CLOSE WINDOW

GT1122: sku gsung thugs yid la mi byed pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀཱ་ཡ་བཱཀ་ཙིཏྟ་ཨ་མན་སི་ཀཱ་ར་ནཱ་མ། བོད་སྐད་དུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་ཞེས་བྱ་བ། མཚན་མ་རབ་ཏུ་མི་གནས་པ་ལ་ཕྱག་འཚལོ།། རྡོ་རྗེ་འཛིན་པ་ལ་ཕྱག་འཚལོ།། གང ་ཞིག་སྐུ་ཡི་ཁྱད་པར་བདུད་བཞི་རབ་ཏུ་འཇོམས་མཛད་ཅིང་།། རྣལ་འབྱོར་རྣམ་པར་གྲོལ་བས་མཛད་པ་གང་གིས་ནི།། འདོད་པའི་དོན་ནི་ཡང་དག་སྦྱིན་པར་གང་འགྱུར་བ།། འགྲོ་ལ་བྱམས་པའི་ཆ་ལུགས་མཆོག་གི་དོན་སྟོན་པ།། དོན་དམ ་རབ་ཏུ་མི་གནས་དགོངས་པ་རྒྱལ་བའི་ཐུགས།། གང་གིས་སེམས་ལ་འདི་ཀུན་བསམ་དུ་མེད་དོ་ཀྱེ།། ཁྱོད་ནི་ཕྲིན་ལས་ཡན་ལག་མང་པོ་སྟོན་མཛད་ཅིང་།། དགྱེས་ཤིང་ན་མཁའི་ཁམས་ཀུན་ཐམས་ཅད་འགེངས་པར་བྱེད།། གསུང ་མཆོག་ཡན་ལག་དྲུག་ཅུས་སྒྲ་སྐད་སྣ་ཚོགས་སྒྲོགས།། ཐུགས་ཀྱི་ཁྱད་པར་དགོངས་པ་དབྱིངས་ལས་མ~ཾ་བསྐྱོད་ཀྱང་།། ཐམས་ཅད་ཚིམ་ཞིང་མགུནས་རབ་ཏུ་སྟོན་པར་བྱེད།། བྱམས་དང་སྙིང་རྗེ་གདུགས་ཀྱི་དཀྱིལ་འཁོར་གསལ་བར་སྟོན། ་དེ་བ་ཨུ་མ་དེ་བ་རབ་ཏུ་འཇོམས་པར་བྱེད།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་གྱི་བདག་ཉིད་དེ།། ཐར་པའི་སྒོ་ནི་རྣལ་འབྱོར་རྣམས་ཀྱི་ལམ་འདི་ཉིད།། གང་ཡང་གཙོ་མཆོག་ལྡན་པའི་སྦྱོར་བདག་གིས་རབ་ཏུ་མི་དབྱེ་བར།། རྣལ་འབྱོར་ཆེན ་པོ་ཐ་མི་དད་པ་ཡིན།། གང་གིས་དེ་ནི་མི་ཤེས་པའི།། དྲི་མའི་ཚུལ་གྱིས་གང་ཡང་མཐོང་བ་མེད།། གང་གིས་དེ་ཀུན་འཆང་པོར་བྱེད་པ་དེ་ཡིས་ནི།། གཟི་མདངས་གཉིས་ལས་བརྟེན་ཏེ་ལས་ཀུན་སྟོན་པར་བྱེད།། བདག་མེད་རོ་གཅིག་ཁྱབ་པར ་བྱེད་པའི་གཟུགས་ལྡན་ནི།། འདི་ན་མི་གནས་ཀུན་ཀྱང་འགྲོ་བར་བྱེད།། སྔགས་དང་མདོ་སྡེ་ཀུན་གྱི་རྒྱལ་པོར་དབང་བསྐུར་བས།། འདི་དག་ཀུན་གྱི་རྩ་བ་ཡིད་ལ་མི་བྱེད་པར།། ཁྱེད་ཀྱིས་གཅིག་དང་གཉིས ་ལམ་སེམས་ཀྱེ།། ཀུན་རྫོབ་དྲན་པའི་ཆོ་འཕྲུལ་སྣ་ཚོགས་པར་སྟོན་པ།། དོན་དམ་མི་དམིགས་པ་ཡི་དབྱིངསུ་རོ་གཅིག་ཉིད།། དུག་ལྔ་ལ་སོགས་ནད་ཀྱིས་ཉེན་པའི་མུན་པ་སེལ།། ཐོག་མའི་མཐའ་དང་ཐ་མའི་དངོས་གཞི་མ་མཐོང། ་བར། འདུས་མ་བྱས་ལ་ཡིད་ཀྱི་དམིགསུ་མེད་དོ་ཀྱེ།། གཟུང་འཛིན་གཉིས་ཀྱི་བར་ན་མིང་དང་བྲལ་འདུག་པོ།། ཡན་ལག་ལོག་ན་གཅིག་གི་ངོ་བོ་ཉིད།། ཤེས་པར་བྱ་དང་བྱའོ་ཅོག་གི་ཐ་སྙད་ཀུན།། འདི་ལས་གཞན་དུ་ལྟ་བ་མཚན་མས ་མྱོང་བར་འགྱུར།། སྒྲ་གཅན་ཟིན་གྱིས་ཟླ་བ་ཟོས་པ་ཇི་བཞིན་ཏེ།། མ་མཐོང་བ་ཉིད་བྱིས་དང་བར་ནས་ཤོར་བར་འགྱུར།། ཡེངས་དང་གནས་པའི་བར་ན་ངོ་བོ་འདི་ཞེས་མེད།། རྒྱུ་མེད་རྐྱེན་བྲལ་སྐྱེ་བ་མེད་པ་གཉིས་པར་ན།། ལོག་པར ་ལྟ་བའི་ཚོ་གས་ཀྱིས་འདི་ལ་གཞོལ་དུ་མེད།། གི་ཝང་གུར་གུམ་ཙན་དན་ཐིག་ལེ་བྲིས་པ་བཞིན།། ཟླ་བ་བཟང་པོ་རྒྱུ་སྐར་འོད་ཀྱིས་འགེ་བས་པ་ཉིད།། སྙིང་པོའི་འོད་ཀྱིས་ཡེ་ན་ལག་ཟིལ་གྱིས་གནོན་པར་འགྱུར།། འདི་ནས་འདི ་རུ་ཟད་ཅེས་འདི་བྱུང་བརྟགས་དཀའ་ཉིད།། གང་གིས་ན་མཁའ་དག་ལ་ལོངས་སྤྱོད་པའི།། འདོད་པའི་ཡོན་ཏན་འདི་ལ་འཕེལ་འགྲིབ་མེད་པར་འབྱུང་།། གང་ཞིག་ནོར་བུ་དྲི་མ་མེད་པ་འཆང་བ་ཡི།། སེམས་ཀྱི་ཡོན་ཏན་གཏེར ་ཆེན་འདི་ལས་འབྱུང་འགྱུར་ཏེ།། མཐོང་བ་མེད་པའི་ཚུལ་གྱིས་རྟག་ཏུ་བལྟ་བ་ཉིད།། ཆོས་ཉིད་མཚོན་པའི་ངོ་བོ་འདི་ཞེས་འདས་འགྱུར་བ།། བློ་མཆོག་རྣམས་ཀྱིས་ཀྱང་ནི་ཕེབས་པར་ནུས་མ་ཡིན།། གཉིས་མེད་ཚུལ་གྱིས་དེ་བཞིན ་གཤེགས་གང་ཉིད།། འདི་ནས་སོང་བ་གང་ཡང་མེད་པར་ཤེས་པ་དེ།། འདི་ནི་མི་གནས་གང་ནའང་གནས་པ་མེད།། ཡུལ་མེད་འདི་ལ་རྟག་ཏུ་ལྟ་བ་དང་བྲལ་ཉིད།། འདི་ནས་གང་དུ་འགྲོ་བའི་ཕྱོགས་མཚམས་དེ་ཀུན་ན།། འཇིགས ་པར་བྱེད་པའི་སྒྲ་ཡིས་མ་ཁྱེར་བར།། ཅི་བདེ་བ་དང་ལྷན་ཅིག་དག་ཏུ་བྱོས།། ཀྱེའོ་གྲོགས་དག་འདི་ལ་སེམས་གཉིས་ཡོད་དེ་མེད་ཀྱི་བརྟག་པ་ཀུན།། རྣམ་རྟོག་རླུང་གིས་བསྐྱོད་དེ་སྨྱོན་པའི་ཚིག་ཏུ་འགྱུར།། སྨྱོ་བར་གྱུར་ནས་རྒྱ་མཚོར་ལྷུང་བ་ཉིད།། ་ཚངས་པ་རྡུལ་དང་མཚན་མའི་མུན་པ་དག་དང་མ་བྲལ་བ།། དེ་ཉིད་གཉིས་བྲལ་རྟོགས་པར་འདོད་པ་གང་།། རྒྱ་མཚོ་ས་དང་གཤཱག་མར་ནོར་བུ་འགྱུར་མཐོང་ཉིད།། བརྟུལ་ཞུགས་མྱ་ངན་འདའོ་བའི་སྤྱོད་པ་གང་བྱེད་པ།། འདི་ནི་མི་ཤེས ་དེ་འདྲར་སྟོན་པར་བྱེད།། བདེན་པ་གཉིས་བྲལ་སྒྲོ་སྐུར་མེད་པའི་གཉུག་མ་གང་།། གང་དུ་མཐོང་བ་མེད་པ་དེ་ཡིན་ཏོ།། ངེས་པར་གྲུབ་ཅིང་འདི་ལ་རང་བཞིན་མེད་པར་འགྱུར།། གང་གིས་མ་མཐོང་བ་ལས་དེ་ནི་རྒྱལ་བར་འགྱུར།། ཐེག་པ ་གསུམ་གྱིས་མྱ་ངན་འདས་སྟོན་པ།། འདི་རུ་མ་ཤེས་དེ་ཉིད་མཐོང་བ་མེད།། རྣམ་གྲོལ་ལམ་སྟོན་བྱེ་བྲག་གང་དུའང་ཕྱེ་བ་མེད་པ་དེ།། བྱིས་པ་རྣམས་ཀྱིས་ཤེས་པར་འགྱུར་མ་ཡིན།། གང་ཞིག་འདི་འདོད་ཆགས་དང་བྲལ་བར་རྟོགས་པ་དེ། ་སྡུག་བསྔལྔ་གསུམ་འམ་བརྒྱད་ལ་སོགས་པ་ཀུན་སྤངས་ཉིད།། བདེན་པ་གཉིས་ལས་མི་འདའ་ཐབས་ཚུལ་སྣ་ཚོགས་ཀྱིས།། འགྲོ་བའི་དོན་མཛད་འོད་ཟེར་གཡས་གཡོན་རབ་ཏུ་འབྱེད།། བླམ་རིལ ་མ་ངག་པ་ཉིད་དག་ཙུན་པ་ཚོང་འབྲེལ་པའི་ཡུལ་དྲུག་ལ་སོགས་རབ་ཏུ་འཇོམས།། ཐམས་ཅད་མཁྱེན་ལྡན་སྨྲས་ཀྱང་མཐོང་བ་མིང་པ་དེ།། གྲགས་པ་ལ་སོགས་ཀུན་གྱིས་བསྤྱོད་དང་བསྐྱོད་པ་མེད། དྀ་ལྟ་བམ ་ནཀུན་གྱིས་ཤེས་འགྱུར་ཏེ།། ཐོག་མཐའ་མེད་ནུས་སྲིང་པོའི་རྒྱུ་མཆོག་ཡེངས་འགྱུར་བ།། སྡུག་བསྔལ་སྒྱིད་ལ་རྩེ་བ་འདི་རུ་བྱས།། འདི་ལ་ཤེས་དང་ཉོན་མོངས་ལ་སོགས་པའི།། མས་མ་གོས་འདམ་གྱི་པདྨ་བཞིན། ་ངོག་མ་འདྲེས་ཡུལ་གྱི་སོ་སོར་སྣང་།། སྒྱུ་མར་རྟོགས་ཙམ་ག་མཁན་མིག་འཕྲུལ་བཞིན།། འདུ་བྱེད་སྟེ་ཚོགས་གང་ལ་བས་གོས་པ་དེ།། གློ་བུར་རྟེན་འབྲེལ་དག་ལས་གོམས་པའི་སྟོབས།། འདི་གོམས་གང་ཡང་ཤེས་པ ་འབྱུ་ཧཱ། ཨོཾ་གོམས་ཅས་ཤེས་པར་འགྲུབ། ས་ནཱི་གང་ཡང་གནོས་མ་བྱེད་།། ཨཱུ་ག་ངས་ཐུགས་དང་ཕྱུག་རྒྱལ་སོགས་མ་ས། འདིལ་དང་ཅྀགྶ་ཙྪ་སྱཱ་དྲཱ་རྟོགས་པ་དས་ཙོག ་རྐྱེན་བསྙེན་བཅོས་དག་དང་གླེགས་བམ་གྱིས།། གསུང་གི་བདག་ཉིད་བརྗོད་པར་བྱ་བ་མིན།། ཉི་མ་ཟླ་བ་གཉིསུ་གནས་གྱུར་པ། དེ་དང་གཅིག་ཏུ་འདྲིམ་པར་གྱུར་ནས་ནི།། གང་གིས་གང་སྤྱོང་དེ་ཡིས་རབ་ཏུ་བརྒྱན།། སྐྱེ་བ་མེད་པའི ་རྣམ་པར་ངེས་བརྗོད་པའི།། དབུས་སུ་བརྗོད་པས་མཐའ་རྣམས་རབ་ཏུ་སྤངས།། ཇི་ལྟར་བསྟན་པས་གོ་བར་མི་འགྱུར་བའི།། འཇིག་རྟེན་ཁམསུ་གཏན་འབྱམས་རིགས་ཆད་དེ།། བག་ཆགས་ལས་ཀྱིས་མནར་པ་མ་ཚོར་བས།། ཆོས ་ཉིད་དྲི་མ་མེད་པའི་དོན་མི་མཐོང་།། གང་ཡང་འདི་དང་བྲལ་བ་མེད་པ་དེ།། དྲན་འཛིན་ལུས་ལས་མྱུར་དུ་སྐད་ཅིག་གྲོལ།། རྡོ་རྗེའི་སེམས་ནི་ཡོངསུ་བརྟག་དཀའ་བ།། སེམས་ལ་སེམསུ་མ་མཐོང་རོ་བསྙམས་ནས།། ཕྱི་ནང་བསམ་གཏན ་རྩེ་མོས་བཏགས་པས་སྟོང་།། རྣལ་མའི་དོན་ལ་གནས་པའི་རྣལ་འབྱོར་ནི།། ཡེ་ཤེས་ཤེས་རབ་གསང་བའི་དབྱིངས་ལ་རྫོགས།། རང་གིས་མ་མཐོང་མཚན་ཉིད་ཀུན་ལྡན་ཞེས་ནི་བསྔགས་པ་བརྗོད་འགྱུར་བའི།། དྲན་མེད་མཉམ་པའི ་དབྱིངས་ལ་སྐུར་གསལ་མོས་པ་མེད་པར་སྤྱོད།། ཐུགས་རྗེས་མི་གཟིགས་སྐུ་གསུངས་ཐུགས་ཀྱིས་མ་གོས་པ།། གཉིསུ་མ་མཐོང་གསུམ་གྱི་དྲི་མ་བྲལ།། སྣ་ཚོགས་པར་སྣང་གང་ལ་ངོས་གཟུང་མེད་པ་སྟེ།། ལུས་ངག་ཡིད་གསུམ་འབད་པའི ་རྩོལ་བས་གདུངས་པར་མ་བྱེད་ཅིག། ངས་ནི་རྡོ་རྗེའི་གླུ་དང་ལོང་གཏམ་རྒྱུ་བ་གསོད་དང་།། འགྲོ་བ་ཀུན་གྱིས་ཤེས་པ་དག་དང་གར་བདེར་སྤྱོད།། མི་བསྒྲིམ་མི་བལྟ་མི་སྤྱོད་འདི་དང་འབྲལ་མ་མྱོང་།། ཡ་ནས་མ་བཅོས་ཐམས་ཅད་འབྱུང ་འཇུག་གོ་འཕང་།། ཀྱེའོ་སྣ་ཚོགས་གང་ཡང་རུང་བ་འདི་ལ་བསམ་པའི་སེམས་བྲལ་བས།། ཡིད་ཀྱི་རྟོག་པ་སྣ་ཚོགས་འདི་ནི་དྲན་པའི་སེམས་ཡིན་ཏེ།། གང་ཡང་གཟུགས་དང་རྩ་བ་མེད་པ་དག་ལས་སྐྱེས་པ་ཡིན།། ཐ་མལ་ཤེས་པ ་མ་བཟུང་བདེ་ཆེན་རྒྱལ་པོ་ཉིད།། མཚན་ཉིད་ཅིར་ཡང་མ་མཐོང་ཕྱོགས་ཆ་ཀུན་དང་བྲལ།། འཁྲུལ་པས་བརྟགས་པའི་བསམ་བརྗོད་འདི་ནི་གློ་བུར་ཏེ།། བློ་ལས་བྱུང་ཕྱིར་བློ་ཡི་བསྒོམ་དུ་ག་ལ་ཡོང་།། གང་ལ ་ཡན་ལག་མེད་པ་དེ་ཉིད་ཀུན་གྱི་ཁྱིམ་དུ་ལྟུང་བར་འགྱུར།། གོ་བའི་ཚེ་ན་ཅི་ཡང་མེད་པ་སྟེ།། དངོས་ཀུན་ཅི་ཡང་གསལ་བ་མཐོང་བ་མེད།། གང་ལ་མྱ་ངན་འདས་དང་སྲིད་པ་ཁ་སྦྱར་བ།། གཉིས་སུ་སྣང་བ་ཁྱོད་ལ་བརྟེན་དང་འབྱུང་བར ་འགྱུར་བ་ཡིན།། རྒྱལ་བ་ལ་སོགས་ཀུན་ཏུ་སྤྲུལ་པ་སྣ་ཚོགས་སྟོན་མཛད་པ།། དག་པའི་རིགས་རྣམས་ཀུན་ལ་ཁྱོད་ཀྱིས་སྦྱོང་།། མི་བསམ་ཐུགས་རྗེ་རང་འབྱུང་སྤྲུལ་པ་ནི།། ནོར་བུ་རིན་ཆེན་ལྟ་བུར་འཕེལ་འགྲིབ་མེད་པར་འབྱུང་།། ་དངོས་པོ་མེད་པས་ནམས་ཀྱང་རྟོགས་མིན་པས།། བཏང་གཞག་མེད་ཅིང་རང་བཞིན་རྣམ་པར་གྲོལ།། འཛིན་མེད་ཡིད་ལ་བྱ་མེད་རྣལ་འབྱོར་བསམ་གཏན་ཉིད།། གང་ལ་མི་བསྒོམ་བཙལ་བ་མེད་པ་དེ།། བསམ་དུ་མེད་པས་ཡིད་ལ་མི ་བྱེད་རོ་སྙོམས་ཀྱེ།། ཡེ་ཤེས་མཁའ་འདྲ་བསམ་བྲལ་མ་བཅོས་སྙིང་པོའི་དོན།། འདི་ལ་བློ་ཡིས་བསམ་ཞིང་བརྗོད་དུ་མེད་དོ་ཀྱེ།། ཡེ་བཏང་རང་ཡན་ཚོགས་དྲུག་ལྷུག་པའི་སྤྱོད་པ་འདི།། ཚོགས་དྲུག་རྗེསུ་སྦྱོར་བའི་མཁས་པས་བཏང ་གཞག་མེད།། ཁོ་ན་ཉིད་ཀྱི་རྣལ་འབྱོར་ལྷག་པའི་བསམ་བྲལ་བས།། དེ་བཞིན་ཉིད་ལ་མི་གནས་གང་ལ་རང་བཞིན་མེད་པར་གྲོལ།། འོད་གསལ་རྫོགས་དང་ཐིམ་དང་འགོགས་པར་འགྱུར་བ་གང་།། ཇི་ལྟར་བསྒོམས་དང་ཆགས ་པར་འགྱུར་བ་མཚན་མ་སྟེ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཡན་ལག་ཐམས་ཅད་ཀུན།། གཅིག་གི་དབྱིངས་ན་མི་མངོན་ཕྲ་བའི་ཚུལ་དུ་གནས།། རྒྱ་མཚོའི་དབྱིངས་ནས་ནོར་བུ་རིན་ཆེན་རྙེད་འགྱུར་བ།། ཆུ་སྲིན་དུང་དང་གདུག་པ་ཅན། ་གྱིས་མཐོང་མི་འགྱུར།། ཕྲག་དོག་སྲིད་པའི་ཉོན་མོངས་ལ་སོགས་པའི།། མཚན་མའི་དབྱིངས་ནས་ཡོངས་བཟུང་མེད་པར་མཐོང་།། གསུམ་ལ་སོགས་པའི་སྒོ་ནས་འཇུག་པར་བྱེད་པ་ནི།། རྣམ་རིག་བདེན་པ་གཉིས་ཀྱི་སྒོ་ནས་རྩོལ་བར ་བྱེད། ཇི་ལྟར་སྣང་བཞིན་འཇིག་རྟེན་ཐ་སྙད་ལམ།། རྣམ་ཐར་སྒོ་གསུམ་བསླབ་པ་རྣམ་པ་གསུམ།། མཚན་མའི་ཡིད་ལ་བྱེད་པའི་རྣལ་འབྱོར་ཏེ།། རྣལ་འབྱོར་ཆེན་པོ་འདི་ལ་གནས་མི་བྱེད།། གང་ཞིག་ཤེལ་སྒོང་དག་པ་ལྟ་བུར་ནི།། ་དྲི་མ་གཉིས་བྲལ་སྙིང་དང་འདས་གྲོལ་ཏེ།། རིན་པོ་ཆེ་ལྟར་དགོས་འདོད་ཐམས་ཅད་འབྱུང་།། ཡོངསུ་ཟད་པ་ཟང་ཕྱིར་མཚན་ཉིད་མེད།། དངོས་མེད་བདེན་པ་གཉིས་བྲལ་གཅིག་གི་དངོས་པོ་སྟོང་།། མཚན་མ་ཐམས་ཅད་ཡོ་ནས ་མེད་པའི་ཕྱིར།། མཐོང་ཐོས་ལ་སོགས་མཐའ་ཡི་རྟོག་པ་མེད།། མེད་ལ་མེད་པར་འཛིན་པ་ཐ་སྙད་དེ།། འདི་ནི་ཚོར་བར་ནུས་པ་མ་ཡིན་ནོ།། འདི་ནི་རྩ་བ་ཀུན་གྱི་རྗེསུ་རྟོག་པར་མ་བྱེད་ཅིག། འདི་ལ་གང་ཚེ་རྟོག་པར་བྱེད་པ་དང་།། ་བསྐལ་པར་བགྲང་ཀྱང་དེ་ཉིད་རྙེད་པ་མིན།། མགལ་མེ་རྩུབ་ཤིང་ལྟ་བུར་མེ་མཆེད་འབར་བ་བཞིན།། འདི་ཀུན་མཆེད་ནས་ཐམས་ཅད་སྲེག་པར་བྱེད།། ཀྱེའོ་གྲོགས་ངག་རྒྱ་མཚོ་ནོར་བུ་ལྟ་བུའི་སེམས་ནི་འདི་ཉིད་ཡིན་ཏེ།། ཀྱེ།། མ ་ར་རུ་སང་ཀོའི་མ་གང་བླུགས་པ།། ནོར་བུ་ཆེན་འབར་བ་དེ་ཡིས་ཐོབ་པར་འགྱུར།། ཉོན་མོངས་པ་རྣམས་ཉི་མས་རབ་ཏུ་སྐམས་པའི་འོད་ཟེར་འདི།། ངན་འགྲོ་ལ་སོགས་ལོག་པར་ལྟ་བས་འཇིགས་པ་མེད ་པ་དེ། གང་དག་རྙེད་པ་དེ་དག་གཞལ་གྱིས་མི་ལང་ངོ་།། ཇི་ལྟར་ཆོས་ཀྱི་དབྱིངསུ་སྣང་བ་དེ་སྲིད་དུ།། ཟག་པ་མེད་གང་ཐམས་ཅད་དེ་ཡིས་སྤྱད་པ་ཡིན།། དུག་སྤྲུལ་ཕག་རྒོད་གླང་ཆེན་སེང་གེས་ཟོས་པ་བཞིན།། དེ་བཞིན་སྲིད་དང ་མྱ་ངན་འདས་པ་ཁྱུར་མིང་བརྔས།། བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་དུ་མོ་རུ།། ཉོན་མོངས་ལ་སོགས་བསྔགས་པའི་ས་བོན་ནོ།། སེམས་གཅིག་སྣང་བར་འགྱུར་བས་འབྲས་བུ་གཅིག་ཏུ་ལོག་པར་འགྱུར།། སྒྲོན་མེ་ཁང་བུར་ནོར་བུ་གནས ་གྱུར་པའི།། འོད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་པར་འགྱུར།། དམན་པའི་ལྟ་སྤྱོད་ཉན་ཐོས་ལ་སོགས་པའི།། སེམས་དེ་ཡང་དག་བླངས་ནས་འཇུག་པར་འགྱུར།། འདི་ལ་གང་ན་བྱང་ཆུབ་སེམས་དཔར་གྱུར་པ་དེ།། རྫོགས་པའི་སངས ་རྒྱས་དཀའ་བར་འགྱུར་བ་མ་ཡིན་ནོ།། སེམས་ཀྱི་སྐ་ཅིག་འདི་ལ་མཐའ་ཡས་མུ་མེད་དེ།། ཡན་ལག་ཐམས་ཅད་སྐད་ཅིག་འདི་ལ་ལོག་པར་འགྱུར།། ཆོས་རྣམས་ཐམས་ཅད་ཁོ་ན་ཉིད་ལ་རྫོགས་པར་འགྱུར་པ་ཡི།། གཞན་མེད་གང ་ཞིག་གང་ནས་འོངས་པར་འགྱུར་བ་མ་ཡིན་ནོ།། ཟླ་བའི་སྙིང་པོ་མུན་པའི་གཡུལ་ལོས་རྒྱལ་བར་གྱུར་པ་གང་།། འཇིག་རྟེན་རྨི་ལམ་ལྟ་བུ་འདི་ལ་ཡིད་དག་རྙེད་པར་འགྱུར།། བརྫུན་པ་གང་ཡིན་འདི་ལ་ཡང་དག་སུས་མཐོང་བ།། བལྟར ་མེད་དེ་ལ་གཟུགསུ་མཐོང་བར་ག་ལ་འགྱུར།། དོན་དམ་པར་ནི་གང་ཡང་ཡོད་པར་འགྱུར་བ་མ་ཡིན་ན།། ཕ་རོལ་གཞན་དུ་མཐོང་ནས་འགྲོ་བ་འདོད་པའི་གང་ཟག་དེ།། འདི་ལས་གཞན་དུ་འགྲོ་བའི་ཁྱད་པར་བས་དྲི་ཅན་བཞིམ།། ་འདི་ནི་ཕ་རོལ་རྟོལ་བས་གང་དུ་མ་བོར་བར།། གཅིག་ཀྱང་ཕྱིན་པ་མེད་པར་འདིས་རྟོལ་ལོ།། ཀྱེ་འོ་གང་འདི་ཐ་སྙད་ལམ་འདིས་བཙལ་མ་ཡིན།། ཐར་པ་རྟག་ཏུ་བྱི་ལ་ལྟ་བུའི་མཆོངས་པས་ནགསུ་ལྟུང་བར་འགྱུར།། གལ་ཏེ་སྟག། ་དང་ཁྲ་མོ་ལྟ་བུའི་སྟོབ་ནི་གོ་བཟློག་ན།། དེ་ཉིད་ཡོད་པས་དེ་ལ་ཅི་ཞིག་ཕན་པར་མི་འགྱུརརོ།། དེ་ཉིད་ཤེས་ན་མི་བསམ་མི་རྟོག་པར།། གཟུགས་མཐོང་ཅིར་ཡང་སྣང་བའི་ཡུལ་ནི་དེ་རུ་སྟོང་པར་འགྱུར།། འདི་ལ་ཡེངས་ནས་དེ་ལ ་གནས་པར་འགྱུར་པ་མ་ཚོར་རོ།། དྲན་དང་ཤེས་བཞིན་གཉིས་ནི་བར་གྱིས་དེ་ལ་གང་ཡང་མ་མཐོང་སྟེ།། ཆོས་ཀུན་སྟོར་ན་འདི་ཡི་ཁོང་ན་གནས་པར་འགྱུར་བ་ཡིན།། འདི་ལ་དངོས་པོ་མེད་ཅིང་བསམ་དུ་མེད་པ་དེ།། ཁྱོད་ཀྱིས་རྩ། ་མཆོག་ཙམ་དུ་གཉིས་ཀ་མེད་པར་བྱོས།། ཀྱེའོ་སངས་རྒྱས་ཀུན་གྱི་ཡན་ལག་བཞི་པ་འདི་ཀུན་གསུམ་དུ་སྟོན་པར་ནི།། ཁྱོད་ཀྱིས་ཡང་ནས་ཡང་དུ་བསམས་པས་མཐོང་བ་གང་ཡང་མེད་མོད་ཀྱེ།། འཁོར་བའི་དྲན་པས་རྟེན ་འབྲེལ་དག་ལས་འབྱུང་བ་ནི།། སྣ་ཚོགས་པར་སྣང་རང་གི་ངོ་བོ་མ་སྐྱེས་ཕྱིར།། མི་འགྱུར་བདེ་བ་ཆེན་པོའི་རང་བཞིན་ངག་དང་ལྷན་ཅིག་སྐྱེས།། སེམས་ཀྱི་དོན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། རང་བཞིན་རྣམ་པར ་དག་པའི་ཡོན་ཏན་ཉིད།། ཆོས་རྣམས་ཐམས་ཅད་གཉིསུ་གདོང་ནས་མ་བྱུང་སྟེ།། གཉིས་དང་གཅིག་གི་དྲན་པས་དུ་མ་དག་དང་འབྲལ་བར་འགྱུར།། གང་ཡང་བརྗོད་པར་བྱ་ཡི་དངོས་པོ་གང་ཞིག་རང ་གིས་སྟོང་པ་སྟེ།། བློ་ལས་འདས་ཕྱིར་མཚན་མ་རབ་ཏུ་འཇོམས།། དེ་མེད་པ་དེ་གང་ཡིན་གང་ནས་གནས་པར་མི་འགྱུརརོ།། རྒྱུན་མི་འཆད་པའི་བསམ་གཏན་གང་ཚེ་ཐོབ་པར་འགྱུར་བ་ལ།། བྲལ་བས་འདི་ལས་གཞན་དུ་སོང ་བས་མ་མཐོང་ངོ་།། གསང་སྔགས་འདི་ཀུན་རྩ་བ་དེ་ལས་བསྐྱེད་པར་ནི།། དེ་མེད་པ་ལས་འབྱུང་བར་འགྱུར་པ་གང་ཡང་ཡིད་པ་མ་ཡིན་ཀྱེ།། སུ་ཞིག་འདི་ལ་རྟོག་པར་བྱེད་པའི་བླུན་པོ་དེ།། བསྐལ་པ་བརྒྱར་ཡང་མཆོག་གི། ་དོནི་མི་ཐོང་། གང་ཞིག་ཡིད་ལ་བྱེད་པའི་མཚན་མས་བརྒྱལ་བ་ཀུན།། བཏང་གཞག་བྲལ་དང་ཐིབ་པར་མི་འགྱུར་རྒྱལ་སྲིད་བཞིན།། ཅུང་ཟད་དྲེང་ཐོབ་བྱང་ཆུབ་སེམས་དཔའ་དག། གང་དུ་གཡོས་པ་མེད་པ་མ་ཚོར་རོ།། རྣམ་པ ་རྟོག་ཅན་ལམ་དུ་ཞུགས་པའི་ཕྱིར།། བྱང་ཆུབ་སེམས་ཀྱི་ཐིག་ལེ་རླུང་ལ་གང་བསྐྱོན་པ།། ས་བོན་དེས་ནི་འཁོར་བ་འདི་རུ་ཟགས་པར་འགྱུར།། ཡང་དག་པ་ཡི་དེ་ཉིད་ཐོབ་པར་མི་འགྱུར་ཞིང་།། ཚང་ཚིང་དྲ་བའི་གསྐྱེབ་དུ། ་འབྲལ་བར་འགྱུར།། ཤེས་རབ་མིག་གིས་ལོག་པར་ཚར་བཅད་ན།། གཞན་གྱི་ལོག་པར་ལྟ་བ་རང་གི་དེ་རུ་གྲོལ།། དཀའ་ཐུབ་ལ་སོགས་གཞན་དུ་འབད་པ་མེད།། བདག་མེད་པར་ནི་རང་བྱུང་གང་ཡང་རྣམ་པ་སྣ་ཚོགས ་ཉིད། རྒྱུ་རྐྱེན་ལ་སོགས་འབྲེལ་པ་འདི་རུ་སྟོང་པར་བྱོས།། རྣལ་འབྱོར་འདི་ལ་བདག་གི་གན་སུ་འདུག་པ་མ་མཐོང་།། ས་དང་ཕ་རོལ་ཕྱིན་པའི་ལོང་བ་གང་འཚལ་འདིས།། སྲིད་པའི་དྲ་བ་ཁུར་ནས་རྒྱ་མཚོར་མཆོད་བར ་བྱེད། དེ་ལ་གྲུ་མེད་རྒྱ་མཚོའི་ཟབ་སུ་ཟགས་པར་འགྱུར།། ཐོག་མཐའ་མེད་པའི་ཕྱག་རྒྱ་ཆེན་པོ་འདི།། སྲིད་དང་མྱ་ངན་འདས་གྲོལ་ཉོན་མོངས་རྒྱ་སྐེམས་པར་འགྱུར།། དེ་ལ་སེམས་རྒྱུན་འཆང་ངོ་སྙམ་དུ་སེམས་ཤིང་སྡོང ་པར་ཡིད་ལ་མེ་བྱེད་ཅིག། གང་ལ་དོན་གྱི་བརྟུལ་ཞུགས་ཆེན་པོ་འདི་ཉིད་མ་ཐོབ་པར།། བརྟུལ་ཞུགས་སྤྱོད་པའི་དབང་གིས་དེ་ལ་མ་རེག་ཀྱེ།། བྱིན་གྱིས་རླབ་དེང་བརླབ་བྱ་མེད་པས་ངོ་མཚར་ཆེ་བ་ཉིད།། གཉིས་མེད་སྒྲོ ་སྐུར་བྲལ་བ་འདི་ལས་གནས་པ་གང་རྟེན་དང་བྲལ་བའི་ཚུལ་གྱིས་གནས་པར་འགྱུར།། འགྲོ་བ་ཀུན་གྱིས་དེ་ལྟར་ཤེས་པར་འགྱུར་གང་ནི།། སྲིད་དང་མྱ་ངན་འདས་པ་ཀུན་གྱི་དོན་ཤེས་འགྱུར།། སྲིད་དང་མྱ་ངན་འདས་པའི ་ཆོས་རྣམས་རང་གི་སེམས་ཡིན་པར།། གཞན་དུ་བལྟ་བ་མེད་པར་ཐག་ཚོང་བསམ་མིང་བློ་འདས་ཉིད།། དེ་ལ་བསྒོམས་དང་མ་བསྒོམས་རྣམ་པར་རྟོག་པ་དང་།། མཚན་མ་དགས་དང་སྤང་བར་བྱ་བ་མི་དགོས་ཏེ།། དེ་ལ་ཅི་བྱ་གང ་ཡང་མ་བྱས་དེ་ཉིད་གསལ་བར་འགྱུར།། ཇི་ལྟར་རྣམ་རྟོག་མ་བཀག་མ་སྦྱངས་པར།། གཞན་དུ་མ་མཐོང་དེ་ཉིད་གསལ་འགྱུར་ན།། དེ་ནི་གང་ལ་གནས་ཀྱང་གཞན་དུ་མཐོང་བར་འགྱུར་བ་མ་ཡིན་ནོ།། མ་བསྒོམས་ཚོན་དུ ་མ་བྱས་འབྲལ་བ་མེད་པའི་རང་བཞིན་ཏེ།། དུས་རྣམས་ཀུན་ཏུ་འདི་དོན་ཤེས་པའི་མཚན་མ་འདི་ལ་རྟོག་པར་མ་བྱེད་ཅིག། རང་ལ་ལྷན་ཅིག་གསལ་བའི་སྣང་སྲིད་འདི་ལ་རྟོག་མེད་ཅིང་།། དེ་ལས ་གཞན་དུ་རྟོག་པའི་བློ་ཅན་འདས་ནི་རྒྱ་མཚོ་ནང་གི་ནོར་བུ་རྙེད་མི་འགྱུར།། གང་ནས་བྱུང་ཞིང་གང་དུ་གནས་པའི་འཛིན་པ་འདི་ནི་སྐྱེ་བ་མེད་འགྱུར་ན།། རྒྱུན་ཏུ་འགག་པ་མེད་པས་གཟུང་འཛིན་དེ་མ་སྐྱེས་པས་ཡེ་ཤེས་ཉིད།། ་ངོ་བོ་དེ་ལ་དྲི་མེ་མ་སྤངས་དེ་ཉིད་མ་བསྒོམས་པར།། ནགས་ཁྲོད་དག་ན་གནས་པའི་གླང་པོ་ཡན་པར་ཁྱེ།། མཚན་མའི་ཡུལ་གྱི་རྣམ་གཡེང་རྡོག་པ་བསམ་གྱིས་མི་ཁྱབ་པས།། གནོད་ཅིང་ངེ་ལ་གཡེང་བར་མི་འགྱུར་ཏེ།། མཚོན ་ཆ་བྲལ་བའི་ཆོམ་རྐུན་དག་གིས་བསང་བཅད་མ་ཡིན་ནོ།། མཚན་མ་དེ་ཉིད་སྙིང་པོ་མེད་འགྱུར་བ།། སྒྱུ་མའི་དཔེ་བརྒྱ་དེ་ལྟ་བུར་རང་བཞིན་མེད་པར་བྱོས།། གང་མཐོང་སེམས་ཡིན་དེ་ལ་དངོས་པོ་མེད་འགྱུར་བས།། དྲན་མེད ་བློ་ལ་མི་གནས་ཆོས་རྣམས་ཐམས་ཅད་ནི།། དེ་ལས་བྱུང་ཞིང་དེ་དུ་སྣང་ནས་དེ་ཉིད་ལས་འགྱུར་བས།། འདི་ལ་གཞན་དུ་གཡོ་བ་གང་ཡང་མེད་པ་ཉིད།། དེ་ལ་དེ་ཉིད་ཙམ་དུ་མཁྱེན་གྱིས་ཡིད་ལ་མ་བྱེད་ཀྱི།། ཀྱེའོ་གྲོགས ་དག་བློ་ལ་ཅི་སྐྱེས་སེམས་དེ་ནི།། དུས་རྣམས་ཀུན་དུ་གསལ་བ་མ་ཡིན་ནོ།། དེ་ལ་གསལ་རྒྱུ་ཅི་ཡང་མེད་པ་སྟེ།། བརྩང་བ་ཀུན་དང་བྲལ་བར་ནི།། རང་གནས་པས་ནི་གྲོལ་བར་འགྱུར།། ཇི་ལྟར་ཚུལ་འཆོས་བྱས་པའི་སངས ་རྒྱས་འདི་ཀུན་ནི།། དགེ་སློང་མ་ཡིན་རྒྱ་མཚོའི་ནང་དུ་ལྷུང་།། འདི་ཉིད་ལས་ནི་གཞན་དག་ཏུ།། གཅིག་ཀྱང་ལྟ་བར་མི་བྱེད་པ།། དེ་ནི་ཐམས་ཅད་མཐོང་བའི་དགེ་སློང་ཡིན།། གང་ཞིག་བརྫུན་ལ་གོམས་པའི་གནས་བརྟན ་དེས། སྲིང་པ་ཉམ་ཐག་འདི་ལས་འབྱུང་བར་ནུས་མ་ཡིན།། གང་གིས་སྲིད་པའི་ཆུ་བོ་འདི་བརྫུན་པར།། ཤེས་པ་དེ་ནི་གནས་བརྟན་མཆོག་ཐོབ་འགྱུར།། རྣལ་འབྱོར་དེ་ཡི་སྤྱོད་ཡུལ་ནི།། ལྷ་དང་སྔགས་དང་ཕྱག་རྒྱའི་ཡན་ལག ་ཀུན། འདི་ཀུན་ཤེས་ན་དབབ་དུ་ཡོད་པ་མ་ཡིན་ནོ།། དེ་ཉིད་ཤེས་པ་དེ་ལ་དེ་ཀུན་མཐོང་བ་མེད།། དེ་ལྟར་འདི་ལས་མ་གཏོགས་པའི།། འདུ་ཤེས་ཡུལ་གཞན་དག་ལ་སོ་ནི།། སྐྱེ་བར་འགྱུར་བ་ཡོད་མ་ཡིན།། ཡུལ་ས ་གང་གི་ཕྱོགས་དག་ཏུ།། གཉིསུ་མཐོང་བ་མེད་པར་འགྱུར་བ་དེ།། རྣམ་པ་སྣ་ཚོགས་དེ་ཉིད་གྲོལ་བ་ཡིན།། གང་ཞིག་ཕྱོགསུ་ལྟ་བར་གྱུར་པ་དེ།། མཚན་མའི་དྲན་རིག་ཕྲ་རབས་གོམས་པ་ཡིན།། གང་ཞིག་འདི་ལས་གོམས ་འགྱུར་བས།། སྤྱོད་པ་ཇི་ལྟར་བྱས་པ་ཀུན།། དོན་དང་ལྡན་པར་འགྱུར་བ་མ་ཡིན་ཏེ། ཉམ་ཐག་མཚན་མས་མྱུར་དུ་འཆིང་བར་འགྱུར།། གང་ཞིག་འདི་དང་ཕྱོགས་ནི།། གཏང་ལ་གོམསུ་ཡོད་པ་ཡིན།། བསམ་མེང་ཡིད་ལ ་གོམསུ་མེད།། ཀྱེ་འོ་གྲོགས་ངག་རིག་པའི་ཡེ་ཤེས་གཉིསུ་མེད་པ་ནི།། ཡེ་ཤེས་བླ་ན་མེད་པའི་དབང་བསྐུར་ཆེན་པོ་སྟེ།། རྫོགས་ལྡན་དཔལ་ལྡན་བླ་མ་དག་གིས་ནི།། བསྐུར་དུ་མེད་པའི་ཚུལ་གྱིས་ཐོབ་པར་བྱེད་པ་ནི།། མཆོག ་གི་རྣལ་འབྱོར་རྣམས་ཀྱི་དབང་བསྐུར་ཏེ།། ཐོབ་བྱ་མེད་པའི་ཚུལ་དུ་ཐམས་ཅད་རྫོགས།། དེ་ཉིད་མ་ཤེས་ལོག་སྲེང་ཅན་གྱི་དབང་རྣམས་ནི།། མཚན་མའི་རྟོག་པ་དག་གིས་གཟུངས་དུ་ཟུགས་པར ་འགྱུར།། འདི་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་ལས་བསགས་ཀུན།། ཤེས་རབ་ཏིང་འཛིན་མི་དགོས་རྣམ་པར་གྲོལ་བར་འགྱུར།། ཁྲོ་གཉེར་མེད་པས་ཟུག་རྔུ་ཐམས་ཅད་འཇོམས་པར་ནི། མ་སྐྱེས་པ་ཡི་ཚུལ་གྱིས་འཛིན་པར་མི་བྱེད ་དོ། སྣང་བ་འགག་པ་འདི་ལ་གསལ་བའི་རྟོག་པས་ཡིད་ལ་མ་བྱེད་ཅིག། ཕྱིན་ཅི་ལོག་དང་རྣམ་པར་རྟོག་པ་ཐང་ནི།། ཉིངས་ལྔ་ཡི་གེ་ན་སུ་ཐ~ཾད་ཟིཊ་པར་འགྱུར་བ་ཡིན།། གཞན་དག་འདི་ཉིད་ཤྭེ་བས་འཁོར་བའི་དྲ་བ་དག་གིས་སྟོང་པ་ཉིད།། ཨུ་དུམ་པར ་ལྟ་བུར་དཀོན་འགྱུར་བའི།། རྨོངས་པའི་མུན་སེལ་སྙིང་པོ་གསང་བའི་དོན།། སུས་ཀྱང་ཤེས་པ་མེད་པར་ཀུན་ལ་གསལ་འགྱུར་བ།། སྙིང་གར་གནས་པའི་དོན་ལ་དྲི་མ་མང་འགྱུར་ཏེ།། བརྟུལ་ཞུགས་སྤྱོད་པས་གང་དེ་མཐོང་བ་མ་ཡིན ་ནོ།། འདི་རྣམས་རྫོགས་ལ་སྦྱར་བར་ནུས་པ་དེ།། ཡན་ལག་ཐིམ་ནས་སྟོང་པ་ཉིད་དུ་གནས།། ཀྱེ་གྲོགས་དག་ཀྱང་དང་རྗེ་རིགས་ཇི་བཞིན་དུ།། གང་གིས་ཁེངས་པར་མྱུར་དུ་ཐོབ་པར་འགྱུར།། རིམ་པར་སྦྱང་བ་གང་ཡང་ཡེང་བས ་ཡིན་ནོ།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་དང་།། ཁྱོད་ཀྱིས་རྫོགས་པར་འགྱུར་བས་ཐོབ་པ་མ་ཡིན་ནོ།། གང་ཚེ་འདི་ལ་རྩ་བ་མེད་པར་རྟོག་པ་ནི།། ད་ལྟ་ཉིད་དུ་གཉིས་མེད་ངེས་པར་འགྱུར་བ་ཡིན།། ཇི་ལྟར་སྲིན་བུ་སྤྱོང ་པས་བཅིངས་པར་གང་འགྱུར་བ།། འདི་རྣམས་རོ་ལ་ཆགས་པས་འཆིང་བར་འགྱུར་བ་སྟེ།། ཚང་ཚིང་འདི་ལ་ཟ་བར་ནུས་པ་གང་གིས་ནི།། འཁོར་ལོ་ཐམས་ཅད་རྒྱུན་ཏུ་བསྐོར་བར་འགྱུར་བ་ཡིན།། ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་གསལ་བ།། འདི་ཀུན་གང་གིས་ཡིད་ལ་མ་བྱས་པར།། སྟོན་པའི་བླ་མ་རྡོ་རྗེ་འཛིན་ལ་འདུད་།། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། ་སངས་རྒྱས་གཉིས་པ་ལྔར་གྲགས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་པའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། ་བླ་མ་ནག་པོས་རང་འགྱུར་དུ་གནང་བའོ།། །། གུ་ཡ་ས་མ་པ་ཏ་སྨི ་