| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཙིཏྟ་ཀོ་ཥ་ཨ་བཛྲ་ཙེ་ཏ། བོད་སྐད་དུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཀྱེའོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི།། རང་གིས་ཉམས ་སུ་མྱོང་བ་དེ་ཁོ་ན།། རིག་དང་མ་རིག་རང་རིག་གསལ་བ་དེ་ཁོ་ན།། མར་མེ་མུན་བསལ་རང་གིས་རང་གསོལ་རང་ལསང་།། འདམ་གྱི་པདྨ་འདི་ལ་མ་ཞ་ན་ཁ་དོག་ལོགས།། གཟུང་འཛིན་དྲི་མ་མ་སྤངས་སྙིང་པོ་བསལ།། ནགས་ཁྲོད། ་གནས་པའི་རི་དགས་གཅིག་པུར་རྒྱུ།། རྒྱུ་ལ་མ་ཞེན་འབྲས་བུ་དེ་ཁོ་ན།། སྣང་དང་མི་སྣང་ཡུལ་མེད་གསལ།། དངོས་སྟོང་མ་དྲན་དྲན་མེད་བརྗོད་པ་མེད།། ལྷན་ཅིག་སྐྱེས་པ་རྣམས་གསུམ་ཉམས་བདེ།། ཞེན་པ་མེད་ཕྱིར་རྟོག་གེའི ་ཡུལ་ལས་འདས།། སྣ་ཚོགས་དྲན་ཕྱིར་རྗེསུ་འབྲང་བ་མེད།། གསལ་དང་མཉམ་པའི་ཡེ་ཤེས་སྙིང་པོ་ཉིད།། མུན་སེལ་ཉི་མ་སྒྲོན་མེའི་ཁ་དོག་ལྟར།། རང་རིག་རང་ལ་འབར་ན་འཛིན་རྟོག་ཟད།། སྒྲིབ་པ་ཟད་ཕྱིར་དྲན་མེད་ཡེངས་པ ་མེད་གཉིས་དང་ཡོད་དང་མེད་དང་ཐ་སྙད་མ་སྙེད་ཅིག། ཕྱག་རྒྱ་ཆེན་པོ་བསམ་མེད་བློ་ལས་འདས།། རང་རིག་རྡོ་རྗེ་འཛིན་པ་རྣལ་འབྱོར་པ།། འདའ་དཀའ་ལྷན་ཅིག་སྐྱེས་པའི་མར་མེ་ནི།། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དོན།། སྐྱེ ་མེད་སྟོང་པ་འོད་གསལ་སྟོང་པར་རིས་དང་བྲལ།། ཁྱད་པར་ཅན་གྱི་ཡེ་ཤེས་ཁོ་ན་ཉིད།། གཉིས་ལ་མི་བལྟོས་བདེ་བ་རྒྱུན་མི་འཆད།། རང་འབྱུང་རྟོག་མེད་བག་ཆགས་བརྩད་ནས་གཅོད།། སེམས་ཅན་སངས་རྒྱས་ཁྱད་པར་བསམ་ཡས ་ཀྱང་། སྤྱོད་ལམ་དག་ན་རྒྱུན་གྱི་རྣལ་འབྱོར་ཆེ།། དྲན་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང་།། གདོད་ནས་དག་པས་དྲན་མེད་དབྱིངས་ལ་ཐིམ།། རང་དོན་སྐྱེ་མེད་གཉིས་བྲལ་རྟོགས་པའི་དོན།། འབྲས་བུ་དག་པས་བློ། ་འདས་ཡུལ་མེད་བྲལ།། རྟོག་པོའི་ཐབས་རྒྱུན་རང་བཞིན་ཀུན་ལ་ཁྱབ།། ཐབས་ཀྱི་འགྲོ་དོན་སྙིང་རྗེ་བསམ་ཡོས་ཀྱང་།། ཡེ་ཤེས་རང་བཞིན་སྐྱེ་འགག་མེད་པར་རྟོགས།། ཐབས་ཀྱི་བདེ་བ་སྐྱེས་ཀྱང་དེ་མེད་མ་ཟིན་འཆིང་།། གྲོལ་བའི་ཡེ་ཤེས ་རང་ལ་ལྷན་ཅིག་འབྱུང་།། བསྒོམ་བྱ་བསྒོམ་བྱེད་དམིགས་པའི་བློ་ལས་འདས།། སངས་རྒྱས་སེམས་ཅན་བསམ་གྱིས་མི་ཁྱབ་པ།། སྐྱེ་མེད་རྟོགས་པའི་ཡུལ་ན་བློར་མི་སྣང་།། དེ་ཉིད་སང་པོས་བདེ་བ་སྟོང་པས་མཚོན།། བསྒོམ་བྱའི་ངོ་བོ་སྣང ་རྐྱེན་ལས་བྱུང་།། མི་རྟོག་རྟོགས་པས་ཀུན་རྫོབ་ཐ་སྙད་འགྲུབ།། གཉིསུ་མེད་པའི་སྣང་བ་རྐྱེན་མེད་ལ།། རང་བཞིན་དག་པ་སྐྱེ་བའི་རྣམ་འཕྲུལ་ཤར།། བྲལ་དང་མ་བྲལ་མི་རྟོག་བློ་ལས་འདས།། གཉིས་མེད་རྟོགས་བྱང་སྐེ་མེད་ཡུལ ་དུ་འགྱུར།། སྟོང་པར་སྨྲ་བས་དེ་ཉིད་རྟོགས་མི་འགྱུར།། བློ་ལས་འདས་པས་མནོ་བསམ་ཡུལ་མ་ཡིན།། མཐའ་གསུམ་རྟག་འདོད་དག་གིས་རྙེད་པར་དཀའ།། དགའ་བཞི་དག་ལ་དམིགས་ཀྱང་དེ་ཉིད་དཀའ།། ཚོགས་དྲུག་རང་ཆས ་ཡེ་ཤེས་མཆོག་ལྡན་པས།། གཉིས་མེད་བཅུད་ཀྱི་སྣང་བ་རང་ལ་འཆར།། ཀྱེའོ་ཕྱག་རྒྱ་ཆེན་པོ་རྟོགས་བྲལ་ཀུན་གྱི་གཞི།། དངོས་གྲུབ་འབྱུང་བས་ངོ་མཚར་རྨད་དུ་ཆེ།། གཉིས་མེད་བག་ཆགས་སང་ནས་རང་རིག་བྲལ།། གཟུང་འཛིན ་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི།། མཚན་ཉིད་བསྟན་པས་ཉན་ཐོས་ལ་སོགས་སྐྲག། རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་ལྡན།། རྩེ་གཅིག་བྱས་ཀྱང་ཅུང་ཟད་བསྒོམ་དུ་མེད།། རྣམ་རྟོག་རང་འབར་དྲན་མེད་གསོ་སུ་ཞི།། དྲན་པ་མེད་སྣང་མ ་ལོང་གཟུགས་བརྙན་འདྲ།། ཐ་སྙད་བྲལ་བས་སྐྱེ་མེད་བློ་འདས་ལམ།། མཚན་མའི་དྲན་པ་དྲི་མེད་བག་ཆགས་བསྟན།། ཐོག་མཐའ་བྲལ་ཞིང་སྔ་ཕྱིའི་དུས་མི་དམིགས། ཀྱེའོ་དེ་ཕྱིར་དངོས་མེད་ཡེ་ཤེས་རྟོགས་པའི་ལམ།། ཇི་ལྟར་བག་ཆགས ་བྲལ་བའི་ཚུལ་ཞེ་ན།། གཉིསུ་མ་གཟུང་གདོང་མཐའ་བྲལ་བས་ཞི།། བག་ཆགས་བྲལ་བས་ཕྱོགས་མེད་རྒྱུ་བ་སྟོང་།། ཟུང་དུ་འཇུག་པ་སངས་རྒྱས་ངོ་བོ་ཉིད།། ཤེས་རབ་རྣམ་གསུམ་ཡུལ་དང་ཐབ་སུ་གསུངས།། དཔེ་དང་བྲལ་བས་མཚོན་པའི ་ཡུལ་ལས་འདས།། སྐྱེ་བ་འདི་ལ་དམ་པའི་སྙིང་པོ་མིན།། ཐབས་ཀྱི་སྦྱོར་བས་ཚོགས་དྲུག་རང་སར་ཞི།། ཕུང་པོ་ལྔ་སོགས་ཡོན་ཏན་དག་པའི་ཞིང་།། ཀུན་མཁྱེན་གཉིས་མེད་སྣང་ཡུལ་ཞེན་དང་བྲལ།། དོན་དམ་སྨྲ་མེད་ཀུན་རྫོབ་རྟོག་རྩེ་ཙམ།། མྱ ་ངན་འདས་ལམ་འཁོར་བའི་སྣང་བ་ཉིད།། བླ་མ་དམ་པའི་དགོངས་པ་ཐུག་ཕྲད་དུ།། རྙེད་ནས་འཁོར་བའི་ལམ་ལས་གྲོལ་བར་འགྱུར།། རྣལ་འབྱོར་དགོངས་པའི་ཉམས་རྙེད་རྫོགས་སངས་རྒྱས།། མ་ནོར་ལམ་དུ་ལྷན་ཅིག་ཁོ་ན་ཡི།། ཀྱེའོ་གཉིས ་མེད་དོན་དུ་གསང་སྔགས་བརྡ་ཡིས་བཀྲོལ།། ཡོན་ཏན་མི་ཟད་རྒྱ་མཚོ་ནོར་བུ་མཚུངས།། ཐབས་མཆོག་ཟིན་ན་བཅུ་བཞི་ས་ལ་གནས།། གང་དུ་གནས་ཀྱང་ཡེ་ཤེས་རང་ལས་རྙེད།། གཏེར་རྙད་བདག་གཞན་གཉིས་ཀའི་དོན་ལ་རྨོངས།། སྙིང་གི། ་གཱའུ་པདྨ་མེ་ཏོག་དཀྱིལ།། ཐབས་དང་ལྡན་པ་སྦྱོར་བ་དེ་ནས་འགྱེང་།། འཁོར་ལོའི་ཕྱོགས་ཀྱི་རྩ་གནས་གང་དུ་ཡང་།། འདོད་དང་བྲལ་བས་ཆགས་མེད་ན་མཁའ་ལ།། གྱེན་ཐུར་འདྲེན་དང ་འཁོར་ལོ་བསྐོར་དང་ཡང་།། ཐབས་ཀྱི་འདྲེན་ཚུལ་དོན་གྱི་གཏིང་མི་རྙེད།། གཟུངས་དང་འཕངས་དང་སྦྱར་དང་སྦར་བ་ཡང་།། བླུན་པོ་དབུགས་མི་བདེ་དང་ཁྱད་མེད་མཚུངས།། རྟོགས་པར་འདོད་པས་དེ་ཉིད་རྟག་ཏུ་བལྟ།། ་གུས་དང་དང་བས་བླ་མ་དཀོན་མཆོག་བརྟེན།། གསང་བའི་ཡོན་ཏན་བླ་མ་མཆོག་ལས་བྱུང་།། དོན་ལྡན་མཚན་ཉིད་ཉོན་མོངས་གཡུལ་ལས་རྒྱལ།། གསང་བའི་དོན་ཉིད་དོན་དང་རབ་ལྡན་པའི།། བླ་མ་སློབ་དཔོན་ལུང་དང ་རབ་ལྡན་ནས།། མི་གཉིས་སྒོ་ནས་འགྲོ་བ་གྲོལ་འགྱུར་ཤོག།། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་སྙིང་པོ་གསང་བའི་དོན།། དཔལ་ས་ར་ཧ་པའི་ཞལ་ནས་གསུངས་པ་རྫོགསོ།། ་