| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ངོ་ཧ་ཀོ་ཥ་ནཱ་མ། བོད་སྐད་དུ། ངོ་ཧ་མཛོད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ།། ཨེ་མའོ།། སྲིད་དང ་ཞི་བ་ཕྱག་རྒྱ་ཆེན་པོ་ནི།། ངོ་བོ་ཉིད་ཀྱིས་མཁའ་ལྟར་རྣམ་པར་དག། མཚན་བྱའི་གནས་ལུགས་མེད་པས་ཐ་སྙད་ཚིག་ལམ་ཆད།། རང་བཞིན་སྤྲོས་མེད་ངོ་བོ་ལྟོས་ཆོས་ཀུན་དྲང་བྲལ།། བརྟག་དང་དཔྱད་དུ་མེད་ཅིང་མཚོན ་པའི་དཔེ་དང་བྲལ།། དཔེ་བྲལ་ཉིད་ལྔ་འདྲ་མི་གནས་བླ་ཡི་ཡུལ་ལས་འདས།། རྟག་མིན་ཆད་མིན་འཁྲོ་དང་མྱ་ངན་འདས་པ་མིན།། སྣང་མིན་སྣོད་མིན་དངོས་དང་དངོས་མེད་སྐྱེ་མེད་མིན།། ཆོས་ཉིད་གཉུག་མ་མ་ཡིན་བློ་ལས་འདས ་ངའང་མིན།། མིན་པའང་མིན་ཞིང་ཡིན་མིན་བློ་ཡིས་བརྗོད་མིང་ཕྱིར།། གཉིས་ཆོས་གང་དང་འབྲེལ་མེད་གཟོད་ནས་མཉམ་པ་ཉིད།། ངོ་བོ་དེས་ཚིག་བྱེད་པའི་ལས་རྣམས་བཤད་པ་ཡང་།། རི་བོང་ར་བརྫུན་དེ་ཡི་རྣོ་རྟུལ་བརྫུན ་མཚུངས།། ཆོས་རྣམས་ཐམས་ཅད་མཚན་ཉིད་དེ་དང་ཁྱད་པར་མེད།། ཇི་ལྟར་སྣང་ཞིང་སྲིད་པའི་ཀུན་རྫོབ་ཆོས་ཅན་རྣམས།། ངོ་བོ་ཉིད་མེད་མིང་ཙམ་སྒྲ་ཙམ་བཏགས་པ་ཙམ།། མིང་དང་དོན་ལ་ཁྱད་པར་བྱེ་བྲག་ཅུང་ཟད ་མེད། གདོད་ནས་ལྷན་ཅིག་སྐྱེས་པས་གཞན་ནས་བཙལ་དུ་མེད།། སེམས་ཉིད་མིང་སྟོང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་སྟེ།། ན་མཁའི་རང་བཞིན་གདོད་ནས་མིང་སྟོང་ཡིན་དང་མཚུངས།། ངོ་བོ་ཉིད་ཀྱིས་མ་སྐྱེས་མཚན་མའི ་སྤྲོས་དང་བྲལ།། མཁའ་ལྟར་ཀུན་ལ་ཁྱབ་ཅིང་འཕོ་དང་འགྱུར་བ་མེད།། དུས་རྣམས་ཀུན་ཏུ་སྟོང་ཞིང་ཡེ་ནས་བདག་མེད་དེ།། དྲན་རྟོག་མཚན་མ་མེད་དེ་སྨིག་རྒྱུའི་ཆུ་བོ་ལྟར།། མ་བཅིངས་མ་གྲོལ ་གཉུག་མའི་ངང་ལས་མ་གཡོས་སོ།། སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་སྤྲུལ་པ་ལཱ།། སྤྲུལ་པའི་ངོ་བོ་ཡེ་ནས་སྐྱེ་མེད་ཆོས་ཀྱི་དབྱིངས།། བདེ་སྡུག་ལ་སོགས་གཉིས་སྣང་མཚན་མ་ཐམས་ཅད་ཀྱང་།། ཆོས ་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་རོལ་པའོ།། རོལ་པ་ཉིད་ལ་བདེན་མེད་མི་བརྟན་འ་གྱུར་བའི་ཕྱིར།། གནས་ལུགས་སྟོང་པའི་རྒྱ་ལས་ནམ་ཡང་མ་འདས་སོ།། ཁ་ཅིག་དབང་བསྐུར་བ་ཡིས་ཡོངསུ་གདུང་བར་བྱེད།། ་ཁ་ཅིག་ཧཱུ~ཾ་ཕཊ་ཟེར་ཞིང་ཕྲེང་བ་ཡོངས་སུ་བགྲང་།། ཁ་ཅིག་བཤང་གཅི་ཁྲག་དང་ཁུ་བེ་ཤ་རྣམས་ཟ།། ཁ་ཅིག་རྩཝ་དང་རླུང་གི་རྣལ་འབྱོར་བསྒོམ་སྟེ་ཡོངསུ་འཁྲུལ། ཨེ་མ་ཧོ། བླ་མ་དེམ་པས་ཟིན་པས་ཅིག་ཤོས་འདི་ལྟར ་རྟོགས།། གང་ཡང་འཁྲུལ་པ་ཡིན་ཕྱིར་ཡང་དག་རྟོགས་པ་མེད།། རྟོགས་བྱ་རྟོགས་བྱེད་མེད་པས་ཕྱོགས་རིས་མཐའ་དང་བྲལ།། བྲལ་དང་མ་བྲལ་མེད་པས་མཉམ་ཉིད་གཉུག་མའི་དང་།། འདི་ལྟར་རྟོགས་ནས་ངེས་པར ་གཞན་དུ་དྲིས་མེད།། སྣ་ཚོགས་ཆོས་སྐུར་གསལ་བསོ་སྤོང་ལེན་སེམས་མི་འབྱུང་།། བསྒོམ་དང་མི་བསྒོམ་མེད་ཅིང་མཚན་མས་གོས་པ་མེད།། སྣང་དང་མི་སྣང་ཡུལ་ལ་ནམ་ཡང་བརྟེན་མི་བྱེད།། བྱ་དང་བྱེད་པའི་སེམས ་མེད་དམིགས་པ་ཀུན་དང་བྲལ།། རེ་དང་དོགས་པའི་སེམས་མེད་ཀུན་ལ་ཞེན་པ་ལོག། བླ་མས་བསྟན་པས་གཉུག་མའི་གནས་ལུགས་རྟོགས་གྱུར་ན།། དྲན་རིག་སྣ་ཚོགས་ཆོས་ཀྱི་དབྱིངས་སུ་རང་བརླག་སྟེ།། རྣམ་ཤེས ་ཡུལ་ལ་མི་གནས་ཆགས་ཞེན་ཀུན་བྲེལ་བས།། མ་བཅོས་གཉུག་མའི་དང་དུ་ཆོས་ཀུན་གྲོལ་བར་འགྱུར།། ཀུན་ལ་མ་ཆགས་ང་རྒྱལ་ལ་སོགས་དྲི་མ་བྲལ།། གུས་པར་ལྡན་ཞིང་དམ་པས་ཡོངས་སུ་ཟིན་པ་དང་།། གང ་ཡང་ཡིད་བྱེད་བྲལ་ན་དྲི་མེད་ཐེ་ཙོམ་མེད།། ཤེས་དང་ཤེས་བྱ་དག་པས་ཆོས་ཉིད་མངོན་སུམ་འཆར།། གཉུག་མ་ཕྱག་རྒྱ་ཆེན་པོ་རྟོགས་པར་མ་གྱུར་ན།། རྟག་ཏུ་གཉིས་འཛིན་དབང་གིས་ཀུན་ལ་ཞེན་གྱུར་བྱས།། བསམ ་རིག་རབ་རི་བི་སྣ་ཚོགས་རྒྱུན་དུ་སྐྱེ་འགྱུར་ཞིང་།། མ་ནོར་དོན་ལ་མི་གནས་སྲིད་པར་འཁོར་ཞིང་འཁྱམ།། སྙན་གླགས་བསྙེན་བཀུར་ཀུན་ལ་ཆགས་ཤིང་ཞེན་པ་དང་།། ཐོས་བསམ་གོ་རྟོགས་ཆེན་དང་ཉམས་མྱོང་བཟང་པོ་དང་།། ་བསགས་སྒྲུབ་བྱིན་བརླབ་ནུས་པའི་རྟགས་བྱུང་བཅོས་མའི་ལམ།། དོན་གྱི་དྲི་མ་ཡིན་ཕྱིར་མཁས་པས་ཡིད་མི་གཏད།། དེ་ཉིད་ཡིད་ལ་བྱེད་ཅིང་གཉིས་མཐའི་ཕྱོགས་ལྷུང་ན།། འཁོར་བར་འཁོར་ཞིང་སྲིད་པའི་རྩ་བ་ཡིན་པའི ་ཕྱིར། ཀུན་གྱི་གཞི་རྩ་ཡིད་ཀྱི་རི་བོ་གང་ཡིན་ལྟོས།། བལྟས་པས་མ་མཐོང་ཡིད་དང་བྲལ་ན་ངེས་པར་གྲོལ།། སེམས་ཀྱི་ཆོས་ཀྱི་དབྱིངས་ལ་འདི་ཞེས་མེད་པས་ན།། དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད།། ཡོད ་མེད་ཅིར་ཡང་མི་རྟོག་མ་ཡེངས་དང་ལ་གཞག། སྟོང་པ་ཉིད་དང་སྐྱེ་མེད་བློ་ལས་འདས་པ་དང་།། མཐའ་བྲལ་ལ་སོགས་གྲང་ཡང་ཡིད་ལ་བྱེད་པ་ན།། གནས་ལུགས་དོན་ལ་མ་གནས ་ཤིན་ཏུ་ཡེངས་པའོ།། སྟོང་དང་མི་སྟོང་རྩིས་མེད་ལྷུག་པའི་དང་ལ་ཞོག། གཞག་དང་མི་གཞག་མེད་པར་རང་དགའ་ཡན་པར་ཐོང་།། བཏང་དང་བཟུང་བའི་སེམས་མེད་རོ་ལངས་ཇི་བཞིན་གྱིས།། དེ་ཉིད་གནས་ལུགས ་རིག་ནས་དེའི་ངང་གནས་ན།། གཉིས་སྣང་མཚན་མའི་བག་ཆགས་མྱུར་དུ་འཇིག་པར་འགྱུར།། རྟོགས་པའི་དང་ལ་མི་གནས་མཚན་མས་གཡེང་གྱུར་ན།། གཉིས་སྣང་མཚན་མའི་བག་ཆགས་ལྡོག་པར་མ་འགྱུར་ཏེ། ་རབ་རིབ་ཅན་གྱི་མིག་གི་ནང་དུ་ཤེས་གྱུར་ཀྱང་།། མིག་གི་ནང་མ་བྱིང་བར་རབ་རིབ་སྣང་མི་ལྡོག། གནས་ལུགས་ཡིད་ལ་བྱེད་ཅིང་ཉམས་བཞིན་པ་དང་།། དེ་ཉིད་དོན་ལ་དམིགས་ཤིང་བསྒོམས་ན་ཀོལ་བའི་རྒྱུ།། མཐུན ་འཇུག་རྣམས་ལ་ཆགས་སྡང་སྐྱེ་ཕྱིར་འཆིང་བའོ།། མི་མཐུན་རྐྱེན་ངན་ཐམས་ཅད་དངོས་གྲུབ་དམ་པ་སྟེ།། མི་མཐུན་རྐྱེན་གྱིས་རྣལ་འབྱོར་ཉམས་ཀྱི་གསལ་འདེབས་ཕྱིར།། རྐྱེན་ངན་མི་སྤང་དེ་ཉིད་ཤེས་པས་དེ་ལ་སྦྱང་།། ་ལྔར་སྐྱོང་ཞིང་ཉམས་རྟོགས་མཐོར་འབྱིན་སྤྱོད་པ་སྟེ།། གི་ལིང་དྲག་ལ་ལྕག་གིས་བསྐུལ་བ་ཇི་བཞིན་ནོ།། གལ་ཏེ་རྟོགས་ལྡན་ཉམས་བཟང་སྤྱོད་པའི་གྲོགས་མེད་ན།། ཇི་ལྟར་མིག་ལྡན་སྐྱེས་བུ་དག་ནི་རྐང་པ་མེད་དང་མོ་ཆུང ་དོན་དམ་རྣལ་མ་ཆགས་མེད་དོན་ལ་སྤྱང་བྱ་སྟེ།། མི་སྤང་མི་སྒྲུབ་མྱི་ཞེན་མི་སྤྱོད་མི་འགྲོག་པརླ།། རང་ལུགས་ཅི་བདེར་སྤྱོད་པ་རབ་མཆོག་དམ་པའོ།། ཀུན་རྫོབ་སངས་རྒྱས་མི་རོའི་གདེང་ཆེན་ལྡན་གྱུར་ཀྱང་།། སེམས ་ཅན་ཚོགས་ཆེན་མི་སྤང་ཅི་ནུས་འབད་པར་བྱ།། འཁོར་བདག་ལ་དོགས་པའི་སེམས་མེད་འཇིགས་བྲལ་ཡང་།། སྡིག་པོའི་ལས་རྣམས་ཕྲ་མོ་དག་ནས་འཛེམ་པར་བྱ།། ཆོས་རྣམས་སྟོང་པ་མཁའ་ལྟར་རྩ་བྲལ་རྟོ། ་གྱུར་ཀྱང་།། ཆགས་སྡང་འཛིན་ཆགས་མཐའ་དག་རྩད་ནས་སྤང་བར་བྱ།། ཆོས་ཉིད་མཐའ་བྲལ་ཟང་ཐལ་ཆེན་པོའི་དོན་རྟོགས་ཀྱང་།། བརྟན་པ་མ་ཐོབ་བར་དུ་ཉམས་རྟོགས་གཞན་ལ་གསང་།། དོན་དམ་བདག་གཞན ་གཉིས་སུ་མེད་པར་རྟོགས་གྱུར་ཀྱང་།། ཀུན་རྫོབ་འགྲོ་ལ་ཕན་པའི་དོན་ཆེན་དག་ལ་བསམ།། འདྲེན་པ་གཞན་ལ་མི་བལྟོས་གདེངས་དང་ལྡན་གྱུར་ཀྱང་།། བཀའ་དྲིན་ཅན་གྱི་བླ་མ་སྤྱི་བོའི་གཙུག་ཏུ་བཀུར།། ཆགས ་ཤིང་ཞེན་པར་བཅས་པས་ཀུན་ལ་དགག་བསྒྲུབ་བྱེད།། རྒྱུ་དང་མི་འཚམ་འགལ་བའི་སྤྱོད་པ་གོལ་བའོ།། མཐོང་བྱ་མཐོང་བྱེད་མེད་པས་ཐ་དད་རང་སར་གྲོལ།། ཉམ་སུ་མྱོང་མཁན་སྟོར་བས་རྩོལ་སྒྲུབ་ཀུན་དང་བྲལ།། ཐོབ ་བྱའི་འབྲས་བུ་སྟོར་བས་རེ་ངོགས་ཀུན་ལས་གྲོ་ལ།། ང་བདག་རྩད་ནས་ཐོན་པས་བདུད་ཀྱི་གཡུལ་ལས་རྒྱལ།། དངོས་འཛིན་རང་སར་ཞིག་པས་འཁོར་འདས་ཀུན་ལས་གྲོལ།། རིག་པ་བཞི་ལོ་དག་པས་རྫོགས་སང ་རྒྱུས་ཞེས་བརྗོད།། ཆོས་བློ་ཟད་སར་ཟད་པས་མྱ་ངན་འདས་ཞེས་བཤད་པའི་ཕྱིར།། མ་བཅོས་མ་བསྒྱུར་སྦྱངས་ཐོབ་ཀུན་ལས་ཡོངས་སུ་གྲོལ། ཨེ་མ་ཧོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཟབ་མོའི་སྒྲ་ཆེན་དེ།། ་གདགས་གཞི་གང་ཡིན་སྟོང་པ་ཞེས་བྱའང་བཏགས་པ་ཙམ།། སྐད་ཅིག་ངོ་བོས་སྟོང་པར་བདག་མྱེད་སུ་ཡིས་རྟོགས་སོ།། རྟོགས་མཁྱེན་ཉིད་མེད་མིང་ཙམ་བཏགས་པ་ཙམ།། དེ་ཉིད་ཡང་དག་མ་ཡིན་གདུལ་བྱའི་སྣང ་བའོ།། གདུལ་བྱ་ཉིད་ལའང་བདག་མེད་སྒྱུ་མ་སྤྲུལ་པ་འདྲ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བྱིས་པའི་བློས་བཏག་སོ།། འཁྲུལ་དང་མ་འཁྲུལ་ཞེས་བྱ་མིང་ཙམ་བཏགས་པ་ཙམ།། འཁྲུལ་པར་ཚོར་ཞིང་རིག་པའི་སྐྱེས་བུ་སུ་ཞིག་ཡིན། ་འབྲས་བུ་མྱང་འདས་རྡུལ་ཙམ་མེད་ཅིང་མི་དམིགས་ན།། གྲོལ་དང་མྱ་གྲོལ་ཞེས་བྱ་གློ་བུར་སྒྲོ་བཏགས་ཏེ།། ནམ་མཁའ་ཞི་ཞིང་དག་ལ་མེད་པ་གྲོལ་ལམ་ཅི།། ཀུན་རྫོབ་དོན་དམ་ཞེས་བྱའང་ནན་གྱིས་བཏགས་པ་སྟེ། ་ཆོས་ཀྱི་དབྱིངས་ལ་བདེན་པ་གཉིས་མེད་ཆོས་དབྱིངས་མེད།། དོ་ཧ་མཛོད་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་བྱིན་པས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཤྲཱི་བེ་རོ་ཙ་ནས་རང་འགྱུར་དུ་བསྒྱུར་བའོ།། ། བརྒྱུད་པ་ནི་བིརྦ་བ། ནག་པོ་པ། སློབ་དཔོན་སྒྲ་མཁན་ཞབས། སློབ་དཔོན་པུ་ར་བ། ཤྲཱི་བཻ་རོ་ཙ་ནའོ།། ་