CLOSE WINDOW

GT1110: dbang bzhi pa'i rab tu byed pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཙ་ཏུནྣ་བྷི་ཥེ་ཀ་པྲཱ་ཀཱ་ར་ཎཱ། བོད་སྐད་དུ། དབང་བཞི་པའི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དེའི་རྗེས་སུ་ཇི་སྐད ་གསུངས་པའི་ཆོ་གས་ཤེས་རབ་ཡེ་ཤེས་ཀྱི་དབང་མངོན་སུམ་དུ་བྱསྟྲ་པ་ལ། འབྲས་བུའི་དབང་བསྐུར་བ་རིན་པོ་ཆེ་བཞི་པ་སྦྱིན་པར་བྱ་སྟེ། དེ་ཡང་གསུང་པོ། ཇི་སྐད་གསུངས་པའི་ཆོ་གས་དབང ་བསྐུར་ཞིང་།། ཡིད་ཀྱིས་སློབ་མའི་མོས་པ་བརྟགས་ནཱས་ནི།། ཟེབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན།། དབང་བསྐུར་རིན་ཆེན་ཚོགས་གིས་སྦྱིན་པར་བྱ།། འོ་ན་འདི་རྒྱ་ཆེ་བ་ལ་མོས་པ་དང་། ཡང་ན་མ ་ཡིན་པ་ཞེས་ཇི་ལྟར་རྟོགས་པར་བྱ་ཞེ་ན། དུ་བ་ལས་ནི་མེ་ཤེས་དང་།། ཆུ་སྐྱུར་ལས་ནི་ཆུ་ཤེས་ལྟར།། བྱང་ཆུབ་སེམས་དཔའི་རིགས་དག་ནི།། བློ་ལྡན་གྱིས་ནི་མཚན་མོས་ཤེས།། གཞན་གྱི་པདྨ་རབ ་དང་ཞིང་།། དགའ་བ་རྒྱས་པའི་སྤུ་ལོང་ཅན།། མཐོང་ནས་མཁས་པས་དེ་ཉིད་ཀྱིས།། སློབ་མ་དམ་པ་རྗེས་བཟུང་བྱ།། མྱུ་གུར་གྱུར་པའི་བྱང་ཆུབ་སེམས་དེ་ཁོ་ན་ཤེས་རབ་ཡེ་ཤེས་ཏེ། བསྒོམས ་བས་རབ་ཏུ་འཕེལ་བཞིན་ས་སྒྲིབ་པ་མེད་པ་ཉིད་ཐོབ་པ་ནི་དེ་ཁོ་ན་ཉིད་དང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་དང་ཡན་ལག་བདུན་དང་ལྡན་པ་དང་། ཕྱག་རྒྱ་ཆེན་པོ ་བདག་ཉིད་དང་། རྡོ་རྗེ་འཆང་ཆེན་ཆེན་པོའི་རང་བཞིན་དང་བཞི་པ་ཞེས་བྱའོ།། ཡང་གསུངས་པ། དར་ནི་ཐོག་མ་དབུས་མཐུའ་མིནྡ།། སྲིད་མིན་མྱ་ངན་འདས་པ་མིན།། འང ་ནི་བདག་མིན་གཞན་མ་ཡིན།། འདི་དེ་མཆོག་ཏུ་བདེ་ཆེན་པོ།། ཡང་གསུངས་པ། འགྲོ་བ་རྣམས་ལ་རྟག་ཏུ་ཤར་ཞིང་རྒྱུ་ལ་གྱུར་པའི།། བདེ་བུའི་རྒྱལ་པོ་གཅིག་པུ་དེ་ནྟི་བྱེད་པ་བྲལ།། གང་ཞིག ་དུས་སུ་ངེས་པར་གསལ་བར་བརྗོད་པ་ནཱ།། ཐམས་ཅད་མཁྱེན་པ་ཡང་ནི་ཚིག་གིས་དབུལ་བར་གྱུར།། དྭེ་ནི་བྱེ་མས་བརྗོད་པར་བྱ་བ་འམ།། དེ་ནི་སློབ་མས་གོ་བར་བྱ་བ་མིནོ།། ལྷན་སྐྱེས་བདུད ་རྩིལ་བདེ་བ་ཐོབ་པ་དེ།། སུ་ལ་སུ་ཞིག་གིས་ནི་བརྗོད་པར་བྱ། བློ་ཡི་སྤྱོད་ཡུལ་མ་ཡིན་པས་ནི་ཚིག་གི་དཔྱོད་པ་མེད།། བླ་མའི་བརྗོད་པ་ལས་རིང་གཏམ་གྱི་དངོས་པོས་འཇུག་པ་སྟེ། ད་ནི་རིམ ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་དག་པ་དང་།། དད་ཅན་རྣམས་ཀྱི་སྙིང་ལོ་རང་གི་འཕང་བྱད་ཡིན།། འོ་ན་བྱང་ཆུབ་ཀྱི་སེམས་སྐྱེས་པའི་མཚན་ཉིད་ཅི་ཞེ་ན་དབང་པོ་རྣམས་ནི་གཉིད་ལོག་ལྟ་བུ་དང་། ་ཡིད་ནི་ནང་དུ་ཞུགས་པ་འདྲ་བ་སྟེ།། བྱ་བྱེད་མེད་པ་ལྟ་བུར་སྣང་བ་དང་། ལུས་ནི་དམ་པའི་བདེ་བས་རྒྱལ་གྱུར་པའོ།། དབང་པོའི་ཚོགས་རྣམས་འཇུག་པ་མེད་པ་དང་།། སྲིད་པའི་ས ་བོན་རྣམས་རྟོག་རྫོགས་པར་ཉམས།། དགའ་བའི་རང་བཞིན་ནམ་མཁའ་དང་མཉམ་ཡང་། བསིལ་བའི་རོ་མྱོང་འདི་ནི་ཨ་ལ་ལ།། དབང་པོ་དང་ནི་ཐིམ་པར་སོན།། བདག་གི་རང་བཞིན་ཉམས ་པདེ།། ངེས་པར་ལྷུན་སྐྱེས་དྲུག་པའི་སྐུ།། བླ་མའི་ཞབསྡུ་ལ་གསལ་བར་དྲི།། དེ་ཉིད་གསུངས་པ། གང་ཞིག་ཤར་བས་དུས་མཉམ་དུ་ནི་དབང་པོ་རྣམས།། ཡུལ་དང་མཚུངས་པར་ནུབ་ཅིང་གླང ་ཡང་མཁས་རྣམས་ཀྱི།། སྙིང་ལ་མངོན་དགའ་ཅི་ཡང་སད་ཅིང་རྒྱུས་གྱུར་པ།། རྒྱལ་བའི་མཛེས་སྐུ་གཅིག་པུ་དེ་ལ་ཕྱག་འཚལ་ལོ།། དེ་བས་ན། འདིར་ནི་གང་ཐོ་དམ་ཕྱིའི་བདེ་བ་ཡིས།། སྟོབས ་སུ་གྱུར་པ་རྣམས་རྟོག་མཐའ་དག་འཇོམས།། དེ་ཡང་མཁས་པ་བྱ་བ་བྱས་པ་སྟེ།། གཞན་པ་དེ་རྣམས་རྒོང་གཉིས་ཕྱུག་ཡིན་ནོ།། གང་དུ་དངོས་དང་དངོས་པོ་མེད་པ་འབའ་ཞིག་ཉིད་དང ་རྣམ་བྲལྔ་རིང་ཉིད་མཛེས་པ་སྟེ།། སྟུག་པོར་གྱུར་པཱའི་དགའ་བའི་རང་བཞིན་རབ་ཏུ་རྟོགས་པ་ཆེན་པོ་ནམ་མཁའིའི་གནས་ཁྱབ་ཅིང་།། རྒྱུ་ཆེའི་རྣམ་བྱ་སྣ་ཚོགས་ཅན་དང་དྲི་མེད་ཉིད་ཀྱིས་མ ་ལོང་དཀྱིལ་འཁོར་འཕྲོ་འདྲ་བ། བདེ་བ་ཀུན་གྱི་གཞིར་གྱུར་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་བཞི་པ་ཡིན་པར་བརྗོད། དེ་ཡི་ཕྱིར་ཐེ་ཆོམི་མེད་པ་ལས་སྐུ་གསུམ་གྱི་རྗེས ་སུ་འཇུག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཕྱག་རྒྱ་ཆེན་པོ་ཉིད་ནི་བཞི་པ་ཡིན་པར་བྱའོ།། དབང་བཞི་པའི་རབ་ཏུ་བྱེད་པ་དཀྱིལ་འཁོར་ཆེན ་པོའི་སློབ་དཔོན་དཔལ་ནགས་ཀྱི་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའོ།། ། ཞལ་སྣ་དེ་ཉིད་དུ་ལེགས་པཱར་མཉན་ནས་དགེ་སློང་ཆོས་སྨྲ་བ ་བསོད་ནམས་རྣམ་པར་རྒྱལ་བས་བསྒྱུར་བའོ།། ། བསོད་ནམས་སྟོབས་རྒྱུས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས།། ཚེ་རབས་དུ་མ ་བསགས་པའི་སྡིག་སྒྲིབ་མོ་ལུས་ཀུན། དགེ་འདིས་དུག་ལྔའི་མེ་ལྕེ་ཆུ་ཡིས་བཅིལ་བ་བཞིན།། རིང་མིན་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག། ཅེས་མི ་དབང་པོ་ལྷ་བས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།། ་