CLOSE WINDOW

GT1116: do ha mdzod ces bya ba spyod pa'i glu'i 'grel pa don gyi sgron ma zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་ཙཨཱརྱ་གཱི་ཏཱི་ཨརྠ་པྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཚལོ།། ་རྟོག་མེད་སྤྲོས་བྲལ་བདེ་བ་ཆེན་པོའི་དབྱིངས།། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་དང་།། རྐྱེན་བྲལ་རྣམ་གསུམ་སྐུ་གསུམ་ལྷུན་གྲུབ་པའི།། དོན་སྟོན་བླ་མ་གོང་མ་རྣམས་ལ་འདུད་།། དོན་དམ་སྤྲོས་བྲལ་སྐུ་བཞིས་བདུད་བཞི་འཇོམས།། ཐིག་ལེ་གསུཾ ་གྱིས་སྐུ་གསུམ་དྲོ་སྤང་བའི།། དྲན་མོད་གཉིས་ཀྱིས་བདེན་གཉིས་གཏན་ལ་འབེབས།། ཟབ་མོའི་དོན་སྟོན་ངོ་ཧའི་དོན་འགྲེལ་འདི། རྐྱེན་གསུམ་བྲལ་བའི་བླ་མ་གོང་མ་དང་། བརྒྱུད་པ་དང་ལྡན་སྙིང་པོའི་དོན་རྟོགས་ལ།། བདག་གིས་གདམས ་བ་འདི་བརྩམ་མི་རིགས་ཏེ།། བདག་འདྲ་བློ་དམན་སྐྱེ་བོའི་དོན་དུ་རྩོམ།། གཞན་རྣམས་རྩ་བའི་རྗེས་ལ་འགྲེལ་པས་འཆང་།། བདག་ལུགས་གདམས་ངག་རྗེས་ལ་རྩ་བས་འཆིང་།། བཀའ་རྒྱུད་ལུང་རྣམས་བྲིས་པས་རྫོགས་མེད་པས།། ལུང་དང ་མི་འགལ་བླ་མའི་གདམས་ངག་བྲི། རྒྱལ་བའི་མཆོད་གནས་བྲམ་ཟེ་ཆེན་པོ་དེ།། སྣོད་དང་ལྡན་པས་མཁའ་འགྲོས་བྱིན་གྱིས་བརླབས།། སྟོང་པ་མཛད་པས་བརྡའ་དོན་ཐུགསྨྲ་ཆུད།། མཚན་ཉིད་རྟོགས་བྱས་མངའ་མཁན་མྦོ་དང་འགྲོགས།། དོན ་ལ་མ་དགོངས་རྒྱལ་པོས་བཀའ་བཀྱོན་མཛད།། ཚིག་དོན་བཞི་བཅུའི་ལེན་ལ་མགུར་བཞེས་པའི།། ཆོས་སྐུ་གཙོར་སྟོན་རཱ་ཛའི་ངོ་ཧ་ལས།། མཚོན་བྱེད་དཔེ་ཡིས་མཚོན་བྱ་སྐུ་བཞི་སྟོན།། བསྡུས་པའི་དོན་ནི་ཉི་ཤུ་རྩ་གསུམ་གྱིས། གཞུང་གི་དོན ་རྣམས་མདོར་བསྡུས་གསལ་བར་བྱེད།། གཞུང་གི་ཚད་ནི་ཚིགས་བཅང་བཞི་བཅུ་ཡིན།། ཚིགས་རྐང་བཞི་བཞིས་འབྲུ་དོན་གསལ་བར་བྱེད།། དེ་ལ་རེ་ཞིག་རྒྱལ་པོའི་དོན་དུ་མགུར་དུ་བཞེས་པའི་ཚིགས་སུ ་བཅད་པ་བཞི་བཅུ་པ་འདི་ལ་དོན་རྣམ་པ་གཉིས་ཏེ། དང་པོ་བྲམ་ཟེ་ཆེན་པོའི་ཐུགས་དམ་ལ་ཕྱག་འཚལ་བ་དང་། དེའི་གཞུང་རྣམས་གསལ་བར་བསྟན་པའོ།། དེ་ཡང་བྲམ་ཟེ་ཆེན་པོའི་ཐུགས་དམ་ནི་བདུད་བཞི་འཇོམས་པའི་སྐུ་བཞི ་ཡིན་ཏེ། དེ་ལ་བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དོ།། དེ་ལ་ཕུང་པོའི་བདུད་ནི། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་ལས། རྣམ་པར་ཤེས་པ་ཨའི་ཚུལ་དུ་ཞུགས་ནས། ་ཕུང་པོའི་གྲུབ་པ་ནི་ཕུང་པོ་ཞེས་བྱ་ལ། ཕུང་པོ་དེས་སྡུག་བསྔལ་གྱི་རྣམ་པ་མང་པོ་ཉམསུ་མྱོང་བ་ནི་བདུད་ཅེས་བྱའོ།། སྡུག་བསྔལ་གྱི་དབང་དུ་ཕུང་པོ་གྱུར་པས་སྟོབས་ཆེའོ།། དེ་འཇོམས་པར་བྱེད་པ་ནི། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་གཉིས ་ནི་རྐྱེན་གྱིས་བསྐྱེད་པ་ཡིན་ལ། དེ་ལ་རྣམ་ཤེས་ཨར་ཞུགས་པ་ནི། མ་སྐྱེས་པ་མེད་པ་ལས་རྐྱེན་སྣང་གི་ཕུང་པོར་གྲུབ་ཀྱང་། ཕུང་པོ་ཉིད་མེད་བཞིན་དུ་སྤྲུལ་པས། སྒྱུ་མ་ཡིན་པའི་ཕྱིར་སྒྱུ་མ་དེ་ལ་རློམ་སེམས་དང་བྲལ་བའོ།། གང་རློམ་སེམས ་དང་བྲལ་བ་ནི་དོན་གྱི་ལུས་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དྲན་པ་མེད་པའི་དབྱིངས་ཡིན་ཏེ། དེ་ཉིད་ནི་སྤྲུལ་པའི་སྐུའོ།། སྦྲུལ་སྐུ་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཅིར་ཡང་སྣང་ཡང་། ན་མཁའི་སྦྱིན་པ་བཞིན་དུ་ཡལ་ཏེ་འགྲོ་བའི ་ཕྱིར་ཕུང་པོའི་བདུད་བཅོམ་པའོ།། ཉོན་མོངས་པའི་བདུད་ནི་ཕུང་པོ་ལ་བརྟེན་ནས་དབང་པོ་ལྔ་ཆགས།། དབང་པོ་ལྔས་ནི་ཕྱི་ནང་གི་ཡུལ་ལ་བཟུང་ནས་ཉོན་མོངས་པ་སྐྱེ་བའི་བདུད་ཡིན་ལ། ཉོན་མོངས་པའི་དབང་དུ་གྱུར་ནས་དེ་ལ་སྤྱོད་པ་ནི་སྟོབས་ཆེ་བའོ།། ། ་དེ་འཇོམས་པ་ནི་ཉོན་མོངས་ཉིད་དྲན་པས་ཆགས་སྡང་སྐྱེས་པ་ཡིན་ལ། དྲན་བྱ་ཉིད་དྲན་མེད་ལས་སྐྱེས་པས། དྲན་མ་དྲན་གཉིས་ཉོན་མོངས་པའི་རྩ་བ་ཡིན་པས། དེའི་ཕྱིར་དྲན་མ་དྲན་གཉིས་འཇོམས་པ་ནི་རྐྱེན་ལས་སྐྱེས་ལ། དྲན་མེད་ཀྱང་བལྟོས ་པའི་ཆོས་ཡིན་ཏེ། དེ་གཉིས་ཀས་མ་མཚན་པའི་དུས་སུ་ནི་ཡང་མི་སྐྱེ་བའི་དོན་གྱི་ངག་བརྗོད་པ་དང་བྲལ་བས། ཚིག་དང་ཐ་སྙད་ལས་འདས་པས། སྐྱེ་བ་མེད་པའི་དབྱིངས་ཡིན་ཏེ། དེ་ཐམས་ཅད་ལ་ཁྱབ་ཅིང་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི། ་སྟེ། ལོངས་སྐུ་ལ་ཉོན་མོངས་པ་ཅི་སྐྱེས་ཀྱང་ལོངས་སྤྱོད་པ་ཡིན།། ཉོན་མོངས་པའི་འདམ་གྱིས་སྤྱི་མེད་ལས་མ་གོས་པས། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པའི་སྐྱོན་གྱིས་མགོས་པ་དང་འདྲ་བའི་ཕྱིར་ཉོན་མོངས་པའི་བདུད་བཅོམ་པའོ།། ཐུང ་བི་ལ་བརྟེན་པོའི་དྲན་པ་འདི་འཆི་འདོག་ཟོ་ཡིན་ཏེ། དྲན་པ་འདིས་ཕུང་པོ་མི་འདྲ་བ་དུ་མ་བཙལ་ནས། སྐྱེ་རྒན་འཆིའི་སྡུག་བསྔལ་ལས་མི་ཐར་པས་བདུད་ཡིན་ལ། དུས་རྟག་ཏུ་སྐྱེ་ཤིའི་དབང་དུ་གྱུར་པས་སྟོབས་ཆེ་བའོ།། དེ་འཇོམས་པ་ནི་ཕུང་པོ་ཆེན་ལ ་སྐྱེས་པ་ལ་དྲན་རིག་གློ་བུར་བརྟེན་པ་ནི་གཞི་མེད་པ་ལ་བརྟེན་པ་སྟེ། ཕུང་པོ་རྐྱེན་གྱིས་སྐྱེས་པས་འཇིག། དྲན་པ་གློ་བུར་བ་ཡིན་པས་ཡལ་འགྲོ་སྟེ། དོན་གྱི་ཡིང་ཐོས་བསམ་བསྒོམ་གསུམ་དང་བྲལ་བའི་དབྱིངས་བློ་ལས་འདས་པ་སྟེ། བློ་ལས་འདས་པའི ་དབྱིང་སུ་བློས་བྱས་པ་སྣ་ཚོགས་ཡལ་ཏེ། དཔེར་ན་རྒྱ་མཚོའི་ནང་དུ་ཁ་བ་བབས་པ་ལྟར་རང་བཞིན་མེད་པར་ཤེས་ནས། སྤྲོས་པ་དང་བྲལ་བར་གནས་པ་ནི་ཆོས་སྐུའོ།། ཆོས་ཀྱི་སྐུ་རྟོགས་པས་ནི་འཆི་བདག་གི་བདུད་བཅོམ་མོ།། ལྷའི ་བུའི་བདུད་ནི། རྩ་དང་ནཱ་ད་ཐིག་ལེ་སྟོང་པ་ཉིད་ཀྱི་ཞི་གནས་བསྒོམས་པས་ཟག་པ་དང་བཅས་པའི་བདེ་བ་སྐྱེས་པ་ནི་ལྷ་ཡིན་ལ། དེ་ཉིད་རྩོལ་སྒྲུབ་དང་བཅས་ནས་དྲན་པ་བསྒོམ་དགོས་ཏེ། དྲན་པ་ནི་བསམ་པ། བསམ་པ་ནི་རྣམ་པར་རྟོག་པ།། རྣམ་པར་རྟོག ་བ་ནི་འཁོར་བ་ཡིན་པས་བདུད་ཅེས་བྱའོ།། ཟག་བཅས་ཀྱི་བདེ་བ་ལ་རེ་བ་བྱས་ནས། ཟག་མེད་ཀྱི་སྐུ་ཐོབ་བོ་སྙམ་པའི་དབང་དུ་གྱུར་པས་སྟོབས་ཞེས་བྱའོ།། དེ་འཇོམས་པ་ནི་མཚན་མ་དང་བཅས་པའི་བདེ་བ་ནི་ལུས་དང་དྲན་པ་གཉིས་འདུས་པ་ལས་བདེ་བ་སྐྱེས་པ་ཡིན། ་ལ། ལུས་མེད་ན་བདེ་བ་སྐྱེ་བའི་གནས་མེད་ལ། དྲན་པ་མེད་ན་ལུས་ལ་སྒོམ་མཁན་མི་འོང་བས། དེའི་ཕྱིར་ལུས་དང་སེམས་གཉིས་ཀྱི་བདེ་བ་ནི་གློ་བུར་བ་རྐྱེན་ལས་སྐྱེས་པ་རྒྱུ་ཉིད་ཚེ་བ་གནས་ཉི་ཚེ་བ། དུས་ཉ་ཆེ་བ་ཡིན་པས། ལུས་ཞིག་པའི་དུས་སུ་ལུས ་ལ་བརྟེན་པའི་བདེ་བ་ཡང་འཇིག་པའོ།། ཟག་པ་མེད་པའི་བདེ་བ་ནི་སྐུ་གསུམ་གྱི་ངོ་བོ་ཐ་མི་དད་པ། རང་བཞིན་གྱིས་རྣམ་པར་དག་པ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དབྱིངས་དེ་ལ། རྒྱུ་དང་འབྲས་བུ་ཡང་མ་གྲུབ་ལ། འཁོར་བར་དོགས་པ་དང་མྱ་ངན་ལས ་འདས་པ་ལ་ཡང་རེ་བ་མེད་པ་སྟེ། དེ་ནི་འདམ་གྱི་མགོས་ཤིང་རྒྱས་པོ། དོན་གྱི་ལུས་ངག་ཡིད་གསུམ་དབྱེར་མེད་ཅིང་ཐ་མི་དང་བ། ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ་དེ་ལ་རློམ་སེམས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར། ལྷའི་བུའི་བདུད་བཅོམ་པའོ།། དེའི་ཕྱིར་བྲམ་ཟེ ་ཆེན་པོའི་ཐུགས་དམ། བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལོ།། གཞུང་གི་དོན་གསལ་བར་བསྟན་པ་ལ་དཔེ་ཉི་ཤུ་རྩ་གསུམ་སྟེ། འགལ་བའི་དཔེ་བཅུ་གསུམ་མི་འགལ་བའི་དཔེ་བདུན་འགལ་མི་འགལ་འདྲེན་མའི་དཔེ་གཉིས།། ཐ་མ ་རྒྱལ་པོ་ལ་ལན་བཏབ་པ་དང་ཉི་ཤུ་རྩ་གསུམ་ལས། དང་པོ་འགལ་བའི་དཔེ། རྒྱལ་པོས་གཡོ་བ་མེད་པའི་དོན་མ་རྟོགས་པས། གཡོ་འགུལ་ཅན་གྱི་དཔེ་ཆུ་དང་རླབས་ཀྱིས་བསྟན་པར་བྱ་སྟེ། དེ་ཡང་མི་གཡོ་བའི་དོན་ནི། དྲན་པ་མེད་པ་ལ་དྲན་རིག་གི ་གཡོ་མི་ནུས་ཏེ། དྲན་པའི་བསམ་བསྒོམ་ལྔ་སོགས་པས་ཡིད་ལ་མ་བྱས་པའི་དབྱིངས་ལ་གཡོ་འགུལ་མེད་དོ།། སྐྱེ་བ་མེད་པའི་དབྱིངས་ལ་སྐྱེ་རྒན་འཆིས་གཡོ་མི་ནུས་ཏེ། སྐྱེ་བ་སྣ་ཚོགས་ཀྱང་སྐྱེ་མེད་ལས་སྐྱེས་ཤིང་སྐྱེ་མེད་ལ་ཐིམ་པའོ།། བློ་ལས ་འདས་པའི་དབྱིངས་ལ་བློས་བྱས་པ་སྣ་ཚོགས་ཀྱིས་གཡོ་མི་ནུས་ཏེ། ཐོས་བསམ་བསྒོམ་གསུམ་ཡང་བློས་ལས་འདས་པའི་དབྱི་སུ་ཐིམ་པའོ།། དེ་ལྟར་ན་མི་གཡོ་བ་རྣམ་པ་གསུམ་ནི། རྒྱ་མཚོའི་གཏིང་ལྟ་བུའི་རྡོ་ལྟ་བུའི་ཏིང་འཛིན། ཡིད་ལ་གཡོ་བ་རྣམས ་གསུམ་ནི། རླུང་ལྟ་བུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། རྒྱ་མཚོའི་ཁ་ལྟ་བུ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་རླུང་གིས་བརྒྱབ་པས་མི་གཡོ་བའོ།། གལ་ཏེ་ལུས་ངག་ཡིད་གསུམ་གྱི་བསམ་བསྒོམ་གྱིས་ཕན་བཏགས་པ་འམ། གནོད་པ་སྐྱེལ་བ་ཅིག་བྱུང་ཡང་། ་ཆོས་སྐུ་ལས་བྱུང་ཞིང་ཆོས་སྐུར་ཐིམ་པ་ཡིན་ཏེ། དཔེར་ན་ཚུལ་རླུང་གིས་བརྒྱབ་པས་ཆུའི་ཁ་གཡོས་ནས་དཔའ་རླབས་དུ་མ་བྱུང་ཡང་། གཏིང་ལ་གཡོ་འགུལ་མེད་དེ། དེ་བཞིན་དུ་དྲན་པ་རླབས་དང་འདྲ་བ་འདི། དྲན་མེད་ཀྱི་ཁ་ན་ལྡིང་ཞིང་གཡོ་སྟེ། ་ངན་མེད་ཀྱི་གཏིང་སྐྱེ་མེད་བློ་འདས་ཡིན་ཏེ། དེ་གཉིས་ལ་གཡོ་འགུལ་མེད་པའོ།། དེའི་ཕྱིར་དྲན་པའི་རླབས་ནི་འཁོར་བ་རྣམ་པ་གསུམ་ཡིན་ཏེ། དེ་ལ་ཞེན་དུ་མེད་དེ། ཆུའི་རླབས་ཙམ་དུ་ཤེས་པར་བྱའོ།། དེ་ཡང་ཆུ་ལྟ་བུ་ནི་དྲན་པ་ལ། ་རླབས་ལྟ་བུའི་རྐྱེན་གྱིས་སྣང་བ་སྣ་ཚོགསོ།། དེ་ལྟར་རྟོགས་ཙམ་ན་ཡིད་ལ་མ་བྱས་པ་ཕྱག་རྒྱ་ཆེན་པོའི་དོན་ལས། ལོངས་སྤྲུལ་རྣམ་པ་གཉིས་རྦ་རླབས་ཙམ་དུ་ཤར་བའི་ཕྱིར། ཆུ་ལས་གཡོ་བ་རླབས་རྣམསུ་འགྱུར།། དེ་ལྟར་ན་དོན་གཅིག་ལས ་རྟོགས་མ་རྟོགས་ཀྱིས་བྱེ་བྲག་དུ་མར་སྣང་བ་ཤར་བ་སྟེ། ཆོས་སྐུ་གཅིག་པུ་ལས་སེམས་ཅན་གྱི་རྣམ་རྟོག་གིས་སྐུ་གསུམ་འམ་བཞི་འམ་སྐུ་ལྔ་ལ་སོགས་པར་བཟུང་སྟེ། དབྱིངས་རྣམ་པར་དག་པ་རྐྱེན་གང་གིས་ཀྱང་མ་བསླང་པ་དེའི་བྱེ་བྲག་གོ།། ་དཔེར་ན་ས་ར་ཧ་ལྟ་བུ་ལ། རྒྱལ་པོས་གནས་སྐབས་ཀྱིས་བྲམ་ཟེ་དང་། བཎྜི་ཏ་དང་། རྣལ་འབྱོར་པ་དང་། རིགས་ངན་ལ་སོགས་པ་སོ་སོར་མཐོང་ཡང་གཅིག་ལས་མ་འདས་པས། དེ་ལྟར་རྒྱལ་པོ་མངའ་བསྣུན་སྣང་བ་ཡང་། དཔེ་དེ་བཞིན ་དུ་ཡིད་ལ་མ་བྱས་པའི་དབྱིངས་ལས་འཁོར་འདས་གཉིས་ཀ་ཤར་བའོ།། འོ་ན་འཁོར་བ་ཡང་ཡིད་ལ་མ་བྱས་པ་ལས་ཤར་བས། ཡིད་ལ་མ་བྱས་པ་ཉིད་ཀྱང་འཁོར་བར་མི་ཆ་འམ་ཞེ་ན་དེ་ནི་མི་ཆེ་སྟེ། དཔེར་ན་ན་མི་ཁའི་ལས་སྤྲིན་ཤར་བའི ་དུས་སུ། ནམ་མཁའ་ཉིད་ཀྱང་སྦྱིན་པར་སོང་བ་མ་ཡིན་ཏེ། དེ་ལས་ཤར་ཅིང་དེར་ནུབ་པའོ།། དེ་བཞིན་དུ་འཁོར་བ་འདི་ཐམས་ཅད་ཀྱང་དྲན་པ་ཡིན་ལ། དྲན་པ་ཉིད་དྲན་མེད་ལས་ཤར་ཅིང་དྲན་མེད་དུ་ནུབ་པའོ།། དེའི་ཕྱིར་གཅིག་ཉིད་ན་ཡང་རྣམ་པ་སྣ་ཚོགས ་བྱེད།། ད་ནི་སེམས་དང་སེམས་ལས་བྱུང་བ་གཉིས་མེད་མ་རྟོགས་པས་ལྟ་བ་ལོག་པར་གོ་བའི་དཔེ་མར་མེ་གཅིག་ལས་གཉིསུ་མཐོང་བ་ལྟ་བུར་སྟོན་ཏེ། དེ་ཡང་ཡང་དག་པའི་ལྔ་པ་ནི། བློའི་ཡུལ་ལས་འདས་པ་སེམས་དང་སེམས་ལས་བྱུང་བ་མི་རྒྱུ ་བ་ཡིན་ལ། དེ་ལྟར་མ་རྟོགས་པའི་གང་ཟག་གིས་དྲན་པ་དང་རིག་པ་ལ་མངོན་པར་ཞེན་ནས། དྲན་རིག་ལ་དྲན་རིག་གིས་བརྟགས་པས་དེའི་མཚན་ཉིད་སྟོང་པ་ཙམ་ལ་ལྟ་བ་ཟེར་ཏེ། དེ་ནི་བླུན་པོ་ཞེས་བྱ་ལ། བླུན་པོ་ཞེས་བྱ་བ་ནི་དོན་མ་ཡིན་པ་ལ ་ཡིན་པར་མཐོང་། ཡིན་པ་ལ་མ་ཡིན་པར་མཐོང་བས་བཟློག་པའི་བསྒོམ་པ་སྟེ། དེའི་དཔེ་ནི་མིག་ལེགས་པར་མི་ལྟ་བར། མིག་གི་ཡ་ཕུགས་མནན་ནས་ལྟ་བའི་ཕྱིར། ཇི་ལྟར་རྨོངས་པས་བཟློག་ནས་བལྟས་པ་ཡིས།། དཔེར་ན་མིག་བཟློག་ནུས་བལྟས་པའི ་ཕྱིར། མར་མེའི་དངོས་པོ་གཅིག་ལ་མིག་གི་རྐྱེན་གྱིས་མར་མེ་གཉིས་མཐོང་བ་བཞིན་དུ། ཡང་དག་པའི་ལྟ་བ་བློའི་ཡུལ་ལས་འདས་པ་ལས་བཟློག་ནས། དྲན་རིག་རྣམ་རྟོག་གི་ལྟ་བ་ལ་སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་ཏེ། སྣང་སྟོང་གཉིས་ཀ ་གློ་བུར་བ་ཡིན་པས་བཅོས་མའོ།། མ་བཅོས་པའི་གང་ཟག་གིས་མར་མེ་ལ་གཉིསུ་མི་མཐོང་བ་དང་འདྲ་བར། བློ་འདས་ཀྱི་དོན་རྟོགས་པས་སྣང་བ་ཡང་གློ་བུར་བ་སྟེ། རྐྱེན་ལས་སྐྱེས་པའི་ཕྱིར་རོ།། སྟོང་པ་ཡང་གློ་བུར་བ་སྟེ། བྱས་པའི་སྟོང་པ་ཉིད ་འཇིག་པའི་ཕྱིར་རོ།། དེས་ན་སྣང་སྟོང་གཉིས་ཀ་བློ་ལས་འདས་པའི་དབྱིངས་ལས་མ་འདས་པ་ལ་རྟོག་པས་གཉིསུ་བཟུང་བས། མར་མེ་གཅིག་ཉིད་གཉིསུ་སྣང་བར་འགྱུར།། དེའི་ཕྱིར་ལྟ་བར་བྱ་བའི་ཡུལ་དང་། ལྔ་བར་བྱེད་པའོ་ཤེས་པ་གཉིས་ཀ་གློ ་བུར་བ་ཡིན་པས། དོན་དམ་པའི་ཆོས་སྐུ་དེ་ལ་དྲན་མ་དྲན་གཉིས་མེད་འཁོར་འདས་གཉིས་མེད་སངས་རྒྱས་དང་སེམས་ཅན་གཉིས་མེད་པས། དེ་ལྟར་བལྟ་བྱ་ལྟ་བྱེད་གཉིས་མེད་ལ། མ་རྟོན་པའི་གང་ཟག་གི་ཟག་བཅས་། ་ཕུང་པོ་ལྔ་དང་། ཟག་མེད་ཀྱི་ཕུང་པོ་ལྔ་དང་། དྲན་མ་དྲན་དང་འཁོར་འདས་གཉིས་དང་དགེ་སྡིག་གཉིས་ལ་སོགས་པ་བློས་སོ་སོར་འབྱེད་པས། ཀྱེ་མ་བློ་ནི་གཉིས་ཀྱི་དངོས་པོར་སྣང་།། ད་ནི་ལྷན་ཅིག་སྐྱེས་པས་འཁོར་འདས་ཐམས་ཅད ་ལ་ཁྱབ་ཀྱང་དེ་ཉིད་མ་རྟོགས་པས། དམུས་ལོང་ལ་མར་མེའི་འོད་ཀྱིས་ཁྱབ་ཀྱང་འོད་མ་མཐོང་བའི་དཔེས་བསྟན་ཏེ། དེ་ཡང་ཕྱིའི་ཁྱིམ་འདོད་པའི་ཡོན་ཏན་ལ་ཡེངས་པའི་དུས་སུ། དྲན་པ་མེད་པ་ཡེ་ཤེས་ཀྱི་མར་མེས་ཁྱབ་སྟེ། བརྒྱུད་པ ་དང་མི་ལྡན་པས་མ་རྟོགས། ནང་གི་ཁྱིམ་ནི་ཕུང་པོ་ལྔ་སྟེ། ཕུང་པོ་ལྔའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པའི་ཡེ་ཤེས་མར་མེ་དང་འདྲ་བ་དེ་ཡང་མ་རྟོགས། གསང་བའི་ཁྱིམ་དྲན་མེད་ཀྱི་དབྱིངས་ལ་སྐྱེ་མེད་ཀྱི་མར་མེ་འོད་ཀྱི་རྒྱས ་བཏབ་པ་དེ་ཡང་མ་རྟོགས་པས། ཁྱིམ་དུ་མར་མེ་མང་པོ་སྦྱར་གྱུར་ཀྱང་། དཔེར་ན་མར་མེས་མི་འགལ་བར་བྱེད་པ་དང་འདྲ་བར། བརྒྱུད་པ་དང་ལྡན་པའི་དྲན་པ་མེད་པས་ཡེ་ཤེས་ཀྱི་མིག་གིས་དྲན་པའི་མུན་ནག་ཉོན་མོངས་པ་ཐམས་ཅད ་སེལ་བར་བྱེད་པ་ཡིན་ལ། བརྒྱུད་པ་མེད་པའི་དྲན་རིག་ལ་མངོན་པར་ཞེན་པ་རྣམས་ལ། དྲན་མེད་ཡེ་ཤེས་ཀྱི་མིག་མེད་པས། དྲན་པ་འབའ་ཞིག་ལ་གནས་ཏེ་འཁོར་བའི་མུན་པ་ལ་བསངས་པའི་དུས་མེད་པའོ།། དཔེར་ན་ལོང་བ་ལ་མར་མེའི ་འོད་ཀྱིས་ཁྱབ་ཀྱང་ལོང་བསམ་མཐོང་བས། མུན་ནག་ལ་སངས་པའི་དུས་མེད་པ་བཞིན་ནོ།། དེའི་ཕྱིར་མིག་མེད་པ་ལ་མུན་པར་གནས་པ་བཞིན། དེ་བཞིན་དུ་སྣང་བའི་ལྷན་ཅིག་སྐྱེས་པ་སྤྲུལ་པའི་སྐུ་དང་། སྟོང་པའི་ལྷན་ཅིག་སྐྱེས་པ ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྐུ་རྣམ་པ་གསུམ་པོ་དེས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ལ་ཁྱབ་པས། ལྷན་ཅིག་སྐྱེས་པས་ཐམས་ཅད་ཁྱབ་བྱས་པའི། སྐུ་གསུམ་པོ་དེ་དག་བྲལ་མ་མྱོང ་བར་དུས་རྟག་ཏུ་རང་དང་འགྲོགས་ཏེ། དཔེར་ན་སྦྲང་རྩི་དང་སྦྲང་རྩིའི་རོ་བཞིན་དུ་འགྲོགས་པ་ལ། དྲན་པ་ཉིད་དྲན་མེད་ཀྱིས་རྒྱས་བཏབ་ནས་ཤིན་ཏུ་ཉེ་བར་མ་རྟོགས་པས།། ཉེ་ཡང་རྨོངས་པ་དག་ལ་ཤིན་ཏུ་རིང་།། ད་ནི་མི་འགལ་བ་ཀུན་རྫོབ་ཀྱི་བདེན་པ་དུ ་མ་ག་ཀྱང་། དོན་དམ་པའི་བདེན་པ་གཅིག་གིས་འཇོམས་པ་ཆུ་བོ་དང་མུན་པའི་དཔེས་བསྟན་ཏེ། ཆུ་བོ་གཾ་གཱའ་དང་། ཡ་མུན་དང་། སི་ཏ་ན་ར་ལ་སོགས་པའི་ཆུ་བོ་ཐམས་ཅད་བྱུང་ཡང་རྒྱ་མཚོ་ལས་བྱུང་། ཐིམ་ཡང་རྒྱ་མཚོར་ཐིམ། དཔེ་དེ་བཞིན་དུ ་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱུང་ཡང་བློ་ལས་འདས་པ་ལས་བྱུང་། ཐིམ་ཡང་བློ་ལས་འདས་པའི་དབྱིངས་སུ་ཐིམ་པའོ།། དེ་ཡང་ཆུ་ཐམས་ཅད་རོ་གཅིག་པ་དང་འདྲ་བར། འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མར་སྣང་ཡང ་བློས་མ་རེག་པའི་དབྱིངསུ་རོ་གཅིག་པས། ཆུ་བོ་སྣ་ཚོགས་པ་ཡང་རྒྱ་མཚོར་གཅིག་ཉིད་དང་། དྲན་པ་གཟུང་བའི་འཁོར་ལོ་ཡིན་ཏེ། བསྐྱེད་རིམ་རྫོགས་རིམ་ཐམས་ཅད་དྲན་པས་བྱས་པས་འཇིག་པའི་ཆོས་ཅན་དུ་མ་དག་ཀྱང་། དོན་དམ་པའི་མི་སླུ་བའི་དབྱིངས ་ཡིད་ལ་མ་བྱས་ཤིང་བློས་མ་རེག་པ་དེ། སླར་མ་བཏུབ་བསམ་དུ་ཡང་མ་བཏུབ་པ་ངེས། མི་བདེན་པའི་དྲན་པ་འམ། རིག་པ་འམ། བློས་བྱས་པ་ཐམས་ཅད་འཇོམས་པ་སྟེ། དཔེར་ན་རྫུན་པོ་ཆེ་གཅིག་གིས་རྫུན་མང་པོ་བྱས་ཀྱང་། རྒྱུས ་ཡོད་པ་གཅིག་གིས་རངས་པ་མི་བདེན་པར་ཚོར་བས། བརྫུན་པ་དུ་མ་དག་ཀྱང་བདེན་པ་གཅིག་གིས་འཇོམས། འཇོམས་ལུགས་ཇི་ལྟར་གྱིས་འཇོམས་ན། བླ་མ་དམ་པའི་གདམས་ངག་ཉི་མ་ལྟ་བུའི་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲེལ ་བ་དེས་ནི། རྐྱེན་རྣམ་པ་གསུམ་གྱིས་མ་བསྐྱང་བ་དེ་ནི། ཉི་མ་ལྟར་གསལ་བ་ཐམས་ཅད་ལ་ཁྱབ་པ་ཡིན་པས། ཉི་མ་གཅིག་དང་སྣང་བར་གྱུར་པ་ཡིན། རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་ཐམས་ཅད་མུན་པ་ལྟ་བུ་ཡིན་ཏེ། ཐམས་ཅད་ཟློས་བྱས་པ་ཡིན་པས་དོན ་དམ་པ་བློའི་སྤྱོད་ཡུལ་ལས་འདས་པ་མི་མཐོང་སྟེ། དོན་དམ་པ་དེ་མཐོང་བར་བྱེད་པ་ནི། བླ་མ་དམ་པའི་གདམས་ངག་རྐྱེན་གསུམ་དང་བྲལ་བ་དེས། སྐུ་གསུམ་མཐོང་ནས་དྲི་མ་གཉིས་དག་པར་བྱེད་ཅིང་། དྲན་པ་ཐམས་ཅད་དྲ་མེད་དུ་འཇོམས་པར་བྱེད་པས། ་མུན་པ་དུ་མ་དག་ཀྱང་འཇོམས་པར་བྱེད།། ། ད་ནི་མི་འགལ་བའི་དཔེ་འཕེལ་འགྲིབ་མེད་པ་རྒྱ་མཚོ་ལྟ་བུ་བསྟན་ཏེ། དེ་ལ་རྒྱ་མཚོ་ལས་རླངས་བྱུང་། རླངས་པ་སྤྲིན་དུ་སོང་། སྤྲིན་ལས་ཆར་པ་བབས་ལོ་ཏོག་རྒྱས་པར་བྱེད།། དཔེ་དེ་བཞིན ་དུ་རྒྱ་མཚོ་ལྟ་བུའི་ཆོས་སྐུ་ལས། རླངས་པ་ལྟ་བུའི་ལོང་སྐུ་ཤར་སྨིན་པ་ལྟ་བུའི་སྦྲུལ་སྐུ་ལས་ཆར་པ་ལྟ་བུའི་སྤྲུལ་པ་སྣ་ཚོགས་འཆར་བས། ཇི་ལྟར་ཆུ་འཛིན་གྱིས་ནི་རྒྱ་མཚོ་ལས། ཆར་པ་དེ་ཡང་སྣོད་ཀྱི་ཁྱད་པར་གྱིས་ཁ་བ་དང་མངར་བ་དང་སྒྱུར་བའི་ཁྱང ་པར་གྱིས་འགྲོ་སྟེ། ཆར་པ་ལ་ངས་དེ་ལྟར་བྱས་སོ་སྙམ་པའི་བསམ་པ་མེད་དོ།། དཔེ་དེ་བཞིན་དུ་ཆོས་སྐུ་བློ་ལས་འདས་པ་ལས་ལོངས་སྐུ་སྐྱེས་པ་མེད་པ་དང་། སྤྲུལ་སྐུ་དྲན་པ་མེད་པ་གཉིས་ཤར་ཏེ། ཆོས་སྐུ་ལས་ལོངས་སྤྲུལ་གཉིས་ཤར་བའི་བསམ་པ་མེད ་དང་། འདི་ནི་འཁོར་བའོ།། འདི་ནི་མྱ་ངན་ལས་འདས་པ་ལ་སོགས་མེད་པ་དང་རང་རང་གི་རྣམ་རྟོག་གི་ཁྱེད་པར་གྱིས་སོ་སོར་བཟུང་བའོ།། དཔེར་ན་ཆར་པས་ས་གཞི་ཐམས་ཅད་བངས་ནས་རྩི་ཤིང་དང་ནགས་ཚལ་སྐྱེད་པ་དང་། དེས་སེམས་ཅན་གྱི་དོན་བྱེད་དོ།། ་དཔེ་དེ་བཞིན་དུ་བླ་མའི་གདམས་ངག་གིས་དྲན་མེད་འཆར་བའི་རླན་དང་འདྲ་བ་དེས་ཉོན་མོངས་པའི་ཐ་བ་ཐམས་ཅད་སྐྱེ་མེད་དུ་བངས་ནས། བློ་འདས་ཀྱི་དབྱིངས་ལས་སེམས་ཅན་གྱི་དོན་དུ་སྤྲུལ་པ་མི་འདྲ་བ་དུ་མ་དག་ཀྱང་འཆར་ཏེ། སྤྲུལ་པ་དེ་རྣམས་ལ་སེམས ་ཀྱི་རྟོག་པའི་ཁྱད་པར་གྱིས། ཇི་ལྟར་ཡང་འབྱུང་དུ་རུང་བའི་ཕྱིར། ཆུ་བླངས་ནས་ནི་ས་གཞི་གང་བྱས་ཀྱང་། དཔེར་ན་ཆར་པ་དེ་རྒྱ་མཚོ་ལས་བྱུང་ཡང་རྒྱ་མཚོ་དེ་ཉུང་ངུ་མ་སོང་བས་རྒྱ་མེ་ཚོ་ལ་གནོད་པ་མེད། དེ་བཞིན་དུ་དྲན་མོད་ཀྱི་དབྱིངས་ལས་དྲན ་བ་དུ་མར་ཤར་ཡང་། བླན་མེད་དེ་ལ་ཉམས་པ་མེད་དེ། དྲན་པ་དེ་བྱུང་ཡང་དྲན་མེད་ལ་ཐོལ་གྱིས་བྱུང་།། གནས་ཀྱང་དྲན་པའི་མཚན་ཉིད་ཡིད་ལཱ་མ་བྱས་པས་དྲན་མེད་དུ་གནས་ཐིམ་ཡང་དྲན་མེད་ཀྱི་ངང་དུ་ཐིམ་པས། དྲན་མེད་དེ་ཉིད་ན་མཁའ་དང་འདྲ་སྟེ། དུས ་རྟག་ཏུ་དྲན་མེད་རྒྱུན་མི་འཆད་པར་གནས་པས། དེ་ཉིད་མ་ཉམས་ན་མཁའ་དག་དང་མཉཾ། དེ་ཕྱིར་ཆོས་སྐུ་བློ་ལས་འདས་པ་དེ་ལ་ཚོགས་གཉིས་ཀྱིས་ཕན་མ་ནུས་ཏེ།། བློ་ལས་འདས་པ་ལ་ཚོགས་གཉིས་བསག་རྒྱུ་མེད་པས་སོ།། མི་དགེ་བའི་ཚོགས་ཀྱིས ་སྒྲིབ་མི་ནུས་ཏེ། བློ་འདས་ལ་སྒྲི་རྒྱུ་མེད་པས་སོ།། ཆོས་སྐུ་ལས་སྐུ་གཉིས་བྱུང་ཡང་། ཆོས་སྐུ་ལ་ཟད་པ་མེད་ཅིང་འཕེལ་བ་མེད་དོ།། དེ་ཡང་མ་ཟད་མི་ཟང་ཟད་པ་མེད་པའི་དབྱིངས་ཡིན་པས། འཕེལ་བ་མྱེད་ཅིང་འགྲིབ་པ ་ངག་ཀྱང་མེད།། །། ད་ནི་རྒྱལ་བའི་ཡོན་ཏན་མཚན་བཟང་པོ་དང་དཔེ་བྱད་བཟང་པོས་བརྒྱན་པ་ཡང་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པར་བསྟན་ཏེ། དེ་ལ་རྒྱལ་བའི་ཡོན་ཏན་ནི་གཉིས་ཏེ། འཇིག་རྟེན་པའི་རྒྱལ་བའི་ཡོན་ཏན་དང་འཇིག ་རྟེན་ལས་འདས་པའི་རྒྱལ་བའི་ཡོན་ཏན་ནོ།། འཇིག་རྟེན་པའི་རྒྱལ་བའི་ཡོན་ཏན་ནི།། མཚན་བཟང་པོ་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅུ་འམ། མི་འཇིགས་པ་བཞི་འམ། འོད་འདོམ་གང་བ་ལ་སོགས་པ་དེ་འཇིག་རྟེན་ལས་འདས ་པའི་ཕུན་སུམ་ཚོགས་པ་མ་ཡིན་ཏེ། དེ་དག་ཐམས་ཅད་གློ་བུར་བ་ཡིན་པའི་ཕྱིར། རྒྱལ་བའི་ཕུན་སུམ་ཚོགས་པ་ཡོངས་གང་བའི།། འཇིག་རྟེན་ལས་འདས་པའི་རྒྱལ་བའི་ཡོན་ཏན་ནི། དོན་གྱི་ལྷན་ཅིག་སྐྱེས་པ་ཡིན་ཏེ། དེ་ཡང་དྲན་པ་དྲན་མེད་ཝ ་བྱུང་། དེར་གནས་དེར་ཐིམ་པ་ནི་ལྷན་ཅིག་སྐྱེས་པའི་སྟོང་པའོ།། དྲན་མེད་ལས་བྱུང་དེར་གནས་དེར་ཐིམ་པས་སྟོང་པའི་ལྷན་ཅིག་སྐྱེས་པ་ནི་སྐྱེ་བ་མེད་པ། སྐྱེ་མེད་བློ་ལས་འདས་པ་ལས་བྱུང་ཡང་། དེར་གནས་དེར་ཐིམ་པས་སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པ ་ནི་བློའི་ཡུལ་ལས་འདས་པའོ།། བློ་ལས་འོངས་པ་དེ་ལས་སེམས་ཅན་གྱི་མོས་པ་ཐ་དད་ཀྱིས། གཟུགས་སྐུ་གཉིས་ཀྱི་སྣང་པོ་ཤར་དུ་རུང་སྟེ། ཅི་ཡང་ཤར་དུ་རུང་བ་ཉིད་ཁོ་ན་འཇིག་རྟེན་ལས་འདས་པའི་རྒྱལ་བའི་ཡོན་ཏན་ཡིན་པས། ལྷན་ཅིག་སྐྱེས ་པ་གཅིག་གི་རང་བཞིན་ཉིད། ལྷན་ཅིག་སྐྱེས་པའི་རང་བཞིན་དེས་བརྟན་པ་དང་གཡོ་བའི་འགྲོ་བ་ཐམས་ཅད་ལ་ཡང་ཁྱབ་ཅིང་དེའི་ངང་དུ་འགགས་པ་སྟེ། དྲན་པ་དྲན་མེད་ལས་སྐྱེས་ཤིང་དེར་འགགས་པས། དེ་ལས་འགྲོ་བ་སྐྱེ་ཞིང་འགག་པ་སྟེ། འོ་ན་ལྷན ་ཅིག་སྐྱེས་པ་དེ་དྲན་པའི་སྣང་བ་དང་དྲན་མོད་ཀྱི་སྟོང་པ་གཉིས་ལ་ཟེར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། དྲན་པ་དང་དངོས་པོའི་ཆོས་དཀྱིལ་འཁོར་བསྒོམ་པ་ལ་སོགས་པ་དེ་ཡང་མ་ཡིན། དངོས་པོ་མེད་པའི་ཆོས་ངན་མེད་ཀྱི་སྟོང་པ་ཉིད་ཀྱི་ཞི་གནས་བསྒོམ་པ་དེ་ཡང ་མ་ཡིན་པར།། དྲན་མ་དྲན་གཉིས་ཀས་མ་གོས་པའི།། སྐྱེ་མེད་དེ་ལྷན་ཅིག་སྐྱེས་པ་ཡིན་པས་དེ་ལ་དངོས་དང་དངོས་པོ་མེད་པའང་མེད།། །། ད་ནི་འགལ་བའི་དཔེ་རྐྱེན་ལས་སྐྱེས་པའི་བདེ་བ་ལ་རེ་བ་མེད་པའི་སྐྱེས་བུ་བྲག་གིས་སྦྲང་རྩི་འཐུང ་བའི་དཔེ་སྟོན་ཏེ། དེ་ཡང་རྐྱེན་གྱིས་མ་བསྐྱེད་པའི་བདེ་བ་ནི། སྐྱེ་མེད་ཀྱི་ངོ་བོ་བསམ་དུ་མ་བཏུབ་པའི་དབྱིངས་བློ་ལས་འདས་པ་དོན་དམ་པ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། དེ་ནི་ཟག་པ་མེད་པའི་བདེ་བ་ཡིན་ཏེ། འཁོར་འདས་གཉིས་ཀའི་འདམ་གྱིས་མ་གོས་ག། ་དེ་མ་རྟོགས་པ་རྣམས་ཀྱིས་སྤངས་ནས། ཟག་པ་དང་བཅས་པའི་བདེ་བ་ལས་ཀྱི་ཕྱག་རྒྱ་ལ་ཞེན་ནས། འདོད་པའི་ཁམས་སུ་འགྲོ། དམ་ཚིག་ཕྱག་རྒྱའི་བདེ་བ་ལྷ་དང་ལྷ་ཨོའི་དཀྱིལ་འཁོར་ལ་ཞེན་པས་གཟུགས་ཁམས་འགྲོ། ཆོས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་ཀྱི ་ཞི་གནས་ལ་མངོན་པར་ཞེན་པས་གཟུགས་མེད་པའི་ཁམསུ་འགྲོ་བས། དམ་པའི་བདེ་བ་སྤངས་ནས་གཞན་དུ་འགྲོ། ཤེས་རབ་མ་ལ་བརྟེན་པའི་བདེ་བ་དེ་ཡང་རྐྱེན་ལས་སྐྱེས་པ་ཡིན་ཐིག་ལེ་ནཱ་ད་སྒོམ་པ་ཡང་རྐྱེན་ལས་སྐྱེས་པའི་བདེ་བ་ཡིན། ལྷ་དང་ལྷ་མོའི་དཀྱིལ ་འཁོར་བསྒོམ་པ་དེ་ཡང་རྐྱེན་ལས་སྐྱེས་པའི་བདེ་བ་ཡིན། དེ་རྣམས་ལ་རེ་བ་བྱེད་ན་ཁམས་གསུམ་ལས་མི་ཐར་ཞིང་གྲོལ་བ་མི་ཐོབ་པར། མཐོ་རིས་ལྷའི་གོ་འཕང་ཐོབ་པས། རྐྱེན་ལས་སྐྱེས་པའི་བདེ་བ་ལ་རེ་བ་བྱེད། དོན་དམ་བཱི ་བདེ་བ་ནི་མ་རྟོགས། རྐྱེན་གྱིས་བསྐྱེད་པའི་བདེ་བ་ལ་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་ཟེར་བའི་དཔེ་ནི། བྲག་མཐོན་པོ་ཅིག་ལ་བུང་ཚང་ཡོད་པ་ལ།། དེའི་སྟེང་ན་གླང་པོ་ཆེ་གཉིས་འཐབ་འོག་ན་མཚོ་ཆེན་པོ་ཡོད་པ་དེའི་བར་ན་འཛག་མའི་ཕུང་པོ་ཅིག་ལ ་སྐྱེས་བུ་སྦྲང་རྩི་འདོད་པ་ཅིག་གིས་ལག་པ་འཇུས་ནས་སྦྲང་རྩི་འཐུངས་སྟེ། བྱི་བ་དཀར་ནག་གཉིས་ཀྱིས་འཇག་མ་བཅད་པས། ཁོ་སྟེང་དུ་བློས་ན་གླང་པོ་ཆེའི་བར་དུ་ཆ། འོག་ཏུ་བྲོས་ན་མཚོར་འགྲོ་བས་ཤིན་ཏུ་སྡུག་བསྔལོ།། དཔེ་དེ་བཞིན་དུ ་སངས་རྒྱས་ཀྱི་དགོངས་པའི་སྐུ་གསུམ་གྱི་རོ་རང་ལ་ཡོད་པ་ནི་མགོ། རྐྱེན་ལས་སྐྱེས་པའི་བདེ་བ་ལོགས་ན་ཡོད་པ་ལ་རེ་བ་བྱེད་པ་དེ་ནི་སྦྲང་རྩི་བྲག་ལ་ཡོད་པ་ལྟ་བུ། འཛག་མ་ཕུང་པོ་ནི་ཚེ་ཡིན་ལ། བྱི་བ་གཉིས་ནི་ཉིན་མཚན་གྱིས་ཚེ་རྐུ་བར ་བྱེདག། གླང་པོ་ཆེ་གཉིས་ནི་གཟུ་བམྦ་དང་ག་ནུ་མེད་བཱི་ཁམ་གཉིས། འོག་གི་མཚོ་ནི་འདོད་པའི་ཁམས་ཏེ། གར་བྲོས་ཀྱང་ཁམས་གསུམ་ལས་མི་ཐར་པའི་ཕྱིར། རང་གི་ཁར་བཅུག་སྦྲང་རྩི་ཉེ་བ་ནི་དུས་རྟག་ཏུ་རང་དང་འགྲོགས་པའི་སྐུ་གསུམ་པོ་ཆུ་བོའི་རྒྱུན་དང ་འདྲ་བ་དེ་ལ་ངོམས་པར་མི་འཐུང་བར། བློས་བྱས་པའི་ཆོས་རྐྱེན་སྐྱེས་སྨིག་རྒྱུའི་ཆུ་ལ་རེ་བ་བྱས་ཤིང་བརྟགས་ཀྱང་ཤིན་ཏུ་རིང་བར་འགྱུར་བས། འཐུང་བར་མི་བྱེད་ཤིན་ཏུ་རིང་བར་འགྱུར།། ། ད་ནི་འགལ་བའི་ངཔེ་དོན་ལ ་མཁས་པ་རྣམས་ཡུལ་ལ་མ་ཆགས་ལ། མི་མཁས་པ་ལ་རྣམས་ཆགས་པའི་དཔེ་སྟོན་ཏེ། དེ་ཡང་དཔེར་ན་བྱོལ་སོང་རྣམས་ཁལ་དང་ཁུར་ལ་སྡུག་བསྔལ་དུ་མི་མཐོང་བར། ཁ་ཟང་ཞད་ཙམ་ལ་བདེ་བར་མཐོང་། དེ་བཞིན་དུ་སོ་སོའི་སྐྱེ ་བོ་རྣམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པ་ལ་བདེ་བར་མཐོང་བས་ལོངས་སྤྱོད་། དགེ་བའི་ལས་ཀ་འམ་དམ་པའི་ཆོས་ལ་སྡུག་བསྔལ་དུ་མཐོང་ན་འབད་ན་འབྱོལ་བ་འམ། དྲན་མེད་སྐྱེ་མེད་བློ་འདས་ཀྱི་དོན་དམ་པ ་མ་ནོར་བ་ཡཱི་བ་ལ་དེ་ལ་བྱོལ་ནས་དྲན་རིག་འཁོར་བའི་རྒྱུ་སྡུག་བསྔལ་གྱི་ཕུང་པོ་ལ་སྡུག་བསྔལ་དུ་མི་བྱེད་པར་བདེ་བར་མཐོང་བས། བྱོལ་སོང་དག་གིས་སྡུག་བསྔལ་མི་བྱེད་པ། བརྒྱུད་པའི་གདམས་ངག་དང་ལྡན་པས། བྲན་མེད་སྐྱེ་མེད་ལ་མཁས ་པའི་གང་ཟག་གིས། རྩ་རླུང་གི་སྒོམ་དང་ཐིག་ལེ་དང་བསྐྱེད་རིམ་ལ་སོགས་པ་ཐམས་ཅད་སེམས་ཀྱི་སྡུག་བསྔལ་དུ་མཐོང་བའི་ཕྱིར། མཁས་པ་རྣམས་ཀྱིས་དེ་ནི་སྡུག་བསྔལ་བྱེད། དོན་རྟོགས་པའི་མཁས་པ་དེས་ནི། སངས་རྒྱས་ཀྱི་དགོ ་པ་བློའི་ཡུལ་ལས་འདས་པ་བཟླསུ་མ་བཏུབ། བརྗོད་དུ་མ་བཏུབ་མིང་གདག་སུ་མ་བཏུབ་པ། ཡིད་ལ་མ་བྱས་པའི་བསམ་གཏན་རྒྱུན་མི་འཆང་བའི་རང་བཞིན། སྐྱེ་ཤིའི་མཐའ་ལས་འདས་པ། རྟག་ཆད་ཀྱི་མཐའ་ལས་འདས་པ། ནུ་མཁའ ་ལྟ་བུ་དེ་དང་མི་འབྲལ་བས། ཅིག་ཤོས་ན་མཁའི་རྩི་འཐུང་བར་བྱེད། དེ་ལྟར་མ་རྟོགས་པས་ཕྱིའི་ཡུལ་འདོད་ཡོན་ལྔ་ལ་དྲན་པ་རིག་པ་ཆགས་ནང་གི་ཡུལ་རྩ་དང་རླུང་དང་སྟོང་པ་ཉིད་ཀྱི་ཞི་གནས་ལ་ཆགས། གསང་བའི་ཡུལ་དྲན་མེད་སྐྱེ་མེད ་བློ་ལས་འདས་པ་ལ་ཆགས། ཆགས་རྒྱུ་འམ་ཞེན་རྒྱུ་ཐམས་ཅད་དོན་དམ་པའི་བདེན་པ་རང་ལས་ཐ་དད་བར་ཚོལ་བ་ཡིན་ཏེ། དེ་ཡིས་མི་གྲོལ་བས། གཞན་ནི་ཡུལ་རྣམས་དག་ལ་རྣམ་པར་ཆགས།། །། ད་ནི་དེ་ལྟར ་ཆགས་པ་ཐམས་ཅད་མྱ་ངན་ལས་འདས་པ་སྤངས་ནས་འཁོར་བའི་བདེ་བ་ལ་མོས་པའི་དཔེ་བཤད་པའི་སྲིན་བུ་ལྟ་བུ་སྟོན་ཏོ།། དཔེར་ན་མི་གཙང་བའི་སྲིན་བུ་དེ་མི་གཙང་བའི་དྲི་མི་ཞིམ་པ་ལ་ཆགས། དེ་བཞིན་དུ་འཁོར་བའི་སེམས་ཅན་རྣམས་འདོད་ཡོན་ལྔ་ལ ་ཆགས། མ་རྟོགས་པའི་གང་ཟག་རྣམས་མཚན་མ་དང་བཅས་པའི་བདེ་བ་ལ་ཆགས་པས། བཤང་བའི་སྲིན་བུ་དྲི་ལ་ཚགས་པ་ནི། དེ་ཡང་མི་གཙང་བའི་སྲིན་བུ་དེ་ཅན་ངན་ག་པུར་གླ་རྩིའི་དྲི་ཚོར་བ་ཙམ་གྱིས་མི་གཙང་བར་འཛིན་ཅིང་འཆིང་བར་བྱེད། དེ་བཞིན་དུ ་མཚན་མ་ཅན་ལ་བརྟེན་པའི་རྣལ་འབྱོར་རྣམས། མཚན་མ་མེད་པའི་དོན་ལ་ལོག་པར་བལྟ་ཞིང་བརྒྱལ་ཏེ་འགྲོ་བས། ཙན་དན་དག་ལ་དྲི་ངན་དག་ཏུ་སེམས། མཚན་མ་མེད་པའི་དོན་བློ་ལས་འདས་པ་དེ་རྟོགས་ན། བློས་བྱས་པའི་འཁོར་བ་མྱ་ངན་གྱི་ཕུང་པོ་དེ་སྤངས་ནས ་དོན་དམ་པའི་མྱ་ངན་ལས་འདས་པ་གསུམ་ཐོབ་པ་ཡིན་ལ། མ་རྟོགས་པའི་ཆོས་རྣམས་བྱས་པའི་ཆོས་ལ་དོན་དམ་པར་འཛིན་པས། དེ་ལྟར་མྱ་ངན་ལས་འདས་པ་སྤངས་ནས་ནི། དོན་རིག་གི་ཉམ་སུ་མྱོང་སྣང་སྟོང་གི་བདེ་བ་ལ་མངོན་པར་ཞེན་པས་ཁམས་གསུམ་དུ ་འཁོར་ནས། དྲན་པ་ལས་སྡུག་བསྔལ་དུ་སྲིད་ནས། འཁོར་བ་འབྱུང་བའི་རྒྱུ་དང་། འཁོར་བ་གནས་པའི་རྟེན་དུ་འགྱུར་ཏེ། འཁོར་བ་ལས་བྲལ་བའི་དུས་མེད་པས། སྲིད་པའི་འབྱུང་གནས་ཐུག་པོས་ཆགས་པར་བྱེད།། ། ད་ནི་འགལ་བའི་དཔེ་ཕུན ་སུམ་ཚོགས་པ་ཡང་དག་པ་མ་ཡིན་པས། སྐམས་པ་ལ་བ་ལང་གི་རྐང་རྗེས་ཀྱི་ཆུ་ལྟ་བུས་བསྟན་པ་ནི། དཔེར་ན་རྒྱ་མཚོ་མ་མཐོང་བའི་གང་ཟག་གིས། བ་ལང་གི་རྐང་རྗེས་ཀྱི་ཆུ་ལ། རྒྱ་མཚོ་ཡིན་སྙམ་ནས། རིན་པོ་ཆེ་བཙལ་ཡང་མི་རྙེད། དཔེ་དེ་བཞིན་དུ ་རྟགས་དང་མཚན་མ་དང་ཉམསུ་མྱོང་བའི་བདེ་བ་དེ་ཡང་དག་པ་ཡིན་སྐམས་ནས་དོན་དམ་པ་མི་རྙེད་པས། བ་ལང་རྐང་རྗེས་ཆུ་ཡིས་གང་བྱས་ཀྱང་། དཔེར་ན་བ་ལང་རྐང་རྗེས་ཀྱི་ཆུ་ནས་བརྒྱ་ལ་རིན་པོ་ཆེ་ཅིག་རྙེད་ཀྱང་ཆུང་བས་སྟོར་ཏེ་འགྲོ་བས། དེ་བཞིན་དུ་བློས ་བྱས་པའི་ཆོས་ལ་ཐུན་མོང་གི་དངོས་གྲུབ་བྱུང་ཡང་ཡལ་ཏེ་འགྲོ་སྟེ་མི་རྟག་པའི་ཕྱིར། ཇི་ལྟར་དེ་ཡང་སྐལ་བ་འགྱུར་བ་བཞིན་དུ། སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅུ་འམ། ཡོན་ཏན་དུ་མ་སྣང་ཡང་གློ། ་བུར་བ་ཡིན་པས་ཡལ་ཏེ་འགྲོ། དཔེར་ན་རྨི་ལམ་གྱི་གནས་སྐབས་ན། ལྷའི་གཞལ་ཡས་ཁང་ལ་སོགས་པར་ཕྱིན་པ་རྨི་སྟེ། གཉིད་སད་པའི་དུས་སུ་མི་བདེན་པས་མི་བརྟན་ཏེ་ཡལ་ཏེ་འགྲོ་བའི་ཕྱིར། ཕུན་ཚོགས་མ་ཡིན་ཕུན་ཚོགས་བརྟན་པའི་སེམས ་བརྟན་པའི་སེམས་ནི་ཆོས་སྐུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་རྐྱེན་གསུམ་གྱིས་མ་བསླང་བ་དེ། ཕུན་སུམ་ཚོགས་པ་བརྟན་པའི་སེམས་ཡིན་ལ། དེ་མ་རྟོགས་པས་སྔགས་དང་ཕྱག་རྒྱའི་ནུས་པ་ལ་ཕུན་སུམ་ཚོགས་པ་ཡིན་ཟེར་ཏེ། དེ་ཡང་གློ ་བུར་བ་ཡིན་པའི་ཕྱིར། ཡང་ནི་ཕུན་སུམ་ཚོགས་པ་སྐམས་པར་འགྱུར།། །། པ་ནི་མི་འགལ་བའི་དཔེ་མི་འགྱུར་བའི་དོན་རྟོགས་ནས།། ཡུལ་སྣ་ཚོགས་ལ་སྤྱད་ཀྱང་སྐྱོན་དུ་མི་འགྱུར་བའི་དཔེ་བསྟན་ཏེ། མི་འགྱུར་བའི་དོན་དྲན་པ་མེད་པ་སྨྲ་བ ་པའི་སྐུ་དང་། སྐྱེ་བ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། བློ་ལས་འདས་པ་ཆོས་ཀྱི་སྐུ་གསུམ་རྟོགས་ན། ཕྱིས་འཁོར་བར་མི་སྐྱེ་སྟེ། དཔེར་ན་རྒྱ་མཚོལ་བ་ཚྭ་ཅན་གྱི་ཆུ་ལ་སྤྱང་དུ་མི་བཏུབ་པས། རྩི་ཤིང་དང་ནགས་ཚལ་ལ་སོགས ་བ་མི་སྐྱེ། དེ་བཞིན་དུ་བློ་འདས་ལ་བློས་དཔྱད་དུ་མི་བཏུབ། བློས་དཔྱད་རྒྱུ་མེད་པས་འཁོར་བར་མི་སྐྱེ་བས། ཇི་ལྟར་རྒྱ་མཚོ་བ་ཚྭ་ཅན་གྱི་ཆུ། འོན་པ་ཚྭ་ཅན་གྱི་ཆུ་དེ་དབྱང་དུ་ཡེ་མི་བཏུབ་བམ་ཞེ་ན། དེ་མ་ཡིན་ཏེ། རྒྱ་མཚོ་ལས་རླངས་བྱུང་དེ་སྦྱིན་དུ་སོང་། ་སྤྲིན་ལོས་ཆར་པ་བབ་པས། ལོ་ཏོག་ཐམས་ཅད་སྨིན་པར་བྱེད་དོ།། དེ་ཡང་སྣོད་ཀྱི་ཁྱད་བར་གྱིས་ཉ་ཕྱིས་ཀྱིས་ཁར་སོང་བས་མུ་ཏིག་ཏུ་འགྲོ། པདྨའི་ཁར་སོང་བས་དངུལ་ཆུར་འགྲོ། དེ་བཞིན་དུ་ངན་མེད་ལས་དྲན་པའི་སྤྲུལ་པ་བྱུང་བས། མ་རྟོགས་པ ་རྣམས་ལ་འཁོར་བའི་འབྲས་བུ་སྨིན་པར་བྱེད། བརྒྱུང་བ་དང་ལྡན་པ་རྣམས་ལ་སྐུ་གསུམ་དུ་སྨིན་པར་བྱེད་པས། ཉ་ཕྱིས་སམ་པདྨའི་མུ་ཏིག་གམ་དངུལ་ཆུ་བཞིན་དུ་སྣོད་དང་ལྡན་པ་དང་མི་ལྡན་པ་བྱེ་བྲག་གིས་འཁོར་ལོ་ངས་གཉིས་བྱེད་པས། ཆུ་འཛིན ་ཁ་ཡིས་བླངས་པས་མངར་བར་འགྱུར། དྲན་མེད་སྐྱེ་མིང་བློས་འདས་གསུམ་ལ་སེ་ཙོར་ཡང་ཤར་བ་ནི་སྤྲུལ་པ་སྣ་ཚོགས་ཏེ། སྤྲུལ་པ་ལ་མངོན་པར་ཞེན་པ་ནི་མི་བརྟན་པའོ།། སྤྲུལ་པའི་འཆར་ས་བློའི་ཡུལ་ལས་འདས་པ་དེ་ནི་ཟློས་བསྒྱུར་དུ་མི་བཏུབ ་སྟེ། དེ་ཉིད་ཁོ་ན་དོན་དམ་པའི་སེམས་རང་བཞིན་གྱིས་རྣམ་པར་དག་པ། དེ་ལས་སེམས་ཅན་གྱི་དོན་ཅི་ཡིང་འབྱུང་དུ་རུང་སྟེ། དཔག་བསམ་གྱི་ཤིང་ངམ་བུམ་པ་བཟང་པོ་ལྟ་བུ་ཡིན་པས། བསྟན་པའི་སེམས་ཀྱིས་གཞན་གྱི་དོན་བྱེའོ་པ། སྐྱེ་བ་མོད ་པའི་དོན་རྟོགས་ན་ཕྱི་ནང་གི་ཡུལ་ཐམས་ཅད་ཀྱི་སྐྱེ་ས་གནས་ས་ཐིམས་དང་གསུམ་རྟོགས་པས། ཉོན་མོངས་པ་དུག་དང་འདྲ་བ་དེ་ཡང་། ཡེ་ཤེས་ཀྱི་བདུད་རྩིར་འགྱུར་དུ་བཏུབ་སྟེ། དཔེར་ན་སྙིང་རླུང་ཅན་ལ་བཙན་དུག་བཏང་བས། སྙིང་རླུང་སོས་པ་བཞིན་དུ། དོན་དུ་ན ་སྙིང་རླུང་གིས་དྲན་པ་མེད་པ་བཞིན་དུ། སངས་རྒྱས་ཀྱི་དགོངས་པ་དྲན་པ་མེད་པའོ།། དེ་ལས་དྲན་པ་སྣ་ཚོགས་སྐྱེས་པ་ཡང་། དངོས་པོར་བཟུང་ན་དུག་ཏུ་འགྱུར་ལ། དྲན་པ་དེ་ཉིད་ཀྱི་མཚན་ཉིད་ཤེས་ན་དྲན་རིག་ལ་སྤྱད་ཀྱང་རང་བཞིན་མེད་པར་རྟོགས ་པས། ཡུལ་གྱི་དུག་ཀྱང་བདུད་རྩིར་འགྱུར་བ་ཡིན།། །། ད་ནི་མི་འགལ་བའི་དཔེ་བརྗོད་དུ་མེད་པའི་དོན་རྟོགས་ན། བརྗོད་དུ་མེད་པའི་སྒྲས་སྔགས་ཀྱང་། དོན་འབྱུང་བ་དཔེ་འབྲུག་གི་སྒྲ་ལྟ་བུ་བསྟན་པ་ནི། ཡིད་ལ་མ་བྱས་པའི་དབྱིངས་ལ་བརྗོད ་དུ་མེད་ཀྱང་། དཔེར་ན་གཞོནུ་མའི་བདེ་བ་ལ་བཟླསུ་མེད་པའོ།། བརྗོད་དུ་འམ་རིག་རྒྱུ་ནི་དྲན་པ་ཡིན་ཏེ། ཇི་སྲིད་དྲན་པ་དང་བཅས་པ་དེ་སྲིད་དུ། སྡུག་བསྔལ་གྱི་བདེན་པའོ།། དྲན་པ་མེད་པ་ཀུན་འབྱུང་གི་བདེན་པའོ།། སྐྱེ་བ་མེད་པ་ལམ་གྱི་བདེན་པ། བློའི་ཡུལ་ཝ ་འངས་པ་འགོག་པའི་བདེན་པ། བདེན་པ་གསུམ་ལ་བརྗོད་དུ་མེད་པའི་ཕྱིར། བརྗོད་མེད་ན་སྡུག་བསྔལ་མ་ཡིན་ཏེ། བརྗོད་མེད་པས་བསྒོ་དུ་ཡང་མེད། བསྒོ་བ་ནི་བས་པ་ཡིན་ལ། བས་པ་ནི་རྣམ་པར་རྟོག་པ། རྣམ་པར་རྟོག་པ་ནི་འཁོར་བ་ཡིན་པས། དོན་དམ་པ་བློའི་ཡུལ་ལས་འདས་པ་དེ ་ལས་བློས་བསྒོམ་པ་འམ། ངག་གིས་ཀྱང་བརྗོད་མེད་པའོ།། དེ་ནི་འདམ་གྱིས་མ་གོས་པའི་བདེ་བ་ཆེན་པོ་ཡ་ནི་ལ། ཐོས་བྱས་རྒྱུ་གཅིག་བྱུང་ན་བྱས་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཡིན་པས། བསྒོམ་དུ་མེད་ན་དེ་ཉིད་བདེ་བ་ཡིན། བློ་ཆུང་བའི་གང་ཟག་ལ་བསྒོམ་དུ་མེད ་བྱས་པའི་སྒྲ་དེ་ལ་སྔངས་ཏེ། སྐྲག་ཀྱང་དེའི་དོན་རྟོགས་ན་འཁོར་བ་ལས་ཐར་པའི་དོན་འབྱུང་སྟེ། དཔེར་ན་གློག་དང་འབྲུག་དྲག་པོས་བློས་ཆུང་བ་རྣམས་སྡང་ཡང་། ལོ་ཏོག་སྨིན་པའི་དོན་བྱེད་པ་ལྟར། ཇི་ལྟར་སྦྱིན་གྱི་སྒྲ་ཡིས་སྤངས་ན་ཡང་། འབྲུག ་དང་གློག་བྱུང་བ་ནི་ཆར་པའི་སྔར་རྟགས་ཡིན་ཏེ། ཆར་པ་བབ་པས་ལོ་ཏོག་དང་ཤིང་ཏོག་ཐམས་ཅད་སྨིན་པར་བྱེད་པ་བཞིན་དུ། བརྗོད་དུ་མེད་པའི་དོན་དེ་ལས་སེམས་ཅན་གྱི་དོན་ཤུགས་ཀྱི་དྲན་པ་དྲན་མེདདུ་སྨིན་པར་བྱེད། དྲན་མེད་སྐྱེ་མེད་དུ་སྨིན་པར་བྱེད། སྐྱེ་མེད་བློ ་འདས་སུ་སྨིན་པར་བྱེད་པས། བློ་འདས་རྟོགས་ན་འཁོར་བ་དང་མྱ་ངན་ལས་འདས་པར་སྨིན་པར་བྱེད་པས། ཆར་པ་བབ་པས་ལོ་ཏོག་སྨིན་པར་བྱེད།། ། ད་ནི་མི་འགལ་བའི་དཔེ་དུས་གསུམ་ཐ་མི་དད་པ་ལ། སྣང་སྟོང་གཉིསུ་མེད་པར་བསྟན ་བ་ནི། དང་པོ་དྲན་པའི་དུས་སུ་ཐ་མ་མི་དྲན། ཕྲ་མ་དྲན་པའི་དུས་སུ་བར་མི་དྲན། དེའི་ཕྱིར་དྲན་པ་ལ་གནས་མེད་དེ། གནས་མེད་པ་དེ་ཁོ་ན་ཉིད་དོན་དམ་པའི་གནས་ཡིན་ཏེ། དྲན་མེད་ཀྱི་དབྱིངས་འགའ་ཞིག་ལས་དྲན་པ་འདི་ཐོག་མར་ཡང་སྐྱེས། བར་དུ་ཡང ་གནས། ཐ་མར་ཡང་ཐིམ་པས། རྟོགས་པའི་རྣལ་འབྱོར་པ་ལ་དྲན་པ་འདི་དུས་རྣམ་པ་གསུམ་དུ་དྲན་མེད་དུ་གནས་པས། ཐོག་མ་ཐ་མ་བར་དུ་གནས་པ་སྟེ། དེ་ལྟར་རྟོགས་པ་ལ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་གསུམ་མི་དམིགས་ཏེ། བློ ་ལས་འདས་པའི་དབྱིངས་ལ་དེ་གསུམ་ཐ་དད་མེད་པའི་ཕྱིར། དང་པོ་ཐ་མ་དེ་བཞིན་གཞན་ན་མེད། དེ་ལྟར་མ་རྟོགས་པས། སྣང་བར་རྟོགས་སྟོང་པར་རྟོགས་ཏེ་སྣང་སྟོང་གཉི་སུ་འཛིན་པ་ནི་ཡང་དག་པ་མ་ཡིན་ཏེ། གཉིས་ཀ་བློ་བུར་བ་ཡིན་པའི་ཕྱིར་རོ།། གྲོ ་བུར་བ་ལ་ལྟ་བ་ལྟ་བྱེད་པ་ནི་རྨོངས་པ་ཡིན་པའི་ཕྱིར། ཀུན་ཏུ་རྟོགས་པ་རྨོངས་པའི་ཡིད་ཅན་ལ། སྣང་སྟོང་གཉིས་རང་གང་ཞེ་ན། སྟོང་པ་ནི་བཅོས་མའི་སྟོང་པ་དང་། མ་བཅོས་པའི་སྟོང་པའོ།། བཅོས་པ་ནི་སྟོང་པར་བསྒོམ་པའོ།། མ་བཅོས་པའི་སྟོང་པ་ནི་དྲན ་མེད་རྟོགས་པ་ཙམ་མོ།། བཅོས་མའི་སྟོང་པ་ནི་བྱིས་པའི་ཕྱིར་འཇིག་རྟེན་གློ་བུར་བའོ།། མ་བཅོས་པའི་སྟོང་པའི་དྲན་མེད་ཙམ་ལ་ཟེར་བ་དེ་ཡང་། ཉམསུ་མྱོང་བའི་ཕྱིར་འཇིག་པའོ།། སྣང་བ་ནི་ཐ་མལ་པའི་སྣང་བ་དང་། གྲུབ་མཐས་བློ་བསྒྱུར་བའི་སྣང་བའོ།། ཐ་མལ་གྱི ་སྣང་བ་ནི་དངོས་པོར་འཛིན་པ་འདི་ཡིན་ཏེ། དངོས་པོར་སྣང་བ་འདི་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་སྣང་ལ། བརྟགས་ན་སྒྱུ་མ་ཙམ་མིག་ཡོར་རྨི་ལམ་ཡིན་ནོ།། གྲུབ་མཐས་བློ་བསྒྱུར་གྱི་སྣང་བ་ནི། སྙིང་རྗེ་རྣ་བ་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ ་ཡིད་བྱས་པའི་ཕྱིར་འཇིགས། ཆོས་ལ་དམིགས་པའི་སྙིང་རྗེ་ཡང་དམིགས་པའི་ཕྱིར་འཇིགས། དམིགས་པ་མེད་པའི་སྙིང་རྗེ་ནི། དམིགས་རྒྱུ་མེད་པ་ལ་སྙིང་རྗེ་རྒྱུ་མེད་པས་རང་བཞིན་མ་གྲུབ། དེའི་ཕྱིར་སྣང་སྟོང་གཉིས་ལ་རིག་རྒྱུའི་བརྗོད་རྒྱུ་བྱུང་བ་དོན་དེ་བ་མ་ཡིན་པའི་ཕྱིར། སྟོང ་པ་དང་ནི་སྙིང་རྗེ་བརྗོད་པསོ།། ང་ནི་མི་འགལ་བའི་དཔེ་འཁོར་འདས་ཐ་མི་དད་པ་མཁས་པས་ཤེས། རྨོངས་པས་མི་ཤེས་པའི་དཔེ་ལོ་ཏོག་དང་བུང་བ་དང་སྦལ་པས་བསྟན་པར་བྱ་སྟེ། དཔེར་ན་མཚོ་ལས་སྐྱེས་པའི་མེ་ཏོག་གཞིང་ན་སྦྲང་རྩི་ཡོད་པ་བྱ་དང་དང་པབམ ་ཉདང་སྦལ་བ་ལ་སོགས་པས་རྩ་ན་ཡོད་ཀྱང་མི་ཤེས། དེ་བཞིན་དུ་དྲན་པའི་བསྐྱེད་རིམ་དང་། རྫོགས་རིམས་དང་། རྩན་ད་ཐིག་ལེ་ལ་སོགས་པའི་ཉམས་མྱོང་ལ་མངོན་པར་ཞེན་པས་དྲན་པས་མ་གོས་པའི་དྲན་མེད་ཀྱི་ནང་སྐྱེ་བ་མེད་པ་དང་བློ་ལས ་འདས་པའི་སྦྲང་རྩི་ཡོད་པ་དེ། དྲན་རིག་ལ་ཞེན་པ་དེས་མི་ཤེས་པས། ཇི་ལྟར་མེ་ཏོག་ནང་གནས་སྦྲང་རྩི་ནི། དཔེར་ན་བུང་པ་ཐག་རིང་བ་ལས་འོངས་པས། མཚོལ་མ་ཐོགས། ལོ་འདབ་ལ་མ་ཐོགས་པར་སྦྲང་རྩི་འཐུངས་ནས ་འགྲོ། དེ་བཞིན་དུ་མཁས་པ་དྲན་པའི་རྣམ་རྟོག་ལམ་ཞེན་པས། དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་ཤེས་པའི་ཕྱིར། བུང་བ་ཉིད་ཀྱིས་ཤེས་པར་གྱུར་པ་ཡིན། དྲན་མེད་སྐྱེ་མེད་བློ་འདས་ཀྱི་དོན་ཤེས་ན། འཁོར་འདས་གཉིས་ཐ་མི་དད་དེ། འདོད ་ཁམས་གཉིས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་གསུམ་ནི་འཁོར་བ་གསུམ་ཡིན་ལ། ཕུང་པོ་ལྷག་བཅས་དང་ལྷག་མེད་དང་། མི་གནས་པ་གསུམ་ནི་མྱ་ངན་ལས་འདས་པ་གསུམ་ཡིན་ཏེ། དེ་གཉིས་ཀ་བློ་ལྔ་འདྲ་བའི་དབྱིངས་ལ་མི ་དངམི་ཤིང་། མི་དམིགས་པ་ཉིད་ཀྱི་རོ་མ་སྟོང་པར་རང་བཞིན་དུ་གནས་པས། སྲིད་དང་མྱ་ངན་འདས་པ་མི་ཕྱེད་རོ།། དེ་ལྟ་བུའི་དོན་དྲན་རིག་ལ་མངོན་པར་ཞེན་པའི། དྲན་མེད་ལ་རྨོངས་པས་སྐུ་གསུམ་གྱི་དོན་མི་ཤེས་པའི་ཕྱིར། རྨོངས་པ་དག་གི ་ཇི་ལྟར་ཡོངསུ་ཤེས།། །། ད་ནི་འགལ་བའི་དཔེ་བསྟན་པ་སྦྱངས་ནས་མི་བདེན་པ་ལ་ཆགས་པའི་དཔེ། གཟུགས་བརྙན་ལྟ་བུ་སྟོན་ཏེ། དཔེར་ན་བུ་ཆུང་གིས་མེ་ལོང་ལ་བལྟས་པས། རང་གི་གཟུགས་བརྙན་མཐོང་ནས་དེ་ལ་འཛིན་དུ ་འགྲོ། དེ་བཞིན་དུ་མ་རྟོགས་པ་རྣམས་དྲན་རིག་གི་མཚན་བཅས་ཀྱི་བདེ་བ་ལ་དོན་དུ་ཞེན་ནས་གནས་པ་ནི། གཟུགས་བཟང་ཡང་མི་ཟིན་པ་དང་འདྲ་བས། ཇི་ལྟར་མེ་ལོང་ངོས་ཀྱི་བཞིན་གྱི་གཟུགས།། དཔེར་ན་རི་བོང་རྣམས་ཀྱིས་གཅན་ཟན་གྱི་རྒྱལ ་བོ་སེང་གེ་ཁྲོན་པའི་ཁར་ཁྲིད་ནས། ཁོའི་གཟུགས་བརྙན་ཁྲོན་པའི་ཁར་ཤར་དུ་བཅུག་པས། ཁོ་ཞེ་སྡང་གིས་ཁྲོས་པས་མཆོངས་པ་བཞིན་དུ། མ་རྟོགས་པས་དྲན་པའི་གཟུགས་བརྙན་ལྷ་དང་ལྷ་མོའི་ངལ་ལ་ཆགས་པས། དེ་རང་གིས་འཆིང་བའི ་ཕྱིར། རྨོངས་པ་མི་ཤེས་པ་ཡིས་བལྟས་པ་ལྟར།། དོན་དམ་པའི་བདེན་པ་སྙིང་པོའི་དོན་བློའི་ཡུལ་ལས་འདས་པ། འཁོར་འདས་གཉིས་ཀྱི་འདམ་གྱིས་མ་གེས་པ་དེ། དྲན་པ་ལ་མངོན་པར་ཞེན་པས་སྤང་བའི་ཕྱིར། དེ་ལྟར་བདེན་པ་སྤངས་པའི ་སེམས་དེ་ནི། མཚན་མ་དང་བཅས་པའི་བདེ་བ་དང་། ལས་ཀྱི་ཕྱག་རྒྱའི་བདེ་བ་དང་། ཆོས་ཀྱི་ཕྱག་རྒྱའི་སྟོང་པ་ཉིད་ཀྱི་ཞི་གནས་དང་། དམ་ཚིག་གི་ཕྱག་རྒྱ་ལྷའི་དཀྱིལ་འཁོར་ལ་མངོན་པར་ཞེན་པ་རྣམས་དེ་ལ་བརྟེན་ཏེ། དེ་ཡོ་བྱད་བའི་བསམ ་གཏན། འཇིག་པའི་ཆོས་ཅན་མི་བདེན་པ་ཡིན་ཏེ། དོན་མ་རྟོགས་པ་རྣམས་དེ་ལ་བརྟེན་པས། མི་བདེན་པ་ལ་མང་དུ་རྟེན་པར་བྱེད། ང་ནི་མི་འགལ་བའི་དཔེ་སྐུ་གསུམ་འཁོར་ལོ་རྟོགས་ན། བསམ་གཏན་རྒྱུན་མི་འཆང་བའི་དཔེ་བསྟན་ཏེ། དེ་ཡང ་དཔེར་ན་མེ་ཏོག་ཙམ་པ་ཀ་ལ་ཕར་བརྒྱ་པ་ལྟ་བུ་ན་ཡོད་ཀྱང་། དྲི་ལ་ཚུར་ངོས་ལྟ་བུར་རྡོལ་ནས་འོང་། དཔེ་དེ་བཞིན་དུ་ཡང་དག་པའི་ལྟ་བ་སྒོམ་དུ་མེད་པ་དེ་དྲན་པར་དང་རིག་པའི་ཕར་བརྒྱབ་ན་ཡོད་ཀྱང་། རྟོག་པའི་དུས་སུ་དྲན་པ་དང་རིག་པའི་མདུན་དུ་ཡང་ཁྱབ ་ལ། དྲན་རིག་རང་ལ་ཡང་ཁྱབ་པའོ།། ཁྱབ་པའི་དོན་དེ་ལ་བསྒོམ་དུ་ཡང་མེད་ལ་བརྗོད་དུ་ཡང་མེད། དེའི་ཕྱིར་བལྟ་རུ་མེད་པ་ནི་ཡང་དག་ལྟ་བའོ།། ཡང་ན་དྲན་པ་དང་རིག་པ་ནི་མེ་ཏོག་ལྟ་བུ། དྲི་ལྟ་བུ་ནི་དྲན་མེད་དེ། དྲན་མེད་ལ་གཟུགས་མེད་པས། དངོས་པོ ་དང་མཚན་མའི་ལ་ལ་ཐོགས་རྡུགས་མེད་པར་གར་ཡང་ཁྱབ་པས། མེ་ཏོག་དྲི་ནི་གཟུང་དུ་མེད་ན་ཡང་། མེ་ཏོག་དྲི་ལ་གཟུགས་མེད་ཀྱང་། མངོན་སུམ་དང་འདྲ་བར་ཀུན་ཏུ་ཁྱབ། དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པ་གང་ཡང་ཁྱབ་པ་དེ། བླ ་མས་མངོན་སུམ་དུ་བརྡ་དང་ཐབས་ཀྱིས་བསྟན་དུ་བཏུབ་སྟེ། དྲན་པ་དང་དབང་པོའི་མངོན་སུམ་དུ་བསྟན་དུ་བཏུབ། དྲན་མེད་ཡིད་ཀྱི་མངོན་སུམ་དུ་བསྟན་དུ་བཏུབ། སྐྱེ་མེད་རང་རིག་པའི་མངོན་སུམ་དུ་བསྟན་དུ་བཏུབ། བློ་ལས་འདས་པ་རྣལ་འབྱོར་གྱི་མངོན་སུམ་དུ ་བསྟན་ཏུ་བཏུབ། དེས་ན་དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་པོ་ངེས་དངོས་པོ་མཚན་མའི་ཆོས་ཐམས་ཅད་ལ་ཁྱབ་པས། མངོན་དུ་ཀུན་ཏུ་ཁྱབ་པར་བྱེད་པ་ལྟར། དེ་ཡང་དྲན་མེད་སྤྲུལ་པའི་སྐུ་དང་། སྐྱེ་མེད་ལོངས་སྤྱོད་རྫོགས་པའི་སྐུ་དང་། བློ་ལས་འདས ་པ་ཆོས་ཀྱི་སྐུ་དང་། དེ་གསུམ་ཐ་མི་དད་པ་ངོ་བོ་ཉིད་ཀྱི་སྐུ་དང་། བཞི་ནི་རང་བཞིན་གྱིས་རྣམ་པར་དག་པ། དངོས་པོ་དང་མཚན་མ་མེད་པ་གཟུགས་དང་གཟུགས་ཀྱི་རང་བཞིན་མེད་པ། དེ་ལ་མཚན་ཉིད་བཞི་དང་ལྡན་པ་ཡིན་ཏེ། སྤྲུལ་སྐུ་དྲན་མེད་ནི་ཀུན ་ལ་ཁྱབ་པ། ལོངས་སྐུ་སྐྱེ་མེད་ནི་གཟུགས་ཅན་མ་ཡིན་པ། ཆོས་སྐུ་བློ་འདས་ནི་འགྲོ་འོང་མེད་པ་ཐ་མི་དད་པ། ངོ་བོ་ཉིད་ཀྱི་སྐུ་ནི་དུས་ཐམས་ཅད་ཡིན་པས། དེ་བཞིན་ཉིད་ཀྱང་ཡིན་ལ། དེ་བཞིན་ཉིད་དེ་ལ་ནི་གཟུགས་དང་གཟུགས་ཀྱི་རང་བཞིན་མེད་པའི ་ཕྱིར། དེ་བཞིན་གཟུགས་མེང་བའི་རང་བཞིན་གྱིས། མཚན་མ་ལས་འདས་པའི་དེ་བཞིན་ཉིད་དེ་ལ་ནི། འཁོར་བའི་དཀྱིལ་འཁོར་དང་།། མྱ་ངན་ལས་འདས་པའི་དཀྱིལ་འཁོར་མཐའ་དག་ཤར་རུང་སྟེ། གདུལ་བྱའི་བསམ་པ་ནི་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་ཡིད ་ལ་མ་བྱས་པའི་དབྱིངས་ལས་ཤར་ཅིང་དབྱིངསུ་ནུབ་ལ། དབྱིངས་དེ་ལ་ནི་དྲི་མ་གཉིས་ཀྱིས་མ་གོས་ལ། འཁོར་འདས་གཉིས་ཀྱིས་མ་གོས་པས། དཀྱིལ་འཁོར་འཁོར་ལོ་དག་ཀྱང་ཤེས་པར་བྱ།། ། ད་ནི་འགལ་བའི་དཔེ་དྲན་པ ་ལ་དངོས་པོར་ཞེན་པས། རྣམ་པར་རྟོག་པ་སྲ་ཞིང་མཁྲེགས་པར་གྱུར་པས་ཆབ་རོམ་ལྟ་བུ་བསྟན་ཏེ། དྲན་པ་འགྱུར་བ་ཅན་འདིས་དྲན་མེད་ཀྱི་དབྱིངས་དཀྲུགས་པས། རྣམ་པར་རྟོག་པ་ཆེར་འགྲོ། དཔེར་ན་དགུན་གྱི་ལྷགས་པས་ཆུ་ལ་དཀྲུགས་པས ་ཁྱག་རུམ་དུ་འགྲོ་སྟེ། དེ་བཞིན་དུ་རྟོག་མེད་ལ་རྟོག་པ་ཞུགས་པས། འཁོར་བ་བརྟ་སུ་འགྲོ་བའི་ཕྱིར། རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས། དེ་ཡང་ཆུ་ལ་ལྷགས་པ་མ་ཞུགས་ན། འཇམ་ཞིང་ཟུག་རྔུ་མེད་པ་ལ། རྐྱེན་ལྷགས་བཞུགས ་པས་ཁྱག་རུམ་རྡོ་བ་བཞིན་དུ་འགྲོ་སྟེ། དེ་བཞིན་དུ་དྲན་མེད་ལ་དྲན་པའི་རྣམ་རྟོག་མ་ཞུགས་ན། ཉོན་མོངས་པའི་ཟུག་རྔུ་མེད་ལ། མཚན་མའི་རྟོག་པ་མེད་པས་འཇམ་ལ། དྲན་མེད་ལས་དྲན་པ་ཤར། དེ་དངོས་པོ་ཐེར་ག་ཏུ་བཟུང་བས་ཉོན་མོངས་པ ་ཇི་ཆེ་ཇེ་ཆེ་ལ། རྣམ་པར་རྟོག་པ་བཤིག་པས་མི་ཤིགས་པར་འགྲོ་བས་འཇམ་པའི་ཆུ་ཡང་རྡོ་ཡི་གཟུགས་ལྟར་འགྲོ། དེ་ཡང་དྲན་པ་ཉིད་དང་པོ་དྲན་མེད་ལས་སྐྱེས། བར་དུ་ཡང་དྲན་མེད་དུ་གནས། ཐ་མ་ཡང་དྲན་མེད་དུ་རྔམ་པར་ཤེས་ན། དྲན་པ ་སྐྱེས་ཐམས་ཅད་མཚོའི་ནང་དུ་ཁ་བ་བབས་པ་ལྟ་བུ་ཡིན་པ། མ་རྟོགས་པ་རྣམས་ཀྱིས་དྲན་པ་རང་རྒྱུད་པ་རྟག་པ་ཐེར་ཟུག་པར་བཟུང་བས། གངས་ཀྱི་ཐོག་ཏུ་ཁ་བེ་བབས་པ་དང་འདྲ་སྟེ། རྣམ་པར་རྟོག་པ་ཇེ་ཆེ་ཇེ་ཆེར་འགྲོ་བྱ། མ་རྟོགས་པའི་གང་ཟག་གི་དྲན ་པས་དྲན་མེད་དཀྲུགས་པས་འཁོར་བའི་རྒྱུ་འབའ་ཞིག་སོགས་པས། རྟོག་པས་དཀྲུགས་པས་ཆོངས་པ་གཟུགས་མེད་ལས། དེ་ཡང་རྩ་ནཱ་ད་ཐིག་ལེ་གཏུམ་མོ་སྟོང་པ་ཉིད་ཀྱི་ཞི་གནས་ལ་སོགས་པ་བསྒོམས་པ་ཡང་དོན་མ ་རྟོགས་ན་རྣམ་པར་རྟོགས་པ་མང་དུ་བསམས་པས།། རྟོག་པ་མི་ཤེགས་པར་འགྲོ་བའི་ཕྱིར། ཤིན་ཏུ་སྲ་ཞིང་འཁྲེགས་པ་ཉིད་དུ་འགྱུར།། ད་ནི་མི་འགལ་བ་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ལ་སྐྱོན་གྱིས་མ་གོས་པའི་དཔེ། རིན་པོ་ཆེ་ལ་འདམ་གྱིས ་མ་གོས་པ་ལྟ་བུ་སྟོན་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་དང་འཇའ་ཚོན་བྱུང་སྟེ། ནམ་མཁའ་ལ་གནོད་པ་མེད། མེ་ལོང་ལ་གཟུགས་བརྙན་ཤར་ཏེ་མེ་ལོང་ལ་གནོད་པ་མེད། དེ་བཞིན་དུ་སེམས་ཉིད་དངས་མ་དྲན་མེད་ལས། དྲན་པ་གློ་བུར་དུ་བྱུང་བ་དེ། ་བྱུང་ཡང་དྲན་མེད་ལས་བྱུང་། གནས་ཀྱང་དེར་གནས། ཐིམ་ཡང་དེར་ཐིམ་པས། ཕུག་ཕྲད་ཀྱི་རྣལ་འབྱོར་ཡིན་པས། དྲན་པ་རྗེས་མེད་ཡིན་པའི་ཕྱིར། དྲན་པས་བྱས་པའི་དགེ་བ་དང་མི་དགེ་བ་དང་། ཕྱི་མ་གཉིས་ཀྱིས་ཡིད་ལ་མ་བྱས་པ་ལ ་ཕན་གནོད་མེད་པ་དེའི་ཕྱིར། སེམས་གང་དྲི་མ་མེད་པའི་རང་བཞིན་ལ། ཁམས་གསུམ་དང་མྱ་ངན་ལས་འདས་པ་གསུམ་ནི་འཁོར་འདྲས་གཉིས་ལ། འཁོར་འདས་གཉིསུ་འཛིན་པ་རང་རྣམ་པར་རྟོག་པ་དྲན་པ་ཡིན་ལ། དྲན་པ་དེ་ཉིད ་དྲི་མ་གཉིས་ཀྱི་འདམ་དུ་ཆུད་དེ། འཁོར་བ་གསུམ་ནི་ཉོན་མོངས་པའི་དྲི་མ། མྱ་ངན་ལས་འདས་པ་གསུམ་ནི་ཤེས་བྱའི་དྲི་མའོ།། དེའི་ཕྱིར་ཡིད་ལ་མ་བྱས་པའི་དབྱིངས་དྲི་མ་མེད་པ་དེ་ལ། འཁོར་འདས་གཉིསུ་གདགས་རྒྱུ་ཡང་མེད་པས། འདམ ་གང་གིས་ཀྱང་མ་གོས་པའི་ཕྱིར། སྲིད་དང་མྱ་ངན་འདས་པའི་འདམ་གྱིས་མི་གོས་སོ།། དཔེར་ན་རིན་པོ་ཆེ་འདམ་རྫབ་ཏུ་བཅུག་ཀྱང་། རིན་པོ་ཆེའི་ཡོན་ཏན་ལ་འདམ་གྱིས་གོས་པ་མེད། དེ་བཞིན་དུ་དྲན་མེད་རྟོགས་པའི་རྣལ་འབྱོར་དེ། དྲན་པའི་འདམ་དུ ་བཅུག་ཀྱང་། དྲན་པའི་སྐྱོན་གྱིས་ཅུང་ཞིག་ཀྱང་གོས་པ་མེད། ཨུཏྤ་ལ་འདམ་ནས་སྐྱེས་ཀྱང་། ཉེས་པས་མ་གོས་པ་དང་འདྲས་པའི་ཕྱིར། འདམ་དུ་བཅུག་ན་མཆོག་གི་རིན་པོ་ཆེ། དཔེར་ན་ནོར་བུ་རིན་པོ་ཆེ་འངམ་རྫབ་ཏུ་བཅུག་པོས། རིན་པོ་ཆེའི་འོད་མི ་གསལ། ཡོན་ཏན་ལ་གསལ་མི་གསལ་མེད་དེ། དེ་བཞིན་དུ་དྲན་མེད་ཀྱང་དྲན་པའི་འདམ་རྫབ་ཏུ་བཅུག་ནས། དྲན་པ་ལ་ཞེན་པས་མི་རྟོགས། དྲན་མེད་རང་ལ་གནས་གསལ་མི་གསལ་གྱི་ཐ་སྙད་མེད། རྟག་མི་རྟག་གི་ཐ་སྙད་མེད་དེ། རིན་པོ་ཆེའི་འདམ ་རྫབ་བཀྲུས་ནས་རིན་པོ་ཆེར་ཤེས་པ་དང་འདྲ་བར། དྲན་པའི་འདམ་རྫབ་བླ་མ་དམ་པའི་གདམས་ངག་གིས། གློ་བུར་བར་ངོ་བསྟན་ནས། དྲན་མེད་ཀྱི་དབྱིངསུ་བཀྲུས་ནས་སྐུ་གསུམ་མཐོང་ལ། དྲན་པའི་འདམ་རྫབ་མ་བཀྲུས་ན་མི་མཐོང་བས། དེའི་འོད་ཀྱང ་གསལ་བ་མ་ཡིན་ནོ།། ད་ནི་འགལ་བའི་དཔེ་ཀུན་གཞི་ས་བོན་ལས། འཁོར་འདས་གཉི་སུ་སྨིན་པའི་དཔེ། ས་བོན་གང་ཡིན་པ་ལས་མྱུ་གུ་འབྱུང་བ་སྟོན་ཏེ། དེ་ཡང་ལུས་ཀྱིས་རྣམ་པར་ཤེས་པ་དབང་པོ་སྒོ་ལྔ་ལ་ཐིམ། དབང་པོ་ཡིད་ཀྱི་རྣམ་པར་ཤེས ་པ་ལ་ཐི་མེ། ཡིད་ཉོན་མོངས་པ་ལ་ཐིམ། ཉོན་མོངས་པ་ཀུན་གཞི་ལ་ཐིམ་ནས། བྱས་པའི་སྟོང་པ་སྟོང་སང་དེ་བསྒོམ་པ་དེ་ནི་གཏི་མུག་ཡིན་ཏེ། དེས་དོན་དམ་པའི་ཡེ་ཤེས་བློ་ལས་འདས་པ་དེ་ནི་མི་གསལ་བའི་ཕྱིར། གཏི་མུག་གསལ་བ་ཡེ་ཤེས་མི ་གསལ་ཏེ། ཁ་ཅིག་གིས་ཨོཾ་ཨཱཿཧཱུཾ་གཅིག་ལ་གཅིག་ཐི་མ་ཐིག་ལེ་ལྟ་བུ་འམ་ཐིག་ལེ་ཉིད་ཀྱང་སྒོམ་པར་སྒོམ་པ་དེ་ཡེ་ཤེས་ཡིན་ཟེར་ཏེ། དེ་ནི་ཡིད་ཀྱིས་བཅོས་པའི་ཕྱིར་གཏི་མུག་ཡིན་ལ། ཡང་དབང་གསུམ་པའི་ཉམས་མྱོང ་ལ་དོན་གྱི་ཡེ་ཤེས་ཡིན་ཟེར་བ་འམ། ཕྲ་མོ་དང་སྦོམ་པོ་དང་བཅོས་པའི་སྟོང་པ་གང་སྒོམ་ཡང་། ཀུན་གཞི་རྣམ་པར་ཤེས་པས་ཁྱབ་པས་གཏི་མུག་ཡིན་ལ། དེས་ཁམས་གསུམ་ལས་མི་གྲོལ་བས་སྡུག་བསྔལ་སྣ་ཚོགསུ་སྨིན་པས། གཏི་མུག་བསལ ་བས་སྡུག་བསྔལ་གསལ་བ་ཡིན། དཔེར་ན་ས་བོན་གྱི་རྒྱུ་རྩ་བ་འམ་འབྲས་བུ་ལ་སོགས་པ་མ་བཏབ་ན་མི་སྐྱོ་ལ། བཏབ་པས་གང་འདོད་པ་སྐྱེ། དེ་བཞིན་དུ་དང་པོ་རྒྱུ་མ་རིག་པ་དེ་ལས་ཀུན་གཞི་རྣམ་ཤེས་དེ་ལ་དྲན་པ་རང་རིག་པ་བྱུང་བས། དེ་ལྟར་ས་བོན ་ལས་ནི་མྱུ་གུ་འབྱུང་། ས་བོན་གྱི་རྒྱུ་དེ་མ་སྤྱད་ན་ཡལ་ག་དང་ལོ་འདབ་ལ་སོགས་པ་རྒྱས་པར་འགྲོ། དེ་བཞིན་དུ་ཀུན་གཞི་རྩ་བ་མཆོད་ན། འཁོར་བའི་བདེ་སྡུག་གི་ཡལ་ག་སྣ་ཚོགས་འབྱུང་བ། མྱུ་གུའི་རྒྱུ་ལས་ཡལ་ཀ་འབྱུང་བའོ།། ད་ནི་འགལ་བ ་དྲན་མེད་སྐྱེ་མེད་བློ་འདས་རྟོགས་ཀྱང་། སྣང་བ་དྲན་པ་ལ་མངོན་པར་ཞེན་པའི་དཔེ་ནི། མཐོང་ཡང་དོང་དུ་འཆོད་པ་ལྟ་བུ་ནི། ཆོས་ཉིད་རྣལ་མ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་ཉིད་རྩི་དངས་མ་དེ་ལ་གཏན་ཚིགས་སམ། རིགས་པའི་སྒོ་ནས ་གཏན་ལ་དབབ་ཏུ་མི་གཏུབ་སྟེ། དེ་ཡང་གཅིག་དང་དུམ་དང་བྲལ་བའི་ཕྱིར་ཡང་རང་བཞིན་མེད། ཞེན་པ་ལ་སོགས་པ་བརྗོད་ཀྱང་། དོན་དམ་པར་རང་བཞིན་མེད་པ་དེ་མ་རྟོགས་པའི་ཕྱིར། གཅིག་དུམས་སེམས་ལ་དཔྱད་པ་ཡིས། དོན་དམ་པའི་སངས་རྒྱས ་ང་མངས་ཡ་དུ། དག་པ་ས་སདུས་སྨྲ་སུ་ན་ག་ན་ཆོག་དང་། ཐཱ་མ་ཅུ་བ་གས་སྐྱེ་འ་། མ་མནས་པ་ཐཱ་། ཤཱ་ལནས་ན་པ་གརྫྫ ་ཤིང་བསམ་དུ་མེད་པའི་དང་དུ། རྣམ་པར་རྟོགས་པ་ཐམས་ཅད་སངས་ཤིང་དེ་ཁོ་ན་ཉིད་ཀྱི་དོན་རྒྱས་ཤིང་འབྱུང་བྱས། སངས་རྒྱས་དཀོ་མཆོག་དང་གསུས་ནི། རང་ལ་གསལ་ཞིང་ཉེ་བ་ཡིན་པ་ལ། དེ་ལྟ་མ་རྟོག་ས་བྱས་དྲན་རིག་གི་རྣམ ་ལ། དཀོན་མཆོག་གསུམ་ཉེ་བས་ནི་འཁོར་བ་གསུམ་ལས་ཐར་པ་མེད་པས། གསལ་བ་སྤངས་ནས་སྲིང་བ་དག་ཏུ་འགྲོ།། དེ་ཡང་དྲན་པ་ལ་གཉིས་གཉིས་ཏེ། དགེ་བའི་ལས་ཀ་བྱས་ན་མཐོ་རིས་གནས་གསུམ་ཐོབ་ལ། མི་དགེ་བ་བཅུ་སྤྱང་ན་ངན ་གནས་གསུམ་དུ་འགྲོ་བས། མ་ལོང་ཉེས་རང་མི་དགེ་བ་ལ་སྤྱོད་པ་དང་འདུ་ཡར། ཐཱམ་ངས་པས་ཡིད་ལ་མ་བྱས་པའི་བསྟན་ནས་ཡིང་ལ་བྱེད་ཆོམ་ལ་འབང་པ་ནི། ད་ན་ཆེའི་དང་མཐོང་བ་བཞིན་དུ། མེ་དོང་དུ་ན་ཚང་བ་དང་འདྲ་། མ ་བཞིན་དུ་ནི་དང་དུ་འགྲོ་བ་ལས། དེ་ལྟ་བུའི་གང་ཟག་དེ་ལས་སྙིང་རྗེ་བའི་གནས་མེད་དེ། སྙིང་རྗེ་རྗེས་ནས་ཆོས་ལ་བཙུག་ཀྱང་། མི་དགེ་བ་ལ་འབོད་དུ་འགྲོ།། རྐྱེན་རྡུལ་གསུམ་གྱི་དོན་བསྐྲུན་བྱུང་། རྐྱེན་གསུམ་གྱི་སྟེང་དུ་འགྲོ་བས། དེ་ལས་སྦྱི ་གྱིཤིནི་རྨོ་ནནི་རྒྱས་ཐིལས་ཀྱི་ཕྱག་རྒྱམཚིགས་མ་སྐྱེ་བཙུན་ཚོམ་ཐས་གམ་དྲུ་ཐེ་ག་མ་ཚོབ་ས་དུནོ།། སྦྱིམ་ཆེན་པོཆོག་ཆོམནི། མི་ག་། མེ་རྫོ་ཏུ་ལྡན་པ་མེན་།། ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནི། ཡི་གེ་ཨེ་སེར་པོ་གྱེན་ལ་ལྟ་བ་ཞིག་གནས། སྙིང་ག་ཆོས་ཀྱི་འཁོར་ལོ་ནི་ཡི་གེ་ཧཱུཾ་སྔོན་པོ་མགོ་ཐུར་ལ་བསྟན་པ་ཞིག་གནས། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། ཡི་གེ་ཨ་དམར་པོ་མདོ། ་གྱེན་ལ་ལྟ་བ་ཞིག་གནས། དེ་ལྟར་ན་འཁོར་ལོ་བཞི་ལ། སྤྱི་བོ་དང་མགྲིན་པ་ཁ་སྦྱོར་སྙིང་ག་དང་ལྟེ་བ་གཉིས་ཁ་སྦྱོར་དུ་བྱས་ཏེ། ཐིག་ལེ་དཀར་པོ་བ་ཐག་ཙམ་ཅིག་གིས་འཁོར་ལོ་བཞི་རིམ་གྱིས་གང་ནས། དེའི་བདེ་བ་ལ་བསྒོམས་ནས་ཆགས ་བ་འམ། ལས་ཀྱི་ཕྱག་རྒྱའི་ཤྭ་རབ་མ་དང་ཁ་སྦྱོར་དུ་བྱས་ནས། ལུས་ལྷའི་འདུ་ཤེས་སེམས་ཆོས་ཀྱི་འདུ་ཤེས། ངག་སྔགས་ཀྱི་འདུ་ཤེས་བྱས་ཏེ། བྱང་སེམས་དབབ་པ་དང་། གཟུང་བ་དང་། བཟློག་པ་དང་། གནས་སུ་བསྐྱལ་བའི་བདེ་བ་ལ་ཆགས་པས། ་ཁ་སྦྱོར་བ་དེ་ལ་ཡོངསུ་ཆགས་ནས་ནི། བདེ་བ་དེ་ནི་དོན་དམ་པ་མ་ཡིན་ཞིང་ཟག་པ་དང་བཅས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་ཉི་ཚེ་བ། གནས་ཉི་ཚེ་བ། དུས་ཉི་ཚེ་བ་ཡིན་ཏེ། དེ་ཡང་རྒྱུ་མཆིལ་མ་དང་། སྣབས་ལ་སོགས་པ་ལ་མི་སྐྱེ་བའི་ཕྱིར། གནས་རྡོ ་པདྨ་མ་ཡིན་པ། གཞན་ནས་མི་སྐྱེ་བའི་ཕྱིར་དང་། དུས་རྡོ་རྗེ་དང་པདྨ་འཛེམ་པའི་དུས་མ་ཡིན་པ་གཞན་མི་སྐྱེ་བས། བྱཱས་བཱི་ཆོས་ཅན་འགྱུར་བ་ཅན་གློ་བུར་བ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་མ་ཡིན་པ་ཡི། དོན་དམ་པར་རྨོངས་པ་རྣམས་འཛིན་པའི་ཕྱིར ་འདི་ཉིད་དོན་དམ་ཡིན་ཞེས་རྨོངས་པ་སྨྲ། དོན་དམ་པ་ཞེས་བྱ་བ་ནི་དུས་གསུམ་དུ་བྲལ་དུ་མེད་པའི་ཡིད་ལ་མི་བྲིད་པའི་དབྱིངས་ཏེ། དེའི་ངང་ལ་དྲན་པའི་སྤྲུལ་པ་ཤར་ནས། དྲན་པའི་འཁོར་ལོ་བཞི་སྒོམ་པ་དང་། དྲན་པའི་རྡོ་རྗེ་པདྨ་ལས་འདུ་འཕྲོ་ལས ་མངོན་དུ་ཞེན་ནས་ཐར་པ་ཐོབ་ཏུ་རེ་བ་ནི། དཔེར་ན་ཁྱིམ་ན་རང་ལ་ཡོད་པའི་ཀ་ཙ་གཞག་ནཱ། སྒོ་ན་མེད་པ་ཚོལ་བ་འདྲ་བས། གང་ཞིག་ཁྱིམ་ནས་བྱུང་ནས་སྒོ་དྲུང་ཕུལ་གྱི་ཕྱག་རྒྱའི་ཁ་སྦྱོར་གྱི་བདེ་བ་ལ་ཆགས་པ་ནི། དཔེར་ན་སྐྱེས་བུ་ཤིན་ཏུ་གཡེམ ་པ་ཅིག་གིས། གྲོགས་མོ་ནི་མ་རྙེད། སྒོར་སོང་གྲོགས་པོ་ཀུན་ལ་གཡེམ་པའི་གཏམ་བྱས་པས་བདེ་བ་སྐྱེས་ནས། དེ་ལ་འདོད་ཆགས་ཀྱི་རེ་བ་བྱེད་པ་བཞིན་དུ། མཚན་བཅས་ཀྱི་བདོ་བས་དམ་པའི་བདེ་བ་ནི་མ་རྙེད་པར། བྱས་པའི་ཆོས་ལ་མངོན་པར ་འབད་པས། ཁམས་གསུམ་ལས་མི་ཐར་ཏེ་ཀཱ་མ་འདོད་པའི་ཁམས་དང་། རུ་པ་གཟུགས་དང་། ཨ་རུ་བ་གཟུགས་མེད་པའི་ཁམས་ཡིན་པའི་ཕྱིར། ཀཱ་མ་རུ་བཾའི་གཏམ་ནི་འདྲི་བར་བྱེད།། །། ད་ནི་རྨོངས་པ་རླུང་ལ་ཆགས་པའི་དཔེ་ནི།། ་གདུང་བས་རྒྱལ་བར་བྱེད་པ་ལྟ་བུས་བསྟན་ཏེ། དེ་ཡང་རླུང་གིས་རྣལ་འབྱོར་པས་སྟེང་རླུང་བསྡམས། འོག་རླུང་གྱེན་ལ་ཐེན་ནས་ལུས་སྦྱང་བ་ལྟ་བུ་སྟོང་སང་ངེ་བར་འབད་པས་བསྒོམས་ཏེ། སྟོང་པ་དེའི་ཁྱིམ་དུ་བདེ་བ་བསྒོམས་པས། རླུང་གི་རྒྱུ་ལ་སྟོང་པའི ་ཁྱིམ་དུ་ནི། བདེ་བའི་སྒོམ་ལུགས་ནི་རྩ་ལ་ལ་ནཱ་དང་། ར་ས་ནཱའི་རླུང་གཉིས་བསྡམས་ནས། དབུས་ཀྱི་ཨ་བ་དྷཱུ་ཏིར་རླུང་ཕྲ་མོ་ཁ་བཙམ་པ་དམར་པོ་ཅིག་བཅུག་ནས། དེས་སྤྱི་བོ་ནས་བྱང་ཆུབ་སེམས་དཀར་པོ་ཕབ་ནས། ཉམས་མྱོང་གི་བདེ་བ་སྐྱེ་བ་ནི། ཐབ ་རྣམ་པ་མང་པོའི་སྒོ་ནས་བཅོས་མ་ཡིན་པ། བཅོས་མ་ནི་འདུས་བྱས་ཡིན་པས་མི་གྲོལ་ཏེ་དེའི་ཕྱིར། རྣམ་པ་དུ་མའི་ཚུལ་གྱིས་བཅོས་མ་བས། ཡང་ན་ལུས་ན་མཁའ་ལྟར་སྟོང་པར་བསྒོམས་ནས། སེམས་ཐིག་ལེ་དཀར་པོ་བྱང་ཆུབ་སེམས་ཀྱི་རང་བཞིན ་བསྒོམས་ནས། ཟག་པ་དང་བཅས་པའི་བདེ་བ་སྐྱེས་པའི་དེ་ལ་དོན་དམ་པར་འཛིན་པ་ནི་སྒོམ་པ་ཉེས་པ་ཡིན་པའི་ཕྱིར། ན་མཁའ་ལས་པབ་ཉེས་པ་དང་བཅས་པའི། ཟག་པ་དང་བཅས་པའི་བདེ་བ་ལ་གདུང་བ་བསྐྱེད་ནས་རེ་བ་བྱས་ཏེ། འབད་ནས ་བསྒོམས་པས་འཁོར་བ་ལས། རྒྱལ་བར་གྱུར་པར་འདོད་པ་རྣལ་འབྱོར་པ་ནི་བཅོས་མ་ཡིན་པའི་ཕྱིར། གདུང་བས་རྒྱལ་བར་གྱུར་པའི་རྣལ་འབྱོར་པའོ།། ད་ནི་འདྲེས་པའི་དཔེ་འགལ་བ་རེ་བ་དང་བཅས་པའི་དཔེ་བྲམ་ཟེའི་སྦྱིན་སྲེག་དང་མི་འགལ་བ་དོན་གྱི ་སྦྱིན་སྲེག་བསྟན་ཏེ། དཔེར་ན་བྲམ་ཟེ་སྦྱིན་སྲེག་བྱེད་པའི་རྫས་ནི། མར་དང་འབྲས་དང་ཏིལ་སྲེག་པའོ།། མི་འགལ་བའི་སྦྱིན་སྲེག་ནི། སྐྱེ་བ་མེད་པའི་ཐབ་ཁུང་དུ་དྲན་པའི་ཏིལ་དང་། སྟོང་པའི་མར་དང་སྣང་བའི་འབྲས་ལ་སོགས་པ་སྲེག་པའི་ཕྱིར། ཇི་ལྟར་བྲམ ་ཟོ་མར་དང་འབྲས་ཀྱིས་སུ།། དེ་ཡང་བྲམ་ཟེས་དཀྱིལ་འཁོར་གྱི་དབུས་སུ་ཤིང་བཅེར་ནས་མེ་སྦར་ཏེ། རྫས་གོང་མ་བསྲེགས་ནས་སྡིག་པར་བསྲེགས་པར་འདོད་པ་ནི། ཕྱིའི་སྦྱིན་སྲེག་ཡིན་ལ་ལྟེ་བར་གཏུ་མོའི་རང་བཞིན་སྤར་ནས། རྣམ་པར་རྟོག་པ་སྲེག་པར ་བདོད་པ་ནི་ནང་གི་སྦྱིན་སྲེག་གོ།། སྙིང་གར་ལྷའི་དཀྱིལ་འཁོར་བསྒོམས་ནས། ཁ་ཧོམ་ཁུང་དུ་བྱས་ལག་པ་གཉིས་དགང་གནཱ་བྷཱུ་ཊཱ་གཟར་དུ་བྱས་ཏེ། ཁ་ཟས་སྲེག་རྫ་སུ་བྱས་ནས། སྙིང་གར་ཡི་དམ་གྱི་ལྷ་གཉིས་པར་སེམས་པ་ནི་གསང་བའི་སྦྱིན་སྲེག་གོ།། ་བློ་ལས་འདས་པོའི་ཐབ་ཁུང་དུ་བློས་བྱས་པ་སྣ་ཚོགས་སྲེག་རྫས་སུ་དབུལ་བ་ནི། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ཡིན་པའི་ཕྱིར་རོ།། འབར་བའི་མེ་ལ་སྦྱིན་སྲེག་བྱེད་པ་ནི།། དེ་ཡང་བྲམ་ཟེའི་བསམ་པ་ནི་བདག་ཉིད་ཀྱང་ན་མཁའ་སྟོང་པར་བསྒོམ།། རྫས་རྣམ ་ཀྱང་སྟོང་པར་བསྒོམས་ནས། སྦྱིན་སྲེག་བྱས་པས། ན་མཁའ་ལྔ་བུའི་སྟོང་པ་ཉིད་ཀྱི་ལྷ་དེ། སྲེག་རྫས་ཀྱི་བཅུད་ཀྱིས་མཉེས་ནས་གྲོལ་བ་ཐོབ་ཟེར། དོན་གྱི་དབང་དུ་བྱས་ན། ན་མཁའ་ནི་སྟོང་པ་ཡིན་ལ་རྫས་ཀྱི་བཅུད་ནི་སྣང་བ་ཡིན་ཏཱཾ། གཉིས་ཀ་བས ་དུ་མེད་པའི་དབྱིངསུ་སྐྱེད་ཅིང་ཐིམ་པར་བྱེད་པས། ན་མཁའི་བཅུད་ཀྱི་རྫས་ནི་སྐྱེད་པར་བྱེད་པ་སྟེ། བཅོས་མའི་སྦྱིན་སྲེག་དང་། བྱས་པའི་སྟོང་པ་ཉིད་ཀྱིས་ནི་འཁོར་བ་ཉིད་དུ་ཞེན་པར་བྱེད་པ་ཡིན་ལ། དོན་གྱི་སྦྱིན་སྲེག་རྟོགས་ན། ཆོས་ཉིད་ཀྱི་དབྱིངས་པ ་བྲལ་དུ་མེད་པར་ཞེན་པས། འདི་ཉིད་དུ་ཞེན་པར་ཤེས་པ་ཡིན།། ད་ནི་བཅོས་མའི་རྣལ་འབྱོར་བཞང་གང་ཏུ་བསྟན་ཏེ། དེ་ལ་སྤྲིན་བོར་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་བྱས་པ་ལས། ལྟེ་བ་ནས་གཏུམ་མོ་སྦྱར་ནས་བྱང་ཆུབ་སེམས་པ ་སྟེ། ཚངས་པའི་བུ་ག་ན་མར་ཞུགས་པ་ལས། བདེ་བ་སྐྱེས་པ་ལ་དོན་དམ་པ་ཡིན་ཟེར་བ་ནི་བཅོས་མ་ཡིན་པའི་ཕྱིར། ཁ་ཙོག་ཚངས་པའི་གནས་སུ་འོང་སྦར་ནས། དེའི་དུས་སུ་རང་གི་ལྕེ་རྐོན་ལ་བྲུད་པས་གཡའ་བ་འམ་ཟ་བའི་བདེ་བ་ཅིག་འབྱུང་སྟེ། དེ་ཡང་དོན ་དམ་པའི་ཡིན་ཟེར་བས།། ལྕེ་ནི་ཀུན་ཏུ་རུའི་ལྕེ་ཅུང་བསྐྱོད། དེ་ལྟ་བུའི་བདེ་བ་དེ་ནི་ཟག་པ་དང་བཅས་པའི་བདེ་བ་བཅོས་མ་ཡིན་པས་འཁོར་བ་གསུམ་དུ་འཆིང་བས། དོན་མ་ཡིན་པ་ལ་དོན་དུ་བཟུང་བས། དོན་གྱི་སེམས་སྐྲག་པར་བྱེད་པས། འཆི་བར་བྱེད་ཤིན ་ཏུ་དཀྲུག་བྱེད་དེ། དབང་གི་རྟེན་འབྲེལ་ལས་བྱུང་བའི་བདེ་བ་ཉམ་སུ་མྱོང་བ་དེ་ལ། ང་རྒྱལ་དབང་གིས་དོན་དམ་པ་ཡིན་ཟེར་ཏེ། དེ་ནི་བཅོས་མའི་རྣལ་འབྱོར་པ་ཡིན་པས། ང་རྒྱལ་དབང་གིས་རྣལ་འབྱོར་པ་ཞེས་ཟེར།། ། ད་ནི་འགལ་བ་ཉམས་མྱོང ་བཾ་དོན་གྱི་ཕྱག་རྒྱ་བཞིས་བསྟན་པར་བྱ་སྟེ། དེ་ཡང་ཤེས་རབ་མའི་མཁའ་ཆོས་ཀྱི་འབྱུང་གནས། ཨེ་གྲུ་གསུམ་དུ་ཡོད་པ་དེ་ལ། ཐབས་ཀྱི་རྡོ་རྗེབ་གི་ཚུལ་དུ་གནས་ཏེ་སྦྱོར་བ་བྱས་པས། བདེ་བ་དང་སྟོང་པའི་ངོས་ཟིན་ཏེ། དེ་ཡང་བ ་བའི་གནསུ་མི་སྣང་བ་ལ། དེའི་མཚན་ཉིད་ཡིད་ལ་མ་བྱས་པའི་སྟོང་པས་རྒྱས་བཏབ་སྟེ། སྣང་སྟོང་དབྱེར་མེད་པ་ནི་ཟུང་འཇུག་རབ་ཏུ་མི་གནས་པ་སྟེ། དེ་ལྟར་གོ་བ་ནི་ལྟེ་བའོ།། དེ་ལ་བདེ་བ་ལ་བ་སྟོང་པས་རྒྱས་བཏབ་པར་གོ་བ་ནི་བསྒོམ་པའོ།། དེའི་དུས་སུ ་སྣང་བ་ཐམས་ཅད་རིག་པར་གྲོལ། རིག་པ་ལ་སྟོང་པས་རྒྱས་བཏབ་པར་གོ་བར་བྱེད་པ་ནི་སྤྱོད་པའོ།། དེ་ལྟར་བསྒོམས་པས་སྐུ་གསུམ་གྱི་རང་བཞིན་ཐོབ་པར་བྱེད་པ་ནི་འབྲས་བུ་སྟེ། དེ་ནི་འགལ་བ་དཔེའི་ཨེ་བཾ་མོ།། མི་འགལ་བ་དོན་གྱི་ཨེ་བཾ་ནི། ཨེ་རྐྱེན་རྣམ ་པ་གསུམ་དང་བྲལ་བའི་དབྱིངས། རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། བཾ་རྐྱེན་གྱིས་སྣོང་བ་གསུམ་གློ་བུར་དུ་ཤར་བའོ།། ཡང་ན་ཨེ་དྲན་པ་མེད་པའི་དབྱིངས་ལས། བཾ་དྲན་པ་སྤྲུལ་པ་ཙམ་དུ་ཤར་ཏེ། བརྗོད་བྱ་ཡི་གེའི་ཚོགས་མང་པོ་བྱུང་ཡང་། དྲན་པ་དང ་མ་དྲན་པ་གཉིས་ཀྱི་རང་བཞིན་མ་སྐྱེས་པ་ཙམ་ན། དེ་བཞིན་ཉིད་ཀྱི་དོན་སྐྱེ་མེད་གོ་བ་ཡིན་ཏེ། ཨེ་བཾ་ཡི་གེས་རང་ཉིད་གོ་བར་བྱེད། མ་རྟོགས་པའི་གང་ཟག་གིས་དབང་གསུམ་པའི་ཉམ་སུ་མྱོང་བ་ལ། ཁ་ཕྱི་བལྟས་སྐད་ཅིག་བཞི་ངོས་བཟུང་། ཁ་ནང་དུ ་བལྟས་པས་དགའ་བ་བཞིན་ངོས་གཟུང་སྟེ། དེའི་དུས་སུ་དགའ་བ་དང་པོ་ནི་ལས་ཀྱི་ཕྱག་རྒྱ་མཆོག་དགའི་ཉམས་མྱོང་སྐྱེས་པ་ནི་ཆོས་ཀྱི་ཕྱག་རྒྱ། ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུ།། ཕྱག་རྒྱ་ཆེན་པོར་འདོད་པ་ནི་དཔེའོ།། དོན་གྱི་དབང་དུ་བྱས་ན། དྲན ་པའི་ཐབས་དང་། མ་དྲན་པའི་ཤེས་རབ་མ་གཉིས། བླ་མ་དམ་པས་བརྡས་བརྟན་པའི་དུས་སུ་སྦྱོར་བ་བྱས་པ་ལས། དོན་གྱི་སྐད་ཅིག་མ་བཞི་དང་། དོན་གྱི་དགའ་བ་བཞི་དང་། དོན་གྱི་ཕྱག་རྒྱ་བཞི་སྐྱེས་པ་སྟེ། གང་ཡང་རུང་བ་ཅིག་དྲན་པའི་དུས་སུ། སྐད་ཅིག ་མ་གཅིག་ལ་རྣམ་པ་སྣ་ཚོགས་ཀྱི་སྤྲུལ་པ་བྱུང་བས། རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མ་དང་དེ་ལ་དགའ་དང་མི་དགའ་བ་གཉིས་སྐྱེས་པས་དགའ་བ་དང་པོའོ།། དྲན་པ་དེ་སྣང་བ་སྣ་ཚོགས་ལས་མི་འདའ་བས་ལས་ཀྱི་ཕྱག་རྒྱའོ།། དྲན་པ་དེ་གློ་བུར་བར་རྟོག ་པས། སྐྱེ་ས་གནས་ས་ཐིམས་གསུམ་དྲན་མེད་ཀྱི་དབྱིངས་ཡིན་པར་ཤེས་པ་ནི། དྲན་པ་དྲན་མེད་དུ་སྨིན་པའི་སྐད་ཅིག་མའོ།། དྲན་མེད་ཡིད་ལ་མ་བྱས་པའི་གོང་ན་གཞན་མེད་པས་མཆོག་དགའོ།། ཡིད་ལ་མ་བྱས་པའི་དབྱིངས་ལས་ཆོས་ཀྱི་ཕུང་པོ ་བརྒྱད་ཁྲི་བཞི་སྟོང་འབྱུང་དུ་རུང་བས་ཆོས་ཀྱི་ཕྱག་རྒྱའོ།། དྲན་མ་དྲན་གཉིས་ཀ་སྐྱེ་མེད་ཀྱི་དབྱིངས་ལ་ཐིམ་ནས་དེ་གཉིས་ཀྱི་མཚན་ཉིད་མེད་པ་ནི། མཚན་ཉིད་བྲལ་བའི་སྐད་ཅིག་མའོ།། དྲན་མ་དྲན་གཉིས་སྐྱེ་མེད་ཀྱི་ངང་དུ་ལྷན་ཅིག་སྐྱེས་པས། ལྷན ་ཅིག་སྐྱེས་པའི་དགའ་བའོ།། སྐྱོ་མེད་ཀྱི་ངོ་བོ་དྲན་མ་དྲན་གཉིས་མི་སྐྱེ་བ་ལས་མི་འདའ་བས་དམ་ཚིག་གི་ཕྱག་རྒྱའོ།། དྲན་པ་དྲན་མེད་སྐྱེ་མེད་དང་གསུམ་ཀ་བློ་འདས་ཀྱི་དབྱིངསུ་མེད་པས་རྣམ་པར་མེད་པའི་སྐད་ཅིག་མ། དེ་ཉིད་ལ་རློམ་སེམས་དང་བྲལ་བས ་དགའི་བྲལ་གྱི་དགའ་བའོ།། བློ་ལས་འདས་པའི་དབྱིངས་ཀྱིས་ཐམས་ཅད་ལ་ཁྱབ་པས། ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར། སྐད་ཅིག་དབྱེ་བས་ཕྱག་རྒྱ་བཞི་བཀོད་ཅིང་། བརྒྱུད་པ་དང་མི་ལྡན་པའི་གང་ཟག་གིས། ལས་ཀྱི་ཕྱག་རྒྱའི་བདེ་བ་འམ། ་གཞན་ལ་སྟོན་པ། མཆིང་བུ་དང་མརྒད་ཀྱི་དཔེས་བསྟན་པར་བྱ་སྟེ། དྲན་པ་རིག་པས་བསྒོམས་པའི་ཐིག་ལེ་དང་། གཏུམ་མོ་དང་ལྷ་དང་ལྷ་མོའི་དལ་ལ་སོགས་པའི་ཉམསུ་མྱོང་བའི་བདེ་བ་དེ་ལ། རང་གིས་དོན་དམ་པར་བྱས་ནས། ་རང་གི་ཉམས་མྱོང་དེ་རིག་པ་དང་སྦྱར་ནས། གཞན་ལ་ཡང་སྟོན་པས། རང་རིག་དེ་ཉིད་རིག་པ་གཞན་ལ་ལྟོས། དྲན་པའི་བསམ་བསྒོམ་ལ་སོགས་པ་ལ་ཇི་ཙམ་ཅིག་ཀྱང་འབད་ནས་གྲོལ་ཟེར་ཏེ། དེ་ནི་རང་གིས་རང་བཅིངས་པ་ཡིན་ཏེ། དཔེར་ན་དར་གྱི་སྲིན་བུ ་རང་གི་ཁ་ཆུས་བཅིངས་པ་བཞིན་ནོ།། དེས་ནི་འཆིང་བའི་རྒྱུ་ལ་གྲོལ་བའི་རྒྱུ་འདོད་པ་ནི། མི་མཁས་པའི་གང་ཟག་ཡིན་ཏེ་དཔེར་ན་མི་ཁོང་ནང་ཅན་ལ་བུ་རམ་དང་བཅའ་ལྒ་བཏང་བས་ཕན། ཕྱིས་མི་ཆུས་ཁྱེར་བ་ལ་ཡང་བུ་རམ་དང་བཅས་པའི་བཅའ་ལྒ ་ཐོང་དང་ཕན་གྱིས་ཟེར་བ་ལྟ་བུའོ།། དེའི་ཕྱིར་གང་གིས་བཅིངས་པ་དེ་ཉིད་གྲོལ་ཞེས་ཟེར། དཔེར་ན་རིན་པོ་ཆེ་མརྒད་ཚོལ་བ་ལ། ནོར་བུ་འཆིང་བུ་བཙལ་ནས་འདྲ་བར་མཐོང་སྟེ། དེ་ནི་ཁ་དོག་དང་དབྱེ་བས་འདྲ་ཡང་ཡོན་ཏན་མི་འདྲ་བའོ།། དེ་བཞིན་དུ ་སེམས་ཉིད་ཀྱི་དངས་མ་དྲན་མེང་སྐྱེ་མེད་བྷྲཱུ~ཾ་འདས་གསུམ་ནི། རིན་པོ་ཆེ་མརྒང་ལྟ་བུ་དང་སེམས་ལས་བྱུང་བའི་དྲན་པ་དང་རིག་པ་འཆིང་བུ་ལྟ་བུ་གཉིས་ཏེ། འདྲ་འདྲ་འདྲ་སྟེ་ཡོན་ཏན་མི་འདྲ་བའི་ཕྱིར། ཁ་དོག་དབྱེ་བས་འཆིང་བུ་མ་རྒད་ཟེར།། རྨོངས་པས ་རིན་པོ་ཆེ་ངོ་མ་ཤེས་པས། འཆིང་བུ་ལ་རིན་པོ་ཆེ་བྱས་པས། རིན་མ་ཁུགས་པ་དང་འདྲ་བར། མ་གོ་བ་རྣམས་ཀྱིས་སེམས་ཉིད་དངས་མ་ཡིད་ལ་བྱར་མ་བདུབ་པ་རྣམ་པར་མི་རྟོག་པའི་དབྱིངས་དང་། སེམས་ལས་བྱུང་བའི་དྲན་རིག་རྟོག་པའི་རྒྱུ་གཉིས་ངོ་མ ་ཤེས་པས། རྨོངས་པས་རིན་ཆེན་བརྟག་པ་མ་ཤེས་པས། ད་ནི་ཉམས་མྱོང་ལ་དོན་དམ་དུ་འཛིན་པའི་དཔེར་གན་ལྟ་བུ་སྟོན་ཏེ། དཔེར་ན་ནོར་ངོ་མ་ཤེས་པས་ར་གན་ལ་གསེར་དུ་བྱེད། གསེར་ལ་ར་གན་དུ་མཐོང་བ་བཞིན་དུ་ཆོས་ཉིད་མ་བཅོས་པ་བློས་མ་རེག ་པ་དེ་ལ་དོན་མ་རྟོགས་པས། དོན་དུ་མི་འཛིན་དྲན་པའི་རྣམ་རྟོག་གི་ཆོས་སྤྲོས་པ་དང་བྱས་པའི་ཆོས་ལ་དོན་དམ་པར་འཛིན་པས། དེ་ནི་ར་གན་གསེར་གྱི་བློ་ཡིས་ལེན།། དེ་ཡང་དྲན་པའི་ཆོས་སྣང་སྟོང་དང་། རིག་སྟོང་དང་། རྩ་རླུང་དང་། ཐིག་ལེ་གཉིས་ཤོར ་གཉིས་མཉམ་གྱི། ཉམ་སུ་མྱོང་བའི་བདེ་བ་ལ་དོན་དམ་པ་ཟེར་ཞིང་དེ་ལ་རྩོལ་སྒྲུབ་དྲག་ཏུ་བྱེད་པས། ཉམས་མྱོང་ཁྱེར་ནས་དོན་དམ་སྒྲུབ་པར་བྱེད། ཉམས་མྱོང་བག་ཆགས་དང་བཅས་པ་དེ་ནི། འཇིག་པའི་ཆོས་ཅན་ཡིན་ཏེ། དཔེར་ན་རྨི་ལམ་གྱི་དུས་སུ་སྐྱེས་པ་ལ ་ཆགས་པའི་འདུ་ཤེས་ཀྱི་ཕ་དང་མ་དང་ལེགས་པ་དང་ཉེས་པ་སློབ་སྟེ། གཉིད་སད་པའི་དུས་སུ་གང་ཡང་མི་བདེན། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་བདེ་བ་དང་། རྩ་དང་གཏུམ་མོ་ལ་སོགས་པའི་བདེ་བ་ལ་ཆགས་ཀྱང་། བཅོས་མ་ཡིན་པས་འཇིག་པའི་ཕྱིར། རྨི ་ལམ་བདེ་ལ་རྗེས་སུ་ཆགས་པར་བྱེད། ཡིད་ལ་བྱས་པའི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ནི་མ་རྟོགས་པས། དྲན་རིགས་གིས་བདེ་བ་ཟག་པ་དང་བཅས་པ་ལ་མངོན་པར་ཞེན་ནས། ཕུང་པོ་ཞིག་པའི་དུས་སུ་སེམས་བདེ་བ་དང་འགྲོགས་ཟེར་ཏེ། དེ་ནི་ཕུང་པོ ་མི་རྟག་པ་ལ་བརྟེན་པ་རྟག་པ་མི་སྲིད་དེ། ཆོས་ཅན་དབང་ཆེ་བའི་ཕྱིར། ཕུང་པོ་མི་རྟག་བདེ་བ་རྟག་ཅེས་ཟེར།། །། ད་ནི་འདྲེས་པའི་དཔེ་འགལ་བའི་དཔེ། ཨེ་བཾ་ལ་ཆགས་པ་མེ་ལོང་གིས་གཟུགས་བརྙན་ལྟ་བུ་དང་། མི་འགལ་བདོན་གྱི་ཨེ ་རྩ་རླུང་གི་བདེ་བ་ཉམསུ་མྱོང་ལ། དོན་གྱི་ལྷན་ཅིག་སྐྱེས་པ་ཡིན་ཟེར་ཏེ། ཉམས་མྱོང་ནི་དྲན་པ་ཡིན་ལ། དྲན་པ་ནི་སྤྲུལ་པ་ཡིན་ཏེ་སྤྲུལ་པ་ཉིད་འཇིག་པའོ།། དེའི་ཕྱིར་ཉམས་མྱོང་གི་ལྷན་ཅིག་སྐྱེས་པ་ནི། དོན་དམ་པ་མ ་ཡིན་ནོ།། དེའི་ཕྱིར། ཉམསུ་མྱོང་བ་ལྷན་ཅིག་སྐྱེས་པ་ཟེར། དོན་དམ་ནི་བླ་མས་བརྡ་དང་ཐབས་དུ་མས་བསྟན་དུ་ཡོད་ལ། ངོས་གཟུང་དང་བྲལ་བའི་དབྱིངས་རྐྱེན་གསུམ་དང་བྲལ་བ་དྲི་མ་མེད་པ་མེ་ལོང་ལྟ་བུ་ཡིན་ལ། ཉམསུ་མྱོང་བ་ནི་རྐྱེན་གྱིས་སྣང ་བ་དྲི་མ་དང་བཅས་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ་ཡིན་ཏེ། དཔེར་ན་ཁྲོན་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལ་སྤྲེའུ་ཡིས་ཁུར་སྡེར་དུ་མཐོང་ནས་བླངས་པས་མ་ལོན་པ་བཞིན་དུ། དྲན་པའི་གཟུགས་བརྙན་དྲན་མེད་ཀྱི་ངང ་དུ་ཤར་བ་ལ། འབད་རྩོལ་བྱས་ཀྱང་དོན་མེད་པས། གཟུགས་བརྙན་ཞེན་པས་མེ་ལོང་ལྟ་བ་བཞིན།། ད་ནི་འགལ་བའི་དཔེ་ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་སྒྲུབ་པའི་དཔེ། སྨིག་རྒྱུའི་ཆུ་ལྟ་བུས་བསྟན་པ་ནི། དཔེར་ན་དཔྱིད་ཀྱི་སྨྱིག ་རྒྱུ་ལ། རི་དགས་སྐོམ་གྱིས་གདུངས་པའི་སེམས་ཅན་རྣམས། ཆུ་ཡིན་སྙམ་ནས་བསྙེགས་པས་མི་སླེབས། དེ་བཞིན་དུ་ཆོས་ཉིད་སྙིང་པོའི་དོན། རྐྱེན་གྱིས་མ་བསླད་པ་ངོ་མ་ཤེས་པས། རྐྱེན་གྱིས་སྣང་བའི་དྲན་པ་ལ་མངོན་པར་ཞེན་ནས། བཅོས ་མའི་བདེ་བ་ལ་སངས་རྒྱས་ཀྱི་དགོངས་པ་ཡིན་སྙམ་ནས་ཞེན་ཅིང་ཆགས་ནས། ཇི་ལྟར་མ་རྟོགས་སྨིག་རྒྱུའི་ཆུ་ལ་ནི། རི་དགས་ལ་སོགས་པ་ཆུ་མ་ཡིན་པ་ལ་ཡིན་སྙམ་པར་འཁྲུལ། དེ་བཞིན་དུ་དྲན་པའི་བདེ་བ་ནི་དོན་དམ་པ་མ་ཡིན་པ་ལ་དོན་པ ་པར་གཟུང་བས་འཁྲུལ་ཏེ། མ་རྟོགས་པ་རྣམས་དྲན་པས་འཁྲུལ་པའི་དབང་དུ་གྱུར་པས། འཁྲུལ་པའི་དབང་གིས་རི་དགས་རྒྱུག་པར་བྱེད། དྲན་རིག་གི་བདེ་བ་ལ་མངོན་པར་ཞེན་པ་རྣམས་ནི་དོན་དམ་པ་ལ་རྨོངས་པ་ཡིན་ལ། དོན་དམ་པ་བློའི་ཡུལ་ལྔ ་དས་པ་ནི། དྲན་རིག་གི་གདུངས་པ་བྱས་ཀྱང་ཐོབ་པར་མི་འགྱུར་བར། འཁོར་བ་གསུམ་དུ་འཆིང་བར་འགྱུར་བས། རྨོངས་པས་སྐོམ་ལ་མི་ངོམས་འཆིང་བར་འགྱུར། ཟག་པ་དང་བཅས་པའི་བདེ་བ་ལ་དོན་དམ་པ་ཟེར་ཞིང་། འབད་པ་བྱས་ཀྱང ་ཡལ་ཏེ་འགྲོ་བའི་ཕྱིར། དོན་དམ་ཟེར་ཞིང་གང་ཞིག་བདེ་བ་ལེན། དེ་ཡན་ཆོད་ཀྱིས་ལོག་པར་རྟོགས་པ་སུན་དབྱུང་བ་བསྟན་ནས། ད་ནི་རང་གཞུང་སྒྲུབ་པར་བྱེད་པ་དམ་བཅའི་སྒོ་ནས་བསྟན་ཏེ། དེ་ཡང་དང་པོ་ལྟ་བ་འགྱུར་བ་མེད་པའི་སྒོ་ནས། དྲན ་མ་དྲན་སྐྱེ་མེད་བློ་ལས་འདས་པ་བཞི་སྟོན་པ་ནི་བདེན་པ་གཉིས་ཏེ། དེ་ལ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་ཡང་གཉིས་ཏེ། ལོག་པའི་ཀུན་རྫོབ་དང་ཡང་དག་པའི་ཀུན་རྫོབ་གཉིས་སོ།། ་ལོག་པའི་ཀུན་རྫོབ་ལ་ཡང་འཁྲུལ་པ་དང་འཁྲུལ་པའི་ཤེས་པའོ།། འཁྲུལ་པ་ནི་འདི་ལྟར་སྣང་བ་ཐམས་ཅད་དོ།། འཁྲུལ་པར་འཛིན་པའི་ཤེས་པ་ནི་དྲན་པ་དང་རིག་པ་སྟེ། དེ་གཉིས་སངས་རྒྱས་ཀྱི་དགོངས་པ་མ་འཁྲུལ་པ་ལས་ལོག་ཅིང་འཇིག་པའི་ཆོས ་ཅན་ཡིན་པའི་ཕྱིར།། ལོག་པའི་ཀུན་རྫོབ་བོ།། ཡང་དག་པའི་ཀུན་རྫོབ་ནི་དྲན་པ་རིག་པ་དེས། བརྡ་དང་ཐབས་ཀྱིས་བསྟན་ནས། ངོས་བསྟན་དུ་ཡོང་ལ་ངེས་གཟུང་རྒྱུ་དང་བྲལ་བའོ།། དྲན་པ་མེད་པའི་དབྱིངས་སྤྲུལ་པ་སྐུའི་ངོ་བོ་དེ་ཡིན་ཏེ། དེ་ལ་ཅིའི་ཕྱིར་ཡང ་དག་པའི་ཀུན་རྫོབ་ཅེས་བྱ་ཞེ་ན། སྐུའི་ངོས་ནས་ནི་ཡང་དག་པ་ཡིན་ལ། སྤྲུལ་པའི་སྒོ་ནས་ནི་ཀུན་རྫོབ་པོ།། ཡང་ངོས་གཟུང་བྲལ་བས་ནི་ཡང་དག་པ་ཡིན་ལ། ངོས་བསྟན་དུ་ཡོད་པས་ཀུན་རྫོབ་ཡིན་པའི་ཕྱིར། ཀུན་རྫོབ ་བདེན་པ་དྲན་པ་མེད་པ་སྟེ། དོན་དམ་པའི་བདེན་པ་ནི་དྲན་པའི་སེམས་དང་། དྲན་པ་མེད་པའི་སེམས་གཉིས་ཀ་སྐྱེ་བ་མེད་པའི་དབྱིངསུ་མེད་པར་གྱུར་ཙམ་ན། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ། སྐྱེ་བ་མེད་ཅིང་འགག་པ་མེད་པ། དཔའ ་བར་འགྲོ་བའི་ཏིང་ངེ་འཛིན། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཡིན་པས་སེམས་གང་སེམས་ནི་མེད་པར་གྱུར་པའོ།། དྲན་མེད་སྤྲུལ་པའི་སྐུ་དང་། སྐྱེ་མེད་ལོངས་སྤྲིང་རྫོགས་པའི་སྐུ་གཉིས་ཀ། བློ་ལས་འདས་པ་ཆོས་ཀྱི་སྐུའི་ངང་དུ་ཐིམ་པར་གྱུར ་ཙམ་ན། ཆོས་ཉིད་རྐྱེན་གྱིས་མ་བསླད་པ་དེའི་གོང་ན་གཞན་མེད་པས། དེ་ནི་ཡོངསུ་གྱུར་པ་མཆོག་གི་མཆོག་དེ་ལྟར་སྐུ་གསུམ་པོ་ཡང་རྐྱེན་གྱིས་ཐ་དད་དུ་སྣང་ཡང་ངོ་བོ་ཟ་དང་མེད་དེ། དཔེར་ན་བུམ་པ་ནང་གི་ན་མཁའ་དང་། སྙིམ་པའི་ནམ་མཁའ་དང་ནམ ་མཁའ་རང་དང་གསུམ་རྐྱེན་གྱིས་ཐ་དད་ཀྱང་། བུམ་པ་དང་སྙིམ་པའི་རྐྱེན་ཞིག་ཙམ་ན། ན་མཁའ་དེ་གསུམ་ཐ་དད་མེད་དོ།། དེ་བཞིན་དུ་སྣང་བའི་རྐྱེན་གྱིས་སྤྲུལ་སྐུ་དང་། སྟོང་པའི་རྐྱེན་གྱིས་ལོངས་སྐུ་དང་སྐྱེ་བ་མེད་པའི་རྐྱེན་གྱིས་ཆོས་སྐུ་དང་གསུམ ་ལས། རྐྱེན་གསུམ་གྱིས་མ་སླད་པའི་དུས་སུ་ཐ་དད་ཅིང་སོ་སོ་མ་ཡིན་ཐ་མི་དང་ངོ་།། ཐ་དད་མེད་པའི་དབྱིངས་དེ་ལ་འངམ་གང་གིས་ཀྱང་མ་གོས་ཏེ། དེ་ལྟར་རྟོགས་ཙམ་ན་འདམ་གྱིས་མ་གོས་པའི་བདེ་བ་ཆེན་པོའི་སྐུ་ཡིན་ཏེ། དེ་ལས་འཕྲོ་དང་ལྡན་པའི་གྲོགས ་པོ་ལ་སྟོན་པས། མཆོག་གི་དམ་པ་གྲོགས་དག་ཤེས་པར་གྱིས།། ། ད་ནི་དྲན་མེད་ཏིང་ངེ་འཛིན་དུ་རྟོགས་ནས། འདམ་གྱིས་མ་གོས་པའི་དཔེའི་སྒོ་ནས་སྐེམ་པ་ཞེན་པ་མེད་པ་སྟོན་ཏེ།། དེ་ཡང་དྲན་པའི་སེམས་དེ་ནི་གློ ་བུར་བརྐྱེན་ལས་སྐྱེས་པ། ཆུ་ནང་གི་སྦུར་མ་ལྟ་བུ་འམ། མེད་བཞིན་དུ་སྣང་བས་རྨི་ལམ་ལྟ་བུ་སྣང་ཡང་རང་བཞིན་མེད་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། དེ་གང་ལས་སྤྲུལ་ན་དྲན་པ་མེད་པའི་དབྱིངས་ལས་སྤྲུལ་པ་ཡིན་ཏེ། སྤྲུལ ་ཡང་དྲན་མེད་ལས་སྤྲུལ་ལ། ཐིམ་ཡང་དྲན་མེད་དུ་ཐིམ་ནས། དྲན་པ་སྣ་ཚོགས་རྩེད་མོ་ཙམ་དུ་ཤེས་ཤིང་། དྲན་པའི་ཆོས་རྣམས་དྲན་མེད་ཀྱིས་ཟིལ་གྱིས་གནོན་པས། དྲན་མེད་སེངྒེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང་། དྲན་མ་དྲན་གཉིས ་ཀ་སྐྱེ་མེད་ཀྱི་དབྱིངས་སུ་འབྱོར་ཙམ་ན། དྲན་པ་འཁོར་བའི་ཆོས་དང་། དྲན་མེད་མྱ་ངན་ལས་འདས་པའི་ཆོས་གཉིས་ཀ་བཅོམ་ནས། སྐྱེ་མེད་དཔའ་བོ་དང་འདྲ་བས། སྐྱེ་མེད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། དྲན་མ་དྲན་སྐྱེ་མེད་གསུམ ་གའི་ཐ་སྙད་ཀྱང་མ་གྲུབ་པར་བློ་ལས་འདས་པའི་དབྱིངསུ་ཐིམ་ནས། བློ་དང་རིག་པར་གཞིག་པར་མི་ནུས་པ་ནི། བློ་ལས་འདས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་ཏིང་ངེ་འཛིན་བཞི་རྟོགས་པས་དྲན་པ་དྲན་མེད་དུ་འབྱོར། དྲན་མེད་སྐྱེ ་མེད་དུ་འབྱོར། སྐྱེ་མེད་བློ་འདསུ་འབྱོར་ཏེ། སེམས་ནི་དྲན་མེད་ཏིང་འཛིན་དུ་འབྱོར། དེ་ལྟར་ཡིད་ལ་བྱས་པའི་ཆོས་ཐམས་ཅད། ཡིད་ལ་མ་བྱས་པའི་དབྱིངསུ་འབྱོར་པར་ཤེས་ཙམ་ན། ཉོན་མོངས་པའི་དྲི་མ་འདོད་ཆགས་ཞེ་སྡང་ལ་སོགས་པ ་ཐམས་ཅད་ཀྱང་། ཡིད་ལ་མ་བྱས་པའི་དབྱིངསུ་དག་ནས། ངན་སོང་རྣམ་པ་གསུམ་གྱི་རྒྱུ་ཟད་དེ། སྡུག་བསྔལ་དང་བྲལ་བའོ།། ཤེས་བྱའི་དྲི་མ་ལྷ་དང་ལྷ་མོའི་དཀྱིལ་འཁོར་རམ། རྩ་རླུང་གི་བདེ་བ་འམ། སྟོང་ཉིད་ཀྱི ་ཞི་གནས་ལ་མངོན་པར་ཞེན་པ། ཐམས་ཅད་ཀྱང་ཡིད་ལ་མ་བྱས་པའི་དབྱིངསུ་དག་ནས། མཐོ་རིས་ལྷ་དང་ལྷ་མོའི་རྒྱུ་ཡང་ཟང་ནས། འགྲོ་བ་རིས་དྲུག་གི་གནས་སྐྱེ་བ་མི་ལེན་ཅིང་། མཆོག་གི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར། ཉོན ་ས་ཡོང་སུ་ངག་པས་དེ་ཉིད་ངོ་།། དེ་ལྟར་ཡང་ལ་མ་བྱས་པའི་དབྱིངས་ལ་དྲི་མ་གཉིས་སྐྱེས་ཀྱང་། ཆུ་ངང་ཆུ་བུར་རམ། བྲག་གམ་བྲག་ཆའམ། ན་མཁའ་དང་སྨིན་པ་ལྟ་བུར་ཤེས་ནས། དབྱིངས་ལ་ཤར་ཅིང་དབྱིངསུ་ནུབ་པར་རྟོགས་ཏེ། དེ ་ཙམ་ན་ཉོན་མོངས་པ་ལ་གནས་ཀྱང་། ཉོན་མོངས་པས་མ་གོས་ཏེ། དཔེར་ན་ཨུཏྤལ་འཇམ་ནོས་སྐྱེས་ཀྱང་འདམ་གྱི་སྒྲོན་གྱིས་མ་གོས་པའི་ཕྱིར། ཇི་ལྟར་འདམ་སྐྱེས་འདམ་གྱིས་མི་ཚུགས་བཞིན།། དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པའི་དཔྱིང ་རྟོགས་ཙམ་ན། འཁོར་བ་རྣམ་པ་གསུམ་གྱི་ཉེས་པ་དང་། མྱ་ངན་ལས་འདས་པ་རྒྱལ་བའི་ཆོས་གང་གིས་ཀྱང་། དབྱིངས་རྣམ་པར་དག་པ་ལ་གོས་པ་མེད་དོ།། ཡིད་ལ་མ་བྱས་པ་ལ་འཁོར་འདས་གཉིས་ཀ་མ་གྲུབ་པའི་ཕྱིར། སྲིད་འབྱུང ་ཉེས་པ་རྒྱལ་ཆོས་མི་གོས་སོ།། །། ད་ནི་དྲན་པ་སྒོ་མར་ཤེས་པས་མི་གཡོ་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས། སྤྱོད་པ་ངེས་པ་མེད་པ་བསྟན་པ་ནི། དེ་ཡང་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་དང་། ་དྲན་པའི་ཆོས་དང་། དྲན་པ་མེད་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ནི། སྒྱུ་མ་ཙམ་དུ་གྲགས་པར་ཟད་ཀྱི། དོན་དམ་པར་གང་ཡང་མ་གྲུབ་པས། གང་ཡང་མི་ལེན་མི་འདོར་བའི་ཚུལ ་གྱིས་གནས་པར་བྱ་སྟེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ནི་ཡོད་ལ་བྱས་པ་ཡིན་ལ། ཡིད་ལ་བྱས་པ་ནི་དྲན་པ་སྟེ། དྲན་པ་དེ་ཉིད་ཁོ་ན་སྤྲུལ་པ་སྣ་ཚོགས་ཏེ། སྤྲུལ་པ་ལ་ཅི་ཡང་འབྱུང་བའི་ཕྱིར་ངེས་པ་མེད་པར་བལྟ་བར་བྱའོ།། ་དེའི་ཕྱིར་དེ་ཡང་ཐམས་ཅད་སྒྱུ་མར་ངེས་པར་བལྟ་བྱ་སྟེ། སྤྲུལ་པ་ངེས་མེད་དུ་ཤར་བའི་གཞི་ནི། ཡིད་ལ་མ་བྱས་པའི་དབྱིངས་ཡིན་ཏེ། ལིང་ལ་མ་བྱས་པ་ནི། རྐྱེན་གསུམ་གྱིས་མ་བསླང་པའོ།། རྐྱེན་གསུམ་དང་བྲལ་བ་ནི་སྐུ་གསུམ ་སྟེ། རྐྱེན་གསུམ་པོ་དེ་ནི་འཇི་ག་རྟེན་ལས་འདས་པ། དྲན་པ་རིག་པ་ལས་འདས་པ། འདམ་གང་གིས་ཀྱང་མ་གོས་པ། དེ་བློ་མ་དམ་པས་བརྡ་དང་ཐབས་ཁྱད་པར་ཅན་ལ་བརྟེན་ནས། སྐད་ཅིག་མ་གཅིག་ལ་རྟོག་སུ་བཏུབ་ལ། རྟོགས་པའི ་དོན་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་ལེན་མི་འདོར་བར་བཏང་སྙོམས་བྱེད་པས། འཇིག་རྟེན་འདས་པ་སྐད་ཅིག་ལེན་དང་བཏང་སྙོམས་བྱེད། བླ་མས་བསྟན་པའི་སྐུ་གསུམ་དེ་ནི། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ཏེ། ་དེ་ནི་ཚིག་དང་ཐ་སྙད་ཀྱིས་བརྗོད་དུ་ཡང་མེད་ལ། བློ་དང་རིག་པས་མི་ཤིགས་ཤིང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པས་འཆིང་བ་མེད་ཅིང་། བློས་བྱས་པའི་ཆོས་ཀྱིས་གཡོ་འགུལ་མེད་པའི་ཕྱིར། བརྟན་པོའི ་ཐོ་ཅན་དེ་ནི་གཏི་མུག་འཆིང་བར་འགྱུར།། སྐུ་གསུམ་པོ་དེ་ནི་ལོགས་ནས་བཙལ་བ་མ་ཡིན་ཞིང་། རྒྱུ་ལས་བསྐྱེད་པ་མ་ཡིན་ཏེ། བསམ་བསྒོམ་ཐ་སྙད་དང་བྲལ་བའི།། རང་འཐུང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་རང་བཞིན ་དུ། རང་ལ་གནས་ཤིང་ལྷུན་གྱིས་གྲུབ་པར་བླ་མ་དམ་པས། བརྡ་དང་ཐབས་དུ་མའི་སྒོ་ནས་བསྟན་པའི་ཕྱིར། རང་འབྱུང་བསམ་གྱིས་མི་ཁྱབ་རང་བཞིན་གྲུབ་པ་ཡིན།། །། ད་ནི་དྲན་པ་ཡིད་ལ་བྱས་པ་དོན་དམ་པ་མ་ཡིན་པའི་སྒོ ་ནས། ཀུན་རྫོབ་ཡིན་པར་བསྟན་ཏེ། ཀུན་རྫོབ་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་རང་བཞིན་དུ་གནས་པར་བསྟན་པ་ནི། དྲན་པ་རིག་རིག་པོ་ཉམསུ་མྱོང་བ་འདི་དང་པོ་ནས་ཡོད་པ་མ་ཡིན་ཏེ། རྐྱེན་གྱིས་གློ་བུར་དུ་སྣང་ཞིང་། གློ་བུར་དུ་རྐྱེན་གྱིས ་འཇིག་པའོ།། ཆོས་ཉིད་རྐྱེན་གྱིས་མ་བསྐྱེད་པ་ནི། སྐྱེ་མ་མྱོང་འགག་མ་མྱོང་། རིག་མ་མྱོང་བའི་རང་བཞིན་ལ། སྣང་བ་འདི་ཤར་ཡང་དཔེར་ན་མེད་ལོང་གི་གཟུགས་བརྙན་ཙམ་དུ་སྣང་སྟེ། མེ་ལོང་ལ་གཟུགས་བརྙན་ཤར་རོ་བོའི་རྟོག་པ ་མེད་པའི་ཕྱིར་རོ།། མེ་ལོང་ལྟ་བུ་ནི་སྐྱེ་མེད་ཀྱི་དབྱིངས་ཡིན་ལ། གཟུགས་བརྙན་དུ་སྣང་བ་ནི་སྤྲུལ་པ་ཙམ་སྟེ། སྤྲུལ་པ་ཉིད་རྐྱེན་སྣང་གློ་བུར་བ་ཡིན་ཏེ། སྐྱེ་མེད་དབྱིངས་ལ་སྤྲུལ་པ་དང་། གློ་བུར་བ་ཙམ་དུ་ཡང་མ་གྲུབ་ཅིང་མ་སྐྱེས་པའི་ཕྱིར ་རོ།། སྣང་བ་འདི་གསལ་བ་དང་པོ་ཉིད་ནས་མ་སྐྱེས་ཏེ། སྐྱེ་མེད་ཀྱི་དབྱིངས་ཉིད་བརྗོད་དུ་མ་བཏུབ་པས། བློ་ལས་འདས་ཏེ་བློ་ལས་འདས་པ་ཉིད་ཕྱག་རྒྱ་ཆེན་པོའོ།། དེ་ལ་མཚན་ཉིད་བཞི་དང་ལྡན་ཏེ་ཀུན་ལ་ཁྱབ་པ། གཟུགས་ཅན་མ་ཡིན་པ་འགྲོ ་འོད་མེད་པ། དུས་ཐམས་ཅད་པ་སྟེ། ཀུན་ལ་ཁྱབ་པ་ནི་ཀུན་གྱི་དངོས་བཞི་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དང་། རྒྱུ་དང་འབྲས་བུ་དང་སྣང་བ་དང་སྟོང་པ་ལ་སོགས་པ་ཐམས་ཅད་ལ་ཁྱབ་པའོ།། གཟུགས་ཅན་མ་ཡིན་པ་ནི། རྟེན ་ཅིང་འབྲེལ་པ་འམ། རྐྱེན་གྱིས་བསྐྱེད་ནས་ཕུང་པོ་དང་ཁམས་ལ་སོགས་པའི། ཆོས་ཐམས་ཅད་སྣང་ཡང་བློ་གཟུང་དང་བྲལ་བ་སྟེ། རང་བཞིན་གྱིས་མ་སྐྱེས་པའོ།། འགྲོ་འོད་མེད་པ་ནི། སྐྱེ་འགག་མེད་པས། ཆོས་ཉིད་ལ་ཐམས་ཅད་ཀྱིས ་ཁྱབ་པ་སྟེ། རེས་འགའ་བ་མ་ཡིན་ཞིང་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཉིད་།། དུས་ཐམས་ཅད་པ་ནི་མ་ཧཱ་མུ་དྲ་དེ་རི་བོང་གི་རྭ་འམ། མོ་གཤམ་གྱི་བུ་ཥྐར་ཆད་པ་འམ་མེད་པ་མ་ཡིན་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར། མ་ཧཱ་མུ་ཏྲ ་དེདུས་ཐམས་ཅད་དུ་གནས་པའོ།། དེའི་ཕྱིར་གཟུགས་ཅན་མ་ཡིན་གཟུགས་ཀྱི་རང་བཞིན་རྣམ་པར་སྤངས། མཧཱ་མུ་དྲ་དེ་དུས་རྒྱུན་དུས་མ་ཏི་བཞིའི་ཚུལ་དུ་གནས་ནས། བསྒོམ་དུ་ནི་མེད་ལ་ཡེངསུ་མེད་པར། རྒྱུན་མི་འཆད་པར་བསམ་གཏན་བྱེད་པས། ་དེ་ཉིད་རྒྱུན་ཏུ་གནས་ཤིང་བསམ་གཏན་གཅིག་པོ་བྱེད་། བསྒོམ་དུ་ཡོད་ཅིང་ཡིད་ལ་བྱས་པའི་བསམ་གཏན་ནི་དྲི་མ་དང་བཅས་པ་ཡིན་ལ། དོན་དམ་པའི་སེམས་མ་ཡིན་ཏེ། བསྒོམ་དུ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་དྲི་མ་མེད་བཱི་བས་གཏན་ཡིན་ཏེ། ་ཉིད་དོན་དམ་པའི་སེམས་ཡིན་པའི་ཕྱིར། ཡིད་ལ་མི་བྱེད་དྲི་མེད་བསམ་གཏན་སེམས་མ་ཡིན། ང་ནི་སེམས་དང་སེམས་ལས་བྱུང་བ་དང་། ཉོན་མོངས་པ་རྣམས་རྟོགས་པའི་རྣལ་འབྱོར་པ་ལ། ཐ་མི་ངང་པའི་སྒོ་མས་ཐམས་ཅད་མ་ཧཱ་མུ་དྲིའི་བདག་ཉིད་དུ ་བསྟན་པ་ནི། བློའི་ཆོས་ཡིད་ལ་བྱས་པ་རྣམས་ཀྱང་ལོག་པ་མ་ཡིན་ཏེ། བློ་དང་སེམས་ནི་དྲན་པ་མེད་པའི་དབྱིངས་ལས་བློ་བུར་དུ་ཤར་ནས། རྐྱེན་གྱི་སྟོབས་ཀྱིས་དཀར་བ་དང་དམར་བ་ལ་སོགས་པར་སྣང་ཡང་། དྲན་མེད་ཀྱི་དབྱིད ་སུ་ཐིམ་པའི་ཕྱིར། བློ་དང་སེམས་དང་སེམས་ཀྱི་སྣང་བ་དེ་བདག་ཉིད། ལོ་ཀའི་ཁམས་དང་ལོ་ཀ་ལས་འདས་པའི་མྱ་ངན་ལས་འདས་པ་གསུམ་ཡང་། དོན་རྟོགས་ན་སྐུ་རྣམ་པ་གསུམ་ལས་དབྱེར་མིང་ཕྱེད། སྐུ་གསུམ་གྱི་རང་བཞིན་ཡང་ངོ་བོ་ཉིད་ཀྱི ་སྐུ་ལ་ནི་བསམ་བརྗོད་དང་སྒྲ་བརྗོད་བསྒོམ་པ་ལས་འདས་ཏེ། དེ་ཉིད་ཀྱིས་སྣང་བ་དང་སྟོང་པ་དང་། ཟག་བཅས་དང་ཟག་མེད་ཐམས་ཅད་ལ་ཁྱབ་ཅིང་མ་ཧཱ་མུ་དྷ་དེའི་རང་བཞིན་དུ་གནས་པས། འཇིག་རྟེན་གང་གང་གཞན་དུ་སྣང་བ་དེ་བདག་ཉིད ་སྣང་བ་དང་སྟོང་པ་ལ་ལྟ་བ་བྱེད་པའི་སྣ་ཚོགས་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་མཐོང་བ་ནི་ཡུལ། མཐོང་བྱའི་ཡུལ་ཅན་ལ་སོགས་པ་ཐམས་ཅད་ལ་ཆོས་ཉིད་སྐྱེ་བ་མེད་པའི་བདག་ཉིད་ཀྱིས་ཁྱབ་པས། སྣ་ཚོགས ་མ་ལུས་མཐོང་བ་མཐོང་བྱ་དེ་བདག་ཉིད། བུ་ལྟ་བུའི་སྙིང་དུ་སྡུག་པ་ལ་སོགས་པའི་འདོད་ཆགས། དགྲ་ལྟ་བུའི་སྙིང་དུ་མེ་སྡུག་པ་ལ་སོགས་པའི་ཞེ་སྡང་། དེ་གཉིས་དང་བྲལ་བ་གཏི་མུག་སྟེ། དེ་གསུམ་ག་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་མ ་ཆུང་བ་མེད་ཅིང་། སེམས་ཉིད་ན་མཁའ་ལྟ་བུ་ཡང་མ་ཧཱ་མུ་དྲའི་བདག་ཉིད་ཡིན་པས་ཆགས་སྡང་གཏི་མུག་བྱང་ཆུབ་སེམས་ཀྱིང་བདག་ཉིད་དོ།། ང་ནི་ཀུན་གཞི་རྣམ་པར་ཤེས་པ་དྲན་པ་སྒྲོན་མར་ཁྱེར་བ་བསྟན་པ་སྟེ། དེ་ཡང་དྲན་པས་སྣང་བར ་བསྒོམས་པའི་ཡིད་ལ་བྱས་པའི་སྟོང་པ་དེ་ནི་གཏི་མུག་ཡིན་ལ། ངེས་སངས་རྒྱས་ཀྱི་དགོངས་པ་ཡིན་ལ་མ་བྱས་པ། བློ་དང་རིག་པ་མི་རྒྱུ་བ་དེ་མི་མཐོང་བས། མུན་པ་དང་འདྲ་བ། འོ་ན་ཇི་ལྟར་བྱ་ཞེ་ན། དྲན་པ་ནི་སྒྲོན་མེ་ཙམ་བུ་ཤེས་པར་བྱ་སྟེ། བླ་མའི་བརྡ ་ངདང་ཐབས་དུ་མ་དྲན་པ་ལ་བརྟེན་ནས། སྐུ་གསུམ་བསྟན་དུ་བཏུབ་པའོ།། དཔེར་ན་མུན་ནག་ཏུ་འདོད་པའི་ཀ་མ་ཚོལ་བ་ལཱ། མར་མེའི་འོད་ལ་བརྟེན་ནས་ཀ་ཆ་བཙལ་དུ་བཏུབ་པ་བཞིན་ནོ།། ཡང་ན་རང་གི་སྙིང་ཁའི་པདྨ་ཁ་ཕྱེ་ནས། ཐིག་ལེ་ཤིན ་དུ་བ་ཅིག་བསྒོམས་ནས། དེ་རྟོག་པ་མེད་པར་བསྒོམས་པས། སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་ཏེ། དེ་ནི་མེ་ལོང་གི་གཟུགས་བརྙན་ཙམ་དུ་ཤེས་པར་བྱ། དེའི་ཕ་རོལ་ན་དྲན་མེད་ལ་མཉམ་པ་ཉིད་དུ་ཤེས་པར་བྱ། དེ་གཉིས་ཀ་མ་སྐྱེས་མི ་འགག་པའི་ཕྱིར། སོ་སོར་རྟོགས་པ་དང་། བྱ་བཙལ་ཐམས་ཅད་དང་བྲལ་བ་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། རིག་པ་འམ་རྟོག་དཔྱོད་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེསུ་རྟོགས་པར་བྱེད་པ་ནི། སྒྲོན་མ་ཙམ་ཡིན་པའི་ཕྱིར། གཏི་མུག་མུན་པ་སྒོན ་མར་སྤ་ར། དྲན་པ་སྒྲོན་མར་མ་ཤེས་པས།། རང་རྒྱུད་དུ་བཟུང་ནས་འདི་ནི་འཁོར་བའོ།། འདི་ནི་མྱ་ངན་ལས་འདས་པའོ་ལ་སོགས་པའི་བཟང་རྟོག་དང་ངན་རྟོག་ཏུ་བྱེད་པས་ནི། འཁོར་བ་གསུམ་དུ་འཆིང་ལ། འཁོར་བ་ལས་བློའི་དབྱེ་བ་བསམ་གྱིས་མི ་ཁྱབ་པས་ཇི་སྲིད་བློ་ཡི་དབྱེ་བས་ཕྱེ། རྟོགས་པའི་རྣལ་འབྱོར་པ་ལ་འདི་ནི་བསྒོམ་པའོ།། འདི་ནི་མི་བསྒོམ་པ་ལ་སོགས་པའི་བློའི་དབྱེ་བ་བསམ་གྱིས་མི་ཁྱབ་པར་སྐྱེས་ཀྱང་། བླ་མ་དམ་པའི་གདམས་ངག་གིས།། སྤྲུལ་པ་ཙམ་དུ་ཤེས་ནས། སྤྲུལ ་པ་ཉིད་གློ་བུར་བ་ཡིན་ལ། གློ་བུར་བ་དབྱིངསུ་དུས་རྟག་ཏུ་ཡལ་བར་ཤེས་ན། དྲི་མ་གཉིས་ཀྱིས་ཀྱང་མ་གོས་པས། དེ་སྲིད་སེམས་ཀྱི་དྲི་མ་སྤངས། སྤྲུལ་པ་ཡལ་བའི་དབྱིངས་དེ་ནི། དྲན་པ་རིག་པ་མ་སླེབས་ཤིང་འཁོར ་འདས་ཀྱི་འདམ་གྱིས་མ་གོས་པ། ཐོས་བསམ་བསྒོམ་གསུམ་ལས་འདས་པ། དེ་ལ་བློ་དང་རིག་པས་ཞེན་དུ་མེད་པའི་ཕྱིར། མ་ཞེ་ན་རང་བཞིན་གང་གིས་བསམ།། །། ད་ནི་རྟོགས་ན་དགག་བསྒྲུབ་མེད་པར་བསྟན་པ་ནི། དྲན་པ་རྐྱེན་ལས ་སྐྱེས་པ་འདི་དགག་མི་དགོས་ཏེ། ན་མཁའི་སྤྲིན་བཞིན་ཡལ་ཏེ་འགྲོ་བའོ།། དྲན་མེད་བསྒྲུབ་མི་དགོས་ཏེ། རང་བཞིན་གྱིས་འཆར་བའོ།། དེའི་ཕྱིར་སེམས་ཅན་མ་བཀག་ལ། བུདྡྷ་མ་བསྒྲུབས་པས། དགག་པ་མེད་ཅིང་བསྒྲུབས་པ་མེད། དྲན་དང་མི་དྲན ་པ་གཉིས་ཀ་སྐྱེ་མེད་དུ་ངག་ཙམ་ན། སྐྱེ་བ་མེད་པ་ཉིད་ངོས་གཟུང་དང་བྲལ་བའོ།། སེམས་ཅན་སྤང་བར་བྱ་བ་འམ། མྱ་ངན་ལས་འདས་པ་བླང་བར་བྱ་བའི་བསམ་པ་མེད་པའོ།། བསམ་བརྗོད་ལས་འདས་པ་དེ་ཉིད་བསམ་གྱིས་མི་ཁྱབ་པའི་དཔྱིང ་བདེ་བ་ཆེན་པོ་འདམ་གང་གིས་ཀྱང་མོ་གོས་པ་ཡིན་པས། འཛིན་པ་མེད་དེ་བསམ་མི་ཁྱབ།། དེ་ལྟར་མ་རྟོགས་པའི་རྨོངས་པ་རྣམས་ཀྱིས། འདི་ནི་འཁོར་བ་འདི་ནི་མྱ་ངན་ལས་འདས་པའོ།། འདི་ནི་མཉམ་པར་བཞག་པའོ་ཞེས་པ་ལ ་སོགས་པ་གཉིས་འཛིན་གྱི་ཤེས་པ་མང་པོ་ལ་ཆགས་པས་ནི། འཁོར་བ་རྣམ་པ་གསུམ་དུ་འཆིངས་པས། བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས།། དོན་རྫོགས་པ་ཡི་རྣལ་འབྱོར་གྱིས་ན། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད ་དུ་རྟོགས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དབྱེར་མེད་དུ་རྟོགས། ཞི་གནས་དང་ལྷག་མཐོང་གི་ཤེས་པ་ལ་སོགས་པའི་གཉིས་འཛིན་གྱི་ཤེས་པ་ཐམས་ཅད་སྣང་བའི་ལྷན་ཅིག་སྐྱེས་པར་དག་ཙམ་ན། རྒྱུ་དག་པ་ཞེས་བྱ། རྒྱུ་ཐམས ་ཅད་སྟོང་པའི་ལྷན་ཅིག་སྐྱེས་པར་ངག་ཙམ་ན། ལམ་དག་པ་ཞེས་བྱ། རྒྱུ་ལམ་གཉིས་ཀ་མ་སྐྱེས་པའི་དབྱིངས་སུ་དག་ཙམ་ན་འདས་བུ་དག་པ་ཞེས་བྱ། རྒྱུ་ལམ་འབྲས་བུ་གསུམ་ཀ་བློས་མ་རེག་པར་རྟོགས་ཙམ་ན། ཐམས་ཅད ་དབྱེར་མེད་དུ་དག་པས། དབྱེར་མེད་ལྷན་ཅིག་སྐྱེས་རྣམ་ངག།། །། ང་ནི་རྟོགས་པས་བསྒོམ་དུ་མེད་པ་སེམས་གྲོལ་བར་བསྟན་པ་ནི། དབུ་མ་དང་ཚད་མའི་གཅིག་དང་དུ་བྲལ་ལ་སོགས་པའི་གཏན ་ཚོགས་ཀྱིས་སྟོང་པར་བརྟགས་པའི་ཆོས་ཉིད་སྟོང་པ་དེ་ཡང་དག་པའི་བློ་ལས་འདས་པ་དེ་མིན་པས། གཅིག་དང་དུ་མས་རྣམ་པ་རྟོགས་གཅིག་ཉིད་མིན། འོ་ན་ཆོས་ཉིད་ཀྱི་དོན་ཇི་ལྟར་ཤེས་པར་བྱ་ན། དྲན་པས་མཚོན་ནས ་དྲན་མེད་ཤེས། དྲན་མེད་ཤེས་པས་དྲན་པ་གློ་བུར་བར་རྟོགས་དྲན་པ་གློ་བུར་བར་རྟོགས་པས། དྲན་པ་བཞི་དང་རྩ་བ་བྲལ་བར་ཤེས། དྲན་མེད་ཀྱི་མཚན་ཉིད་སྐྱེ་མེད་དུ་ཤེས། སྐྱེ་མེད་ཀྱི་ངོ་བོ་ལས་འདས་པར་ཤེས། དེ་ལྟར་རྟོན་ཙམ ་ནདྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་སྐུ་གསུམ་དུ་ཤེས་ནས། དེ་གསུམ་གྱི་ངང་དུ་རྟོགས་པའི་རྣལ་འབྱོར་པ་གྲོལ་བ་ཡིན་ཏེ། དེ་ཡང་དྲན་པ་དྲན་མེད་སྟོང་པ་ཉིད་དུ་གྲོལ་ལོ་དྲིན་མེད་མཚན་མ་མེད་པ་སྐྱེ་མེད་དུ་གྲོལ། སྐྱེ་མེད ་སྨོན་པ་མེད་པ་བློ་འདས་སུ་གྲོལ་བས།། ཤེས་པ་ཙམ་གྱིས་འགྲོ་བ་རྣམ་པར་གྲོལ། སྐུ་གསུམ་པ་དེ་ཉིད་ལ་རྐྱེན་གང་གིས་ཀྱང་མ་གོས་ཤིང་བསྒོམ་དུ་མེད་པ་སྟེ། བསྒོམ་པ་གསལ་ནཱ་ནི་རྟོག ་གསལ་བ་ཡིན་ལ། མི་གསལ་ན་བསྒོམས་པ་ལ་དོན་མེད་པའི་ཕྱིར། དོན་དམ་པ་དེ་བསྒོམ་དུ་མི་བཏུབ་ལ། རྒྱུན་མི་འཆང་བར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ། དུས་རྟག་ཏུ་གནས་པས། གསལ་བ་གང་ཞིག་ཤེས་པས ་བསྒོམ་པ་བསྟན། སེམས་ལས་བྱུང་བའི་དྲན་པ་སྣ་ཚོགས་ནི། གཡོ་འགུལ་ཅན་ཡིན་ལ། སེམས་ཉིད་ཀྱི་དངས་མ་དྲན་མེད་སྐྱེ་མེད་བློ་འདས་ནི། མི་གཡོ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། དེའི་ངང་དུ་སེམས་ལས་བྱུང ་བའི་དྲན་པ་རིག་པ་གཡོ་འགུལ་ཅན་འདི། རང་བཞིན་གྱིས་ཐིམ་པར་ཤེས་ཙམ་ན། དྲན་པ་དྲན་མེད་དུ་བཟུང་། དྲན་མེད་སྐྱེ་མེད་དུ་བཟུང་། སྐྱེ་བ་མེད་པ་བློ་འདས་སུ་བཟུང་བ་ཡིན་པས་མི་གཡོ་བའི་སེམས་ནི་བདག་ཉིད ་དེ་རུ་གཟུང་ངོ་།། ། ད་ནི་བདེ་བ་ཆེན་པོ་ཐོབ་པས་ཡུལ་གྱིས་མི་གནོད་པར་བསྟན་པ་ནི། དྲན་མེད་སྐྱེ་མོང་བློ་འདས་གསུམ་ལོ། འཁོར་འདས་ཀྱི་འདམ་གྱིས་མ་གོས་པས། སྡུག་བསྔལ་དང་བྲལ་བའི ་དགའ་བ་ཡིན་ལ་སྐུ་གསུམ་པོ་དེ་འཁོར་བ་རྣམ་པ་གསུམ་ལས་རྒྱལ་བའི་ཡུལ་ཡིན་པས། དགའ་བས་རྒྱས་པའི་ཡུལ་ཐོབ་པས། ཆོས་ཉིད་སྐྱེ་བ་མེད་པ་འགག་པ་མེད་པ་དེ། བླ་མ་དམ་པས་བརྡ་དང་ཐབས་དུ་མས་བསྟན ་ནས་རྟོགས་པ་ཁོང་དུ་ཆུད་པ་དེ་ནི། ཁམས་གསུམ་སྐུ་གསུམ་དུས་གསུམ་རྣམས་མཉམ་པ་ཉིད་དུ་རྒྱས་པར་བྱེད་པས། མཐོང་བས་སེམས་ནི་རྣམ་པར་རྒྱས།། བླ་མས་བརྡ་དང་ཐབས་ཀྱིས་སངས་རྒྱས་ཀྱི་དགོངས་པ་བསྟན ་པས། ཇི་ལྟར་བ་བཞིན་དུ་སྐུ་གསུམ་གྱི་དོན་མཐོང་བས། དེ་ལས་སེམས་ཅན་གྱི་དོན་གང་ལ་གང་འདོད་པའི་འབྲས་བུ་འབྱུང་བའི་དགོངས་པ་བྱེད་པ་ཡིན་པས། དེ་ཡིས་དེ་རུ་དགོངས་པ་ཡིན། རྟོག་པ་མེད་པར་སེམས ་ཅན་གྱི་དོན་བྱེད་པར་རྟོགས་པའི་དུས་སུ། དྲན་པ་འདི་སྣ་ཚོགས་སུ་འཕྲོ་ཡང་། སྤྲུལ་པ་སྣ་ཚོགས་སུ་གང་ལ་གང་མོས་འབྱུང་བའི་ཕྱིར། དྲིན་མེད་ལས་ཤར་ཅིང་དྲན་མེད་ཀྱི་ངང་ལ་གནས་ནས། དྲན་མེད་ཀྱི་དབྱིངས ་སུ་ཐིམ་པ་ཡིན་པས། དྲན་པ་དང་དྲན་མེད་གཉིས་ཐ་མི་ངང་པ་མ་ཡིན་ཏེ། དཔེར་ན་ས་ལ་སྤྱད་བྱ་མི་འདྲ་བ་བྱས་པ་དང་། ལྷ་དང་ལྷ་མོའི་གཟུགས་བརྙན་མང་པོ་བྱས་པ་དང་ཡུལ་འཁོར་ལ་སོགས་པ་ཇི་ཙམ་བྱས་ཀྱང་སཾ་ལས ་མ་གཡོས་པ་བཞིན་དུ། དྲན་པ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཅིར་སྣང་ཡང་དྲན་པ་ལས་མ་འདས། དྲན་པ་ཉིད་སྐྱེ་ས་དང་གནས་ས་དང་ཐིམས་གསུམ་དྲན་མེད་ལས་མ་འདས་པས། ཡུལ་ལ་བྲོས་ཀྱང་ཐ་དད ་མིན། ང་ནི་བདེ་བ་ཆེན་པོའི་ཆོས་སྐུ་སྤྲོས་པ་མེད་པ་ལས། གཟུགས་སྐུ་གཉིས་སྤྲོས་ཀྱང་། འབྲས་བུ་གཅིག་པར་བསྟན་པ་ནི། འཁོར་འདས་ཀྱི་འདམ་གྱིས་མ་གོས་པའི་བློ་ལས་འདས་པ་དེ་ལས། སེམས་ཅན་གྱི་དོན་འབྱུང ་དུ་རུང་བ་ནི། མྱུ་གུའི་རྒྱུ་ཡིན་པའི་ཕྱིར། དགའ་བ་བདེ་བའི་མྱུ་གུ་དང་། སེམས་ཅན་གྱི་དོན་བྱེད་པའི་གཟུགས་སྐུ་གཉིས་ཀྱི་ནང་ན་ཡང་། ལོངས་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོས་འཕྲུལ་འབྱུང་བའི ་ཕྱིར། སྤྲུལ་སྐུ་ལ་བལྟོས་པའི་ལོངས་སྐུ་དེ་མེ་ཆོག་ཡིན་ལ། སྦྲུལ་སྐུ་གང་ལ་གང་འདུལ་དུ་སྣང་བ་ནི། ཆོས་སྐུ་ལོངས་སྐུའི་འདབ་མོ་ཙམ་ཡིན་པའི་ཕྱིར། མཆོག་གི་འདབ་མ་སྐྱེས་པ་སྟེ། ལོངས་སྐུ་དང་སྦྲུལ་སྐུ་གཉིས ་སེམས་ཅན་གྱི་དོན་དུ་སྣ་ཚོགས་སུ་འཕྲོ་ལ། ཆོས་སྐུ་ལས་འདས་པ་ལ་སེམས་ཅན་གྱི་དོན་བྱེད་པ་དང་མི་བྱེད་པ་མི་མངའ་ཞིང་། གང་དུ་ཡང་མི་འཕྲོ་བའི་ཕྱིར། ཇི་སྲིད་ཕྱོགས་བཅུ་རོ་མི་འཕྲོ་བའོ།། སྤྲོས་ཏེ་དང་བཅས་པའི ་བདེ་བ་ནི། ཟག་པ་དང་བཅས་པའི་འབྲས་བུ་ཡིན་ལ། ཆོས་སྐུ་སྤྲོས་པ་དང་བྲལ་བ་ནི། འདམ་གྱིས་མ་གོས་པར་རེ་དོགས་དང་བྲལ་བའི་འབྲས་བུ་དང་། ཟག་པ་མེད་པའི་འབྲས་བུ་ཡིན་པས། སྤྲོས་པ་མེད་པའི་འབྲས་བུ་ཉིད་དོ།། ། ་ང་ནི་དོན་དམ་པར་སེམས་ཅན་དང་སངས་རྒྱས་བྱ་བ་གང་ཡང་མ་གྲུབ་པར་བསྟན་པ་ནི། མི་དགེ་བའི་ལས་གང་གིས་སེམས་ཅན་དུ་ལྟུང་བ་འམ། གང་སེམས་ཅན་དུ་ལྟུང་བ་འམ། གང་ཡང་སེམས་ཅན་དུ་ལྟུང་བ་དོན་དམ་པ་ལ ་མེད་དོ།། དགེ་བ་གང་གིས་སངས་རྒྱས་པ་འམ། གང་སངས་རྒྱས་པ་འམ། གང་ཡང་སངས་རྒྱས་པ་དོན་དམ་པ་ལ་མེད་པས། གང་གིས་གང་དུ་གང་ལ་དེ་དག་མེད། འོ་ན་སངས་རྒྱས་ཀྱི་དགོངས་པ་རྟོགས་པ་ལ་དགོས་པ ་མེད་དོ་ཞེ་ན། དོན་དམ་པར་སངས་རྒྱས་དང་སེམས་ཅན་གཉིས་ཀ་མེད་པར་རྟོགས་པས། རེ་ངོགས་མེད་པའི་དབྱིངས་ངེས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པའི་དགོངས་པར་བྱེད་པས། དེ་ཡིས་དེ་རུ་དེ་ལ་དགོས ་པ་བྱས། སེམས་ཅན་གྱི་དོན་བྱའོ་སྙམ་པའི་སེམས་ནི། བག་ཆགས་དང་བཅས་པའི་སེམས་ཡིན་ལ། སེམས་ཅན་གྱི་དོན་མི་བྱེད་པ་ནི་བག་ཆགས་མེད་པའི་དྲན་པ་ཡིན་ཏེ། དེ་གཉིས་ཀ་སྐྱེ་མེད་དབྱིངས་ལ་གང ་ཡང་མི་ལེན་མི་འདོར་བ་ནི། མཉམ་པ་ཉིད་ཀྱི་ངང་ལ་གནས་པ་ཡིན་པས། རྗེས་སུ་ཆགས་པ་དང་ནི་མ་ཆགས་པའི། སྣང་བ་སྣ་ཚོགས་ནི་གློ་བུར་བ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པས། སྣང་བ་ཡང་སྟོང ་པ་ཡིན་ལ་སྟོང་པ་ཉིད་ལས་ཀྱང་སེམས་ཅན་གྱི་དོན་དུ་སྤྲུལ་པ་དུ་མ་འབྱུང་བ། སྟོང་པ་ཉིད་ཀྱང་སྣང་བ་ཡིན་ཏེ། དེ་གཉིས་ཀ་བསམ་དུ་མེད་པའི་ངང་དུ་དབྱེར་མི་ཕྱེད་པས། གཟུགས་ཉིད་དང་ནི་སྟོང་པ་ཉིད་ཡིན་ནོ།། ། ་ད་ནི་ཐ་མ་རྒྱལ་པོས་སྲིད་པའི་ས་ར་ཧ་པ་ཁྱོད་ལ་བླང་ངོར་གང་ཡང་མེད་པས་ཕག་དང་འདྲ་བྱས་པ་ནི། དང་པོ་ཁྱོད་བྲམ་ཟེ་ཡིན་པས། དེ་ནས་རབ་ཏུ་བྱུང་བ། དེ་ནས་གཙང་བཙོག་མེད་ཟེར་བྱས། ཁྱོད་སྲིད ་པ་གསུམ་ལས་མི་ཐར་པར་འཁོར་བར་ཞེན་ཏེ། ཁྱོད་དང་ཕག་པ་ལ་ཁྱད་བར་མེད་དོ་ཞེས་གསུངས་པས་ནི། སྲིད་པའི་འདམ་ཞེ་ན་ཕག་ལྟ་བུ། དེའི་ལེན་དུ་ངས་ཆོས་ཉིད་ཀྱི་དོན་རྟོགས་པ་ལ། ཉོན་མོངས་པའི་དྲི་མ ་དང་ཤེས་བྱའི་དྲི་མ་གཉིས་ཀྱིས་མ་གོས་པས། གཙང་བར་འཛིན་པ་དང་མི་གཙང་བར་འཛིན་པ་མེད་དེ། སྐྱོན་གང་གིས་ཀྱང་མ་གོས་པའི་ཕྱིར། དྲི་མེད་སེམས་གྱུར་སྐྱོན་ཅི་ཡོད། ཅིའི་ཕྱིར་སྐྱོན་མེད་ན། འདོད ་ཡོན་ལྔས་ཀྱང་དོན་ལ་གོས་པ་མེད་པའི་ཕྱིར། གང་ཡང་གང་གིས་མ་གོས་པ། ཆོས་ཉིད་སྐྱོན་གྱིས་མ་བསླད་པ་དེ་ལ། ཉོན་མོངས་པ་ལྔས་ཀྱང་བཅིངས་པ་མེད་པས། དེ་ཡང་དེ་ཡིས་ཅི་ཕྱིར་འཆིང་། དེ་ལྟར་ངོ་བོ་ཉི་ཤུ་རྩ་གསུམ ་གྱིས་གཞུང་གི་དོན་རྣམས་མ་ལུས་པར་བསྟན་ནས། ང་ནི་མཚན་གྱི་དོན་བསྟན་པར་བྱ་སྟེ། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་དང་མ་བྲལ་བའི་དབྱིངསུ། དུས་གསུམ་དང་ཁམས་གསུམ་ཐམས་ཅད་འབྱོར་ཅིང་། དུས་གསུམ་གྱི་བདེ ་བར་གཤེགས་པའི་དགོངས་པ་ཐུགསུ་ཆུད་པའི་ཕྱིར། རྣལ་འབྱོར་གྱི་དོན་དམ་པ་བློ་ལས་འདས་པའི་དབྱིངསུ་མངའ་བརྙེས་ཤིང་། ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བར་མཛད་ཅིང་། མ་ཧཱ་མུ་དྲའི་དོན་ཁོང་དུ་ཆུང་པས། དབང་ཕྱུག་ཆེན་པོ། ་ཆོས་ཐམས་ཅད་གཉིསུ་མེད་པར་སྟོན་པ་དང་། བདེ་བ་ཆེན་པོར་སྟོན་པ་དང་། བྲི་བ་དང་བྲལ་བར་སྟོན་པ་དང་། བྲི་བ་དང་གང་བ་མེད་པར་སྟོན་པར་མཛད་པས་དཔལ་སོ་ར་ཧའོ།། དེ་ལྟ་བུའི་དོན་རྣམས་སངས་རྒྱས་ནས་ང་ལྟའི་བར་དུ་བརྒྱུད་པ ་རྒྱུན་མ་ཆད་པར་མ་འོངས་པའི་དོན་དུ་གདམས་ངག་ཏུ་མཛད་པས་ཞལ་སྔ་ནས་མཛད་པ། གང་མཛད་ན་གཉིས་སྣང་མ་ལུས་པ་བཅོམ་ནས། གཉིས་སྣང་ལ་བཀའ་བསྐྱོན་པ་དང་། མི་བསླུ་བའི་ཆོས་ཉིད་བྲི་བ་དང་གང་བ་མེད་པ་མགུར་དུ ་བ་ཞེས་པ་དེ། རྒྱ་རིམ་པ་བདུན་གྱིས་བཏབ་ནས་ཤིན་ཏུ་རུབ་པའི་དོན། སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་ལས། འདི་ནི་ཤིན་ཏུ་སྤྲོས་མེད་དུ་མཛད་པ་དང་། དྲན་པའི་ཡིད་ཐམས་ཅད་དྲན་མེད་ཀྱི་ངང་དུ་ཡིད་འཕྲོག་པར་བྱེད ་པས། ངོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། ཆོས་ཉིད་ཀྱི་དོན་བརྡ་དང་ཐབས་མ་ལུས་པའི་སྒོ་ནས་གཏན་ལ་ཕབ་པ་རྫོག་སོ།། ། ཞེས་བྱ་བའི་ཐ་ཚིག་གོ།། དུས་གསུམ་བདེ་གཤེགས་དགོངས་པ་བློ་ཡི་སྤྱོད་ཡུལ ་ཡིན་ཡང་།། མཉམ་པ་ཉིད་ཀྱི་ཐུགས་རྗེས་སེམས་ཅན་ཀུན་ལ་ཁྱབ་པ་མཛད།། རེ་ངོགས་མེད་པའི་སྐུ་གསུམ་ལྷུན་གྲུབ་འཁོར་བ་རང་བཞིན་དག། འབད་རྩོལ་བྲལ་བའི་རྟོགས་པར་རང་རྒྱུད་གྲོལ་བ་སྙིང་པོའི་དོན།། དྲན་པའི་རྗེསུ་འབྲང་བའི ་སྤྱོད་ཡུལ་མ་ཡིན་དོན་དང་རིང་།། རང་བཞིན་གནས་ལུགས་དོན་ལ་སེམས་ཅན་སངས་རྒྱས་མ་གྲུབ་པ།། རི་ཁྲོད་བྱེམས་མགོན་བཛྲ་པཱ་ཎིའི་ཐུགས་ལས་བདག་གིས་རྙེད།། སྐྱེ་མེད་བདེ་ཆེན་སྨོན་པའི་ངག་ལ་བདེན་པར་གང་འཛིན་པ།། ་ཚོགས་དང་དོན་ལ་འབྲེལ་མེད་པརྡ་དོན་ཅུང་ཞིག་བརྩམས་པ་འདིས།། ཁམས་གསུམ་མ་ལུས་དྲ་བའི་འོད་འབར་སྐུ་གསུམ་ཐོབ་པར་ཤོག།། དོ་ཧ་མཛོད་ཅེས་བྱ་བའི།། སྤྱོད་པའི་གླུའི་འགྲེལ་པ། དོན་གྱི་སྒྲོན་མ་ཞེས་བྱ ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ།། སྐྱེ་མེད་བདེ་ཆེན་གྱི་ཞལ་སྔ་ནས་མཛད་། རང་འགྱུར་དུ་བསྒྱུར་ནས་གཏན་ལ་ཐོབ་པ་རྫོགསོ།། ་