| Wylie | e-texts produced with BDRC’s OCR application |
སློབ་དཔོན་ཀླུ་གྲུབ་སྙིང་པོའི་ཞལ་སྔ་ནས།། རེ་བའི་དཔེ་ནི་སེར་སྒྲ་འདྲ།། དོགས་པ་རྒྱལ་བུ་གཞོན་ནུ་སྟེ།། གཞན་དུ་འཛིན་པ་སྨིག་རྒྱུ་ཆུ།། བདག་འཛིན་ཕུང་བྱེད་ཉི་ཟེར་གཟུགས།། སྣང་བ ་གཉིས་ལྡན་ནེ་ཙོའི་བྱ།། དོར་བ་ཕྲུལ་རྩཝ་འཁྲུལ་པིའི་གཟུགས།། ལྟ་བས་ང་རྒྱལ་ཆོས་ཀྱི་ཝ།། སྒོམ་ལ་དཾར་འཛིན་ཨ་ནུ་ལྷ།། སྤྱོད་པས་ང་རྒྱལ་འཛིན་ན་པ།། བཀའ་བས་རློམ་སེམས་བཟང་སྐྱོང་བུ།། དབང་གི་བུ་གྲོལ ་འདོད་ཀོ་ས་ལ།། རྟོགས་པས་ཚིག་ཟེར་དཔལ་གྱི་བུ།། བླ་མ་ཐ་བྲལ་བླ་མེད་གང་ག་མཾ།། བཀའ་ལ་སྐུར་འདེབས་ཀྲིཥྚ་པཾ། བདེ་བོས་གྲུབ་འདོད་ཐངས་བཟངས་ཀྲུང་།། སྟོང་པས་དེ་བཞིན་གདོལ་པ་མཛའ།། དེ་རྣམས ་བྲལ་བའི་ཤེས་པ་ནི།། ནོར་བུ་རིན་ཆེན་ཐོབ་པ་འདྲ།། སྟོན་ཡུལ་བ་ར་ནཱ་སེར་ཁྱིམ་བདག་པྲ་མོ་ཧ་དང་། སེར་སྐྱ་མོ་གྲུ་སྤྱན་མོ་གཉིས།། ཆུ་བོ་ནེ་རཉྫ་ནའི་འགྲམ་ནེའུ་སིང་པོས་དང་ཅན་དུ་དུས་བྱས་པ་ལས། མོས་ཉིན ་མཚན་ལྔ་ཞིག་ཏུ་བསྡད་ཀྱང་འོངས་པར་མ་གྱུར་ཏོ།། དེ་ནས་ཡི་མུག་སྟི་མའི་དྲུང་དུ་ཕྱིན་པ་ད་། མཱས་སྨྲས་པ། ཀྱེ་བུ་མཾ་མདངས་རབ་ཏུ་ཞུམ་པར་གྱུར་པ་ཅིའི་ཕྱིར།། ཞེས་པ་དང་། བུ་མོས་སྨྲསྟྲ་པ། ཀྱེ་མཚན་མོ ་གཉིས་དང་གཉིས་གསུམ་པར།། ཁྱིམ་བདག་གཞོན་ནུ་ལ་བསྡད་པས།། ཡིད་གདུངས་པས་ནི་ཡི་ཆད་གྱུར།། ཟས་དང་བྲལ་བ་ལྟོ་བ་ལྟོགས། ཞེས་ཟེར་བ་ལ། མས་འབྲས་ཆན་པ་ན་ལི་གང་བྱིན་པས། མྱུར་དུ་ཟོས ་པས་གློ་བའི་སུལ་དུ་སོང་ནས་མགོ་འཁྲུགས་སོ།། དེ་ནས་སྨན་པ་བཤེས་གཉེན་ཆེན་པོ་ལ་བལྟས་པ་དང་། འདི་དག་ནི་ཚུལ་ཇི་ལྟ་བུ་ཡིན་ཞེས་པ་དང་།། གོང་གི་ཚུལ་བཤད་དོ།། སྨན་པས ་སྨྲས་པ། གང་གིས་གང་ལ་རེ་བ་ནི།། ཞི་བར་མི་འགྱུར་བདེར་མི་འགྱུར།། སྡུག་བསྔལ་སྣ་ཚོགས་འཕེལ་བ་སྟེ།། རེ་བ་མེད་པས་བདེ་བའི་མཆོག། འདི་དག་ནི་རེ་བས་འཕུང་པར་འགྱུར་བ་བསྟན་པས་སྟེ། རེ་བ་མེད་པར ་བྱ་བའི་མན་ངག་སྟེ་དང་པོའོ།། ། སྔོན་གྱི་དུས་ན་རྒྱལ་བུ་མགྲོན་བཟེད་ཞེས་བྱ་བ་ཞིག་ལ། ཡབ་ཐུ་བོའི་སྟོབས་ཀྱིས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཏེ། ཀྱེ་རྒྱལ་བུ་སྒོ་སྲུངས་ལ་ནན་ཏན་གྱི ་ཤོག་ཁྲི་གཞན་ལ་མེ་ཤོར་བར་བྱ་བ་ལ་བརྩོན་པར་གྱིས་ཤིག། ཞེས་སྨྲས་ནས་ཚེའི་དུས་བྱིས་པར་གྱུར་ཏོ།། དེ་ནས་ཆོས་སྦྱིན་བྱེད་པའི་དུས་སུ་བྲམ་ཟེ་མདུན་ན་འགྲོ་རྒྱལ་པོའི་ཕོ་བྲང་དུ་བྱུང་བ་ལ་ཁྲི་ཕྲོགས་ཀྱིས ་དོགས་ཏེ་ལངས་ནས་སྒོའི་བྱ་བཱ་ལྀ་ཕྱིན་པ་དང་།། ནུ་བོ་འགྲོ་བས་རྟེན་པས་ཁྲི་ཕྲོགས་སོ།། དེ་ནས་སྡེར་སྒྱུ་མས། ཁྱོད་འོ་ན་འབད་པར་འགྱུར་པ་ཅིའི་ཕྱིར་ཞེས་པ་དང་། རྒྱལ་པོ་ནི་བབས་ཀྱིས་སྨྲས་པ། བདག་ལ་ཡབ ་ཀྱིས་གདམས་པ་བཞིན།། ཁྲི་སྟན་ཤོར་གྱིས་དོགས་པ་ན།། སྒོའི་བྱ་བ་ལ་ཕྱིན་པས།། ནུ་བོས་བདག་གིས་བོདེ་བ་ཕྲོགས།། ཞེས་པ་དང་བྲམ་ཟེས་སྨྲས་པ། དོགས་པ་དང་བཅས་སེམས་ཀྱིས་བདེ་མི་རྙེད།། ཉམ་པ་དང ་བཅས་རྟག་ཏུ་བདེ་མི་འགྱུར།། གང་ལ་དོགས་ཡོད་དེ་འཇིགས་ཡོད་པའི་ཕྱིར།། མཁས་པ་རྣམས་ཀྱིས་དོགས་པ་སྤང་བར་བྱ།། དོགས་པ་དང་བྲལ་བར་བྱ་བའི་མན་ངག་སྟེ་གཉིས་པའོ།། །། སྔོན་རི ་བྱ་རྐང་ལྔ། དགེ་སློང་སོག་མ་མེད་ཀྱི་ཕྱིན་པ་དང་། རབ་ཏུ་སྐོམ་གྱིས་གདུངས་པར་གྱུར་པ་ལ། སྨིག་རྒྱུ་ཞིག་ཆུ་རུ་འཁྲུལ་ཏེ། འཐུང་དུ་ཕྱིན་པ་དང་། རབ་ཏུ་དྲལ་བར་གྱུར་ནུས་སྔོའི་ལྡུམ་བུ་ཟ་ཞིང་འདུག་པ་ལ། དྲེང ་སྲོང་རྐང་རྨིག་གིས་སྨྲས་པ། བགྲོད་དཀའ་འཁོར་བའི་ཐང་ཆེན་ལ།། གཞན་དུ་བཙལ་འདོད་མི་ངག་ནི། ཉོན་མོངས་ཐོ་བས་གདུངས་འགྱུར་ཏེ། སྒོམ་པ་སྨིག་རྒྱུའི་ཆུ་འཚོལ་འདྲ་ཞེས་སོ།། དེ་དག་ནི་སྒོམ་བྱ་སྤང ་བེར་བྱ་བའི་མན་ངག་སྟེ་གསུམ་པའོ།། །། ། སྔོན་རྒྱུ་ལྔ་པོ་བརླ་སྐྱེས་ལ། བཙུན་མོ་ལྔ་བརྒྱ་ལ་བུ་སྟོང་ཡོད་དེ། སྲས་ན་མ་ག་རུ་དྷང་སྲང་དཔལ་དགའ་མོ་བླངས་ཏེ། དེ་གཅིག་པུ་མེད་པས་རབ་ཏུ་གཅེས ་པར་བྱས། རྒྱལ་བུ་ཡང་བདག་ལ་ནི་གཅེས་བུ་མེད་དེ། བདག་ལྀ་ནི་སྡུག་བ་སྔལ་ཟུག་རྡོ་ཅུང་ཟད་ཙམ་ཡང་བྱུང་བར་ཕངས་པས། བདག་ཚེའི་དུས་བྱས་ན་འཁོར་ཐམས་ཅད་འཕུང་བར་འགྱུརརོ་སྙམ་སེམས་སོ།། དེ ་ནས་ནོང་པར་ཞིག་ཁྲུས་བྱས་ཏེ། ཁང་བཟང་གི་རྩེ་མོར་ཁ་ཤར་ཕྱོགསུ་བལྟས་ཏེ། ཉི་ཟིར་ལེ་མིག་ཅུང་ཟང་བཙུམས་ནས་བསྡང་པ་དང་། ཉི་ཟེར་གྱི་གྱི་གྱུ་ལ་དུར་ཁྲོད་བྱུང་བར་མཐོང་ནས། བདག་ལ་དྲི་མས་གོས ་བར་འགྱུར་སྙམ་ནས་བྲོས་པ་དང་། ཁངྒ་བཟང་གི་རྩེ་མོ་ནས་ལྷུང་སྟེ། ཚེའི་དུས་བྱསོ།། དེ་ནས་དགེ་བསྙེན་བློ་གྲོས་བཟང་པོས་སྨྲསྭཱ་པ། བདག་ཏུ་འཛིན་པས་ཆེས་པས་སྡུག་བསྔལ་འབྲུང ་བསྟེ།། བདག་བདེ་འདོད་པས་གཞན་གྱི་གནོད་པ་བྱུང་།། བདག་ཏུ་འཛིན་པ་ཡོངས་ངོར་བྱས་ནས།། སེམས་ཅན་ཀུན་ཀྱང་སྨན་པ་བཞིན་དུ་བྱ།། བདག་ཏུ་འཛིན་པ་དང་བྲལ་བར་བྱ་བའི་མནྟ་ངགྲ་སྟེ་བཞི་པའོ།། ་སྔོན་ཛེ་ཏའི་འཚལ་དུ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དང་།། བདུང་ནག་པོ་ལྷ་སྦྱིན་གཉིས་བྱ་ནེ་ཙེའི་ལུས་གཅིག་ལས། མགོ་བོ་གཉིས་གྱེས་པ་ཅིག་ཏུ་སྐྱེས་པར་གྱུར་ཏོ།། དེ་ནས་ལྷས་སྦྱིན་གྱི་མགོ་བོ་གཉིད་ལོག ་བའི་དུས་སུ།། དོན་གྲུབ་ཀྱིས་ཤིང་གི་རྩ་བ་རློག་པ་དང་། སྨན་ཡ་སྨྲ་དང་། དུ་ག་ཧ་ལྔ་གཉིས་རྙེད་པ་ལ། བཅུད་ནི་མཉམ་པོར་པན། རོ་ནི་བདག་རང་མྱང་ངོ་།། ཞེས་ནས་སྨན་ཟོས་པ་དང་། བདུད་ལྷ་སྦྱིན ་སྨན་གྱི་སྒྲེགས་པ་བྱུང་ངོ་།། དེ་ནས་རབ་ཏུ་ཁྲོས་པས་ལྷ་སྦྱིན་གྱིས་དྲུག་ཟོས་པས་གཉིས་ཀ་འཕུང་བར་གྱུར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། དེ་ཉིད་མཐོང་བྱེའི་མཁས་པ་ཡིས།། སྨན་ལྟ་བུའི ་བསོད་ནམས་མི་བསྲིང་ཞིང་།། དུག་ལྷ་མོ་མཐུན་ཛོར་མི་བྱཾ།། ཐང་དང་དེར་བས་འཐུང་བར་འགྱུར།། བྲང་དོར་དང་བྲལ་བར་བྱ་བའི་མན་ངག་སྒོ་ལྔ་པ་འོ།། ། སྔོན་གྲོང་ཁྱེར་སེར་སྐྱར་བྲམ་ཟེ་ཉིམ་སྦྱིན་ཞིས ་བྱ་བ་ལ། རིམས་ནད་སེལ་བར་ནུས་པའི། ནོར་བུ་ཆེན་པོ་མུ་རིག་ལ་བ་ཞེས་བྱ་བ་ཡོད་དེ། ཁྱིམ་བདག་དེ་ལ་ཁྱིམ་ཐབ་གཉིས་ཡོད་པ་ལས། གཉིས་ཀ་ལ་བུ་མེད་པར་གྱུར་ནས། གྲོང་ཁྱེར་བདེ་བ་ཅན་དུ་ཁྱིམ་བདག་མོ་ས ་མན་ཏ་ཞེས་བྱ་བ་དང་། འདོད་པའི་དུས་བཏབ་ནས་ཕྱིན་པ་དང་། སྔར་གྱི་ཁྱིམ་བདག་མོ་གཉིས་ཕྱི་བཞིན་དུ་བྱུང་བར་གྱུར་ཏོ།། དེ་ནས་ཤིང་སྡོང་པོ་རུལ་པ་གཅིག་གི་ཁོང་དུ་གྲུབ་པོ།། དེ་ནས་ཁྱིམ་ཐ་བོ་གཉིས་ཕྱིར ་ལོག་པ་དང་། ཁྱིམ་ཐབ་མོས་མན་ཏ་དང་ཕྲང་ནས་ཉལ་པོ་བྱས་པ་དུང་། ཁྱིམ་བདག་གི་མགོའི་ཅོད་པན་ལ་གསྡེ་གྱི་ཐུར་མ་གཉིས་གྱེན་དུ་འགྲེང་པ་ལ། མིག་ཡོར་གྱི་མི་གཉིསུ་འཁྲུལ་ཏེ་བྲམ་ཟེ་ལ་སྨྲས་པ། ཀྱེ ་བཞིན་བཟང་འོ་སྐོལ་ནི་མི་གཉིས་ཀྱིས་ཉེ་བ་ཉིད་དུ་ནོན་ནས་གངའོ།། ཞེས་པ་དང་བྲམ་ཟེ་ལ་སྨྲས་པ། དེ་ནི་ངའི་ཁྱིམ་བདགུ་མོ་གཉིས་ལགས་ཏེ། འོ་སྐོལ་གྱི་སྤྱོད་ལམ་རྒྱལ་པོ་ལ་སྨྲས་ན། ངེས་པར་ཆད་པ་གཅོད་པར ་འགྱུར་བས་སུ་ཕྱོགས་གཞན་ཞིག་ཏུ་བློས་ལ་གཤེགསོ་ཞེས་ན། ན་དཔེའི་ཚལ་དུ་ཕྱིན་པ་དང་། ཐུར་མང་ཡིན་པ་ངོ་ཤེས་ཏེ། ས་མུན་ཏ་རབ་ཏུ་འཁྲུལ་པ་ལོ་འགྱོང་པོས་སྨྲས་པ་དང་། ཁྱིམ་བདག་མོས་མན་ཏས་གླུ ་བླངས་པ། འོ་སྐོལ་མི་ཡིས་སྐྲག་ནས་བྲེས་པ་དང་། འཁོར་བ་དོར་བར་འདོང་ན་སྒྲུབ་པ་འདིས། དང་པོ་བཞི་སྟོང་པ་ཉིད་ནས་སྡུག་བསྔལ་བྱུང་སྟེ། གཉིས་མེད་ལ་གཉིས་སུ་བརྟགས་པས་གདུངས་པར་འགྱུར།། བླང་དོར་དང ་བྲལ་བར་བྱ་བའི་མན་ངག་སྟེ་དྲུག་པའོ།། ། སྔོན་མི་ཡུལ་མ་ག་ཏ་ཆོས་མ་ཀཽ་རི་མ་ཞེས་བྱ་བ་གྲོང་ཁྱེར་གྱི་མཐུའི་སྤྱིལ་པོ་ཞིག་ན། ངུར་སྨྲིག་གི་ཆོས་བླུག་པའི་བུར་སྣོད་ཅིག་གི་ནུང་དུ་ཁ ་ཤིང་ལོས་གཅད་དེ།། མོ་རང་གི་མེ་ཏོག་ཐུར་ཕྱིན་པ་དང་། དུར་ཁྲོད་ཀྱི་ཝ་གཅིག་གིས་ཆོས་ཀྱི་སྟེང་དུ་ཕྱིན་པས་སྒྲིབ་སྟེ། ལུས་ཆོས་ཀྱི་མདོག་གིས་སྤོངས་སོ།། དུར་ཁྲོད་ཏུ་ཕྱིན་པ་དང་། སྤྱང་ཀཱི་དང་ཕྲད་ནས། ཀྱེ་ཆེ་ཞེ ་མཆོག་ཏུ་གྱུར་པ་ཁྱེད་སུ་ཡིན་ཞེས་པ་ལ། མཽ་ན་རེ་བདག་ནི་ལྷའི་རི་དགས་ཤྭ་ར་ན་ཞེས་བྱ་བ་ཡིན་ཏེ། ལུས་དྲི་དང་མངག་ཏུ་ལྡན་པའོ།། དེ་ནས་ངོམ་དང་སྐྲག་དང་སྤྲེའུ་དང་། སེང་གེ་རྣམས་ལ་སྤྱོང་ཀིས་ཆེད་དུ་བརྗོད་པ་ཀུན ་ཀྱང་འཁོར་བར་གྱུར་ཏོ།། དེ་ནས་ཟླ་བ་རྒྱས་པ་ཉའི་དུས་སུ་མའི་དྲུང་དུ་ཕྱིན་ཏེ། ང་ནི་མཆོག་གོ། བླ་ན་མེད་པའོ།། ཕུལ་ལོ།། རི་དགས་ཀྱི་རྗེ་མོར་གྱུར་པའོ།། ཞེས་པ་ལས་མས་སྨྲས་པ། ཀྱེ་བུ་མོ་ཚད་པའི་ཆུ་ལས་ཁྲུས་བྱས་ན།། ་སྨན་པའི་ས་ལ་གནས་ན་བདེ། རྒྱུད་ངན་པགས་པས་ང་རྒྱལ་བ།། ཡུན་དུ་འགྲོགས་ན་འཕུང་བར་ངེས། ཞེས་བརྗོད་པ་ལ། པགས་པའི་ང་རྒྱལ་སྟོང་དུ་མ་བཏུབ་པོ།། དེ་ནས་ལོག་སྟེག་ཅན་ཟན་གྱི་ཚོགས་སུ་ཕྱིན་པ་དང ་རང་གིས་སྐད་སྟོན་པས་ཝར་གྱུར་ཅིང་།། སེང་གེའི་སྐད་སྟོན་པས་བརྒྱལ་ལོ།། དེ་ནས་རི་དགས་ཅན་ཟན་ཐམས་ཅད་ཀྱི་སྤུ་ཚོམ་པ་རེ་བཏོགས་ཏེ་རྟུག་པ་དང་བསྲེས་སོ།། དེ་ནས་ལྷའི་བུ་རྣམས་ཀྱིས་ཚིགས་སུ་བཅང་དེ་སྨྲས ་པ། སེམས་ཀྱིས་སྟོབས་ཀྱིས་མི་འགྲོ་ཞིང་།། པགས་པས་ང་རྒྱལ་འགྲོ་བྱེད་པ།། རྒྱུན་ཏུ་བདེ་བར་མ་གྱུར་ཏེ།། སྤུ་དང་བྲལ་བས་ཝ་ཉིང་ཕུང་།། བདེ་ངས་འབྲས་བུ་སྒྲུབས་པ་ལ།། ཞེ་འདོད་མེད་པས་མི་འགྲོ་ཞིང་།། སྒྲུབ་མཐ ་ང་རྒྱལ་འགྲོ་བྱེད་པ། ཝ་བཞིན་ཐལ་བར་བརླག་པར་འགྱུར།། རང་གི་ལྟོ་བ་ང་རྒྱལ་བ་དང་བྲལ་བར་བྱ་བ་སྟེ་བདུན་པའོ།། ། སྐྱོན་ཀོས་ལའི་ཡུལ་དུ། དགེ་སློང་ཡ་ཤུ་ཧ་ཞེས་བྱ་བ་ཅིག་གིས། ཚོག.ུ་དྲུག ་འགེགས་པའི་བསམ་གཏན་བྱས་པ་ལས་རླུང་འབྱུང་འཇུག་འཕོ་བ་དང་བྲལ་བས་ལོ་ལྔ་བརྒྱ་སྙེད་ཐུབ་བོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགའ་སྦྱངས་མེདངས་ཀྱིས་སྨྲས་པ། དགེ་སློང་སེམས་ཀྱིས་སེམས་ལ་ལྟོས། ་ཤེས་རབ་ཕ་རོལ་ཕྱིན་དྲུག་མ།། ཙམ་དུ་མི་གོནས་འདི་སྒོམས་ལ།། འགོག་པའི་སྙོམས་པར་འཇུག་པ་ཐོང་། ཞེས་པ་ལ་དོན་ལ་སླར་སྐུལ་བ་བཏབ་ནུས་སྔར་གྱི་འདུ་ཤེས་མེད་པ་ལ་ཞེན་པས། ལྷ་ཚེ་རིང་པོར་སྐྱེསོ།། ་མཐའ་འཁོབ་རྒྱལ་པོར་སྐྱེས་སོ།། དེ་ནས་སྐྱེ་བ་དྲན་པས་བསྟན་པ་ལ་བསྐུར་པ་བཏབ་ནས། སྔར་གྱི་འདུ་ཤེས་མེད་པ་ལ་ཞེན་པས། ལྷོ་ཚེ་རིང་པོར་སྐྱེས་སོ།། དེ་ནས་ཡང་སྐྱེ་བ་དྲན་པས་བསྟན་པ་ལ་བསྐུར་བ་བཏཱ ་པ་དང་། དངོསུ་ས་ས་ཐོངས་ཕྱེ་ནས། མནར་མེད་པའི་དམྱལ་བར་སོང་། དེ་དག་ནི་སྒོམ་པ་དམིགས་པ་དང་བྲལ་བར་བྱ་བ་སྟེ་བརྒྱད་པའོ།། །། སྔོན་བྲམ་ཟེ་འཛིན་པ་ཞེས་བྱ་བ་བསིལ་ཁང་ན་ཉལ་བའི་རྨི ་ལཱམ་ན། རིགས་ཀྱི་བུ་གཙ་མའི་སྤྱོད་པ་ལོང་ཞིག། དེ་ལྔས་བྱང་ཆུབ་མཆོག་ཏུ་སྐྱེད་ནས། ཤེས་རབ་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་མཆོག་མཱ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པའི་མིང ་ཙམ་ཡང་མི་ཐོབ་པོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་ཕྱིར་རོ།། ཞེས་རྗོད་ཀྱང་མངོན་པའོ་ཞེན་པ་དང་མ་བྲལ་ལོ།། དེ་བདུད་དགའ་ར~ཾ་བ་དབང་ཕྱུག་གིས་བྱིན་གྱིས་བརླབས་ནས། སྲིད་པའི ་རྩེ་མོའི་བདེ་བ་ཐོབ་སྟེ། སླར་ངོན་སོང་དུ་ལྷུང་ངོ་།། སྤྱོད་པའི་ཞེན་པ་དང་བྲལ་བྱར་བྱ་བ་སྟེ་དགུ་པའོ།། ། སྔོན་རྒྱལ་པོ་བཟང་སྐྱོང་བྱ་བའི་བུ་མོས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཞེས་བྱ་བ་ལ། ་ལུས་ངག་ཡིད་གསུམ་ལོངས་སྤྱོད་ཀྱི་སྒོ་ནས། ལོ་དྲུག་ཏུ་བསྙེན་བཀུར་བྱས་སོ།། ཚོགས་ཀྱི་ལམ་རྟགས་བཅུ་གསུམ་དང་ལྡན་པའི་སྤྱོད་པ་བཅུ་ཕྲག་གཉིསུ་བྱས་སོ།། དུས་ཇི་སྙེད་དུ་ཐོས་པ་ཡང་དེ་སྙེད་དུ་སྦྱངས ་པ་ལས། དགེ་སློང་མེ་དཔལ་མོ་ཞེས་བྱ་བས་སྨྲས་པ། ཀྱཻ་བདག་གིས་འཁོར་བླ་ཐམས་ཅད་ཀྱི་སྙིང་པོ། མྱ་ངན་ལས་འདས་པའི་དེ་ཁོ་ན་ཉིད་ཁྱེད་ལ་སྦྱིར་གྱི། ཁྱོད་འཁོར་པོའི་དོགས་པ་ལས་ཡོངསུ་གྲོལ་པོར་གྱུར ་ཞེས་པ་དང་། བུ་མོས་སྨྲས་པ། ཀྱེ་དགེ་སློང་མ་སྔ་མའི་དགའ་བ་དེ་རྣམས་ཀྱི་འབྲས་བུ་མཆོག་གོ།། དེ་ལས་མཆོག་ཏུ་གྱུར་པའི་འབྲས་བུ་ནི་མི་འབྱུང་བའི་ཕྱིར། ཁོ་མོ་མི་འདོད་ང་།། ཞེས་པ་དང་། དཔལ་མོས་སྨྲས་པ། ་ཆོས་ཀྱི་གསང་ཉིད་མི་ཤེས་པར།། བྱ་དཀའ་བྱས་པས་འབྲས་འདོད་པ།། རྒྱལ་པོ་བདག་གི་ཕོ་ཉ་བཞིན།། དཀའ་བས་མང་ཡང་དོན་ཆུང་འགྱུར།། དཀའ་བས་མང་པོ་བྱས་པ་ཆོག་པར་འཛིན་པ་དང་བར་བྱ་བ་སྟེ་བཅུ་པའོ།། ་དཔལ་མཆོག་དང་པོའི་རྒྱུད་ལས། དཔལ་མཆོག་དང་པོ་དབང་ལས་འབྱུང་།། ལུས་ངག་ཡིད་ཀྱི་ཐ་བ་དག། དབང་གིས་རབ་ཏུ་སྨིན་བྱས་ན།། དཔལ་མཆོག་དང་པོ་ཐོབ་པར་འགྱུར། ཞེས་བྱ་བ་ལ་རྒྱལ་པོ་ཀོ ་ས་ལས་མཐོང་ནས། རྒྱལ་པོ་ཨིནྡྲ་བོ་དྷི་ལ། དབང་ལན་བཅུ་བདུན་དུ་བྱས་སོ།། དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི། ཀྱེ་རྒྱལ་པོ་དམ་པ་ནི་སཾ་བོན་ལྔ་བྱའོ།། རྒྱུན་དུ་གོམས་པ་ནི་ཆུ་ལུང་ཀྱིས་མྱུ་གུ་སྐྱེད་པ་ལྟ་བུའོ།། སྤྱོད ་པ་ནི་ལོ་ཏོག་འོས་སུ་རུང་བར་བྱེད་པ་ལྟ་བུའོ།། དེས་ན་རྒྱལ་པོ་ཆེན་པོ་སྒོམ་པ་གོམས་པར་བྱ་བར་རིགས་སོ།། ཞེས་བརྗོད་ཀྱང་། སྔར་གྱི་ལུང་གི་ངེས་པར་བློ་སྦྱར་དུ་མ་བཏུབཱ་པོ།། དེར་མཁའ་འགྲོ་མས་ཚིགསུ་བཅིང ་པ་སྨྲས་པ། དབང་གིས་ཡེ་ཤེས་མཚོན་བྱས་ཤིང་།། འོས་སུ་རུང་བར་བྱར་འདོད་ཀྱང་།། གོམས་བྲལ་ཆུ་ཤིང་འབྲས་བུ་ལྟར།། ལན་ཅིག་སྐྱིང་ན་ཟུང་འགྱུར་ཉིད། ཅེས་པའི་ཕྱིར་ན་གོམས་པར་བྱའོ།། དབང་ཁེ་ནས ་ཆོ་ག་པར་འཛིན་པ་དང་བྲལ་བར་བྱ་བ་སྟེ་བཅུ་གཅིག་པའོ།། ། དཔལ་ཌོཾ་བྷི་ཧེ་རུ་ཀའི་སློབ་མ། ཤི་རི་སིདྷ་ཞེས་བྱ་བ་ཞིག་གིས། མཁའ་འགྲོ་མ་དང་། རྣལ་འབྱོར་པ་ཕོ་མོ་ཚོགས་ཀྱི་འཁོར་ལོ ་ཚོགས་པའི་དུས་སུ་སྨྲས་པ། ཆོས་རྣམས་སྟོང་པར་རྟགས་པ་ཡིས།། དེ་ཡི་མཐའ་ལ་སྒོམ་དུ་མེད།། གལ་ཏེ་སྒོམ་ན་དམན་འགྱུར་ཏེ།། དཔེར་ན་རྒྱལ་པོ་རྒྱལ་པོར་ནི།། སླར་ཡང་འདོད་པ ་མེད་པ་བཞིན།། བུདྡྷ་ཐམས་ཅད་སྟོང་ཉིད་དུ།། གཅིག་པར་རྟོགས་ན་སྒོམ་མི་དགོས།། སྒོམ་སོགས་སྦྱིན་སྲེག་ཐལ་བ་འདྲ། ཞེས་པ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱིས། ཀྱེ་བུདྡྷའི་གསང་བའི་ཡོངསུ་འཕྲོགས ་པར་བྱེད་པའི་ལོག། སྲེད་ཅན་ཁྱོད་ཉོན་ཅིག། ཚེས་གཅིག་གི་ཟླ་བ་མཐོང་བས། ཉ་གྲང་བ་ཡིན་ནམ། བྱིས་པ་བཙས་མ་ཐོག་ནས་སྟོབས་རྫོགས་པ་ཉིད་ངམ། ས་བོན་བཏབ་པ་ཉིད་ནས་འབྲས་བུ་ཕུན་སུཾ་ཚོར་པ་ཉིད་དེ། རྒྱ་མཚོ་ནང་གི་ནོར་བུ ་མཐོང་པོས་ལག་ཏུ་ཡོངས་པ་ཉིད་དེ། སེམས་བསྐྱེད་པ་ཙམ་གྱིས་སེམས་ཅན་གྱི་དོན་ནུས་པ་ཉིད་ངམ། ཟས་མཐོང་བ་ཙམ་གྱིས་བཀྲེས་པ་གསོས་པ་ཉིད་དམ། མི་རིགས་པའི་ཕྱིར། རྟོགས་པའི་གཙོ་བོ་ལ་གགས་གོམས་པའི ་འཁོར་གྱིས་མཉེས་པར་བྱ་ན། ཟུང་དུ་འཇུག་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ།། རྟོགས་པས་ཆོག་པར་འཛིན་པ་ནི་སྲུན་པའོ།། ཕྱི་རོལ་པའོ།། བདུད་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབ་པའོ།། རང་ཉིད་འཕུང་བར ་བྱས་པའོ།། ཞེས་ནས་བསང་དེ་མཁའ་འགྲོ་མའི་ལོངས་སྤྱོད་དུ་བྱས་སོ།། རྟོགས་པས་ཆོག་པར་འཛིན་པ་དང་བྲལ་བར་བྱ་བས་ཏེ། བཅུ་གཉིས་པའོ།། ། རྒྱལ་པོ་དྷརྨཱ་པཱ་ལའི་བུ་མོ།། གང་གཱ་མོ་བྱ ་བ་ཞིག་གིས། དེ་བཞིན་གཤེགས་པའི་མདོ་རྒྱུད་ཐམས་ཅད་བལྟས་པ་ལས། རྟོགས་པ་ཇི་ལྟ་བུ་སྐྱེས་ཏེ་བསྒོམས་སོ།། དེ་ནས་བྱང་ཆུབ་ཆེན་པོ་ལ་སྲིན་པོའི་མཆོད་པའི་ནུབ་མོ།། རྣལ་འབྱོར་པ་ཐམས་ཅད་ཚེ ་ཀྱི་འཁོར་ལོ་བྱེད་པའི་སར། གང་གཱས་ཕྱིན་པ་དང་། རྣལ་འབྱོར་པས། ཐམས་ཅད་མཁའ་འགྲོ་མས་བྱིན་གྱིས་བརླབས་ནས། ལུས་འདེགསསོ།། ངག་གིས་སྤྲོ་བ་བྱས་སོ།། ཡིད་ཀྱིས་ཀུན་ཏུ་ཞེ་སྡང་བར་བྱས་སོ།། དེ་ནས ་གང་གཱ་མོའི་སྔར་གྱི་རྟོགས་པ་མེད་པར་གྱུར་ནས། རྣལ་འབྱོར་པ་རྣམས་ལ་སྨྲས་པ། ཀྱེ་བདག་གིས་འོས་སུ་མ་རུང་བ་ཅི་བྱས་པ། ཁྱེད་ཀྱིས་བཤང་དུ་གསོལ་ཞེས་པ་དང་། རྣལ་འབྱོར་པ་རྣམས་ཀྱིས་གསུང་མགྲིན ་གཅིག་ཏུ་སྨྲས་པ།། བླ་མ་ལུས་ནི་དངོས་གྲུབ་རྙེད།། རིག་མ་ལས་ནི་བདེ་བ་འབྱུང་།། བླ་མ་བྲལ་བའི་དངོས་གྲུབ་ནི།། ཁྲི་ཕྲག་འབད་ཀྱང་ཐོབ་མི་འགྱུར།། གཞན་གྱིས་དངོས་གྲུབ་འབྱུང་བྱེད་པ།། དུག་དང་བཅས་པའི ་ཟས་བཞིན་ནོ།། མཁའ་འགྲོ་ཀུན་གྱི་འཚེ་བ་དང་།། བར་ཆད་སྣ་ཚོགས་འབྱུང་བར་འགྱུར། ཞེས་བྱ་བས་དད་པར་བྱས་སོ།། བླ་མ་ལ་མ་བལྟོས་པ་སྲང་བར་བྱ་བ་སྟེ་བཅུ་གསུམ་པའོ།། །། ཀཌྒའི ་རྒྱལ་པོའི་བུ་སྲིད་སྣ་ཞེས་བྱ་བས། དབུ་མ་མཆོག་ཏུ་བྱས་ཏེ། དཀའ་དང་བསྟན་བཅོས་ཐམས་ཅད་སྐུར་པ་བཏབ་པོ་དང་། བྱང་ཕྱོགས་ཀྱི་གནོད་སྦྱིན་གྱིས་བཟུང་ནས། སྤྲོ་བར་གྱུར་ཏེ། དེ་ནས་ཡབ་རྒྱལ་པོས་སྔ། ་མཁན་རྣམས་ལ་ཞུ་བ་བྱས་ཏེ། བགེགས་བསྐྲད་པའི་སྦྱོར་བ་བྱས་པ་དང་། དཔལ་ནཱ་རོ་པའི་ཞལ་ནས། སངས་རྒྱས་དགོངས་པ་དཔག་བསམ་ཤིང་ལྟ་བུའི་གསུང་དག་ལ། སེམས་ཅན་བློ ་ཡིས་ཐེག་པ་སྣ་ཚོགས་བྱས།། ཕྱོགསྡེ་མེད་ཕྱོགསུ་འཛིན་པའི་བདུད་ཆེན་གྱིས།། འདི་དང་མ་འོངས་གཉིས་ཀར་བསླུ་བར་འགྱུར།། འགྲོ་བའི་བློ་ལ་ཐམས་ཅད་བདེན་པ་ཉིད།། དོན་དམ་ཡུལ་དུ་གང་ཡང་ཡོང་མ ་ཡིན། དེ་ཉིད་རྣལ་འབྱོར་སེམསུ་དབྱེར་མི་ཕྱེད།། བཀའ་ལ་སྐུར་པ་འདེབས་པ་དམྱལ་བའི་གནསུ་འགྲོ།། དེའི་ཕྱིར་བཀའ་མཐའ་དག་ལ་སྐུར་པ་མི་བྱ་བ་སྟེ་བཅུ་བཞི་པའོ།། །། རྒྱལ་པོ་ཐང ་བཟང་གླུ་ཞེས་བྱ་བ་ཞིག། དཔལྔ་ཀིམ་པ་ལ་ལ་དབང་སླངས་ཏེ། ཨུ་རྒྱན་གྱི་དུར་ཁྲོད་ན། བདེ་བ་བསྒོམ་ཞིང་འདུག་པ་ལས། དུར་ཁྲོད་ཀྱི་ཡི་དགས་ཐམས་ཅད་ཀྱིས། བར་དུ་གཅོད་ཅིང་སེམས་རབ་ཏུ་ཡེང ་སོ། དེ་རྣལ་འབྱོར་མ་ལེགས་སྨིན་ཀཱཀ་ར་ལ་ཞུས་པ་དང་། དེ་ཡིས་སྨྲས་པ། ལས་ཀྱི་ཕྱག་རྒྱ་བདེ་བའི་གྲུ།། སྟོང་པའི་སྐམས་རྙེད་ནས་ཅི་བྱར་ཡོད།། བཅོས་མའི་བདེ་ལ་བཅོས་མའི་ཡིད་ཞེན་ན། འཁོར་པོའི ་མཚོན་ཆེན་རྒལ་བར་ནུས་མ་ཡིན་ཞེས་པ། ལྷ་ལྷམ་ལ་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པར་བྱས་སོ།། བདེ་བ་ལ་ཞེན་པ་སྤང་བར་བྱ་བ་སྟེ། བཅཝ་ལྔ་པའོ།། ། གདོལ་པ་ཛ་ཞེས ་བྱ་བ་ཞིག་གིས། སློབ་དཔོན་ཆེན་པོ་ཀུ་ཀུ་རཱི་པ་ལ་བརྟེན་ཏེ། དོན་དམ་སེམས་ལ་དམིགས་པའོ།། རྫོགས་པའི་རིམ་པ་ཕྱོགས་གཅིག་པ་བསྒོམ་པ་ལས། ཆོས་ཐམས་ཅད་བརྟེན་མེད་ཏུ་ཞེན་པར་འགྱུར་རོ།། ་དེ་ནས་ཡུལ་ཛཱ་ལནྡ་རར། རིམས་ནད་ཀྱིས་མི་ཕལ་ཆེར་ཚེའི་དུས་བྱས་སོ།། ལོ་ཏོག་ཐམས་ཅད་སེར་བས་བཅོམས་སོ།། ལོ་ལྔར་ཆར་མ་བབ་ནས། བྲམ་ཟེ་གསང་ཚིག་མཁན་ལ་དྲིས་པ་དང་། ས་ཕྱོགས་འདི་ནི ་མི་ནད་པ་སངས་རྒྱས་པ་ལ་གནས་ནས། ཕྱི་རོལ་གྱི་གྲུབ་མཐའ་གསང་བར་སྨྲ་བ་ལ། ཕྱོགས་ཏེ་གནས་པས།། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། འཇིག་རྟེན་འདི་ལྔ་གཞན་འཕུང་ཞིང་། མ་འོངས ་པ་ལ་རང་ཕུང་བར་བྱེད་དོ།། ཞེས་པ་དང་། དཔལ་ཀུ་ཀུ་རོ་པས་ཐོས་ཏེ། གདོལ་པ་ཛའི་དྲུང་དུ་བྱོན་ནས་སྨྲས་པ། དང་པོ་དངོས་པོའི་ཆོས་རྣམས་ནི།། སྟོང་པ་ཉིད་ཀྱིས་བཟློག་པར་བྱ།། སྟོང་པ་ཉིད་ལ ་ཞེན་ཆེས་ནས།། དངོས་འཛིན་པས་ཀྱང་འཕུང་བར་གྱུར།། དུག་སྦྲུལ་ཤི་ནུ་དང་ཡ་ཀན།། དྲུག་ལ་སྔགས་བཏབ་སྨན་གྱི་མཆོག། གང་ལ་རྒྱས་བཏབ་བདེ་འགྱུར་ཕྱིར།། ཞེན་པ་མཐོང་ལ་གཉིས་མེད ་བསྒོམས།། ཞེས་ནས་དབང་གསུམ་པ་མཛད་དོ།། རྗེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་འདས་པའི་དཔོ་བཅུ་བརྗོད་པས། མདོ་རྒྱུད་དང་འཐུན་པའི་ཕྱིར། སངས་རྒྱས་སངས་རྒྱས་རིག་པར་བྱའོ།། ་མ་འོངས་པའི་དཔེ་དྲུག་བརྗོད་པས་གྲུབ་པ་ཐོབ་པ་དང་། མཐུན་པའི་ཕྱིར་ཐམས་ཅད་མཁྱེན་པར་རིག་པར་བྱན།། སྐྱོན་བཅུ་དྲུག་དང་བྲལ་བའི་ཤེས་པ་ན ་སྦྱངས་རྒྱས་ཀྱི་དགོངས་པ་ཡིན་པའི་ཕྱིར། ནོར་བུ་རིན་པོ་ཆེ་དང་འདྲའོ།། སློབ་དཔོན་ཀླུ་གྲུབ་སྙིང་པོའི་ཞལ་སྔ་ནས་གསུངས་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ་དེའི་འགྲེལ་བྱ ་རྫོགས་སོ།། ། དཔལ་གྱི་རི་ལ་མངའ་བདག་ཆེན་པོས་རྫི་བཙུན་རི་ཁྲོད་ཀྱིས་གནང་བའོ།། དེས་རྗེ་བཙུན་ཀ་རོ་པ་ལ་བརྒྱུད་དོ།། དེས་རྗེ་བཙུན་ནཱ་རོ་པ་ལ་བརྒྱུ་།། ་