CLOSE WINDOW

GT1137: bdud rtsi grub pa'i rtsa ba zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷི་མཱུ་ལ་ན་མ། བོད་སྐད་དུ། བདུད་རྩི་གྲུབ་པའི་རྩ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལོ།། སྤྱན་གསུམ་རབ་ལྡན་དབུ་བཅད་སྐུ་མདོག་དམར།། འཆི་བའི་འཇིགས་སེལ་རྣལ་འབྱོར ་པོ་མེ་ཡི།། ཕྱག་རྒྱ་འཛིན་ཅིང་བྷཻ་ར་བ་ཏིང་འཛིན་གྱིས།། སྐྱོབ་མཛད་ཕྱག་རྒྱའི་ཞབས་ལ་བདག་འདུང་ངོ་།། རྒྱུད་རྣམས་ཀུན་ཏུ་སྤྲོས་པའི་དོན།། ཕྱག་རྒྱ་ཆེན་པོ་རྣམ་བཤད་བྱ།། མེ་ནི་གང་གིས་ཐོས་པ་ལ།། ལྷ་རྣམས་ཀུན་གྱིས་བཀུར ་སྟི་མཛད།། སྐྱེ་བ་བྱེ་བ་སྟོང་དག་ཏུ།། ལེགས་ལས་རྒྱ་ཆེན་རྣམ་བྱས་པས།། དེ་ཐོབ་འཁོར་བའི་རྒྱ་མཚོ་ལས།། ཕ་རོལ་ཏུ་ནི་རྣལ་འབྱོར་འགྲོ།། གཡོན་པའི་རྟིང་པས་བཤད་ལམ་དགག། གཡས་པ་ཅུང་ཟད་བརྐྱང་བྱས་ལྔ།། འཐེབ་ཆེན ་བོལ་གོང་ལོག་པས་གཟུང་།། སྙིང་ག་ལྐོག་མས་མནན་པ་ནི།། སྒོ་དགུ་དགག་པའི་སྦྱོར་བའོ།། ངོ་ཡི་རྩ་གསུམ་དག་ལ་ནཱི།། རིམ་པ་བཞིན་དུ་བསྣུན་པར་བྱ།། འདི་ནི་ལས་ཀྱི་ཕྱག་རྒྱའོ།། རྐང་པ་གཅིག་པར་སེམས་བསྡུ་ཞིང་།། རླུང་རྣ ་གཅིག་ཏུ་བསྡུས་བྱ་སྟེ།། རླུང་གི་བསྡམ་པ་བརྩམ་པར་བྱ།། ཉི་ཟླ་གཉིས་ནི་གཅིག་པར་བྱ།། དེ་ལྟར་བྱས་ན་རླུང་ནི་འགག། འདི་ནི་དམ་ཚིག་ཕྱག་རྒྱའི།། བཤོང་ལམ་འཁོར་ལོ་གྱོན་དུ་བཟློག། ཐིག་ལེ་སྒྲ་བཅས་གྱེན་དུ་བསླང་།། རྩ་རྣམ ་ཐམས་ཅད་རབ་ཏུ་གཡོ།། མཆོག་གི་རྩ་ནི་གྱེན་དུ་འོང་།། ལུས་ངག་ཡིད་གསུམ་སྦྱོར་བ་ཡིས།། སྐུ་གསུང་ཐུགས་ནི་བསྒྲུབས་པར་བྱ།། གོམས་པ་བརྟན་པར་གྱུར་པ་ཡིས།། རང་གི་མེ་ནི་གསལ་བའི།། ཕྱག་རྒྱ་འདི་ཡིས་ཐམས་ཅད ་དུ། རྣལ་འབྱོར་པ་ནི་ངེས་པར་འགྲོ།། འདི་ནི་ཁ་སྦྱོར་སྦྱོར་བ་སྟེ།། རྩ་བའི་གདམས་པར་འདོད་པའོ།། འདི་ནི་རླུང་གི་སྦྱོར་བ་ཡིན།། མཁས་པ་རྣམས་ཀྱིས་འདི་བསྒྲུབ་པོ།། ཕྱག་རྒྱ་གཉིས་སུ་ཤེས་པར་བྱ།། ཇི ་བཞིན་བསྡམ་པའི་ཆོ་ག་ཤེས།། ཛཾཛི་ནི་ལྷ་མོའི་ཕྱག་རྒྱ་ཡིན།། ལིང་གོའི་ཕྱག་རྒྱ་ལྷ་ཡིན་ནོ།། ཕོ་དང་མོ་ཡི་སྦྱོར་བ་ལས།། ཕྱི་རོལ་ཏུ་ནཱི་སྐྱེ་བ་འབྱུང་།། ཇི་བཞིན་སྦྱོར་བ་འདི་གཉིས་ཀྱིས།། སྲེ་བ་ནང་དུ་བསད་པར་བྱ།། རྩ་ནི་བུད་མེད ་གཟུགས་ཅན་ཏེ།། སྐྱེས་པ་མེད་ན་འབྲས་བུ་མེད།། ཕྱག་རྒྱ་ཆེ་དང་བསྡམས་པ་ཆེ།། དབྱེ་བ་མེད་ན་འབྲས་བུ་མེད།། རླུང་ནི་འཁོར་ལོ་གཅིག་ཏུ་བསྡུ།། ཇི་སྲིད་བསྡམ་པ་བཞིན་དུ་བྱ།། རྣལ་འབྱོར་པ་ཡིས་གཤིག་པོར་བྱ།། རང་གི ་རླུང་སེམས་གཤིག་པར་བྱ།། སྦྱོར་བའི་རིམ་པས་གཤིག་པར་བྱ།། རླུང་ནི་སྟོབས་དང་ལྡན་བྱས་ལ།། དབུ་མའི་སྒོ་རུ་གཞུག་བྱ་སྟེ།། འཁོར་ལོ་བཞི་པོ་རླུང་གིས་དབུག། ལག་གཉིས་ལིང་གའི་ཕྱག་རྒྱ་བཅའ།། དེ་ནི་སྭ་ལ་གཞག་ནཱ ་སུ། རྐང་པའི་རྩེ་མོས་ལ་གཟུགས།། བརླ་ནི་བརྡབ་པར་བྱ་བཱ་ཡིས།། རླུང་གིས་རླུང་ནི་གཤིག་པར་བྱ།། རླུང་གིས་རུང་ལ་བཏོག་པར་བྱ།། རླུང་གིས་རླུང་ནི་བསད་པར་བྱ།། རླུང་གིས་ཡོངས་ལ་ཁྱོབ་པཱ་ཡིས།། རླུང་གིས་དངོས་གྲུབ ་ཐམས་ཅད་སྦྱིན།། རླུང་གིས་འཆི་བ་མེད་པར་འགྱུར།། དེས་ནི་བདུད་རྩི་གྲུབ་པར་ནི།། བིརྦ་ང་ཡིས་ཡང་དག་བཤད།། ལེགས་པར་བསྡམས་པ་ལུས་ཀྱི་ལས།། རྡོ་རྗེ་རླུང་རྩེ་བྱ་བ་ཡིས།། ལྷུན་པོ་ཡི་ནི་བར་དག་ཏུ།། དགུག་པའི་སྦྱོར ་བ་འདི་ཡིས་ནི།། ཚངས་སོགས་མདུད་པ་བཤིག་པར་བྱ།། ལྷུན་པོའི་སྟེང་དུ་ལྷ་རྣམས་འགྲོ།། ལྷུན་པོ་དག་ནི་གྲཡོ་འགྱུར་ཏེ།། དེས་ནི་ཐམས་ཅད་བརྒྱལ་བར་འགྱུར།། ཚངས་བྱ་ལྔ་སོགས་ལྷ་རྣམས་བསད།། དང་པོ་ཡི་ནི་སྦྱོར ་བ་ཡིས།། ཚངས་པའི་མདུད་པ་བཤིག་པར་བྱ།། དེ་ནས་དབང་ཕྱུག་མདུད་པ་བཤིག། དེ་བེ་ཤིག་ནས་ནི་བྲིཥྞུ་བཤིག། དེ་ནས་གཏི་མུག་ལ་སོགས་སྤངས།། གཙུག་ཏོར་སྒོ་ནི་སྨྲས་པ་ལ།། རླུང་གིས་སྒོ་ནི་རྣམ་པར་དྭ་།། ་དེ་ནི་འབིགས་པ་ཆེན་པོའོ།། བསྡམ་པ་ཆེ་དོང་འབིགས་པ་ཆེ།། ཕྱག་རྒྱ་ཆེ་ནི་གསུམ་པ་ཡིན།། འདི་ནི་གསེང་དབང་གསུམ་ཡིན་ནོ།། འདི་དག་གིས་ན་སྦྱོར་གྲུབ་གྲགས།། དེ་ཉིད་གསུམ་ནི་གོང་རིག་པས།། དེ་ནི་འཇིག་རྟེན ་གསུམ་རིག་གོ།། གང་གིས་འདི་ལེ་གོམ་བྱས་ན།། ཐམས་ཅད་ཀྱིས་ནི་མངའ་བདག་འགྱུར།། གསང་བ་ལྷ་ཡི་ལྷ་རྣམས་དང་།། མི་ཡི་བདག་པོའི་བདག་པོར་འགྱུར།། དབང་བསྐུར་ཀུན་ལ་དབང་བ་ཡིན།། ཐམས་ཅད་མ་ལུས ་ལྷག་པར་འགྱུར།། དེས་ན་ལྷ་རྣམས་ཀུན་གྱིས་འབད།། ཆོས་ཀྱི་ཕྱག་རྒྱར་འདོད་པའོ།། ཕྱག་རྒྱ་ཆེ་ལ་གོམས་པར་བྱ།། ཕྱག་རྒྱ་འདི་ལས་ཐམས་ཅད་འབྱུང་།། གྲུབ་པ་ཆེན་པོའི་འབྱུང་བ་ཡིན།། ཕྱག་རྒྱ་ཆེན་པོ་གང་ཡིན་པ། ་རྣམ་གཉིས་དེ་ནི་དམ་པ་དང་།། འཆིང་བ་ལས་ནི་གྲོལ་བ་དང་།། ལུས་སེམས་དག་ལ་བདེ་བ་འབྱུང་།། སེམས་ལ་གནས་པ་ཙམ་གྱིས་ཀྱང་།། མངལ་དུ་སྐྱེ་བར་མི་འགྱུར་རོ།། དང་པོའི་མིང་ནི་ཡི་གེ་ཡིན།། སྦྱོར་བ་ལྡན་པ ་བཤད་པར་བྱ།། དང་དང་ལྡན་སྦྱོར་བ་ཡིན།། རྣལ་འབྱོར་པ་ནི་ངེས་པར་ནི།། ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡིན།། ཕྱག་རྒྱ་ཆེན་པོ་བཤད་པར་བྱ།། རྐང་པ་ལག་པ་བསྡམ་བྱ་སྟེ།། རླུང་ནི་ལན་གསུམ་འཐུངས ་བྱས་ལ།། རྩ་རྣམས་ཐམས་ཅད་འཐེན་པར་བྱ།། ལངས་པས་རྩ་རྣམས་གྱེན་དུ་ཕྱོགས།། ནང་རྣམས་ཐམས་ཅད་བཅོམ་ནས་ནི།། ཕྱག་རྒྱ་ཆེན་པོའི་དོན་ཡང་རྫོགས།། ཇི་ལྟར་ན་མཁའ་བར་སྣང་ལ།། སྤྲིན་ཚོགས་འབར་བ་འཁྲིག ་པོ་དེ།། རླུང་གི་ཤུ་ཌཱ་ཀྱིས་བཏོར་བ་ལྟར།། དེ་ལྟར་ལུས་འདི་དག་ལ་ནི།། ནད་ཀྱིས་ཡོངས་སུ་བསྒོས་གྱུར་ཀྱང་།། ཐབས་ཀྱི་རླུང་གིས་གཞོམ་པར་བྱ།། འདི་ནི་ཕྱག་རྒྱ་ཆེན་པོའོ།། ཛྙཱ་ཡེ་བྷ་ཡི་ཀརྨ་ཡི།། ལག་པས་འབྱུང་བ་ལྔ་ངག་ཀྱང་།། ་ལས་ཀྱི་བྱ་བས་མཉྫུ་བྱ་ཞིང་།། བསྡམས་པ་ཆེན་པོས་གནས་པ་ཡི།། སྟོབས་ཀྱི་འཁོར་ལོ་འདི་ཡིས་ནི།། སྟེང་དུ་ལྕེ་ཡི་འཇིག་རྟེན་སྐྲག། ལག་པ་བརྐྱང་བསྐུམ་འདི་ཡིས་ནི།། ཕྱོགས་བཞི་དག་ཀྱང་གཡོ་བར་བྱེད།། རྐང་བཱ ་འོག་ཏུ་བརྐྱང་བ་ཡིས།། ཀླུ་རྣམས་ཐམས་ཅད་སྐྲག་པར་བྱེད།། དབང་པོ་དུལ་ཞིང་དུབ་པའི་ཚེ།། རྩེ་ཅིག་སེམས་ཀྱི་ངང་ལ་གཞག། བསྡམ་པའི་སྦྱོར་བ་བཤད་པར་བྱ།། རླུང་གིས་ལུས་ནི་འཛིན་པར་འགྱུར།། བསྡམ་པ་གཉིས་ནི ་ཤེས་བྱ་སྟེ།། ཇི་ལྟར་ཐིག་ལེ་གནས་པ་དང་།། ཛོ་ནི་བྷ་དྷའི་ལྷ་མོ་ཡིན།། མགྲིན་པ་བསྡམས་པ་ལྷ་ཡིན་ནོ།། དགང་བ་ཅན་དང་བུམ་པ་ཅན།། ཕྱག་རྒྱ་གཟུང་བ་རྣམ་པར་བྱ།། ལྷ་དང་ལྷ་མིན་ཀུན་ལ་གསང་།། རྣལ་འབྱོར་བསྡམ ་པར་བྱ་བ་ཡིས།། དབུ་མའི་སྒོ་རུ་གཏད་པར་བྱ།། ལམ་གསུམ་རྣམ་པར་བཀག་བྱས་ལ།། རླུང་ནི་ནང་དུ་གཟུང་བར་བྱ།། སྲོག་ནི་རླུང་ཡང་བླུན་པར་བྱ།། དེ་ལྟར་བྱས་པས་འོག་ཏུ་འབབ།། སྐད་ཅིག་ཉིད་ལ་བསྡམ་པར་བྱ།། སྟེང་འོག ་རླུང་གི་སྦྱོར་བ་ཡིས།། མཉམ་པའི་རླུང་དང་བསྲེ་བར་བྱ།། ངེས་ནི་གྱེན་དུ་བསྐྱོད་པར་བྱ།། བཤང་ལམ་བསྡམ་པ་དང་ལྡན་པས།། རླུང་ནི་རྣམ་པར་བསྐུམ་པ་དང་།། གྱེན་དུ་བརླང་བ་བྱས་པ་ཡིན།། འཁྲུལ་འཁོར་དང་ནི་རླུང་སྦྱོར་གྱིས།། ་དགྲམ་དང་རབ་ཏུ་བསྡམ་པར་བྱ།། ཟུང་འཇུག་ལམ་གསུམ་བསྒོམ་པར་བྱ།། འདི་ལྟར་མི་ཡི་ལུས་ལ་ནི།། གྲུབ་པའི་ལམ་ནི་རབ་གསལ་བ།། ཉམས་མྱོང་སྐྱེ་ཞིང་ལུས་རྒྱས་འགྱུར།། རྒས་པར་ཡང་ནི་མི་འགྱུར་རོ།། རྩ་རྣམས ་རྒྱུན་གྱི་འབབ་པ་དང་།། རྟག་པར་འོག་ཏུ་འགྲོ་བ་དེ།། བསྣམས་པ་ཆེན་པོ་འདི་ཡིས་ནི།། རྣམ་པར་ལྡོག་ཅིང་འགྱུར་བ་ཡིན།། གཤིབས་ནི་ཐུར་དུ་འགྲོ་བ་ཡོན།། ཡུར་བའི་ནང་དུ་ཆུ་འབབ་པ།། དེ་ནི་བསྡམས་པས་ལྡོག་པར ་འགྱུར།། དེ་བཞིན་ནང་གི་ལུས་ལ་ཡང་།། ལུས་ཀྱི་ཕྱི་རོལ་འགྲོ་བ་དེ།། རྣལ་འབྱོར་རྟག་ཏུ་ཤེས་པར་བྱ།། ལུས་ཀྱི་རྩཝ་ནི་མ་ལུས་པ།། འདི་ནི་བསྡམས་པར་རབ་ཏུ་གྲགས།། བསྡམ་བྱ་འདི་ཡི་མཐུ་ཡིས་ནི།། ལྷ་རྣམས་ཀུན་ཀྱང ་གསལ་བར་འགྱུར།། དེ་ལྟར་ཕྱག་རྒྱ་བཞི་ཡིས་ནི།། ལན་གསུམ་རྣམ་པར་བཀག་པའོ།། ལམ་ཅིག་པ་ནི་གསལ་བའོ།། གྲུབ་པ་ལྷ་ཡི་ལམ་དུ་འགྲོ།། སྐྱེ་དང་འཆི་བའི་ལམ་གཉིས་པོ།། འོག་ནི་ལམ་དུ་བཤད་པ་ཡིན།། བསོད ་ནམས་དང་ནི་སྡིག་རྒྱུ་ཡི།། དེ་ཕྱིར་སྒྲོན་གཉིས་ནུ་བར་སྤངས།། རླུང་གི་བྱེ་ཉིད་བུམ་པ་ཅན།། དེ་ནི་རབ་ཏུ་མཉམ་པར་བྱ།། སྟེང་གི་ལམ་དུ་རྣམ་བྱས་ལ།། རླུང་དང་ལྷན་ཅིག་སྦྱོར་བ་ཡིས།། བསྡམས་པས་ཆུ་རྒྱུ་མ ་འགག་པ་ལྟར།། འགྲོ་བ་ཐམས་ཅད་རྣམ་པར་འགོག། དེས་ན་དེའི་བཀའ་དྲིན་གྱིས།། ཛོ་ནི་གདམས་པ་ཞེས་གྲགསོ།། གྲུབ་པའི་ལྀམ་དང་ཡང་དག་ལྡན།། མཽ་ནི་འགྱུར་ཏེ་གཞན་དུ་མིན།། ཕྱག་རྒྱ་འདི་ནི་ཤེས་པ་ཡིས།། དྲེགས ་བ་ཡོད་ཀྱང་དོན་དང་ལྡན།། དེས་ན་ཐམས་ཅད་ཤེས་པ་ཡིན།། བདུད་རྩི་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བི་རཱུ་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་རྣལ་འབྱོར་པ་ལས་གྲུབ་པ་ཐོབ་པའི་རྒྱ་གར་ཨ་དེ ་བས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཌཱ་ཀི་ནི་ཨུ་པ་ཡ་ཤྲཱི་དྷ་རུ་མེ་ས་ར་བྷི་ར་ནཱ་མ། བོད་སྐད་དུ། མཁའ་འགྲོ་མའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་གདུང་བ་གཅད་པའི་གདམས་པ་ཞེས་བྱ་བ། བླ་མོ་རྗེ་བཙུན ་