CLOSE WINDOW

GT1127: de kho na nyid kyi man ngag rtse mo do ha'i glu zhes bya ba
Wyliee-texts produced with BDRC’s OCR application

པའོ།། @#རྒྱ་གར་སྐད་དུ། ཏཏ་ཏཱ་ཨུ་པ་དེ་ཤ་ཤྩི་ཁ་ར་དོ་ཧྱ་གཱི་ཏི་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དོ་ཧའི་གླུ་ཞེས་བྱ་བ། འཕགས་པ་འཛ་དཔལ་ལ་ཕྱག་འཚལོ།། མ ་གཡོས་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ།། རྡོ་རྗེ་རྩེ་མོ་ཅིག་ཆེར་གླུ་བླངས་དོན།། གང་ཚེ་ལྷན་ཅིག་སྐྱེས་པ་དག། གོ་བ་དགུ་ཡིས་རྟོགས་པར་བྱ།། རྒྱུ་མཚན་གཞལ་བྱ་ལ་སོགས་མེད།། དངོས་པོ་རྣམས་ཀྱི་ཁོ་ན་ཉིད ་དགག་དང་སྒྲུབ་པ་མེད་པ་སྟེ། དབྱེ་བ་ལ་སོགས་མེད་པར་བཤང་།། མི་མཐུན་ཕྱོགས་དང་གཉེན་པོ་མེད་།། འཆལ་པའི་ཚུལ་ཁྲིམས་སེར་སྣ་དང་།། ལེ་ལོ་ཁོང་ཁྲོ་རྣམ་པར་གཡེང་།། མ་རིག་སྤང་བྱ་ལ་སོགས ་དང་། སྤོང་བྱེད་ཕ་རོལ་ཕྱིན་པ་མེད།། དངོས་ཀུན་མེད་པར་བཤད་པ་སྟེ།། རྟོག་མེད་སྙམ་སེམས་ཀུན་དང་བྲལ།། འཁོར་བ་ལས་གཞན་ཕྱག་རྒྱ་ཆེ།། གཅིག་ཀྱང་ཕོག་པར་མ་བཤད་གང་།། དེ་ཉིད་རྫོགས ་པའི་སངས་རྒྱས་ལམ།། འདོད་ཡོན་ལ་སོགས་མ་སྨད་པས།། འབྲས་བུ་རེ་བ་མེད་པ་སྟེ།། སྐུ་གསུང་ལམ་གྱི་ངོ་བོ་གང་།། ཅི་ཕྱིར་ཞེན་མི་རྟོག་སྟེ།། ཁོ་ན་ཉིད་ནི་ཇི་ལྟར་རྟོགས།། གཞན་ལ་མི ་རེ་གང་གིས་ཕྱར།། རིན་ཆེན་གཏེར་དང་རྒྱལ་པོའི་དཀོར།། ཕལ་པ་ཡི་ནི་བང་མཛོད་བཞིན།། མཆོག་ཏུ་གཅེས་པ་རང་ལ་གནས།། སེམས་ལུས་མ་གཏོག་སྡེ་ཕྱི་རོལ་དོན།། གཅིག་ཀྱང་ཡོད་པར་མུ་བཤད་དེ།། སེམས ་ཉིད་ཀུན་ཏུ་འོད་གསལ་བའོ།། དེ་བས་སེམས་ལས་གཞན་པའི་ཆོས།། ཡང་དག་པར་ནི་བརྟགས་ན་མེད།། དངོས་ཀུན་ཟུང་འཇུག་རང་བཞིན་ལྔ།། སྐྱེ་བའི་རང་བཞིན་ཡོད་མ་ཡིན།། ངོ་བོ་མ་སྐྱེད་སྟོང་པ་གང་།། གཞན ་ན་ཡོད་པ་མ་ཡིན་ཏེ།། གཉིས་དང་ཡོད་མེད་ཐ་སྙད་བྲལ།། གཅིག་དང་དུ་མ་ལ་སོགས་ཀྱིས།། བརྟགས་ན་མེད་པ་མ་ཡིན་ཏེ།། ཡོད་པ་མ་ཡིན་མེད་མ་ཡིན།། རིག་པས་འགྲུབ་པ་མ་ཡིན་ནོ།། དངོས་པོར་སྣང་བའི ་ཆོས་རྣམས་ཀུན།། ངོ་བོ་ཉིད་ལས་མ་འདས་ཏེ།། རྒྱ་མཚོ་གཟུགས་བརྙན་མེ་ལོང་བཞིན།། དྲན་མེད་དབྱིངས་ནས་ཀུན་འབྱུང་བས།། རང་བཞིན་ཉིད་དུ་དུས་དེར་རིག། གཉིས་མེད་གཉིསུ་མེད་མིན་པས།། མ་འདས་དབྱེར་མེད ་རོ་གཅིག་ལ།། གཅིག་ཏུ་གཞག་པར་བྱ་བའང་མེད།། དངས་མ་དེ་ཉིད་མ་བསླད་པས།། ཁོ་ན་ཉིད་ཀྱིས་གར་མ་གཡོས།། ཁོ་ན་ཉིད་ཀྱིས་ཤེས་པ་ལ།། འཛིན་པ་མེད་དེ་ངོ་བོ་བྲལ།། ཅིར་ཡང་མི་འཛིན་ཆོས་ཀྱི་སྐུ།། ངོ་བོ ་ཉིད་ལ་དབྱེ་བ་མེད།། འཛིན་པའི་ཆ་ནས་བརྟགས་པ་གང་།། སྐྱེ་མེད་དབྱིངས་ཀྱི་རང་བཞིན་ལ།། ཟུང་དུ་འཇུག་པསྣ་བ་མི་དང་།། སྨྱོ་སྦྲང་བྲལ་བས་གཉུག་མར་བཤད།། གཞལ་ཡས་ཁང་དང་མཚན་དུའི་དང་།། སྣ་ཚོགས ་སྦྲུལ་སྐུ་གང་སྟོན་པ།། གདུལ་བྱ་ལམ་ལ་ཞུགས་པའི་སྟོབས།། མདའ་བསྣུན་དག་གིས་གང་སྨྲས་པ།། འདི་ལ་དམིགསུ་རྡུལ་ཙམ་མེད།། ཕྱིན་ཅི་ལོག་གི་སྐྱེ་བོ་ལ།། ཉོན་མོངས་ཡུལ་གྱི་དུག་འགྱུར་ཏེ།། ཇི་ལྟར་སྣང ་བོབའི་རིམ་པ་ཡིས།། དབྱེར་མེད་ཚུལ་དུ་གནས་པ་སྟེ།། འོད་གསལ་བ་ཉིད་རྣམ་པར་བཤད།། རང་བཞིན་མེད་པའི་ངོ་བོ་བྲེལ།། ཐ་དང་མ་ཡནི་གཉིསུ་མེད།། ཁམས་གསུམ་བློ་འདས་ཡང་ཤེས་ལ།། འདི་ཞེས་བྱ ་བའི་མིང་དམ་བརྡ།། མདའ་བསྣུན་དག་གིས་བཟུང་དུ་མེད།། དབྱེར་མེད་རོ་གཅིག་མ་རྟོགས་ན།། གཉིས་སྣང་བའི་ཆོས་རྣམས་ཀྱིས།། གལ་ཏེ་བསྐལ་པར་རྙེད་མི་འགྱུར།། མཆོག་གི་གེ་འཕང་མི་ཐོབ་སྟེ།། ཁོ་ན་ཉིད ་ཀྱི་རང་བཞིན་ལ།། དགག་དང་སྒྲུབ་པ་དང་གིས་བྱུལ།། གཉིས་མེད་དང་ལས་མ་གཡོས་པས།། གང་འདིར་ཡིད་ཀྱི་ཡེ་ཤེས་ནི།། གཅིག་ཀྱང་བྲལ་བ་མ་ཡིན་ནོ།། ལྷན་ཅིག་སྐྱེས་གང་བདེ་བའི་རོ།། རྒྱུན་མི་འཆད ་པའི་བདག་ཉིད་དེ།། ཆུ་བོའི་རྒྱུན་དང་ན་མཁའ་བཞིན།། མི་འགྱུར་དུས་རྣམས་ཀུན་ཏུ་གནས།། རྟོག་པ་རྗེས་འབྲངས་མཚན་མའི་བློས།། ནམ་ཡང་ཤེས་པ་མ་ཡིན་ནོ།། བསམོ་མེད་ཡུལ་ལ་བརྟག་ཏུ་མེད།། ཡུལ ་མེད་བསྒོམ་པར་ག་ལ་འགྱུར།། བསྒོམ་མེད་ཉིད་ཀྱང་ཡོད་མ་ཡིན།། དཔེ་ཡི་དོན་ལ་གང་དྲིས་པ།། སངས་རྒྱས་ཀུན་གྱི་ཐུགས་དང་མཉམ།། བྲོ་གར་གླུ་དང་རོལ་མོ་ཡིས།། ཕྱོགས་རྣམས ་ཀུན་ཏུ་སྒྲ་སྒྲོགས་ཤིང་།། རྣལ་འབྱོར་མས་ནི་གཡོན་ནས་བསྐོར།། དམིགས་བཏང་བྲལ་བའི་རང་བཞིན་གྱིས།། འབད་པ་མེད་པར་ཀུན་ཏུ་སྦྱང་།། གཉིས་སྣང་བའི་རྟོག་པ་ཐམས་ཅད་བེ་ཙམ་གྱུར་ནས།། བརྗོད་མེད་རྣམ་མེད ་འབྲས་བུ་ཐོབ་འགྱུར་ཤོག།། ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས་གསུངས་པ།། ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་རྩེ་མོ་ངོ་ཧའི་གླུ་ཞེས་བྱ་བ་རྫོགསོ།། ་