| Wylie | e-texts produced with BDRC’s OCR application |
པ་འབྱུང་བར་འགྱུར།། མན་ངག་གི་ཚིགསུ་བཅད་པ་བཅུ་གཉིས་པ་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས་གསུངས་པ་རྫོགསོ།། ། རྒྱ་གར་སྐད་དུ། སྲ་ཨ་དྷིཥྛ་ནཽ་ཀྲ་མ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚ་ལོ།། བདག་ལ་བྱིན་གྱིས་བརླབ་པའི་ཆ་ཡི་ཁྱད་པར་བསྟན་པས་སྤྲུལ་པ་སྒྱུ་མའི་བདག། དཔལ་ལྡན་རྡོ་རྗེ་སྒེག་མོ་ཉིད་ལ་ལྷག་པར་རོལ་པའི་རོ་གཱང་ཅི་ཡང ་རུང་། རྡོ་རྗེ་བདུད་རྩི་དཔལ་ལྡན་གང་ལ་གང་གིས་བསྟོད་པ་དེ་ལྟ་འང་འཁྲུལ་པའི་རང་བཞིན་ན།། ཇི་ལྟར་བརྗོད་པ་འདི་ལས་གཞན་སུ་བཙམ་ལྡན་དེ་ལ་ཀུན་ནས་ཕྱག་འཚལ་ལོ།། གང་ཡང་མངོན་དགའི་རྒྱལ་བའི་སྐུ་མཛེས ་གཅིག་པུ་ཉིད།། སུ་ཡང་མཁས་རྣམས་སྙིང་གར་གཉིད་སང་མི་འགྱུར་བ།། གང་ཞིག་ཤར་བཱས་མཉམ་པའི་དུས་ན་དབང་པོ་དང་།། ཡུལ་རྣམས་བཅས་པ་ནུབ་པ་དེ་ལ་ཕྱག་འཚལོ།། གང་ལ་སྤྲོས་པ་དཔལ་ལྡན། ་བདེ་བའི་རང་བཞིན་རྡོ་རྗེའི་མཚོན་འཛིན་ཅིང་།། གང་ཞིག་ཆ་བྱད་སྤོས་བྲལ་དྲི་མེད་ཤྭ་རབ་རང་བཞིན་ཀུན་ཏུ་འགྲོ།། དཔག་བསམས་ལྕགསེ་མས་མངོན་མཚུངས་གནས་གསུམ་ཉོན་མོངས་དྲ་བ་གཅོད་པ་གང་།། ་དཔལ་ལྡན་རྡོ་རྗེ་ཚིག་མཚན་བཙུན་མོ་དེ་ལ་ཀུན་ནས་ཕྱག་འཚལོ།། གང་ཞིག་རྡོ་རྗེ་ཡན་ལག་མ་ཞེས་ཀུན་ནས་དྲན་པས་ཀྱང་།། ཉོན་མོངས་བྲལ་བའི་བདེ་བ་འབའ་ཞིག་སར་ནི་བདེ་འགྲོ་བ།། དེ་ལ་མི་ཕྱེད་གུས ་པའི་ཁུར་གྱི་ལྕིད་ཀྱིས་མགྲིན་སྨད་ནས།། དེ་ཡི་ཞབས་ཀྱི་པདྨའི་རྡུལ་ལ་སྤྱི་བོས་ཕྱག་འཚལོ།། གང་གིས་བཀའ་དྲིན་ཟེར་གྱིས་སྤྲོས་པ་བདག་གིས་དེ་ཉིད་ནི།། རིན་ཆེན་འོད་ཀྱིས་བསྐོར་བས་མུན་པའི་ཚོགས་ནི་རབ ་བཅོམ་ཞིང་།། རྙོག་མེད་མིག་གིས་རང་གི་རྣམ་པར་རོལ་པ་རིང་མཐོང་བའི།། བླ་མ་རྣམ་པར་སྣང་བྱེད་དེ་ལ་ཡང་དག་འདུད།། གང་ཞིག་སྲིད་པ་དང་ནི་ཞི་གནས་འགྲམ་དུ་དགའ་བ་རྒྱུ་འཐུན་འབབ།། ཡེ་ཤེས་ན་མཁའི་ཆུ་བས ་ཡིད་རྒྱས་དཔྲལ་ལྷུན་བླ་མ་གསུམ་པ་ཉིད།། དཔལ་ལྡན་རྡོ་རྗེ་སྒེག་མོ་བཙུན་མོ་ཚོགས་རྣམས་ཤེས་རབ་ཕ་རོལ་ཕྱིན་རང་བཞིན།། གང་ཞིག་གནས་གསུམ་སྟེན་པ་གཅིག་ཕུ་དམ་པའི་དབང་ཕྱུག་དམ་པའི་སེམས་ལ་བདག་སྐབས ་མཱ་ཆི། གང་གིས་སེམས་ནི་མཉམ་པ་ཉིད་ཀྱི་ཡུལ་དུ་འཇོག་ཅིང་དུག་འདྲ་བའི།། འཁོར་བ་བཅུད་ཀྱིས་ལེན་གྱིས་རྣམ་པར་མཛད་པ་རང་དབང་སྔགས་འདྲ་བ།། གང་གིས་ས་སྡེ་དབང་པོའི་བློ་ཡི་ས་མིན་འགྲོ་གསུམ་ཁང་ཚུང ་དྲི་མ་འཁྲུད་ནུས་གཅིག་པུ་བླ་མ་དམ་པའི་ངག་ལ་ཕྱག་འཚལོ།། གང་གང་དྲན་པར་ཡང་དག་གནས་པས་སྙིང་ག་པདྨའི་མདུད་པ་ནི།། དབུགས་འབྱིན་གྲོལ་པར་སྦྱོར་བའི་བླ་མའི་བཀའ་ལུང་དེ་དེས་ནི།། ཉི་ཕྱེད་འོད ་འདྲའི་ཚོགས་ཀྱིས་གནས་གསུམ་ཁུང་བུའི་མུན་འཇོམས་ཤིང་།། རྨོངས་དང་འགལ་ལ་བདག་ནི་དུལ་བར་བཅས་པས་ཕྱག་འཚལོ།། བླ་མའི་ཞབས་ཀྱི་རྡུལ་འདི་ཉུང་ཟད་དྲན་པ་ཡི།། ཡོན་ཏན་སྤྲོས་པ་ཡོངསུ་གྱུར ་པས་དཔལ་ལྡན་པ།། མི་བདེ་བ་ཡི་བདག་ཉིད་ཀྱང་ནི་མཆོག་བདེ་བར།། གལ་ཏེ་གྲུབ་ན་འདི་ལས་བསྒྲུབས་བྱ་གཞན་མེད་དོ།། བདག་ནི་བླ་མའི་ཞབས་ཀྱི་རྡུལ་ལ་གུས་དང་ལྡན་པས་རྒ་ཤི་དང་།། ནད་དང་སྡུག་བསྔལ ་སྣ་ཚོགས་མདའ་འདྲའི་ཟུག་རྔུའི་ཚོགས་འདིས་དྲལ་བ་མེད།། ལུས་ཅན་རྣམས་ལྔ་ཡེ་ཤེས་བདུད་རྩི་སྐལ་བ་མ་བགོས་མི་ནུས་པས།། གང་ཞིག་བདག་གིས་སྤྱད་པ་དྲི་ནི་འདི་ནི་ཡོངསུ་གདུང་བྱ། ་ཆེ། བློ་ཡི་ཡུལ་མིན་དེས་ནི་གང་གི་སྤྱོད་ཡུལ་མིན།། གཞི་ཡི་གཏམ་གྱི་རིམ་པ་བླ་མས་གསུངས་པ་རིང་།། དེ་ཡི་རིམ་པས་སྙིང་རྗེ་ལ་སོགས་ཡོན་ཏན་དག། དང་ལྡན་རྣམས་ལ་སྙིང་གི་གནསུ་རང་ཉིད་སྐྱེ།། དངོས ་པོ་འདི་ཀུན་གཅིག་པ་དང་།། དུ་མའི་རང་བཞིན་ཚྭ་བྲལ་ཏེ།། འདི་ནི་ཞེན་པའི་སྦྱོར་བྲལ་བས།། རྩོལ་བའི་རྣལ་འབྱོར་རྣལ་འབྱེར་འགྱུར།། སྤུ་ལངས་མྱུ་གུའི་ཚོགས་ཀྱིས་རབ་དགའ་ཡི།། མཆི་མས་མིག་དང་རྫི ་མ་བཀྲུས་ནས་སུ།། ཆེས་བརྟན་གུས་པའི་ཁུར་གྱིས་མགོ་འཛིན་ནི།། དཔག་བསམ་བླ་མ་དམ་པ་ལ་འདུད་དོ།། གསལ་བར་སྤྱི་བོརྱ་ལག་སྔར་ཅུང་ཟད་བྱེད།། རབ་དགའ་བཅས་པ་ནོར་འཛིན་ཡན་ལག་འཁྱུད། ་ཡང་དག་གུས་པའི་སྐད་པས་ཡིད་ཀྱི་མེ་ཏོག་ནི།། མདུང་པར་རྒྱུས་པའི་བདག་གི་ཕྲེང་བ་འདི་བཞེསྡེ་ཤིག། མགོན་པོ་ཁྱེད་ཀྱི་བཀའ་གནང་ཉུང་འདུས་ཤེས་རབ་ནི།། རྒྱལ་པོའི་བུ་མོ་ཚལ་མཁས་འདྲ་དབང ་དུ་བྱེད།། འགྲོ་བ་རྣམས་ཀྱི་རང་བཞིན་རོལ་པའི་རོ་ཡི་བདེ་བ་ནི།། འབའ་ཞིག་རྗེསུ་མྱོང་བ་དེ་ནི་ཡིད་ཅིག་བསོད་ནམས་ཅན།། ལང་ཚོའི་སྙིང་རྗེས་བརླན་པས་ཁྱོད་ཀྱིས་སྔོན་མེད་ལ་མ་གསུངས་པ།། འགྲོ་པོ ་བགྲོད་བྱ་མེད་དང་འགྲོ་མེད་ཅེས་བྱ་ངོ་མཚར་ཆེ།། གོང་དུ་གོམ་པ་བོར་བ་ཙམ་གྱིས་མཉམ་མེད་བདེ་བའི་རྒྱུན་བཅས་པ།། གང་ཚེ་སྲིད་དང་ཞི་བ་ཅུང་ཟད་ཐ་དད་མ་མཐོང་ངོ་།། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧ ་ཆེན་པོས་མཛད་པ་བདག་བྱིན་གྱིས་བརླབས་པ་གྲུབ་པ་རྫོགསོ།། ། པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲའི་ཞལ་སྔ་ནས་དང་།། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་པ་བ ་པའོ།། @#རྒྱ་གར་སྐད་དུ། ཏཏ་ཏཱ་ཨུ་པ་དེ་ཤ་ཤྩི་ཁ་ར་དོ་ཧྱ་གཱི་ཏི་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དོ་ཧའི་གླུ་ཞེས་བྱ་བ། འཕགས་པ་འཛ་དཔལ་ལ་ཕྱག་འཚལོ།། མ ་