| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ད་ད་ཤ་ཨུ་པ་དེ་ཤ་གཱ་ཐཱ། བོད་སྐད་དུ། མན་ངག་གི་ཚིགསུ་བཅད་པ་བཅུ་གཉིས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚུལོ།། བྱང་ཆུབ་སེམས་ནི་ཞི་བ་སྟེ། དེ་ལ ་གནས་པ་གང་ཡིན་པ།། ནམ་མཁའ་བཞིན་དུ་ཞི་བལ་འགྱུར།། ལུས་ངག་ཡིད་ལས་བྱུང་བ་ཡི།། དེ་ལ་ཅུང་ཟད་འགྱུར་བྲེ་མེང་།། ཡང་དག་ཡེ་ཤེས་ལས་འདས་པ།། རྣམ་པར་མི་རྟོག་ཞི་བར་འགྱུར།། རྟོག་པ་ཞི་བ་སངས ་རྒྱས་ཉིད།། དེ་ཉིད་རྣམ་པ་མཁྱེན་ཉིད་དོ།། དངོས་པོ་དངོས་པོ་མཐོང་ནས་ནི།། དེ་ལྟར་རྣམ་རྟོག་གང་བྱུང་བ།། དེ་ནི་རྟོག་མེད་ཡེ་ཤེས་ཡིན།། འགྲོ་བ་ཐཱ་དད་འཛིན་ཕྱིར་རོ།། དངོས་པོ་ཀུན་གྱི་རང་བཞིན་ནོ།། ཐམས ་ཅད་དུ་ནི་སོ་སོར་གནས།། དེ་དགེ་ལ་ནི་ཁྱད་པར་དུ།། ང་རྒྱལ་མེད་ཅིང་རྨོངས་པ་མེད།། དེ་ཕྱོགས་ཕྱོགས་གཅིག་དངོས་པོ་ལ།། བདག་ཏུ་འཛིན་པ་ཇི་ལྟར་ཡིན།། དུད་འགྲོ་ལ་སོགས་རང་བཞིན་ནོ།། ཕྱོགས་གཅིག ་ཙམ་ལས་གང་བྱུང་བ།། དེ་ཡི་ངོ་བོར་བཤད་པར་བྱ།། ཡང་དག་སེམས་ཀྱིས་གཟུང་བར་བྱོས།། སྡུག་ནི་ཕུག་ན་གནས་པ་དང་།། སྦལ་པ་སྟོང་པ་ཆེན་པོ་དང་།། བྱི་ལ་དེ་སྤུ་ལྡང་བ་དང་།། བ་ལང་ལ་སོགས་ལུས་པོ ་སྤུག། སྦྲུལ་ལ་བཟའ་བ་མེད་པ་དང་།། བྱ་རྣམས་མཁའ་ལ་འགྲོ་བ་དང་།། སྲིན་བུ་མེ་ཁྱེར་འོད་འཕྲོ་དང་།། རྔ་མོས་སྦྲུལ་རྣམས་འགུགས་པ་དང་།། རྨ་བྱ་སྐོམ་ལས་རྒྱལ་བ་དང་། བུང་བས་དུག་རྣམས་ཟོས་པ་དང་།། ཆུ ་བྱས་དབང་པོ་བསྡམས་པ་དང་།། སེང་གེ་འཇིགས་པ་མེད་པ་དང་།། འུག་པས་མཚན་མོ་མཐོང་བ་དང་།། བྱ་རྒོད་རིན་ཆེན་རྟོགས་པ་དང་།། སྦྲུལ་གྱི་དུག་ནི་བྱེད་པ་དང་།། རྨ་བྱས་དུག་རྣམས་ཟ་བ་དང་།། ངུར་པས་མ་འོངས་ཤེས་པ ་དང་། ནེ་ཚོས་ཚིག་ལ་མཁས་པ་དང་།། སྦྲང་བུས་རྗེས་རྣམས་སྡང་པ་དང་།། དུད་འགྲོ་ལ་སོགས་རང་རིག་འགྲོ།། དང་པས་ཆུ་དང་འོ་མ་འབྱེད།། བུང་པོའི་སྐད་ནི་ཤིན་ཏུ་སྙན།། ཆུ་སྐྱར་ཚིམས་སེམས་ཅན་འཛིན།། སྦྲུལ་གྱི་མིག ་གིས་ཐོས་པ་དང་།། རི་དགས་ལས་ནི་གླ་རྩི་འབྱུང་།། མགུ་ནས་ནི་མིག་གིས་སྣོམ།། ཆུ་ཡི་ནང་ན་གནས་པའི་ཉ།། སྲོག་དང་རྩོལ་བས་འགོག་པར་བྱེང་།། ཚུལ་ང་ནི་བཟླས་པ་བྲམ་ཟེ་ཡིས།། ཡེ་ཤེས་མཐོག་ཏུ་ཐལ་བར་འགྱུར།། ་སྟག་ལ་སོགས་པའི་སྲོག་ཆགས་ཀུན།། སྔ་མའི་བག་ཆགས་ལས་བྱུང་བའི།། རང་བཞིན་ཡོན་ཏན་འབྱུང་བར་འགྱུར།། དེ་དག་འཇིག་རྟེན་ཡེ་ཤེས་ཅན།། དཀའ་ཐུབ་མ་ཡིན་གྲོལ་བ་མིན།། སྔ་མའི་བག་ཆགས་ལས་བྱུང ་བའི།། དེ་དག་སོ་སོར་གནས་པ་ཡིན།། དེ་ཙམ་ཡེ་ཤེས་ཡིན་ནཱ་ནི།། དུང་འགྲོ་རྣམས་ཀྱང་གྲོལ་བར་འགྱུར།། དེ་ལྟར་ཤེས་ཏེ་ཞེན་སྤངས་ནས།། ཡང་དག་ཡེ་ཤེས་སྤང་པར་བྱ།། གང་གིས་བྱང་ཆུབ་དམ་པ་དག། དངོས་གྲུབ་དམ ་པ་འབྱུང་བར་འགྱུར།། མན་ངག་གི་ཚིགསུ་བཅད་པ་བཅུ་གཉིས་པ་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས་གསུངས་པ་རྫོགསོ།། ། རྒྱ་གར་སྐད་དུ། སྲ་ཨ་དྷིཥྛ་ནཽ་ཀྲ་མ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ ་