དཔའ་རྩལ་ཞན་ན་དཔའ་རྩལ་ཀུན་ལ་སྦྱང་།། མེ་དོན་གཉེར་བས་གཙུབ་ཤིང་དྲག་ཏུ་བསྲུབ།། རི་བོ་མི་བསྐྱོད་ཆུ་བོ་རྒྱུན་ཆད་མེད།། གསེར་གླིང་ཕྱིན་ནས་ས་རྡོ་བཙལ་མི་རྙེད།། ཤྲིང ་བལ་འདབ་མ་ཤིན་ཏུ་ཡང་ལ་སོགས།། ཡིད་བཞིན་ནོར་བུ་ཡོད་ན་དགོས་འདོད་འབྱུང་།། ཨཱཿོཾ་ཧཱུཾ། ཨེ་མ་ཧོ།། བྱ་འཕུར་ན་མཁའ་ངག་ལས་མི་འདའ་སྟེ།། སྣ་ཚོགས་ནོར་བུ་ཚོན་གྱི་ཁ་དོག་སྣང་།། གསེར་དང་གསེར་གྱི་རྒྱན ་འགྱུར་བ་མེད།། འཇམ་སྐྱེས་པདྨ་འདམ་གྱིས་མི་གྱིས་མི་གོས་སོ།། གང་དག་འཇིགས་སྭ་སྐྱེལ་མ་སེངས་ནས་འགྲོ།། རྒྱལ་པོ་གང་ཞིག་རྒྱལ་སྲིད་བོར་ནས་འཁྱམ།། སུམ་ཅུ་རྩ་གསུམ་ཐོས་པ་ནི་ཙོའི་ཆོས།། ཆུ་ལ་མར་ཁུ ་བླུགས་པས་འདྲེ་བར་མི་ནཾ།། བྱ་རྒོད་སྙིས་ཟིན་གླང་ཆེན་འདམ་དུ་བྱིང་།། ནོར་བུ་རིན་ཆེན་ལུང་ཁུང་དག་ཏུ་བོར།། རྒྱལ་བློན་འཛོམ་ན་རྒྱལ་སྲིད་མངའ་ཐང་འཕེལ།། མིག་དང་རྐང་པར་ལྡན་པས་དོན་སར་ཕྱིན།། དཔའ་བོའི ་གོ་མཚོན་བློན་པོ་བཀའ་རྟགས་ཁྱེར།། རྩིས་མེད་སྨྱོན་པ་ཞེན་མེད་བུ་ཆུང་དང་།། རྟོག་མེད་ཕག་དང་གླང་ཆེན་ཆུར་འཇུག་ལྟོས།། ཕག་རྒོད་རྣམས་ནི་དུག་སྦྲུལ་མི་གཏོང་ཟ།། དབུལ་པོ་རིན་ཆེན་རྒྱུ་ལ ་བོའི་མཁར་དུ་སྦ།། གསོ་སྦྱོང་སྤྱད་རྣམས་རིག་པ་མདའ་ཡིས་བསྣུན།། ཡུལ་ཁམས་ཀུན་གྱི་དགྲ་རྣམས་སྲིད་དུ་བཅང་།། དཔའ་བོ་གང་ཡིན་དེ་ཡིས་དགྲ་རྣམས་འདུལ།། མཁའ་ལྡིང་རྒྱལ་པོ་ཕྱེ་ལྡེབ་སྤྱོད་ཡུལ་མིན།། ་རིགས་ངན་རྒྱལ་པོ་ཝ་ཡིས་སེང་པགས་གྱོན།། ནགས་ལ་མེ་མེ་ཆེང་གདོང་དུ་གར་བབ་སྲེག། མེ་འབར་བ་ལ་རླུང་གིས་བསྐྱོད་ན་འབར།། རིན་ཆེན་སྟོང་སྦྱར་ཕྱིས་པ་བསང་།། སྨྱོན་པ་བུ་ཆུང་ཁྱི་ཕག་སེང་གེ་བཞིན།། ཨ ་ཨོཾ་ཧཱུཾ། ཨེ་མ་ཧོ།། ཆུ་རྣམས་ཐམས་ཅད་རྒྱ་མཚོ་ཆེན་པོར་གཅིག། གང་ཞིག་ལྟོགས་པའི་དུས་སུ་ཟསྲ་སྟེར་བ།། ནད་རྣམས་གསོ་བ་སྨན་པའི་རྒྱལ་པོ་སྡེ།། ཆུ་བོ་ཆེན་པོ་སྒྲོལ་བའི་མཉན་པོ་མཆོག། གནོད་པའི་དགྲ་རྣས ་འདུལ་བའི་དཔའ་བོ་སྟེ།། དགེ་བཤེས་རྒྱལ་པོ་ཕྱོགས་མེད་ཀུན་ལ་སྙོམས།། མཁས་པ་དག་གིས་འཇའ་ཚོན་ལྟ་བར་བྱ།། གནང་དུ་བསྣུན་པའི་ཚེར་བ་སྤོངས་པ་མེད།། བུང་བ་མེ་ཏྲོག་དག་ལ་རྒྱགས་ཞེན་བྲལ།། ་ཉ་ནི་རྟགས་ཏུ་ཆུ་ལས་ཡོང་མི་འདའ།། རྩི་སྨན་ཡོད་ཀྱང་དུག་ལེ་རེག་མི་བྱེད།། ཇི་ལྟར་ཕྱུག་པོ་སོ་ནམ་བྱེད་པ་ལྟོས།། སེང་གེའི་འོ་མ་ལྐུགས་པའི་ཁ་བཞིན་བསྡམས།། སྨོན་པ་རང་གི་སྙིང་ལ་མཚོན་བསྣུན་དང་། ་གཤེད་མས་ཟིན་པའི་ཆང་ཕྱིའི་ཆད་པས་བཅད་པའི་མི།། ས་བོན་རུལ་བ་མྱུ་གུ་ཡོང་མི་སྐྱེ།། ཚེ་ལོ་སུམ་ཅུ་ཉི་ཤུ་བཅུ་པ་བཞིན།། གང་ཞིག་ཡེ་ཤེས་ཉི་མ་ཤར་ནས་ནུབ།། དབུལ་པོས་ནོར་བུ་རིན་ཆེན་རྙེད་ནས་བོར།། ་གང་དག་ཅང་ཤེས་རྟ་ལ་ཞོན་ནས་འབབ།། ཇི་ལྟར་དབུལ་པོའི་ནོར་བུ་རྒྱལ་པོས་ཕྲོགས།། ཡིད་བཞིན་ནོར་བུ་མཆོད་ན་དགོས་འདོད་འབྱུང་།། དངུལ་དཀར་མེ་ལོང་ཡང་ཡང་ཕྱིས་ན་གསལ།། བརྒྱ་བྱིན་ལྷ་ཡི་ལོངས ་སྤྱོད་འབད་པ་མེད།། མེ་ཏོག་པདྨ་བུང་བའི་ཚོགས་རྣམས་འདུ།། ཨ་ཨོཾ་ཧཱུཾ། ཨེ་མ་ཧོ།། པོ་ཏ་ལ་ལ་ནམ་ལངས་ཉི་ཤར་མཉམ།། འཇིམ་པའི་ལོགས་ལ་གཏབ་པའི་བདེ་གཤེགས་སྒོ།། མྱུ་གུ་མེ་ཏོག་འབྲས་བུ་རིམ་གྱིས ་སྨིན། དབང་པོ་སྐྱོན་དང་བྲལ་ན་གཟུགས་རྣམས་མཐོང་།། ཤེལ་གོང་དྲི་མ་མེད་པ་ཕྱི་ནང་གསལ།། སྒྱུ་མ་མཁསྡུ་པ་སྤྲུལ་པ་སྣ་ཚོགས་སྟོན།། རྡོ་རྗེ་པ་ལམ་གང་གིས་གཞོམ་པར་མིན།། ཡིད་བཞིན་ནོར་བུས་མི་མཐུན་གནོད ་པ་སེལ།། སེང་གི་མངལ་རྒྱ་ཁྱུང་ཕྲུག་སྒྲེང་རྒྱ་བྲལ།། མཁའ་ལ་ཉི་ཤར་འོད་ཟེར་ཕྱོགས་བཅུར་ཁྱབ།། སྲིན་བུ་བུང་བ་གནས་གྱུར་མཁའ་ལ་འཕྱོ།། ཡིང་བཞིན་ནོར་བུ་རྟོག་མེད་དགོས་འདོད་འབྱུང་།། རང་གི་གྲིབ་མ ་མཐོང་བས་འབྲོས་པ་དང་།། རི་དྭགས་སྨིག་རྒྱུ་རྙོག་པ་ནོར་བ་སྟེ།། དགྲ་ལ་ཟིན་དུ་མཐོང་ནི་ངེས་པར་གསོད།། འཁྱག་པའི་རང་བཞིན་ཆུ་རུ་ཤོས་པར་བྱོས།། ཉི་ཟླའི་ངོས་ལ་འཆར་ནུབ་གསལ་འགྲིབ་མེད།། རིན ་ཆེན་བྱི་དོར་བྱས་ན་དགོས་འདོད་འབྱུང་།། ཨེ་མཧོ།། དེ་ལྟར་བསྟན་པའི་དོན་དེ་ཐམས་ཅད་ཀྱང་།། རང་བཞིན་ལས་དང་འབྲས་བུ་གསུམ་དུ་གནས།། གཞི་ལ་ཆོས་སྐུ་ལྷུན་གྱིས་གྲུབ་པས་ན། ་དེ་ཕྱིར་སྐུ་གསུམ་ལྷུན་གྱིས་གྲུབ་པར་གནས།། རང་བཞིན་སྟོང་པ་རྣམ་པར་ཐར་པའི་སྒོ།། ལམ་ནི་མཚན་མེད་རྣམ་པར་ཐར་པའི་སྒོ།། འབྲས་བླ་སྨོན་མེད་རྣམ་པར་ཐར་པའི་སྒོ།། སྒོ་གསུམ་ཕྱེད་པས་སྐུ་གསུམ་ཞལ་མཐོང ་འགྱུར།། འོན་ཀྱང་ཐམས་ཅད་བརྫུན་པའི་རང་བཞིན་ལ།། དོན་ལ་ཆེད་དུ་བྱ་བ་ཅི་ཡང་མེད།། ཤིན་ཏུ་གསང་བྱ་རྡོ་རྗེའི་ཚིག་འདི་དག། ཁྱོད་ཀྱི་ཡེ་ཤེས་རིག་པས་རྟོགས་པར་གྱིས།། དཔལ་ཤ་བ་རི་དབང་ཕྱུག་དང་།། མཁའ ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་དང་།། པདྨའི་སྤྱན་གྱི་ཞལ་སྔ་ནས་སྙིང་པོའི་དོན་མགུར་དུ་བཞེངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ། བརྡ་རྒྱུད་གསང་བའི་སྒྲོན་མེ་རྫོགས་སོ།། །། རྒྱ་གར་སྐདདུ། བཛྲ་གཱི་ཏི། བོད་སྐད ་