CLOSE WINDOW

GT1135: lam 'bras bu dang bcas pa'i gdams ngag
Wyliee-texts produced with BDRC’s OCR application

བླ་མ་དམ་པའི་ཞབས་པད་ལ་བཏུད་དོ།། ལམ་འབྲས་གསུང་མདོ་བྱི་བར་བྱ།། སེམས་ཅན་ལ་ཉོན་མོངས་པའི་སྣང་བ་ལ་མ་དག་པའི་སྣང་བ་ལ།། རྣལ་འབྱོར་པ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ། ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དགྲ་པའི་སྣང་བའོ།། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདུས་ཚང་བྲིས་རྩཝ་རྒྱུད། ལུས་ཐབས་རྒྱུད་སོགས་ལ་གདན་སོགས་གསུམ་པ་བཞི་ཡིས་རྒྱུའི ་དབང་། ལམ་དུ་སྐྱེད་རིམ་ལ་སྩོགས་ལྔ་པ་བཞིས་བསྟན། མཉམ་གཞག་གི་དམ་ཚིག་སོགས་བསྲུང་། རྡོ་རྗེ་མཁའ་འགྲོ་ལ་སོགས་ཀྱིས་ཉམས་ཆགས་བྱེ་སྐང་། འདོད་ཡོན་སོགས་ལྔ་ཡིས་མཉེས་པ་སོགས་བྱ། ་ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས། ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་བྲགག་ཅིང་འཚང་རྒྱ་བར་གསལ་བྲིས་བཤད་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ནི། འབྲས་བུའི་དབང་བཞི་ཡིས་ཐམས ་ཅད་མཁྱེན་ཏོ།། ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས། འགལ་འདུས་སྐྱོན་མེད་སོགས་གསུམ་གྱིས་བསམ་གཏན་གྱི་དུག་དབྱུང་། ཟས་སྤྱོད་ལམ། རླུང་ཐིག་ལེ། ཕྱག་རྒྱ་མ་བསྟེན། དངས་མ་ལྔའི་བདེ་བ ་དང་། དབང་པོ་ལྔ་ཉམས་དང་མ་བྲལ་བས་བདུད་རྩི་བསྟེན། འཁོར་བའི་རྩ་བཞི་དང་། འཁོར་ལོ་རྣམ་ལྔ་གཞན་རྣམས་དང་། ས་ཐོག་མཐའ་ལ་རེ་རེ། གསུམ་པ་བཅུས་པར་གྱི་རྩེ་མདུང་དྲལ་བས་ལ་དོར། འཇུག་པ་སེལ ་བའི་ལམ་ཡིད་འདག་པའི་རྣམ་རྟོག་བསྒོམས་པས་ལྟ་བའི་དུག་ང་བྱུང་། རྣམ་ཤེས་ལྔས་ཡུལ་ལྔ་མ་སྤངས་པས་བདུད་རྩི་བསྟེན། དག་པའི་ཆོས་རྣམས་གདོང་ནས་སྟོང་པར་ཤར་པས་ལ་དོར། གསང ་སྔགས་སྙན་རྒྱུད་ལ་སོགས་བཞི་མ་ཆད་པས། ལུས་ཁྱད་པར་ཅན་ལ་བསྟེན་ནས་དངོས་པོའི་མཐའ་རྟེན་ཅིང་འབྲེལ་པར་འབྱུང་བ། གཞན་དབང་རྟེན་འབྲེལ་བྱང་ཆུབ་ཆེན་པོའི་ལམ།། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པ ་འབྱུང་བ་ལོ་རྒྱུས་ཀྱི་ཚད་མའོ།། ཀུན་གཞི་རྣམ་ཤེས་དག་པའི་བྱང་ཆུབ་ཆེན་པོ། རྟེན་ཅིང་འབྲེལ་པར་འབྱུང་བ་ལྔ་ཡིས་ལམ་ཡོངས་སུ་རྫོགས་པའོ།། ཐབས་ཀྱི་ཕྱོགསུ་ལྷུང་བའི་རྣལ་འབྱོར་པའི་ལམ་གྱི་བར་ཆད་ནི། ་དད་པ་བརྟན་པོས་བསྲུང་བའི་འཁོར་ལོ།། སྔགས་ཟློས། སྔགས་མདུང་། ཆོས་རྣམས་སེམས་ཉིད་སྣང་བ། གཞན་དབང་རྟེན་འབྲེལ། གཟུགས་བརྙེན་ཡིན་ཕྱིར། དེ་ཁོ་ན་ཉིད་རྒྱ་མཚོའི་དོན་དང་མ་བྲལ་བས་བསྲུང་། ཤེས་རབ་ལ ་ཕྱིའི་བདུད་ལམ་གཉིས། ལྷ་གྲུབ་བརྒྱད་བསྒྱུར་བའོ།། ནང་གང་བདུད་ལམ་ལ་སོགས་བཅུ་དང་བརྡ་མ་ཤེས་ན་འོང་བརྡ་ཤེས་པས་བསྲུང་། གྲིབ་དང་སྒྲིབ་པ་ཐིག་ལེ་འཛག་པ་བསྲུང་། ཚོགས་ལམ་ནས་ཐ་མལ་པའི་ལུས་དག ་ཡིད་དང་བྲལ་བས་བྲལ་བའི་འབྲས་བུ་བཞི་ཐོབ་ནས། ཁམས་འདུ་ལུགས་གསུམ་གྱིས་ཕྱོགས་མེད་རྣམས་དང་། རླུང་སེམས་བདག་བྱིན་གྱིས་བརླབས་ནས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན ་ལྟུར་ལམ་དགྲོད་ན། སྒོམ་པ་མི་འཆོར་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ལས་ཀྱི་རླུང་ཕོ་མོ། མྲ་ནིང་གཱི་རླུང་། ཐོད་རྒལ་གྱི་ཡེ་ཤེས་ཀྱི་མེ་འབརླ་བས། ཁམས་འདུས་པ་དང་པོ། རྒྱུན་གྱི་རླུང་པོ་ལག་ཅ་ཅན་གྱིས་རྩཝ་དྲལ ་སེམས་གནས། རྟ་རྨི། རྩ་རླུང་གི་ཟུག་འབྱུང་། སྣ་ཚིགས་འདུད་ལ་སོགས་གཞི་རྩ་བའི་རླུང་ལ་སོགས་ཟིན་པའི་བྱེ་བྲག་བདུན་གྱིས་ཡན་ལག་གི་རླུང་རིམས་ཀྱིས་ནང་དུ་འགག་དེ་ཙི་ན་ཐིག་ལེ་མང་དུ་ཁ་འབུ། རྟེན་མཉ ་དུ་འདྲེ། དེ་ལ་རྟེན་ནས་སེམས་ནང་དུ་གནས། རྣམ་ཤེས་ལྔ་ནང་དུ་འདུས། ཕུང་པོ་ལྔ་དུལ། ཡེ་ཤེས་ཀྱི་འགྲོ་ལྡོག་བྱེད། སྒོམ་པ་མི་འཆོར་བའི་མཐོང་སྣང་རྨི་ལམ་ཉམས་གསུམ་གསུམ་ནི་རྣམ་རྟོག་སྔོན་དུ་སོང་བ་ལྟར་ཁམས ་གསུམ་ཀུན་ཏུ་སྣང་ངོ་།། ས་ཆུ་ལ་ཐིམ་ན་སྨིག་རྒྱུ། ཆུ་མེ་ལ་ཐིམ་ན་དུ་བ། མེ་རླུང་ལ་ཐིམ་ན་སྲིན་བུ་མེ་ཁྱེར། རླུང་རྣམ་པར་ཤེས་པ་ལ་ཐིམ་ན་མར་མེ་འབར་བ། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་ན་ནཱ་མཁའ་སྤྲིན་མེད ་ལྟ་བུ། སོ་ཆུ་མཽ་རླུང་དང་རླུང་སེམས་མཉམ་པར་འདུས་ན་ཁམས་གསུམ་ཀུན་དུ་མེ་འབར་བྱ་ལྟ་བུར་སྣང་། ཚུ་རླུང་ལ་དང་སྤུ་ལུས་གྲང་། རླུང་གི་རླུང་འདུ་འཕྲོ་དང་རང་འཕུར་བྱ་འབྱུང་། འབྱུང་བ་བཞིའི་རླུང་མཉམ ་རྒྱུ་དང་། ལྷ་མོ་སྣ་ཚོགས་ཀྱིས་གར་མཆོད། འབྱུང་བ་བཞིའི་རླུང་མཉམ་རྒྱུ་དང་ལྷ་མོ་སྣ་ཚོགས་དང་དྲི་རོ།། ན་མཁའ་དང་མཉམ་པ་དང་སྤུ་ལུས་བདི། བདུད་རྩི་ལྔ་དང་དེ་བཞིན་གཤེགས་སྐུ་སོགས། སི་ཧླ་དང་ཉི་མ། ་ག་བྷུར་དང་བྷཱུ་གཱ་ཙ་བླུན་རྣམསྨྲ་ཊཱིག་སྨན་དང་སྐཱར་མ། རྩཝ་འཛིན་ལ་སོགས་སུ་ཤཱི་སྤྱོད་ལ་སྩོགས། ཆགས་སྤྱད་རྣམ་པ་ལྷ་དང་། ཉམ་ང་མྱ་ངན་འདྲེའི་ན། མཆི་མ་རྩར་གྷུ་ཡུལ་དང ་མཆིམ། ལྟེ་བུར་དང་པོ་ཆགས་པའི་རིགས་དྲུག་གི་ཡི་གེར་རླུང་སེམས་མཉམ་པར་འདུས་རིག་ས་དྲུག་གི་གར་སྔགས་དེརེ་ཁྲིད་པ། རྨི་ལེམ་ཉམས་ལྟ་བུ་ཁམས་ཀུན་ཏུ་སྣང་ངོ་།། ཨོཾ་ལས་བླསམ ་གཏན་སོགས་ཀྱི་ཏིང་ངེ་འཛིན་ཡུམ་གྱི་མཁའ། ཨཱཾ་ལས་ཡང་དག་པར་ཐིམ་ན་ཁམས་གསུམ་ན་མཁའ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་ཀྱི་ཕེཾ་བྲང་དུ་ཐི་མ་ནཱི་ཚོས་སྐུ་ཉམསུ་མྱོང་ཞིང ་བཟུང་འཛིན་གྲོལ། ཧཱུཾ་ལུས་གསལ་ཞིང་ཡང་ལྔ་རང་འབྱུང་གི་ཡེ་ཤེས་ན་མཁའ་ཤིན་ཏུ་དྲི་མ་མེད། ཁམས་འདུས་པ་བྲར་པཱ་རླུང་བློ་ལག་ཅ་བྲི་བསོ་རྩ་དྲལ། ཐིག་ལེའི་ཟུག་དང་མཐོང་སྣང་བརྟན་ནོ།། མདོར་ན ་རུཀྐ་ལ་སོགས་སུ་སྲིནྡ་པོ་སོགས། དྲི་ལ་ཅན་གྱི་སྐུ་ལྷའི་མིག་རྣམ་པར་དག་པ་བཞིན། སྲིད་པའི་རྩེ་མོ་མན་ཙཱད་ཏིང་ངེ་འཛིན་གྱི་ཉམསུ་འབྱུང་བ་སྙམ་བྱེད་པ། བཤད་ཀྱིས་མི་ལང་བ་མཚོན་ཅིང་ལྔ་བཅུ་ལ་གསང ་སྒོམ་པ་མི་འཆོར་བའི་ཕྱིའི་རྟེན་འབྲེལ་རླུང་ལོག་སོགས་གསུམ་གསུམ་ནི། ནང་གི་མཁའ་འགྲོ་མ་ལྔ་དེ་བཞིན་གཤེགས་པའི་སྐུ་ལྔ། བྱང་ཆུབ་ཆེན་པོའི་རྟེན་འབྲེལ་མཛད་པས། དངོས་གྲུབ་རྣམས་རང་ལ ་འབྱུང་བར་ཤེས་ཤིང་རེ་ཞིང་སོལ་བའི་བློ་སེལ་ཏོ།། བདུད་དང་གོལ་ས་རྣམས་རང་གི་ལུམ་དང་རྟེན་འབྲེལ་དུ་ཤེས་པས་སྐྱོན་ཡོན་ཏན་དུ་བསླང་ཞིང་རིམ་པ་ཡིན་མེན་དུ་སྐྱེ་བའི་དྲོད་བྱུང་རྒྱལ་དུ་གཏང་། ཤེས་རབ་ཀྱི ་ཕྱོགསུ་ལྷུང་བའི་ལམ་ལ། ལྷའི་བུའི་བདུད་འོད་བྱ་སད་པ་བཞིས་བསྲུང་། སྒོམ་པ་མི་འཚེར་བའི་དྲན་པ་ཉེ་བར་གཞག་པ་བཞི་ནི། ཡུལ་འགགས་པས་རང་ཡི་དམ་གྱི་ལྷོ་དང་། གུག་སྐྱེད་ཀྱི་དགོས་པ་བསམ་ཞིང་ཏིང་ངེ ་འཛིན་ཆུ་བསྙམ་པས། ཁམས་འདུས་པ་ཐཱ་མ་རླུང་པོ་ལམ་ཙ་བྲལ་བས་རྩེ་དྲལ། སྐྱེ་མཆེད་དྲུག་གི་ནང་དུ་ཐིག་ལེ་འདུས་པས་རྗེསུ་དྲན་པ་དྲུག་ཡང་དག་པར་ཤེས། སྦྲུལ་སྐུ་འགའ་མཐོང་། སྒོམ་པ་མི་འཆོར་བའི་ཡང་དག་པར་སྤོང ་བ་བཞི་ནི། སྦྲུལ་སྐུ་ལས་དབང་གསུམ་གྱི་རྗེས་ལས་བྱུང་བའི་ཤེས་པ་བསམ་ཞིང་། དགྱེས་སོགས་པད་ཅན་བཅུ་གཉིས་མའི་རྩ་བརྩལ་ཞིང་། སྙིང་པོའི་ཨ་ཀུན་དྷར་གྱི་སྣ་རྩེར་ངལ་རྒྱུ་ལ་སོགསུ་རིག་པ་ཡིད་འཇུག་པས། ་ལུས་ངག་ཡི་ང་གསུམ་རྡོ་རྗེ་དཀྱིལ་ཀྲུང་བཅས། ཐིག་ལེ་རླུང་ནོན་པས་རྔ་སྒྲ་ལ་སོགས་མི་ཐོས་པས། ཆོ་ག་ཤ་སོགས་ཀྱི་བདུད་ཆོམས་པའོ།། ནང་གིས་སངས་རྒྱས་རྣམས་ཀྱི་ལམི་སྲིད་པའི་རྩེ་མོར་ཕྱིན་ཅིང་མ་སྐྱེས་བཱི ་ཆོས་ལ་བཟོད་དཀའ་བ་སྟོང་པ་ཉིད་ཀྱི་བཟོད་པའོ།། དབུ་མར་སེམས་རྟོག་མེད་ལོག་སེམས་འཕོས་ན་བཟོད་པ། འཁོར་བའི་ཆོས་ལས་འདས་ཤིང་། མྱ་ངན་ལས་འདས་པའི་ལམ་ཆོས་རྣམས་རྫོགས་པས་ཆོས་རྣམས་ཀྱི་ནང ་ན་མཆོག་གོ།། དེ་ལྟར་ཉམས་སྐྱོན་ཅན་སྐྱོན་མེད་དང་། ཕྱི་དབྱིབས་ཀྱི་ཨ་ནས་ཡར་རླུང་སེམས་མཉམ་པར་འདུས་ནས་ལམ་དུ་འབྱུང་བ་རྣམས་ངོ་བོ་རང་མཚན་ཉིད་དོ།། འཇིག་རྟེན་ལས་འདས་པའི་ལམ ་ལ། ཕྱི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་གྱིས། སྦྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པོ། ལུས་དག་པར་བྱེད་པ་བུམ་པའི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས། བྱང་ཆུབ་ཀྱི་ཡན་ལག་བདུན་ནཱི། རྩཝ་རིན ་པོ་ཆེའི་ཕོ་བྲང་བཞི། གཙོ་བོ་གསུམ་སྟེ་ལུས་ཀྱི་དཀྱིལ་འཁོར་མཐོང་བས་རྟོག་པའི་འགྲོ་ལྡོག་བྱེད། སྤྲུལ་སྐྲའི་ཞིང་ཁམས་བརྒྱ་སྤྲུལ་ཞིང་ཉམས་སྦྱིན་བརྒྱ། འདོད་བརྒྱའི་གྱེད། མར་བརྒྱ་འཆད། ཏིང་ངེ་འཛིན་མི་འདྲ ་བ་བརྒྱ་ལ་སྙོམས་པར་འཇུག་ནུས། རིགས་དྲུག་གི་རྩར་ཁྱད་པར་དུ་མའི་རྟེན་མཐོང་ནས་དགའ་ལ་གཡང་ཟ། ངོ་ཚ་ལྔ་སྐྲག་བྲོ། སྔོན་བླ་མས་རྒྱུ་དུས་ན་བསྟོན་པའི་འཁོར་འདས་དབྱེར་མེད་དེ་ཙ་ན་རྟོགས། སྙིང་རྗེ་སྐྱེ། མཆི་མ ་ལྟུང་གཞན་གྱི་སེམས་སྣ་ཚོགས་ཤེས། འདོད་ཡོན་སྣ་ཚོགས་མཐོང་པས་དགོད་བྲོ། རྫུ་འཕྲུལ་སྣ་ཚོགས་སྐད་ཅིག་རྣམས་འབྱུང་བ་རྣམས་ནང་གི་ཞིང་ཁམས་མཐོང་བས་སོ།། ནང་མ་མཐོང་བར་ཕྱི་མ་མཐོང་།། དེ་ཙན ་ལིངྒ་བརྟན། རྡོ་རྗེའི་རྩེར་ལྷན་ཅིག་སྐྱེས་པའི་སར་ཐིག་ལེ་གནས་པ་བལྟས་ལུས་བདེ་བས་མྱོས་ཤིང་བརྒྱ་ལ། རང་གཞན་ངོ་མི་ཤེས། ནང་རྟགས་རླུང་སོར་གཅིག་འགགས། ཕྱི་རྟགས་གསང་གནས་ཕྱེད་ཐིག་ལེས་བསྟན་ས་དང ་བོའོ།། །། ཡང་སྤྲུལ་སྐུ་ལས་དབང་བཞི་བཞི་སྒོམ་ལམ་ས་གཉིས་པ་ནས་སྤྲུལ་པའི་སྐུའི་ཞིང་ཁམས་སྟོང་ལ་སོགས་པ་སྤྲུལ་པ་ལ་སོགས་པ་ནུས། ཡོན་ཏན་ལ་སོགས་འཕེལ། འགྲོ་ལྡོག་ལ་སོགས ་འགགས། ནང་རྟགས་རླུང་སོར་དྲུག་འགགས། ཕྱི་རྟགས་གསང་གནས་ལྟེ་བའི་སྙིང་། ཐིག་ལེས་བརྟན། ལོངས་སྐུ་འགའ་མཐོང་། སྒོམ་ལམ་ས་དྲུག་གོ།། །། ཡང་ལོངས་སྐུ་ལས་དབང་བཞི་བཞི་བདག་བྱིན་གྱིས ་བརླབས་པའི་རིམ་པའི་ལམ་ནས། ལོངས་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ངག་དག་པ་གསང་བའི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས་དབང་པོ་ལྔ་དང་དངས་མའི་རླུང་ལྔ་ལ་མངའ་བརྙེས། ནུས་པ་ལྔ ་དང་ལྟ་སྟངས་རྣམས་ལ་ཐོགས་པ་མེད། བྷ་གེའི་དཀྱིལ་འཁོར་དུ་རིགས་དྲུག་གིས་ས་བོན་མཐོང་།། ས་བོན་དྲུག་ལ་མངའ་བརྙེས། སེམས་ཅན་རྣམས་ཀྱི་སྐད་དུ་ཆོས་སྟོན་ཅིང་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ཐོགས་པ ་ལྟེ་བར་ཡི་གེའི་ཕྱི་མོ་བརྒྱད་། ཨཱ་ལི་ཀཱ་ལི་མཐོང་ནས། མདོ་སྡེསྟེའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་པ་མེད། བདུད་རྩེ་ལྔ་དང་རོ་དྲུག་ལ་ལོངས་སྤྱོད། ཚངས་པའི་དབྱངས་སུ་གྱུར་པ་རྣམས། ཨ་ནི ་ཡིག་འབྲུ་ཅེས་པ་དྲུག་གིས་གསལ་ལོ།། ས་བདུན་ཡན་ཆད་ལོང་སྐུའི་ཞིང་ཁམས་འཁོར་བཞིའི་བརྒྱ་དུང་ཕྱུར་ལ་སོགས་སྤྲུལ་བ་ལ་སོགས་པ་ནུས། ནང་རྟགས་རླུང་སོར་བཅུ་འགགས།། ཕྱི་རྟགས་མགྲིན་སྨིན་ཐིག་ལེས ་བརྟན།། སྒོམ་ལམ་ས་བཅུའོ།། །། ཡང་དབང་བཞི་བཞི། སེམས་དག་པ་དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་ནས་ཆོས་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ཤེས་རབ་དང་ཡེ་ཤེས་ཀྱི ་དབང་། མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས། སྟོབས་ལྔ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རླུང་ལྔ་བསྐྱོད་པའི་དངས་མའི་དངས་མ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ནས། རྟགས་བསྟན་པ། སྐུ་གསུམ་ཡེ་ཤེས་ལྔ་ལ ་སོགས་དབང་ཐོབ་ནས། བདུད་རྩི་ལྔ་གར་འདུ་མཐོང་ན་སངས་རྒྱས་རྣམས་གཞན་དོན་མཛད་པ་མཐོང་། སྤྲུལ་པ་བདེ་ཆེན་ཐིག་ལེ་འདུ་བ་མཐོང་། སངས་རྒྱས་རྣམས་འོག་མན་གྱི་གནས་ན་ཟབ་མོ་ལ་བཞུགས་པ་མཐོང་།། ་ལྟེ་བ་སྤྲུལ་པར་བདུད་རྩི་ལྔ་དང་རླུང་ལྔ་འདུས་པ་མཐོང་ན། ལོངས་སྐུའི་རིགས་ལྔ་ཡུམ་གྱི་བྷ་ག་ན་བཞུགསོ་ནས་སྐལ་ལྡན་བྱང་ཆུབ་སེམས་དཔའ་ལ་གསང་བསྒྲོགས་པ་མཐོང་། ཕྱག་རྒྱ་མའི་ངངས་མཱི་དང་ས་མ་མཐོང་ན། ་མངོན་ཤེས་ལ་ཐོགས་པ་མེད། རྩ་ཡིག་རྣམས་སུ་དངས་མ་འདྲོངསྭ་ན་རྫུ་འཕྲུལ་ལ་ཐོགས་པ་མེད། དེ་ཉིད་སླར་སྤོས་ན་སྔོན་གྱི་གནས་རྗེས་སུ་དྲན། ནང་རྟགས་རླུང་སོར་བཅུ་གཉིས་འགགས། ཕྱི་རྟགས་སྤྱི་གཙུག་ཧྲི་ལ་ཐིག ་ལེས་བརྟན། ས་བཅུ་གཉིས་སོ།། །། ཡང་དབང་བཞི་བཞི་མཐར་བྱིན་གྱི་ལམ་ནས་མཐར་ཐུག་རྟེན་འབྲེལ་མཐར་ཐུག་འདའ་བ། རྡོ་རྗེའི་རྦ་རླབས་ཀྱི་ལམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རིག་མའི་སྐྱེས་བུ ་སྲིད་པ་རྣམ་པར་དག་པའི་ལམ། ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། བཞི་པ་ལས་ངག་ཡིད་ཀྱི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས་འཕགས་པའི་ལམ་ཡན་ལག་བརྒྱད་ནི། རྣམ་ཤེས་བརྒྱུད་འདུག ་ཀར་འབྲས་བུ་གཉིས་འཐོབ་སྟེ། ས་ཆེན་འདི་ནི་དགའ་ཞིང་རངས་ལ་མགུ། དེ་རྣམ་པ་དྲུག་པུ་གཡོ། བདུད་གནས་སུ་སྒྲ་གྲག། ཕྱག་རྒྱ་མའི་གནས་སུ་ཁམས་གསུམ་མཐོང་། མཁའ་འགྲོ་མ་རྣམས་རིང་ནས་འདུ། ཧ་རཱི་མོ་ལ་སོགས ་པ་དབང་ཕྱུག་གི་དོན་བརྒྱད་འཆར། ནང་རྟགས་སྲོག་རྩོལ་ཨ་བ་དྷཱུ་ཏཱིར་འཇུག། ཕྱི་རྟགས་གཙུག་ཏོར་ཕྱེད་ཐིག་ལེས་བརྟན། ས་ཕྱེ་དང་བཅུ་གསུམ་མོ།། ། བཞི་པ་ཡིད་ཀྱི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས ་འབྲས་བུའི་ཕྱོགས་གཅིག་འཐོབ་སྟེ། འབིགས་བྱེད་གཞོན་ནུའི་གྲོང་ཁྱེར་ཆོས་ཀྱི་དབྱིངས། བྱང་ཆུབ་སེམས་ཀྱིས་ནི་འབིགས། འབྲས་བུ་ལོངས་སྐུའི་ཞིང་ཁམས་རབ་བཀྲམ་ལ་སོགས་པ་སྤྲུལ་བ་ལ་སོགས་པ་ནུས། ས་བཅུ ་གསུམ་ཐོབ་ཀཽ་རཱ་ས་བཅུ་མུ་ལ་སོགས་པ་ཡིད་ཀྱིས་བཀུག་སྟེ། སློབ་དཔོན་དུས་གསུམ་བདེ་བར་གཤེགས་བཅུད་འདུས་ཡིན།། ཡི་ངམ་ལྷ་དང་བླ་མ་དབྱེར་མེད་ལ།། བྷ་གར་དངོས་གྲུབ་ལེན་པའི་རྟེན་འབྲེལ་གྱིས།། སྲིད་པ ་རྣམ་པར་དག་པའི་ལམ། ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། འབྲས་བུ་ལོངས་སའི་ཞིང་ཁམས་མ་ལུས་པ་ལ་སོགས་པ་བསྒུལ་པ་ལ་སོགས་པ་ནུས། ནང་རྟགས་སྲེག་རྩོལ་ཨ ་བ་དྷཱུ་ཏཱིར་འགགས། ཕྱི་རྟགས་གཙུག་ཏོར་ཧྲིལ་ཐིག་ལེས་བརྟན། ཕྱི་ནང་གི་རྟེན་འབྲེལ་འགྲོས་བཞི་ཐིམ་པ་རྣམས་ཀྱིས་སྒྲོམ་ཉམས་སྐྱོན་ཡོད་མེད་ཕྱེད་པ་ས་བཅུ་གསུམ་པའོ།། །། ཐམས་ཅད ་མཁྱེན་ཏོ།། བཅུ་གསུམ་རྡོ་རྗེ་འཛིན་སརྦ་རྟེནཱ་འབྲེལ་འགྲིག་པ་ལྟར་སྣང་འཚང་རྒྱ་ཀར་འཁོར་ཆོམ་བུ་ཅིག་འཚང་རྒྱའོ།། གསང་སྔགས་རྡོ་རྗེའི་ཐེག་པ་ནི།། རྒྱུ་དང་ལམ་དང་འབྲས་བུའི་དབང་།། རྟོགས་པས་བརྟགས་པས་རྟོག ་མེད་རྟོགས།། ཡེ་ཤེས་སྣང་བ་དེ་བཞིན་ནོ།། ལམ་ཟབ་བླ་མ། དམ་ཚིག་ལུས་སོ་སོར་བརྟགས་པའི་འགོག་པ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་དང་མན་ངག་དུ་བཅས་པ་རྫོགས་སོ།། །། སམ་པ་ཐ་མི་ཏི།། ་