| Wylie | e-texts produced with BDRC’s OCR application |
སཱ་ལར་སྐུ་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོ་མཁས་པ་དཔལ་རྣམ་པར་སྣང་མཛད་རྡོ་རྗེའི་ཞལ་སྔ་ནས་རང་འགྱུར་དུ་གསུངས་པའོ།། ། རྒྱ་གར་སྐད་དུ། ཤཱི་བི་རཱུ་པ་ཙ་ཨུ་ར་སི། བོད་སྐད་དུ། དཔལ་བིཪྵ་པའི ་ཚིགས་རྐང་བརྒྱད་ཅུ་རྩ་བཞི་པ།། བླ་མ་རྣམས་ལ་ཕྱག་འཚལོ།། ཉིན་མཚན་རྟག་ཏུ་བླ་མ་མཆོག་གི་ཞབས་ལ་འདུད། གཞུང་འདི་ལྷན་ཅིག་སྐྱེས་པས་འཕྲོས་ནས་བྱུང་།། དེས་ནི་རྒ་ཤི་རྣམས ་ལ་བཞད་གང་བྱས།། སེམས་ནི་མི་གཡོ་བརྟན་པར་རྩེ་གཅིག་བྱ།། དེས་ན་བསམ་བྱ་བསྣམ་གཏན་དཀྱིལ་འཁོར་ཕྱག་རྒྱ་མེད།། དེ་རྣམས་བསྒོམས་པས་རྣམ་པར་དག་མི་འགྱུར།། ལྟ་སྟངས་མཆིངས་དང་ལས་རྣམ ་བྱེད་པ་དང་།། སྒོམ་རྣམས་དགག་པར་བྱ་བ་མཱ་ཡིན་ནོ།། དེས་ནི་ལྷུན་ཅིག་སྐྱེས་པའི་ལམ་མི་ཤེས།། གང་ཞིག་སྲོག་དང་རྩོལ་བ་གང་བ་ཅན་དང་ནི།། བུམ་པ་ཅན་གྱི་རླུང་ལ་བསྟོད་བྱེད་པ།། དེས་ནི་བདག་ཉིད་ངེས་པར་སླུ ་བཻར་བྱེད།། གང་གིས་ལྟེ་བའི་དཀྱིལ་འཁོར་ཉིད་དུ་ནི།། གཏུམ་མོ་སྤོར་བར་བྱེད་ཅིང་ན་ན་ཏནྡ་གྱིས།། སྒོ་བཅུ་ལ་ནི་སྒོ་ལྕགས་འཇུག་པར་བྱེད།། གང་ཞིག་སྤྱི་བོར་པདྨ་དཀར་པོ་བསྒོམ།། རྨོངས་པ་དེས་ནི་དང་པོའི་ཐར་པ ་མི་རྙེད་དོ།། དྲིལ་ཅན་རྐན་དང་སྣ་རྩེར་བསམ་བྱེད་དང་།། སྟེང་དང་འོག་དང་བསྡོམས་ནས་ཤིང་བཙུགས་དང་།། མགྲིན་པའི་ཕུགས་འོད་ཟེར་འབར་བྱེད་དང་།། དཔྲལ་བར་ཟླ་བ་རྟག་ཏུ་སྒོམ་བྱེད་དང་།། ནཱ་མཁའི་རྩེ་མོར་མི ་གཡོའི་སྣ་རྩེར་བསྒོམ།། ལ་ལ་འོག་ཏུ་པདྨ་རྡོ་རྗེ་ལྟ།། ལ་ལ་དབུ་རྒྱན་འཚང་ཞིང་འདེགས་པར་བྱེད།། ལ་ལ་ཚངས་པའི་གནས་བཞི་སྒོམ་པར་བྱེད།། ལ་ལ་རང་གྲིབ་སྟོང་པར་བྱས་ནས་ཆོས་ལ་ལྷ།། ལ་ལ་དཀྱིལ་འཁོར་ཏིལ་གྱི ་འབྲུ་ཙམ་བསྒོམ།། ལ་ལ་བར་སྣང་སྒྲ་གཟུགས་སྒོམ་བྱེད་པའི།། བྱོལ་སོང་རྣམས་ནི་རང་ཉིད་ཆོས་རྣམས་ཤེས་པར་སྨྲ།། དེ་རྣམས་ཀྱིས་ནི་སྐྱེ་བ་འབྲས་བུ་མེད།། བློ་རྣམས་ཟད་ཅིང་སྡིག་པ་རྣམས་ལ་སྤྱོང་།། དེས་ནི་ལྷན་ཅིག ་སྐྱེས་པའི་མཚང་ཡང་མ་མཐོང་ངོ་།། དེ་ནི་ནམ་མཁའ་དང་ནི་ས་འོག་དང་།། ས་སྟེངས་དང་ནི་ཚངས་པའི་གནས་སུ་འདི་མོད།། དམན་པའི་སློབ་དཔོན་བསྟེན་པར་མ་བྱེད་ཅིག། དེས་ནི་སྡིག་པའི་ལས་རྣམས་མ་སྤངས་པར། ་ཁཾ་ནི་འགུལ་ཞིང་འགུལ་ཞིང་རེ་ལ་གནས།། རང་གྲིས་སྟོང་པ་སྙིང་རྗེ་བྱེད་པར་རྩོམ།། དེས་ནི་སྲིད་པ་སྤོ་ཐབས་མི་ཤེས་སོ།། སྟོང་པ་སྙིང་རྗེ་རྟོགས་ཞེས་ཟེར་ཞིང་གནས།། དཔལ་ལྡན་བདེ་ཆེན་གཏམ་ཡང་མི་འདྲིའོ།། ལ ་ལ་དབང་ཕྱུག་ཨུ་མེ་རེ་ལ་གནས།། བདག་ཉིད་སྲིད་པའི་འཆིང་བའི་ཞགས་པས་བཅིངས།། ལེ་ལ་ཁུ་བ་ཁྲག་དང་རྣམ་སྣང་ཟ།། བྱ་རོག་བྱ་རྒོད་བཞིན་དུ་བདག་ཉིད་འཁོལ།། ལེ་ལ་གནས་གསུམ་སྐད་ཅིག་གསུམ ་དུ་བསྒོམ།། ལ་ལ་སྙིང་གའི་པདྨ་འཁོར་ལོ་འཆང་།། ལཱ་ལ་ཧཱུཾ་ཕཊ་ཟེར་ཞིང་ཕྲེང་བ་འགྲང་།། བྱོལ་སོང་རྣམས་ནི་འཁྲུལ་པ་རྒྱུན་མི་འཆད།། དབང་དང་དབང་བསྐུར་མང་པོ་གསུངས་པ་རྣམས།། བླ་མ་རྣམས་ལ་སློབ ་མས་ལེན་པར་བྱེད།། དེ་ནས་བརྩིམས་ཤིང་བརྩམས་ཤིང་སློབ་མ་རྣམས་ལ་འཆང་།། དབང་བསྐུར་གྱི་ནི་ཕྱོགས་ཀྱང་མ་མཐོང་ངོ་།། ལ་ལས་གསེར་འགྱུར་རྩི་ནི་ལྟ་བྱེད་པས།། དེས་ནི་ཁྱིམ་པ་རྣམས་ནི་དབུལ་པོར ་བྱས།། ལྷ་རྣམས་ཀྱིས་ཀྱང་མི་བདེ་བ་ལ་སྦྱར།། ནགས་ལ་སྐྱེས་པའི་རྩཝ་དང་ཤིང་རྣམས་དང་།། ཤིང་ལོ་མེ་ཏོག་རྣམས་ཀྱིས་སྒྱིད་མ་བསྟན།། དུས་སུ་བསམ་གཏན་འཇིག་རྟེན ་པ་རྣམས་བྱེད།། དེས་ནི་མཆོག་གི་ཐར་པ་མི་ཤེས་སོ།། ཅལ་ཅོལ་མང་པོས་སྨྲས་པས་ཅི་ཞིག་བྱ།། ཇི་ལྟར་སྨྲས་པ་དེ་དག་ཐམས་ཅད་བརྫུན།། གདམས་ངག་པ་རྣམས་གསོལ་པོའི་གནས་ལུགས་ཉོན།། གང་གིས་གསལ ་བོར་ཐར་པ་གྲོལ་བུ་རྙེད།། སེམས་ནི་གཡོ་ཞིང་མྱོན་པ་ལྟ་བུར་ཐོང་།། སྐྱེ་དང་གནས་དང་འཇིག་པ་གསུམ་པོ་རྟོགས་པར་གྱིས།། མགུལ་རྒྱན་དང་ནི་ཕྱག་རྒྱ་མ་ལུས་ཐོང་།། དེས་ནི་མགོན་པོ་ཇི་ལྟར་མཐོང་བྱར་འགྱུར།། ་འཇིག་རྟེན་པ་ནི་ཡི་གེ་རྣམས་ལ་གཏོང་།། ཡི་གེ་མེད་པ་དེ་ནི་སྙིང་ལ་མ་ཆུང་ངོ་།། གྲང་མས་ངག་པ་རྣམས་ཉོན་ཅིག་ངས་ནི་བཤད་པར་བྱ།། ཁམས་གསུམ་བོར་ནས་དཔལ་ལྡན་ཐེག་པ་ཆེ།། དང་པོའི་མགོན་པོ་ལ་ནི་དྲགེ ་དང་མི་དགེ་མེད།། མ་ལུས་ཁྱབ་ཅིང་བདེ་ཆེན་སྟོང་པ་ཉིད།། བྱེད་པ་འཕྲོག་པ་རང་ཉིད་སྤྱན་རས་གཟིགས།། ཟད་པ་མེད་ཅིང་གཞན་དུ་སོང་བ་མེད།། དེ་ནི་མཆོག་གི་དབང་ཕྱུག་དམ་པའོ།། བསམ་གཏན་གྱིས་ནི་ཏིང་འཛིན ་སྐྱེས་བྱས་ཀྱང་།། དང་པོའི་མགོན་པོ་དེ་ནི་མ་མཐོང་ངོ་།། དེ་ལྟའི་སེམས་ནི་སྙིང་ལ་མ་ཆུང་དོ།། དེ་ལ་ལུས་དང་ངག་དང་ཡིད་མེད་དེ།། དཔལ་པོ་དྲི་མེད་དེ་ནི་ན་མཁར་ཐིམ།། བིརྦ་བ་ཡི་སེམས་ཅན་དོན་དུ་བྱས།། དོན་དམ ་འདི་ནི་གདམས་དག་པ་རྣམས་ཉོན།། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བི་རཱུ་པས་མཛད་པའི་ཚིག་རྐང་བརྒྱད་ཅུ་པ་རྫོགས་སོ།། ། ཡུལ་ལྷོ་ཕྱོགས་ཀོ་སཱ་ལར་སྐུ་འཁྲུངས ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད་ནས་གསུངས་པའོ།། ་