CLOSE WINDOW

GT1114: do ha mdzod ces bya ba spyod pa'i glu
Wyliee-texts produced with BDRC’s OCR application

ལྟར་ཕྱི་རོལ་དེ་བཞིན་ནང་།། ཇི་ལྟར་ནང་བཞིན་ཕྱི་རོལ་ཏེ།། གཉིས་མེད་པའི་རྣལ་འབྱོར་འདིས།། སྒྲུབ་པ་རུ་ནི་རིགས་པ་ཡིན།། སློབ་དཔོན་ཆེན་པོ་ཀེ་ར་ལི་པས་མཛད་པ་དེ་ཁོ་ན་ཉིད་གྲུབ་པ་རྫོགསོ།། ། རྒྱ་གར་སྐད་དུ། དོ་ཧ ་ཀོ་ཥ་ནཱ་མ་ཙརྱ་གཱི་ཏཾ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། འཕགས་པ་འཇམ་དཔལ་ལ་ཕྱོག་འཚལོ།། བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལོ།། ཇི་ལྟར་རླུང་གིས་བརྒྱབ་པས་མི་གཡོ་བའི།། ཆུ་ལ་གཡོ་བས་དབའ་རླབས་རྣམས་སུ ་སྣང་།། དེ་ལྟར་རྒྱལ་པོས་མདའ་བསྣུན་སྣང་བ་ཡང་།། གཅིག་ཉིད་ནི་ཡང་རྣམ་པ་སྣ་ཚོགས་བྱེད།། ཇི་ལྟར་རྨོངས་པས་བཟློག་ནས་བལྟས་པ་ཡི།། མ་མེ་གཅིག་ལས་གཉིསུ་སྣང་བར་འགྱུར།། དེ་ལྟར་བལྟ་བྱ་ལྟ་བྱེད་གཉིས་མེད་ལ།། ཀྱེ་མ་བློ་ནི་གཉིས ་ཀྱི་དངོས་པོས་སྣང་།། ཁྱིམ་དུ་མར་མི་མང་པོ་སྤར་གྱུར་ཀྱང་།། མིག་མེད་པ་ལ་མུན་པར་སྣང་བཞིན་དུ།། ལྷན་ཅིག་སྐྱེས་པས་ཐམས་ཅད་ཁྱབ་བྱས་པས།། ཉེ་ཡང་རྨོངས་པ་དག་ལ་ཤིན་ཏུ་རིང་།། ཆུ་བོ་སྣ་ཚོགས་པ་ཡང་རྒྱ་མཚོར་གཅིག་ཉིད་དང་། བརྫུན་པ ་དུ་མ་དག་ཀྱང་བདེན་པ་གཅིག་གིས་འཇོམས།། ཉི་མ་གཅིག་དང་སྣང་བར་གྱུར་པ་ཡིས།། མུན་པ་དུ་མ་དག་ཀྱང་འཇོམས་པར་བྱེད།། ཇི་ལྟར་ཆུ་འཛིན་གྱིས་ནི་རྒྱ་མཚོ་ལས།། ཆུ་བླངས་ནས་ནི་ས་གཞི་གང་བྱས་ཀྱང་།། དེ་ཉིད་མཉམ ་ན་མཁའ་དག་དང་མཉམ།། འཕྱེལ་བ་མེད་ཅིང་འགྲིབ་པ་དག་ཀྱང་མེད།། རྒྱལ་བ་ཕུན་སུམ་ཚོགས་པས་ཡོངས་གང་བ།། ལྷན་ཅིག་སྐྱེས་པ་གཅིག་གི་རང་བཞིན་ཉིད།། དྲི་ལ་འགྲོ་བ་སྐྱེ་ཞིང་འགག་པ་སྟེ།། དེ་ལ་དངོས་དང་དངོས་པོ་མེད་པ་མེད།། དམ་པའི ་བདེ་བ་སྤངས་ནས་གཞན་དུ་འགྲོ།། རྐྱེན་ལས་སྐྱེས་པའི་བདེ་ལ་རེ་བར་བྱེད།། རང་གི་ཁར་བཅུག་སྦྲང་རྩི་ཉེ་བ་ནི།། འཐུང་བར་མི་བྱེད་ཤིན་ཏུ་རིང་བར་འགྱུར།། བྱོལ་སོང་དག་གི་སྡུག་བསྔལ་མི་བྱེད་པར།། མཁས་པ་རྣམས་ཀྱིས་དེ་ནི་སྡུག་བསྔལ་བྱེད།། ཅིག ་ཤོས་ན་མཁའི་བདུད་རྩི་འཐུང་བར་བྱེད།། གཞན་ནི་ཡུལ་རྣམས་དག་ལའང་རྣམ་པར་ཆགས།། བཤང་བའི་སྲིན་བུ་དྲི་ལ་ཆགས་པ་ནི།། ཙན་དན་དག་ལ་དྲི་ངན་དག་ཏུ་སེམས།། ཇི་ལྟར་མྱ་ངན་འདས་པ་སྤངས་ནས་ནི།། ་སྲིད་པའི་འབྱུང་གནས་མཐུག་པོ་དག་ལ་ཆགས་པར་བྱེད།། བ་ལང་རྐང་རྗེས་ཆུ་ཡིས་གང་བྱས་ཀྱང་།། ཇི་ལྟར་དེ་ཡང་སྐམས་པར་འགྱུར་བ་བཞིན།། ཕུན་ཚོགས་མ་ཡིན་ཕུན་ཚོགས་བརྟན་པའི་སེམས།། ཡང་ནི་ཕུན་སུམ་ཚོགས་པ་སྐམ་པར ་འགྱུར།། ཇི་ལྟར་རྒྱ་མཚོ་བ་ཚྭ་ཅན་གྱི་ཆུ།། ཆུ་འཛིན་ཁ་ཡིས་བླངས་ན་མངར་བར་འགྱུར།། བརྟན་པའི་སེམས་ཀྱིས་གཞན་གྱི་དོན་བྱེད་པ།། ཡུལ་འཛིན་དུག་ཀྱང་བདུད་རྩིར་འགྱུར་བ་བཞིན།། བརྗོད་དུ་མེད་ན་སྡུག་བསྔལ་མ་ཡིན་ཏེ།། བསྒོམ་དུ་མེད་ན་དེ ་ཉིད་བདེ་བ་ཡིན།། ཇི་ལྟར་འབྲུག་གི་སྒྲ་ཡིས་དང་དྲན་ཡང།། ཆར་པ་བབས་པས་ལོ་ཏོག་སྨིན་པར་བྱེད།། དང་པོ་ཐ་མ་དེ་བཞིན་གཞན་ན་མེད།། ཐོག་མ་ཐ་མ་བྱར་དུ་གནས་པ་མེད།། ཀུན་ཏུ་རྟོག་པ་རྨོངས་པའི་ཡིད་ཅན་ལ།། སྟོང་པ་དང་ནི་སྙིང་རྗེ་བརྗོད ་བས་སོ།། ཇི་ལྟར་མེ་ཏོག་ནང་ནས་སྦྲང་རྩི་ནི།། བུང་བ་ཉིད་ཀྱིས་ཤེས་པར་འགྱུར་བ་ཡིན།། སྲིད་དང་མྱ་ངན་འདུས་པ་མི་བྱེད་དོ།། རྨོངས་པ་དག་གིས་ཇི་ལྟར་ཡོངསུ་ཤེས།། ཇི་ལྟར་མེ་ལོ་ཧྲཱི་ངོས་ཀྱི་བཞིན་གྱི་གཟུགས།། རྨོངས་པ་མི་ཤེས་པ་ཡིས ་བལྟས་པ་ལྟར།། དེ་ལྟར་བདེན་པ་སྤངས་པའི་སེམས་འདི་ནི།། མི་བདེན་པ་ལ་མིང་དུ་བརྟེན་པར་བྱེད།། མེ་ཏོག་དྲི་ནི་གཟུགསུ་མེད་ན་ཡང་།། མངོན་སུམ་ཀུན་ཏུ་ཁྱབ་པར་བྱེད་པ་ལྟར།། དེ་བཞིན་གཟུགས་མེད་པ་ཡི་རང་བཞིན་གྱིས།། དཀྱིལ་འཁོར་འཁོར་ལོ།། ་དག་ཀྱང་བཤད་པར་བྱ།། རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས།། འཇམ་པའི་ཆུ་ཡང་རྡོ་ཡི་གཟུགས་ལྟར་འགྲོ།། རྟོག་པས་དཀྲུགས་པ་རྨོངས་པ་གཟུགས་མེད་ལ།། ཤིན་ཏུ་སྲ་ཞིང་མཁྲེགས་པ་ཉིད་དུ་འགྱུར།། སེམས་གང་དྲི་མ་མེད་པའི ་རང་བཞིན་ལ།། སྲིད་དང་མྱང་འདས་འདམ་གྱིས་མ་གོས་སོ།། འདམ་དུ་བཅུག་ན་མཆོག་གི་རིན་པོ་ཆེ།། དེ་ཡི་འོད་ཀྱང་གསལ་བ་མ་ཡིན་ནོ།། གཏི་མུག་བསལ་བས་ཡེ་ཤེས་མི་གསལ་ཏེ།། གཏི་མུག་གསལ་བས་སྡུག་བསྔལ་གསལ་བ་བཞིན།། ཛ ་ལྟར་ས་བོན་ལས་ནི་མྱུ་གུ་འབྱུང་།། མྱུ་གུའི་རྒྱུ་ལས་ཡན་ལག་འབྱུང་བའོ།། གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས།། གསལ་བ་སྤངས་ནས་སྲིད་པ་དག་ཏུ་འགྲོ།། མཐོང་བ་བཞིན་དུ་དོང་དུ་འགྲོ་བ་ལ།། དེ་ལས་སྙིང་རྗེ་བ་ནི་ཅི་ཞིག་ཡོད།། བསྐྱོར ་བདེ་བ་ཡོངསུ་ཆགས་ནས་ནི།། འདི་ཉིད་དོན་དམ་ཡིན་ཞེས་རྨོངས་པ་སྨྲ།། གང་ཞིག་ཁྱིམ་ནས་བྱུང་ནས་སྐྲ་དྲུང་ངུ།། ཀཱ་མ་རཱུ་པའི་གཏམ་ན་འདྲི་བར་བྱེད།། རླུང་གི་རྒྱུ་ལ་སྟོང་པའི་ཁྱིམ་དུ་ནི།། རྣམ་པ་དུ་མའི་ཚུལ་གྱི ་ས་མ་བས།། ན་མཁའ་ལས་བབས་ཉེས་དང་བཅས་པ་ཡི།། གདུང་བས་བརྒྱལ་བར་གྱུར་པའི་རྣལ་འབྱོར་པའོ།། ཇི་ལྟར་བྲམ་ཟེ་མར་དང་འབྲས་ཀྱིས་སུ།། འབར་བའི་མེ་ལ་སྦྱིན་བསྲེག་བྱེད་པ་ནི།། ན་མཁའི་བཅུད་ཀྱི་རྫས་ཀྱིས་བསྐྱེད་པ་སྟེ།། ་འདི་དེ་ཉིད་དུ་ཞེན་པར་ཤེས་པ་ཉིད།། ཁ་ཅིག་ཚངས་པའི་གནསུ་འོད་སྤར་ནས།། ལྕེ་ཡིས་ཀུན་ཏུ་རུ་ཡིས་ལྕེ་ཆུང་བསྐྱོད།། འཆིང་བར་བྱེད་པ་ཤིན་ཏུ་དཀྲུགས་བྱེད་དེ།། ང་རྒྱལ་དབོང་གིས་རྣལ་འབྱོར་པ་ཞེས་ཟེར།། རང་རིག་དེ་ཉིད་རིག་པ་གཞན་ལ ་སྟོན།། གང་གིས་བཅིངས་པ་དེ་ཉིད་གྲོལ་ཞེས་ཟེར།། ཁ་དོག་དབྱེ་བས་འཆིང་བུ་མར་གང་ཟེར།། རྨོངས་པས་རིན་ཆེན་བརྟག་པ་མ་ཤེས་པས།། དེ་ནི་ར་ག་ན་གསེར་གྱི་བློ་ཡིས་ལེན།། ཉམས་མྱོང་ཁྱེར་ནས་དོན་དམ་སྒྲུབ་པར་བྱེད།། རྨི་ལམ་བདེ་ལ་རྗེས ་ཆགས་པར་བྱེད།། ཕུང་པོ་མི་རྟག་བདེ་བ་རྟག་ཅེས་ཟེར།། ཨེ་བཾ་ཡི་གེར་རང་གིས་གོ་བྱར་བྱེད།། སྐད་ཅིག་དབྱེ་བས་ཕྱག་རྒྱ་བཞི་བཀོད་ཅིང་།། ཉམསུ་མྱོང་བས་ལྷན་ཅིག་སྐྱེས་པ་ཟེར།། གཟུགས་བརྙན་ཞེན་པས་མེ་ལོང་ལྟ་བཞིན་ནོ།། ཇི་ལྟར ་མ་རྟོགས་མིག་རྒྱུའི་ཚུལ་ནི།། འཁྲུལ་པའི་དབང་གིས་རི་དགས་རྒྱུག་པར་བྱེད། རྨོངས་པས་སྒོམ་པ་མི་ངོམས་འཆིང་པོར་འགྱུར།། དོན་དམ་ཟེར་ཞིང་བདེ་བ་ལེན་པར་བྱེད།། ཀུན་རྫོབ་བདེན་པ་དྲན་པ་མེད་པ་སྟེ།། སེམས་གང་སེམས་ནི་མེད་པར་འགྱུར ་བའོ།། དེ་ནི་ཡོངསུ་དག་པར་མཆོག་གི་མཆོག། མཆོག་གི་དམ་པ་གྲོགས་དག་ཤེས་པར་གྱིས།། སེམས་ནི་དྲན་མེད་ཏིང་ངེ་འཛིན་དུ་སྦྱོར།། ཉོན་མོངས་ཡོངསུ་དག་པ་དེ་ཉིད་དོ།། ཇི་ལྟར་འདམ་སྐྱེས་འདམ་གྱིས་མི་ཚུགས་བཞིན།། སྲིད་འབྱུང་ཉེས ་པས་རྒྱལ་ཆོས་མོ་གོས་སོ།། དེ་ཡང་ཐམས་ཅད་སྒྱུ་མར་ངེས་པར་བལྟ་བྱ་སྟེ།། འཇིག་རྟེན་འདས་དང་སྐད་ཅིག་ལེན་དང་བཏང་སྙོམས་བྱེད།། བརྟན་པའི་བློ་ཅན་དེ་ནི་གཏི་མུག་འཆིང་བར་འགྱུར།། རང་འབྱུང་བསམ་གྱིས་མི་ཁྱབ་རང་བཞིན་གྲུབ་པ ་ཡིན།། སྣང་འདི་གསལ་བ་དང་པོ་ཉིད་ནས་མ་སྐྱེས་ཏེ།། གཟུགས་ཅན་མ་ཡིན་གཟུགས་ཀྱིས་རང་བཞིན་རྣམ་པར་སྤངས།། དེ་ཉིད་རྒྱུན་ཏུ་གནས་ཤིང་བསམ་གཏན་གཅིག་པུ་བྱེད།། ཡིད་ལ་མི་བྱེད་དྲི་མེད་བསམ་གཏན་སེམས་མ་ཡིན།། ་བློ་དང་སེམས་དང་སེམས་ཀྱི་སྣང་བ་དེ་བདག་ཉིད།། འཇིག་རྟེན་གང་གང་གཞན་དུ་སྣང་བ་དེ་བདག་ཉིད།། སྣ་ཚོགས་མ་ལུས་མཐོང་བ་མཐོང་བྱ་དེ་བདག་ཉིད།། ཆགས་སྡང་གཏི་མུག་བྱང་ཆུབ་སེམས་ཀྱང་བདག་ཉིད་དོ།། གཏི་མུག་མུན་པར་སྒྲོན ་མེ་སྦར།། ཇི་སྲིད་བློ་ཡི་དབྱེ་བས་ཕྱེ།། དེ་སྲིད་སེམས་ཀྱི་དྲི་མ་སྤངས།། མ་ཞེན་རང་བཞིན་གང་ཞིག་པས་མི།། དགག་པ་མེད་དེ་སྒྲུབ་པ་མེད། འཛིན་པ་མེད་དེ་བསམ་མི་ཁྱབ།། བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས།། དབྱེར་མེད་ལྷན་ཅིག་སྐྱེས་རྣམ ་དག། གཅིག་དང་དུ་མས་རྣམ་བརྟགས་གཅིག་ཉིད་མིན།། ཤེས་པ་ཙམ་གྱིས་འགྲོ་བ་རྣམ་པར་གྲོལ།། གསལ་བ་གང་ཞིག་ཤེས་པ་བསྒོམ་པ་བསམ།། མི་གཡོ་བ་ཡི་སེམས་ནི་བདོག་གིས་དེ་རུ་གཟུང་།། དགའ་བས་རྒྱས་པའི་ཡུལ་ཐོབ་པ།། ་མཐོང་བའི་སེམས་ནི་རྣམ་པར་རྒྱས།། དེ་ཡིས་དེ་རུ་དགོད་པ་ཡིན།། ཡུལ་ལ་བྲོས་ཀྱང་ཐ་དད་མིན།། དགའ་བས་བདེ་བའི་མྱུ་གུ་དང་།། མཆོག་གི་འདབ་མ་སྐྱེས་པ་སྟེ།། ཇི་སྲིད་ཕྱོགས་བཅུར་མི་འཕྲོ་བ།། སྤྲོས་མེད་བདེ་བ ་འབྲས་བུ་ཉིད།། གང་གིས་གང་དུ་དེ་ལ་དེ་དག་མེད།། དེ་ཡིས་དེ་རུ་དེ་ལ་དགོས་པ་བྱས།། རྗེ་སུ་ཆགས་པ་དང་ནི་མ་ཆགས་པའི།། གཟུགས་ཉིད་ཀྱང་ནི་སྟོང་པ་ཉིད་ཡིན་ནོ།། སྲིད་པའི་འདམ་ཞེན་ཕག་ལྟ་བུ།། དྲི་མེད་སེམས་གྱུར་སྐྱོན་ཅི ་ཡོད།། གང་ཡང་གང་གིས་མ་གོས་པ།། དེ་ཡང་དེ་ཡིས་ཅི་ཕྱིར་འཆིང་།། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧའི་ཞལ་སྔ་ནས་མཛད་པ་དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ་རྫོགསོ།། ། རྒྱ་གར་སྐད་དུ། དོ་ཧ་ཀོ། ་