CLOSE WINDOW

GT1123: do ha mdzod ces bya ba phyag rgya chen po'i man ngag
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་མ་ཧཱ་མུ་དྲ་ཨུ་པ་དེ་ཤ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལོ།། ལྷན་ཅིག་སྐྱེས་པའི་ཡེ་ཤེས ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང་།། རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ།། ཐམས་ཅད་མ་ལུས་ན་མཁའི་རང་བཞིན་ལས།། དུས་རྣམས་ཀུན་ཏུ་ནམ་ཡང་གཡོ་བ་མེད ་ནམ་མཁའ་ན་མཁའ་ཞེས་ནི་རབ་བརྗོད་ཀྱང་།། ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད།། ཡོད་དང་མེད་དང་ཡོད་མི་ནི་མེད་མིན་དང་། དེ་ལས་གཞན་དུའང་མཚན་པའི་ཡུལ་ལས་འདས།། དེ་ལྟར་ན་མཁའ་སེམས་དང་ཆོས་ཉིད་ལ།། ཐ་དད་ཅུང ་ཟད་ཡོད་པ་མ་ཡིན་ཏེ།། ཐ་དང་མིང་ནི་གློ་བུར་བཏགས་པ་ཙམ།། དེ་ལ་དོན་མེད་བརྫུན་གྱི་ཚིག་ཏུ་ཟད་།། ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ།། སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད།། གང་གིས་གདོད་ནི ་སེམས་མེད་རྟོགས་པ་ཡིས།། དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད།། ཆོས་ཀྱི་ཟ་མ་ཏོག་ཅེས་ཡོངསུ་གདགས།། དེ་ཡང་ལོགས་པའི་ཆོས་གཞན་མ་ཡིན་ཏེ།། གཟོད་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ།། དེ་ཡི་དེ ་ཉིད་བསྟན་དུ་ཡོང་མིན་ཏེ།། བརྗོད་དུ་མེད་པས་སུས་ཀྱང་གོ་བ་མེད།། གལ་ཏེ་བདག་པོ་ཡོད་ན་ནོར་ཡོད་དེ།། ཡེ་ནས་བདག་མེད་དེ་ལ་ཅི་ཞིག་ཡོད།། སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ།། སེམས་མེད་པ་ལ་ཆོས་ཞིག་སུ ་ཡིས་རྟོགས།། སེམས་དང་ཆོ་སུ་སྣང་བ་ཐམས་ཅད་ནི།། བཙལ་ན་མི་རྙེད་ཚོ་ལ་མཁན་གོང་ནས་མེད།། མེད་པ་དུས་གསུམ་མ་སྐྱེས་མི་འགག་པས།། དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི།། རང ་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན།། དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ།། འགྲོ་བ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད།། འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས་བཏགས་པའི་ཆོས་རྣམས་རི་བོང་རྭ་དང ་འདྲ། ཀྱེ་མ་ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང་།། མིག་མེད་རྣམས་ལ་མུན་པོ་རྣམསུ་སྣང་།། ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་གྱུར་ཀྱང་།། རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་རིང་།། འགྲོ་བ་རྣམས་ཀྱིས་སེམས་མེད་མ ་རྟོགས་པས།། བཏགས་པའི་སེམས་ཀྱི་སེམས་ཉིད་རབ་ཏུ་བཅིངས།། ཇི་ལྟར་གདོན་གྱིས་བརླམས་པའི་སྨྱོན་པོ་དག། འབོང་མེང་དོན་མང་སྡུག་བསྔལ་བྱེད་པ་ལྟར།། དངོས་འཛིན་རྣམ་རྟོག་གདོན་ཆེན་ཟིན་པ་ཡི།། སྐྱེ ་པོ་དོན་མེད་སྡུག་བསྔལ་འབབ་ཞིག་བྱེད།། ཁ་ཅིག་བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས།། བདག་པོ་ཁྱིམ་དུ་བཞག་ནས་གཞན་དུ་ཚེལ།། ཁ་ཅིག་གཟུགས་བརྙན་དག་ལ་དོན་དུ་འཛིན།། ཁ་ཅིག་རྩ་བ་བོར་ནས་འོ ་འདབ་འབྲེག། ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རོ།། ཀྱེ་འོ་བུས་པ་རྣམས་ཀྱིས་དེ་ཉིད་མ་རིག་ཀྱང་།། དེ་ཉིད་དང་ལས་གཡོས་མེད་དེ་ཡིས་རྟོགས།། ང་ཡིས་ང་ཡིར་ཐོག་མཐའ་ཤེས་གྱུར་པས།། ང་ཡིས་ང་མཐོང་ཡང ་ཉིད་གཅིག་པུར་ལུས།། གཅིག་པོ་ཉིད་ལ་བལྟས་པས་གཅིག་མ་མཐོང་།། མཐོང་བྱ་མཐོང་བྱེད་བྲལ་བས་བརྗོད་དུ་མེད།། བརྗོད་དུ་མེད་པ་སུ་ཡིས་གོ་བར་འགྱུར།། གཉུག་མའི་ཡིད་ལ་གང་ཚེ་སྦྱང་གྱུར་པ།། དེ་ཚེ ་རི་ཁྲོད་ང་ཡི་རྟོགས་པར་འཇུག་སེང་གེའི་འོ་མ་སྣོད་ངན་ཕལ་པར་མིན།། ཇི་ལྟར་ནགས་ན་སེང་གེའི་ང་རོ་ཡིས།། རི་དྭགས་ཕྲ་མོ་ཐམས་ཅད་སྐྲག་གྱུར་ཀྱང་།། སྲེང་ཕྲུག་རྣམས་ནི་དགའ་བས་རྒྱུག་པ་ལྟར།། གདོང་ནས་མ ་སྐྱེས་བདེ་ཆེན་འདི་བསྟན་པས།། རྨོངས་ལོག་རྟོག་ཅན་རྣམས་སྐྲག་གྱུར་ཀྱང་།། སྐལ་ལྡན་རབ་ཏུ་དགའ་བས་སྤུ་ཟིང་བྱེད།། ཀྱེ་འོ་མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས།། རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན།། ་ཡོངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། མཚན་མ་རང་གྲོལ་བདེ་བ་ཆེན་པོའི་ངང་།། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཀུན།། སང་བའི་དུས་ན་རང་བཞིན་མེད་པའི་ཕྱིར།། རེ་དང་དོགས་པའི་བསམ་པས་ཀུན་བསླངས ་ནས། དགག་དང་སྒྲུབ་པའི་བསམ་པ་སུ་ཞིག་བྱེད།། འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན།། དེ་ཉིད་མཐོང་བས་རང་བཞིན་མེད་པའི་ཕྱིར།། རེ་དང་དོགས་པའི་བློ་ནི་ཟད་གྱུར་པས།། སྤང་དང་བླང་བའི་འབང་རྩོལ་ཅི ་བྱར་ཡོད།། སྣང་གྲགས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང་།། གཟུགས་རྙན་དང་མཚུངས་དངོས་པོ་མཚན་མ་མེད།། སྒྱུ་མར་སྣང་མཁན་སེམས་ཉིད་ན་མཁའི་སྟེ།། མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར།། གམ ་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ།། བཆ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར།། བཏགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན།། ཆོས་ཀྱི་དབྱིངསུ་རོ་གཅིག་ཤེས་པར་བྱོས།། གང་ཞིག་ན་མཁའི ་ཁམས་ནི་ཡོངས་བཙལ་ཀྱང་།། མཐའ་དང་དབུས་མིང་མཐོང་བ་ཡོངསུ་འགག། དེ་བཞིན་སེམས་དང་ཆོས་ནི་ཡོངས་བཙལ་བས།། སྙིང་པོ་རྡུལ་ཙམ་རྙེད་པར་མ་གྱུར་ཏོ།། ཡོངས་སུ་ཚོལ་བའི་སེམས་ཀྱང་མི་དམིགས ་པས། ཅི་ཡང་མ་མཐོང་བ་ཉིད་དེ་མཐོང་ཡིན།། ཇི་ལྟར་གཟིངས་ལ་འཕུར་བའི་བྱ་རོག་ནི།། ཕྱོགས་རྣམས་བསྐོར་ཞིང་སླར་ཡང་དེ་རུ་འབབ།། འདོད་པའི་སེམས་ཀྱིས་བསྟན་པའི་རྗེས་བཅད་ཀྱང་།། དང་པོའི་སེམས་ཉིད ་གཉུག་མ་ཉིད་དུ་འབབ།། རྐྱེན་གྱིས་མི་འགུལ་རེ་བའི་ཡི་ཆང་པ།། དོ་ཌ་པཱི་ལྤཱ་ཊས་ཞིག་པས་རྡོ་རྗེ་སེམས།། རྩ་བ་ཆོད་པའི་སེམས་ཉིད་ན་མཁའ་འདྲ།། སྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ།། ཐ་མལ་ཤེས་པ་རང་ལུགས་གཉུག ་མྱ་ལ།། བཅོས་མའི་དམིགས་པ་དག་གིས་མ་བསླང་དེ།། རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས།། མ་བཟུང་མ་བཏང་རང་དགའ་ཉིད་དུ་ཞོག། གལ་ཏེ་མ་རྟོགས་བློ་ལ་སྐེམ་རྒྱུ་མེད།། རྟོགས་པ་ཅན་ལ་བསྒོམ་བྱ ་སྒོམ་བྱེད་མེད།། ཇི་ལྟར་ན་མཁས་ན་མཁའ་དམིགསུ་མེད།། དེ་ལྟར་སྟོང་པས་སྟོང་བསྒོམ་དུ་མེད།། གཉིས་མེད་ཤེས་པས་ཆུ་དང་འོ་མ་ལྟར།། སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆང་མེད།། འདི་ལྟར་དུས་གསུཾ ་རྣམ་པ་ཐམས་ཅད་དུ།། ཡིད་ལ་བྱ་བ་མེད་ཅིང་མ་བྲལ་གཉུག་མའི་དང་།། དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙང་གདགས།། རླུང་ནི་མི་བཟུང་ཡིད་ནི་མི་བཙོང་བར།། མ་བཅོས་ཤེས་པ་བླ་ཆུང་ལྟ་བུར་ལྐོག། དྲན་ཏོག་བྱུང་། ་ན་དེ་ཉིད་རང་ལ་ལྟོས།། ཆུ་དང་རླབས་གཉིས་ཐ་དད་མ་རྟོགས་ཅིག། ཡིད་ལ་མི་བྱེང་ཕྱག་རྒྱ་ཆེན་པོ་ལ།། སྒོམ་རྒྱུ་རྡུལ་ཙམ་མེད་པས་མི་སྒོམ་སྟེ།། སྒོམ་མེད་དོན་དང་འདྲལ་མེད་སྒོམ་པའི་མཆོག། གཉིས་མེད་ལྷན་སྐྱེས ་བདེ་བ་ཆེན་པོའི་རོ།། ཇི་ལྟར་ཆུ་ལ་ཆུ་གཞག་རོ་གཅིག་ལྟར།། ཇི་བཞིན་དང་དུ་དེ་བཞིན་གནས་པའི་ཚེ།། དམིགས་འཛིན་ཞེན་པའི་ཡིད་ནི་རབ་ཏུ་ཞི།། ཀྱེའོ།། གཉིས་མེད་གཉུག་མའི་རྣལ་འབྱོར་གང་དེ་ལ།། ་སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད།། ངས་ནི་ཆོས་ཀུན་མ་བཏང་བས།། བུ་ཁྱེད་འདི་གྱིས་བྱ་བ་མི་སྨྲའོ།། ཇི་ལྟར་ནོར་བུ་དེ་དངོས་མེད་པ་ལྟར།། རྣལ་འབྱོར་སྤྱོད་པ་དེ་དངོས་མེད་པ་སྟེ།། འདུ་བྱེད་སྣ་ཚོགས་ཅལ་ཅོལ་གང ་སྨྲས་ཀྱང་།། རྣལ་འབྱོར་བློ་ནི་གཅིག་ལས་མི་འདྲའོ།། གཅིག་ཉིད་ན་ནི་གཅིག་ཀྱང་ཡོད་མིན་པས།། རྣམ་པ་སྣ་ཚོགས་རྩ་བ་བྲལ་གྱུར་ཏེ།། སྨྱོན་པ་བཞིན་དུ་རྩིས་མེད་ཡིན་པ་ལ།། བྱར་མེད་སྤྱོད་པ་བུ་ཆུང་བཞིན ་དུ་གནས།། ཨེ་མ་སྲིད་པའི་འདམ་སྐྱེས་པདྨ་ལྟ་བུའི་སེམས།། ཉེས་པ་གང་གིས་གང་ལ་གོས་པ་མེད།། ཟ་ཞིང་འཐུང་ལ་གཉིས་སྤོང་བདེ་བ་དང་།། གལ་ཏེ་ལུས་སེམས་རབ་ཏུ་གདུངས་གྱུར་དང་།། རྣམ་པ་སྣ ་ཚོགས་གང་ལ་སྤྱོད་གྱུར་པ།། གང་གིས་མ་བཅིངས་མ་གྲོལ་གོས་པ་མེད་།། རྟོགས་པའི་རང་སྤྱོད་རྩིས་མེད་དང་དེ་ནས།། རྨོངས་པའི་འགྲོ་བ་ཉམ་ཐག་མངོན་གྱུར་ཚེ།། མི་བཟོད་སྙིང་རྗེའི་ཤུ ་ཀྱིས་མཆི་མ་འབྱུང་།། བདག་གཞན་བཟློག་ནས་ཕན་པ་ཉིད་ལ་འཇུག། དོན་ལ་བརྟགས་ན་དམིགས་པ་གསུམ་བྲལ་པོས།། ཡང་དག་མ་ཡིན་རྨི་ལམ་སྒྱུ་འདྲ་སྟེ།། ཆགས་ཐོགས་བྲལ་བས་དགའ་ཞིང་སྐྱེ་མེད་པ།། ་སྒྱུ་མ་མཁས་པ་སྒྱུ་མའི་དོན་བྱེད་མཚུངས།། གདོད་ནས་དག་པ་ན་མཁའི་རང་བཞིན་ལ།། སྤངས་དང་ཐོབ་པའི་དངོས་པོ་འགའ་ཡང་མེད།། ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ནི།། འབྲས་བུ་གང་དུའང་རེ་བོ་མ་བྱེད ་ཅིག། རེ་བའི་སེམས་ནི་གདོད་ནས་མ་སྐྱེས་པས།། སྤངས་དང་ཐོབ་པའི་དངོས་པོ་ཅི་ཞིག་ཡོད།། གལ་ཏེ་གང་གིས་ཐོབ་པའི་དངོས་ཡོད་ན།། བསྟན་པའི་ཕྱག་རྒྱ་རྣམ་བཞིས་ཅི་ཞིག་བྱེད་།། ཇི་ལྟར་རི་དགས་འཁྲུལ ་གདུངས་པ་ཡིས།། སྨིག་རྒྱུའི་ཆུ་ལ་རབ་ཏུ་རྒྱུག་པ་ལྟར།། རྨོངས་པ་གང་ཞིག་འདོད་པས་རབ་གདུངས་པས།། ཇི་ལྟར་འབད་ཀྱང་སླར་ནི་རིང་བར་འགྱུར།། ཡི་ནས་མ་སྐྱེས་རང་བཞིན་རྣམ་དག་པས།། དེ་ལས ་ཁྱད་པར་ཅུང་ཟད་ཡོང་མིན་ཏོ།། བཏིགས་པའི་ཡིད་ནི་དབྱིངས་སུ་དག་གྱུར་པ།། དེ་ལ་རྡོ་རྗེ་འཆང་ཞེས་བཏགས་པ་ཙམ།། ཇི་ལྟར་ཨ་ཐང་སྐམ་པོའི་སྨིག་རྒྱུ་དག།། ཆུར་སྣང་མུ་ནི་གཉིས་སུ་མེད་པ་ལྟར། ་གཟོང་ནས་དག་པ་བཏགས་པའི་ཡང་སངས་པ།། ད་ལ་རྟག་ཆང་གཉིས་སུ་བརྗོད་དུ་མེད།། ཡད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ།། སྨོན་ལམ་དབང་གིས་རེ་བ་ཡོངས་སྟོང་གཱ ་དེ་ཡང་འཇིག་རྟེན་ཐ་སྙད་ཀུན་རྫོབ་སྟེ།། ། དམ་པའི་དོན་དུ་འགའ་ཡང་ཡོད་མ་ཡིན།། ངོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི ་མན་ངག་དཔལ་རི་ཁྲོད་པ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་ཐ་ཤྲཱི་བ་རོ་ཙན་རཀྵི་ཏས་རང་འགྱུར་དུ་མཛོད་པའོ།། ་