| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐུད་དུཌྷེཾ་མ་ཧཱ་མུ་ཏྱཱ་ཨུ་པ་དེ་ཤ། བློང་སྤྲད་དུ། ཕྱག་རྒྱ་ཆེན་པོའི་མནྟ་ངག། དཔལ་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལོ།། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་གྱུར་ཀྱང་།། དཀའ་བ་སྤྱོད་ཅིང་ཐ་མ་ལ་གུས་པདྨ ་སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱི་ར་པ།། སྐལ་ལྡན་ཁྱོད་ཀྱི་སྙིང་ལ་འདི་ལྟར་བྱོས།། ཀྱེའོ་འཇིག་རྟེན་ཆོས་ལ་ལེགས་ལྟོས་དང་།། རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ།། རྨི་ལམ་སྒྱུ་མ་ངོན་ལ་ཡོད་མ་ཡིན། དེས་ན་སྤྲོ་བ་སྐྱེང་འཇིག ་རྟེན་བྱ་བ་ཐོང་།། འཁོར་གཡོག་ཆགས་སྡང་ཉེ་འབྲེལ་ཀུན་སྤོངས་ལ།། གཅིག་པུ་ནགས་འདབ་རི་ཁྲོད་དགོན་པར་བསྒོམས།། བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས་ཐོ་བ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ།། འཁོར་བའི ་ཆོས་འདི་དོན་མེད་ཆགས་སྡང་རྒྱུ།། བྱས་ཆོས་སྙིང་པོ་མེད་པས་དོན་དམ་སྙིང་པོ་ལྟོས།། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་།། བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྙེད་།། བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན།། རང་སེམས ་རྩད་ཆོད་རིག་པ་གཅེར་བུར་ཞོག། རྟོག་པ་དྲི་མའི་ཆུ་དེ་དང་སུ་ཆུག། སྣང་བ་དགག་བསྒྲུབ་མི་བྱ་རང་སོར་ཞོག། སྤོང་ལེན་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ།། དཔེར་ན་ལྗོན་ཤིང་ཡལ་ག་ལོ་འང་བ་རྒྱས།། རྩ་བཅད་ཡལ་ག་ལོ་འང་བ་ཁྲི ་འབུམ་བསྐམས།། དཔེར་ན་བསྐལ་སྟོང་བསགས་པའི་མུན་པ་ཡང་།། སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ།། དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས།། བསྐལ་པར་བསགས་པའི་སྡིག་སྒྲིབ་མ་ལུས་སེལ་། ་བློ་དམན་སྐྱེ་བོ་དོན་ལ་མི་གནས་ན།། རླུང་གྲི་གན་དུ་བཟུང་རིག་པ་བཅུད་ལ་བོར།། ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས།། རིག་པ་དང་ལ་མི་གནས་བར་དུ་བཙུན། དཔེར་ན་ན་མཁའི་དཀྱིལ་ནི་བརྟག་བྱས་ནི།། མཐའ་དང་དབུས། ་སུ་འཛིན་པ་འགག་པར་འགྱུར།། དེ་བཞིན་སེམས་ཀྱིས་སེམས་ལ་བརྟག་བྱས་ན།། རྣམ་རྟོག་ཚོར་འགག་སེམས་ཀྱི་རང་བཞིན་མཐོང་།། དཔེར་ན་ས་རླངས་སྤྲིན་ནི་ན་མཁར་དངོས།། གར་ཡང་སོང་མེད་གང་ཡང་གནས་པ་མེད། དེ ་བཞིན་སེམས་ལས་བྱུང་བའི་རྟོགས་ཚོགས་ཀྱང་།། རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དེངས།། དཔེར་ན་ནམ་མཁའ་ཁ་དོག་དབྱིབས་ལས་འདས།། དཀར་ནག་དག་གིས་གོས་མེད་འགྱུར་བ་མེད།། དེ་བཞིན་རང་སེམས་འོད ་གསལ་ཁ་དོག་དབྱིབས་ལས་འདས།། དགེ་སྡིག་དཀར་གནག་ཆོས་ཀྱིས་གོས་མི་འགྱུར།། དཔེར་ན་གསལ་དག་ཉི་མའི་སྙིང་པོ་དེ།། བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་ནུས།། དེ་བཞིན་རང་སེམས ་སྙིང་པོ་འོད་གསལ་དེ།། བསྐལ་བའི་འཁོར་བས་སྒྲིབ་པར་མི་ནུསོ།། དཔེར་ན་ན་མཁའ་སྟོང་པ་རབ་བརྟགས་ཀྱང་།། ན་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད།། དེ་བཞིན་རང་སེམས་འོང་གིསལ་བརྗོད་གྱུར་ཀྱང་།། བརྗོད ་པར་འདི་འདྲ་གྲུབ་ཅེས་གདགས་གཞི་མེད།། དཔེར་ནེ་ན་མཁའ་གང་ལ་གང་གིས་བརྟེན།། དེ་བཞིན་རང་སེམས་ཕྱག་ཆེན་རྟེན་ཡུལ་མེད།། མ་བཅོས་གཉུག་མའི་ངང་དུ་གླེང་ལས་ཞོག། བཅིངས་པ་ཀློང་གྱུར་གྲོལ་བར ་ཐེ་ཙོམ་མེད།། དེ་ལྟར་སེམས་ཀྱི་རང་བཞིན་ན་མཁའ་འདྲ།། ཆོས་རྣམས་མ་ལུས་ངོ་རུ་མ་འདུས་མེད།། ལུས་ཀྱི་བྱ་བ་ཡོ་ཐོང་རྣལ་མར་ཞོག། དག་གི་སྒྲ་བརྗོད་མ་མང་བྲག་ཅ་འདྲ།། ཡིད་ལྔ་མི་སེམས་ལ་ཟླའི་ཆོས་ལ་ལྟོས ་ལུས་ལ་སྙིང་པོ་མེད་པས་སྡུག་སྡོང་འདྲ།། སེམས་ནི་ན་མཁའི་དཀྱིལ་ལྟར་བསམ་ཡུལ་འདས།། དེ་དང་བཏང་གཞག་མེད་པར་གླེང་ལས་ཞོག། སེམས་ལ་གཏང་སོ་མེད་ན་ཕྱག་ཆེན་ཡིན།། དེ་ལ་གོམས་པས་བླ་མེད་བྱང ་ཆུབ་འཐོབ།། དམིགས་པའི་ཡུལ་མེད་སེམས་ཀྱི་རང་བཞིན་གསལ།། བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན།། བསྒོམ་མེད་གོམས་པས་བླ་མེད་བྱང་ཆུབ་འཐོབ།། བཟུང་འཛིན་ཀུན་འདས་ལྟ་བའི་རྒྱལ་པོ་ཡིན།། ་བྱ་བརྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན།། རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར།། ཀུན་གཞི་སྐྱེ་མེད་བག་ཆགས་སྒྲིབ་གཡོགས་བྲལ།། མཉམ་རྗེས་མི་བྱ་སྐྱེ་མེད་སྙིང་པོར་ཞོག། སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟང་།། མུ ་མཐའ་ཡོངས་གྲོལ་ལྕི་བའི་རྒྱལ་པོ་ཡིན།། མུ་མེད་གཏིང་ཡངས་བསྒོམ་པའི་རྒྱལ་པོ་མཆོག་བྱར་མེད་རོང་གནས་སྤྱོད་པའི་རྒྱལ་པོ་མཆོག། རེ་མེད་རང་གནས་འབྲས་བུའི་རྒྱལ་པོ་མཆོག། ལས་ནི་དང་པོ་གཅོད་རོང་ཆུ་དང་འདྲ།། བར ་དུ་ཆུ་བོ་གང་གཱ་ངལ་བུས་འབག། ཐ་མ་ཆུ་བྲན་མ་བུ་ཕྲད་པ་འདྲ།། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་།། འདུལ་བྱའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་།། རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ཀྱང་།། འོད་གསལ་ཕྱག་རྒྱ ་ཆེན་པོ་མཐོང་མི་འགྱུར།། ཡིད་ལྔ་མི་བྱེད་ཞེས་འདོད་ཀུན་དང་བྲལ།། རང་བྱུང་ར་ཞི་ཆུ་ཡི་ནྱ་རླབས་དང་འདྲ།། ཞི་འདོད་བྱུང་བས་འོད་གསལ་མ་མཐོང་སྒྲིབས།། རྟོགས་པ་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས།། མ་གནས་མི ་གནས་མི་དམིགས་དོན་ལས་མི་འདའ་ན།། དམ་པ་ཉམས་ལེནྡ་མུན་པའི་སྒྲོན་མ་ཡིན།། ཞི་འདོད་ཀུན་བྲལ་མཐའ་ལ་མི་གནས་ན།། སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར།། དོན་འདིར་གཞོལ་ན་འཁོར་བྱའི་བཱ་ཙོན་ལས་ཐར། ་དོན་འདིས་མཉམ་གཞག་མ་ལུས་སྡིག་སྒྲིབ་སྲེག། བསྟན་པའི་སྒྲོན་མེ་ཞེ་སུ་བཤད་པ་ཡིན།། དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས།། འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟང་།། ངན་སོང་སྡུག་བསྔལ་མི་བཟོད་སྙིང་རེ་རྗེ།། སྡུག ་བསྔལ་ཐར་འདོད་བླ་མ་མཁས་པ་བསྟེན།། བྱིན་བརླབས་ཞུགས་པས་རང་སེམས་གྲོལ་བར་འགྱུར།། ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར།། ཐབས་དང་ཤེས་རབ་བྱིན་བརླབས་སྙོམས་པར ་ས།། ངལ་བར་དབབ་ཅིང་དཀྱིལ་བཟློག་དྲང་བ་དང་།། གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ།། དེ་ལ་ཞན་མེད་བདེ་སྟེང་ཡེ་ཤེས་འཆར།། ཚེ་རིང་སླ་དཀར་མེད་ཅིང་ཟླ་ལྟར་རྒྱས།། བཀྲག་མངངས་གསལ་ཞིང་སྟོབས ་ཀྱང་སེང་གེ་འདྲ།། ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ།། ཕྱག་རྒྱ་ཆེན་པོ་གནད་ཀྱི་གདམས་པ་འདི།། འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག། དཔལ་ཏེ་ལོ་པས་ནཱ་རོ་པ་ལ་ཆུ་པོ་གང་གཱའི་འགྲམ ་དུ་གསུངས་པ་ལེགས་པར་རྫོགས་སོ།། ་