CLOSE WINDOW

GT111: dpal dus kyi 'khor lo'i sbyin sreg gi cho ga zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཧོ་མ་པ་པཱ་ཡི་ཀཱ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ད་ནི་དབང་དང་རབ་ཏུ་གནས་པ་ལ་སོགས་པ་ཐམ ་ཅད་ལ་སྦྱིན་སྲེག་སྔོན་དུ་འགྲོ་བར་གསུངས་པས། ཀུན་རྫོབ་ཀྱི་སྦྱིན་སྲེག་འདིར་བརྗོད་པར་བྱའོ།། ཉིན་མོའི་ཐུན་དང་པོ་ལ་སོགས་པ་ལ་ཞི་བ་ལ་སོགས་པའི་ལས་བྱ་སྟེ། དེ་ལྟར་མཚན་མོ་ལ་ཡང་ངོ་།། དེ་ལྟར་ཐུན་ཕྱེད་རྣམས་སམ་ཐུན་རྣམས་ལ ་སྟེ། ལས་ཐམས་ཅད་པ་དང་ཞི་བ་དང་རྒྱས་པ་དང་བསད་པ་དང་དབྱེ་བ་དང་དབང་དང་དགུག་པ་དང་རྨོངས་པ་དང་རེངས་པ་རྣམས་གྲོང་ཁྱེར་གྱི་དབུས་དང་། གཤིན་རྗེ་དང་། བདེན་བྲལ་དང་། ཆུ་བདག་དང་། རླུང་དང་། གནོད་སྦྱིན་དང་། དབང་ལྡན ་དདེ་ཤར་དང་། མེ་མཚམས་རྣམས་སུ་ཏེ། དབང་བསྐུར་བའི་དུས་སུ་རྡུལ་ཚོན་མེ་རིའི་ཕྱི་རོལ་ཁྲུ་དོ་སྦྲང་པའི་གནོད་སྦྱིན་ནམ། དྲག་པོ་རུ། ཟླུམ་པོ་དང་གྲུ་བཞི་དང་། གཞུའི་རྣམ་པ་དང་། ཟུར་ལྔ་དང་བདུན་དང་གསུམ་དང་དྲུག་དང་བརྒྱད་རྣམས ་དང་ལྡན་པའོ།། ཁྲུ་ག་བཱ་དང་། ཁྲུ་བ་དང་། ཁྲུ་གང་གི་བྱེད་དང་། ཟླུམ་པོ་དང་མཚུངས་པ་དང་། སེར་བཞི་བཅུ་དང། བྱཱ་དང་། སུམ་དྲ་ད་། དྲུག་ཙུ་རྣམས་སོ།། ཐག་ཟུང་རྣམས་ཀྱི་རྒྱའི་ཕྱེད་གཏིང་ངོའོ།། བབ་ཀྱི་ཁ་ཁྱེར་དུ་\ུ0f7fད་ཀར་དབངས ་ཀྱི་དུགེ་ཆའོ།། དེ་དག་གི་ཉིས་འགྱུར་སྟེགས་བུ་ལའོ།། དེའི་ཉིས་འགྱུར་ཁ་ཁྱེར་ཆེན་པོ་ལའོ།། ཡང་ཆུ་དང་མཉམ་པའི་ཕྱི་རུ་ཁ་ཁྱེར་བྱའོ།། སྟེང་དུ་ཉི་མ་དང་ཟླ་བ་དང་མཎྜལ་སྔོན་པོ་དང་། དམར་པོ་དང་། ངུ་བའི་མཎྜལ་དང་། མཎྜལ ་སེར་པོ་དང་རི་རབ་གཉིས་རྣམས་ཀྱིས་མཚན་མའི་ཐབ་བྱའོ།། སྟེགས་བུ་ཆ་ལྔ་རུ་བྱས་པའི་ལོག་གཉིས་ཀྱི་ཆ་གཉིས་སྤངས་ཏེ་ཆུ་གསུམ་ལ་འོག་ནས་བྱུང་བའི་མཚན་མ་རྣམས་ཀྱིས་རིམ་པ་བཞིན་བསྐོར་རོ།། གལ་ཏེ་ས་ཡིས་བྱེད་ན ་ཆུའི་ཕྱེད་ཀྱིས་སོ།། རྡུལ་ཚོན་གྱིས་བྱེད་ན་ངེས་པ་མེད་དོ།། དེའི་ཕྱི་རོལ་དུ་གཉིས་ལ་པདྨའི་འདབ་མ་དང་། གཉིས་ལ་སོར་མོ་དང་བཅས་པའི་ལག་མཐིལ་དང་། ཁྲའི་མཇུག་སྒོ་གཉིས་ལ་ཤིང་ཨརྒའི་འདབ་མ་དམར་པོ་དང་། གཉིས་ལ་ཤིང་ཨརྒའི ་འདབ་མ་སེར་པོ་རྣམས་ཀྱི་ཕྲེང་བས་བསྐོར་རོ།། དེའི་ཕྱི་རོལ་ཏུ་གཉིས་ལ་ཀུ་ཤ་དང་ཤི་བའི་སྒྲ་དང་། ཡི་དགས་ཤིང་གི་ལོ་མ་དང་། གཉིས་ལ་མེ་ཏོག་དམར་པོ་དང་། གཉིས་ལ་མེ་ཏོག་སེར་པོ་རྣམས་ཀྱིས་བསྐོར་རོ།། ཐབ་ཀྱི་ས་ཚད་ཀྱིས་པདྨའི་འདབ ་མའོ།། བཅུ་གཉིས་ཀྱི་ཆ་ཡིས་གཙོ་བོའི་ལྟེ་བ་ལའོ།། དེ་ལ་རྡོ་རྗེ་ནག་པོ་དང་པདྨ་དམར་པོ་དང་འཁོར་ལོ་དཀར་པོ་དང་། གྲི་གུག་ནག་པོ་དང་། རལ་གྲི་ནག་པོ་དང་མདའ་དམར་པོ་དང་། རྡོ་རྗེ་ལྕགས་ཀྱུ་དམར་པོ་དང་སྦྲུལ་ཞགས་སེར་པོ་དང་། རྡོ་རྗེ་ལྕགས ་སྒྲོག་སེར་པོ་རྣམས་དགོང་པར་བྱའོ།། ལས་ཐམས་ཅད་པའི་ཐབ་ཁུང་ལ་ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་རལ་གྲི་དང་རིན་པོ་ཆེ་དང་། འཁོར་ལོ་དང་། པདྨ་རྣམས་སོ།། མཚམས་རྣམས་ལ་ནི་གྲི་གུག་ནག་པོ་དང་། ལྕགས་ཀྱུ་དམར་པོ་དང་། ་རྡོ་རྗེ་ཞགས་པ་སེར་པོ་དང་། རྩེ་གསུམ་དཀར་པོ་རྣམས་སོ།། དེ་ལྟར་ཞི་བ་ལ་ཡང་ངོ་།། རྒྱས་པ་ལ་ཕྱོགས་རྣམས་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་དང་། མཚམས་རྣམས་གྲི་གུག་ནག་པོ་ལ་སོགས་པའོ།། དེ་ལྟར་བསང་བ་ལ་ཤར་དུ་ཕྱོགས་པའི་དཀྱིལ ་འཁོར་ཏེ། བསད་པ་དང་དབྱེ་བ་ལ་རལ་གྲི་ལ་སོགས་པས་མཚན་པའོ།། དབང་དང་དགུག་པ་ལ་ལྷོར་ཁ་ཕྱོགས་པས་ཕྱོགས་རྣམས་ལ་རིན་པོ་ཆེ་རྣམས་སོ།། མཚམས་རྣམས་སུ་ལྕགས་ཀྱུ་དམར་པོ་ལ་སོགས་པའོ།། རྨོངས་པ་དང་རེངས་པ་ལ་ནུབ ་ཏུ་ཁ་ཕྱོགས་པས་ཕྱོགས་དང་ཕྱོགས་བྲལ་རྣམས་ལ་འཁོར་ལོའོ།། ཞགས་པ་སེར་པོ་ལ་སོགས་པའོ།། ཐག་ཁུང་ལས་ཁྲུ་དོ་སྤངས་པར་རྡུལ་ཚོན་དཀར་པོ་དང་དམར་པོ་དང་ནག་པོ་རྣམས་ཀྱི་རབ་གསུམ་པ་བྱས་ཏེ། བྱང་ལ་སོགས་པར་ཁ་ཕྱོགས་པའི་ར་བོའི ་གི་རྒྱའི་བརྒྱད་ཆ་སྒོའོ།། དཀྱིལ་འཁོར་གྱི་སྒོ་དང་མཚུངས་པའི་རྟ་བབས་དང་བཅས་པ་ཐབ་ཁུང་ཀུན་ལ་བྱའོ།། ཐབ་ཁུང་གི་མདུན་དུ་ཁྲ་དོ་སྤངས་པའི་གནས་སུ་ཞི་བ་ལ་སོགས་པའི་དབྱེ་བའི་དབྱིབས་དང་ལྡན་པ་ལ་སྔ་མ་ལྟར་པདྨ་དང་མཚན་མའི ་བྱེ་བྲག་བཀོད་པའི་ཁྲུ་གང་བ་རང་རང་གི་ཕྱོགས་སུ་བཞག་གོ།། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་ཆོས་འབྱུང་དུ་ཆུད་པས་མཚན་པའོ།། དེ་ལྟར་སྦྱིན་སྲེག་གི་དགུང་གཟར་ལ་སོགས་པའི་གདན་དང་། ཡོན་ཆབ་ཀྱི་གདན་གཡོན་དང་གཡ་སུའོ།། ་གདན་དེ་རིམ་ཇི་ལྟ་བ་བཞིན་གནས་པར་བྱ་སྟེ། རྐང་པ་གཡས་པ་གཡོན་པའི་པུས་མོའི་འོག་ཏུ་བཞག་པ་པདྨའི་འདུག་སྟངས་སོ།། རྐང་པ་གཡས་པ་གཡོན་པའི་བརླ་སྟེངས་སུ་བཞག་ཅིང་གཡོན་པ་གཡས་པའི་བརླ་སྟེངས་སུ་གཞག་པ་རྡོ་རྗེའི ་འདུག་སྟངས་སོ།། ལྷ་མ་ཡིན་གྱི་འདུག་སྟངས་ནི་ལུས་བསྐུམ་སྟེ་རུས་སྦལ་ལྟར་གནས་པའོ།། རྐང་པའི་ལོང་མོ་གཉིས་གཤིབས་ཏེ་ཙོས་པོ་ཆེ་འཕོངས་དང་སྦྱར་ནས་པུས་མོ་གཉིས་བསླང་བ་ནི་ཙོག་པུའི་འདུག་སྟངས་སོ།། རྐང་པ་གཡོན་པའི ་སྐྱིལ་ཀྲུང་དུ་གནས་ནས་གཡས་པ་གཙོག་པུ་སྟེ་ཅུང་ཟད་བརྐྱང་པ་སྐྱིལ་ཀྲུང་ཕྱེད་པའོ།། དེ་ལས་བཟློག་པ་ནི་བྱེ་བྲག་གཉིས་པའོ།། རྐང་པ་གཡོན་པའི་རྟིང་པ་བཤད་ལམ་དུ་གནས་ཏེ་གཡས་པ་ཙོག་པུར་གནས་པ་རྐང་པ་བཤང ་ལམ་ལ་གནས་པའོ།། དེ་ལས་བཟློག་པ་རྣམས་སོ།། དེ་ནས་རིམ་པ་བཞིན་དུ་ཤེལ་དང་། མུ་ཏིག་དང་། བའི་སོ་དང་། བོ་དྷི་ཙེ་དང་། པདྨའི་ས་བོན་དང་། ཙན་དན་དམར་པོ་དང་། ལུང་ཏང་དང་། རུ་རག་ཤའི་ཕྲེང་བ་རྣམས་སོ།། དེ་ནས་པར་སྡོད ་འདབ་མ་དང་། ལྟེ་བ་རྣམས་ལ་སོར་བཅུ་གཉིས་པ་ཤེལ་དང་དངུལ་དང་ཐོད་པ་དང་། ལྕགས་དང་གསེར་དང་ཟངས་དང་ཤིང་དང་ས་ལ་བྱས་པའི་ཡོན་ཆབ་ཀྱི་སྣོད་རྣམས་སོ།། དེ་ནས་དགང་གཟར་ནི། རྡོ་རྗེས་མཚན་པའི་ཁྲུ་གང་བའི་ཡུ་བ་ལ་སྟེ། ཐལ་མི ་སྦྱར་བའི་རྣམ་པའོ།། དེའི་ནང་དབུས་སུ་གྲུ་བཞི་པ་པདྨས་མཚན་བསྡུ་སོ་རང་བཞིན་པ་དང་ལྡན་པའོ།། དེའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པ་ལོ་རུ་དབུས་མ་ནུས་བཅུད་འགྲོ་བའི་གནས་དང་ལྡན་པའོ།། དེ་ལས་ཅུང་ཟད་པྲ་ལ་ཆུང་བ་སྲིད་དུ་མཚུངས་པ་སྟེང་གི་ཆ་བདྨ ་དང་མཚུངས་པའི་བླུགས་གཟར་རོ།། དེ་ལྟར་ཞི་བ་ལ་སོགས་པའི་ལས་གཉིས་གཉིས་ཏེ། ཨུ་དུམ་བ་ར་དང་། བྱང་ཆུབ་ཤིང་དང་། ནྱ་ཀྲོ་དྷ་དང་། པརྐེ་ཌི་དང་། རྒུན་འབྲུམ་ཤིང་རྣམས་ཀྱི་ཡམ་ཤིང་ལྔ་བརྒྱའོ།། མིའི་རུས་པ་མཐེ་ཆུང་གི་རྣམ ་པ་ལྔ་བརྒྱ་དང་། དེ་ལྟར་ཁྲའི་མཇུག་སྒྲོ་ཡང་ངོ་།། དེ་ལྟར་སེང་ལྡེང་དམ་པ་ལ་ཤ་ལས་བྱུང་བ་དང་། དེ་ལྟར་བི་ལོ་ལས་བྱུང་བ་ལྔ་བརྒྱ་སོར་བཅུ་གཉིས་པའོ།། དེ་ལྟར་རྫས་རྣམས་ནི་ཞི་བ་ལ་བའི་འོ་མ་དང་དུར་བའོ།། རྒྱས་པ་ལ་མར་དང ་དུར་བའོ།། བསད་པ་ལ་ཤ་དང་དུག་གོ།། བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་དང་བཅས་པའི་རཱ་ཛི་ཀ་དང་ཚའོ།། དབང་ལ་རྡུལ་དང་ཀཱ་ར་བའི་ར་ལ་སོགས་པའི་མེ་ཏོག་དམར་པོའོ།། དགུག་པ་ལ་དྲི་ཆུ་དང་ཤིང་བེ་ལའི་འདབ་མ་དང་འབྲས་བུའོ། ་རེངས་པ་ལ་མཆིལ་མ་དང་མེ་ཏོག་རྙིང་པའོ།། རྨོངས་པ་ལ་ཚྭ་དང་ཐང་ཕྲོམ་གྱི་འདབ་མའོ།། དེ་ལྟར་གཉིས་གཉིས་ཏེ། མེ་ཏོག་དྲི་ཞིམ་ལ་དཀར་བ་དང་། ཚ་བ་ལ་ཚེར་མ་དང་ལྡན་པའི་ནག་པོ་དང་། དམར་པོ་དང་། སེར་པོ་རྣམས་སོ།། དེ་ལྟར ་བྲང་བའི་བདུག་སྤོས་ནི་ཨ་ཀ་རུ་དང་། སཧླ་དང་། ག་པུར་དང་། སྦྲང་རྩི་ཀཱ་ར་རྣམས་ཀྱིས་སོ།། དེ་ལྟར་ཤིན་ཏུ་གདུག་པའི་སྤོས་ནི་བཤང་བ་དང་ཤ་དང་ཁྲག་རྣམས་ཀྱིས་སོ།། དེ་ལྟར་དྲི་ཆེ་བར་གྱུར་པའི་སྤོས་ནི་གུ་གུལ་དང་རྒྱ་སྐྱེགས་དང་། སྤོས་དཀར ་དང་། ཀུན་དུ་རུ་དང་། ཤྲི་བ་ར་དང་། བུ་རམ་རྣམས་སོ།། དེ་ལྟར་བསྐ་བའི་སྤོས་ཨུ་རུ་རའི་ཕྱེ་མ་དང་། བུ་རམ་དག་གིས་སོ།། ཡང་ན་རིམ་པ་ཇི་ལྟ་བ་བཞིན་ནའོ།། འོ་མའི་ཟན་དང་ཞོ་དང་བཅས་པའི་ཟན་དང་གྲོང་པ་དང་མར་དང་བཅས་པའི་ཟན་དང་། ་ཏིལ་དང་བཅས་པའི་ཟན་དང་། སརྦྦ་ཙ་ན་ཀ་དང་ཤ་དང་བཅས་པའི་ཟན་རྣམས་སོ།། དེ་ལྷོར་གཉིས་གཉིས་ལ་ཙནྡ་དན་དཀར་པོ་དང་། ཁྲག་དང་སོལ་བྷ་དང་། གུར་ཀུམ་དང་། གི་ཝཾ་དམ། ཙན་དན་དམར་པོ་དང་། ཡུང་བ་དང་། བ་བླ་རྣམས་རྣམ་པར ་བླུག་གོ། དེ་ལྟར་མར་དང་མིའི་ཞག་དང་ཏིལ་མར་དང་། ཛྱོ་ཏིས་མིའི་མར་དང་། བལླ་ཏ་ཀིའི་མར་རྣམས་ཀྱིས་མར་མེའོ།། དེ་ལྟར་འབྲས་སཱ་ལུ་དང་། ར་ཛི་ཀ་དང་། ཡུངས་ཀར་དང་། སྲན་ཆུང་རྣམས་ཀྱིས་མ་ཉམས་པའོ།། དེ་ལྟར་ན་ན་བཟའ་དཀར ་བོ་ལ་སོགས་པ་བགོ་བར་བྱའོ།། དེ་ནས་སློབ་དཔོན་ཇི་ལྟར་གསུངས་པའི་གདན་ལ་ཇི་ལྟར་གསུངས་པའི་འདུག་སྟངས་ཀྱིས་གནས་ནས། ལས་ཐམས་ཅད་པ་ལ་ལྗང་ཁུའོ།། ཞི་བ་ལ་སོགས་གཉིས་གཉིས་ཏེ། ཀྭི་ཞིང་ད།། ་བ་དང་། ཁྲོ་ལ་གནག་པ་དང་། ཆགས་པ་དང་བཅས་པའི་དམར་པོ་དང་། རེངས་ཤིང་སེར་བ་སྟེ། སྔོན་དུ་གསུངས་པའི་དུས་ཀྱི་འཁོར་ལོའི་ཆ་བྱད་རྣམ་པར་བསྒོམས་ཏེ། བསྲུང་བའི་འཁོར་ལོ་བྱས་ནས་སྔོན་དུ་གསུངས་པའི་ཆོ་གའི་རིམ་པ་བཞིན་དུ ་ཨུ་དུམ་བ་རའི་དང་བ་ཊ་དང་མྱ་ངན་མེད་དང་རུས་པ་དང་ལྕགས་དང་སེང་ལྡེང་དང་ས་ཁོ་ཊ་དང་། བི་ལོ་རྣམས་ལས་བྱུང་བའི་ཕུར་པས་ཕྱོགས་བཅུ་རུ་བཏབ་ལ། ཨོཾ་ཨཱཿཧཱུཾ་ཧྲི་ཕཊ་ཅེས་པའི་སྔགས་ཀྱིས་ཀུ་ཤའི་ཡོན་ཆབ་ནས་བླངས་ཏེ་བསང་གཏེར ་བྱའོ།། དེ་ནས་ལས་ཐམས་ཅད་པ་དང་ཞི་བ་ལྔ་སོགས་པ་ལྔ་ཙཱན་དན་ལ་སོགས་དྲི་ཞིམ་པ་དང་། འོ་མ་ཅན་གྱི་རྗེ་ཤིང་དང་། ཙན་དན་དམར་པོ་ལ་སོགས་པ་དང་། བསྐ་བའི་ཤིང་རྣམས་བརྩིགས་ཏེ། ལྷ་ཁང་དང་། བྲམ་ཟེ་དང་། དམངས་རིག ་དང་གདོལ་བཱ་དང་། རྒྱལ་རིགས་དང་། རྗེ་རིགས་རྣམས་ཀྱི་ཁྱིམ་ནས་མེ་བླངས་ཏེ་དེར་བཅུག་ལ་རླུང་གཡབ་ཀྱིས་སྦར་བར་བྱའོ།། དེ་ནས་སྔགས་འདིས་མེ་ལྷ་སྤྱན་དྲངས་པ་ནི། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་ར་ཥི་དཱི་ཛ་ས་ཏྭ་མ་གྲི་ཧཱི་ཏཱ་ཡུ་དྷཾ་མཧཱ། ་རསྤུ་སྨིན་སནྣི་ཧི་ཏེ་བྷ་བ་བཛྲེ་དྷ་རཱ་ཛྙཱ་བ་ཡ་ཏི་སྭཱཧྣ། ཞེས་བརྗོད་དོ།། རང་གི་སྙིང་ག་དང་ཕྱིའི་ཐེབ་ཁུང་དུ་ལས་ཀྱི་བྱེ་བྲག་གིས་ཟློ་བ་འམ་ཉི་མ་ལེ་རཾ་ལས་བྱུང་བའི་མ་ལྷའི་རྣམ་པ་བསྒོམས་ཏེ། རྗེཧྲཱི་བ~ཾ་ཧོཿབརྗོད་ཅིང་ལྕགས་སྡེ་བྷྱ་ཥྚྲྀ ་རྒྱས་དགུག་ན།། རྡོ་རྗེའི་ཕྱག་རྒྱས་གཞུག་གོ།། ཞགས་པའི་ཕྱག་རྒྱས་བཅིང་ངོ་།། དྲིལ་བུའི་ཕྱག་རྒྱས་དབང་དུ་བྱའོ།། དྲ་ནས་ཡང་ལས་ཐམས་ཅད་པ་ལ་སྐུ་མདོག་ལྗང་ཁྲུ་གཡས་པའི་ཕྱག་དག་གིས་རྡོ་རྗེ་དང་ཕྲེང་བའོ།། གཡོན་པའི་ཕྱག་ད ་གོས་དྲིལ་བུ་དང་པདྨའོ།། ན་བཟའ་དང་སྤྱན་དང་དབུ་སྐྲ་རྣམས་དམར་ལ་སེར་བ། མི་བསྐྱོད་པས་རྒྱས་བཏབ་པའོ།། ཞི་བ་ལ་དཀར་པོ་གཡས་པ་དག་གིས་པདྨ་དང་ཤེལ་གྱི་ཕྲེང་བའོ།། གཡོན་པ་དག་གིས་སྤྱི་བླུགས་དང་དུང་ངོ་།། རྒྱས ་པ་ལ་གཡས་པ་དག་གིས་འཁོར་ལོ་ད་ང་མུ་ཏིག་གི་ཕྱེ་མའོ།། གཡོན་པ་དག་གིས་པདྨ་དང་སྤྱི་བླུགས་སོ།། འོད་དཔག་མེད་ཀྱིས་རྒྱས་བཏབ་པའོ།། བསད་པི་ལ་ལག་གཡས་པ་ངག་གིས་གྲི་གུག་དང་རྩེ་གསུམ་པའོ།། གཡོན་པ་དག ་གིས་ཐོད་པ་དང་ཁ་ཊྭཱཾ་གཱའོ།། དོན་ཡོད་གྲུབ་པས་རྒྱས་བཏབ་པའོ།། བསྐྲད་པ་དང་དབྱེ་བ་ལ་གཡས་པ་དག་གིས་རལ་གྲི་དང་རྩེ་གསུམ་པའོ།། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་གའོ།། དབང་དུ་བྱ་བ་ལ་གུར་ཀུམ་གྱི་ཁ་དོག་གོ། གཡས་པ ་ངག་གིས་མདའ་དང་རིན་པོ་ཆེའོ།། གཡོན་པ་དག་གིས་གཞུ་དང་མེ་ལོང་ངོ་།། རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའོ།། དགུག་པ་ལ་གཡས་བདག་གིས་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེའོ།། གཡོན་པ་དག་གིས་རྡོ་རྗེ་ཞགས་པ་དང་མེ་ལོང ་དོ།། རྨོངས་པ་དག་ལ་གཡས་པ་དག་གིས་སྦྲུལ་དང་དབྱུག་པའོ།། གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ།། རེངས་པ་དང་ཕུར་བུས་གདབ་པ་དག་ལ་སེར་པོ་གཡས་པ་དག་གིས་ལྕགས་སྒྲོག་དང་ཐོ་བའོ།། གཡོན་པ་དག་གིས ་རྡོརྗེ་ཞགས་པ་དང་མ་ལྟུང་ངོ་།། རྨངས་པ་དག་ལ་གཡས་པ་དག་གས་སྦྲུལ་དང་ཐུག་པར།། གཡོན་པ་དག་གས་ལའར་ཡ་ང་ཟླ་བའོ།། རས་པ་དང་པ་ཟླས་གང་བ་པདྨག་ལ་ས་པ་གམས་པ་དྲུག་གས་ལྗགས་སྤྱ ་དང་ཐ་བའོ།། གཡོན་པ་དག་གས་འཁོར་ལོ་དང་ཕུར་པ་དག་གིས་སོ།། རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ།། ཞི་བ་ལ་སོགས་པ་རང་རང་གི་ཁ་དོག་དང་མཚུངས་པའི་ན་བཟའོ།། དེ་ནས་ཨོཾ་པྲ་ཝ་ར་སངྒ་ར་མ་ཧཱ་ར་སཱི་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས ་པས་ཡོན་ཆབ་སྦྱིན་ནོ།། དེ་ནས་ཨོཾ་བཛྲ་དང་པོར་རོ།། པུཛྫ་ལ་སོགས་པ་བར་དུའོ།། སྭཱ་ཧཱ། ཞེས་པ་མཐར་སྦྱར་བའི་པུཥྤཾ་དང་། དྷཱུ་པཽ་དང་། གནྡྷཾ་དང་། དཱི་པཾ་དང་། ཨཀྵ་ཏཾ་དང་། ནརྀ་བི་དྱཾ་དང་། ལཱ་སྱཾ་དང་། ཧཱ་སྱཾ་དང་། བཱ་དྱཾ་དང་། ནཱཾརྡྷ ་དང་། གཱི་ཏྱཾ་དང་། ཀ་མི་རྣམས་ཀྱིས་མཆོད་པར་བྱའོ།། དེ་ནས་མེ་ལྷའི་ཞལ་གདངས་པར། ཨོཾ་སརྦ་པཱ་པ~ཾ་ད་ཧ་ན་བཛྲ་གྷེ་བཛྲ་སཏྭ་སྱེ་སརྦ་པཱ་པ~ཾ་ད་ཧ་ད་ཌི་ཧ་སྭཱ་ཧཱ། ཞེས་པས་ལས་ཐམས་ཅད་པ་ལ་སོགས་པ་སྲེག་བླུགས་ལེན་པར་སྤྱན་དྲང་བའི་གསང ་བ་ལ་སོགས་པར་ཨོཾ་བཛྲཱ་ནི་ལ་སརྦ་བྷཱུ་ཏན་ཛྭ་ལ་ཡ་སརྦ་ནཻ་བྷསྨ་ཀུ་རུ་སརྦ་དུཥྚཱན་སྭཱ་ཧཱ། ཞེས་པས་སོ།། དེ་ནས་ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵ་སྭཱ་ཧཱ། ཞེས་པས་ཡམ་ཤིང་བརྒྱ་རྩ་བརྒྱད་ཀྱིས་བསྣུན་པར་བྱའོ།། ཨོཾ་ཧཱུ~ཾ་ཧཱུ~ཾ་ཧཱུཾ་ཧཱུཾ་ཧཱུ~ཾ་སྭཱ་ཧཱ། ཞེས་པས ་བརྒྱ་རྩ་བརྒྱད་དོ།། དེ་ནས་ཨི་ཨེ་ཨཱ་ཨི་ཨཱི་རཾ་རཱྀ་ཨུ་ཨཱ་ལྀ་ལཱྀ་ཨོཾ་ཨཿཞེས་པས་ཀྱང་དེ་ལྟར་རོ།། དེ་ནས་ཨོཾ་ཨ་ཨཱ་ཨེ་ཨོཾ་ཨ་རི་ཨཱར་ཨོ་ཨོཾ་ཨ་ལ་ཨཱལ་ཨཾ་ཨཿསྭཱ་ཧཱ། ཞེས་པས་ཀྱང་དེ་ལྟར་རོ།། དེ་ནས.ོཾ་ཧི་ཧཱ་ཡ་ཡཱ་ར་ར་ཝ ་ཝཱ་ལ་ལ་ཧཾ་ཧཿསྭཱ་ཧཱ། ཞེས་པས་ཀྱང་དེ་ལྟར་རོ།། དེ་ལྟརརྭ་བཞི་བཅུ་ལྷག་པའི་ལྔ་བརྒྱ་ལྔ་ལྔ་བརྒྱ་ཞེས་བརྗོད་དོ།། ཞི་བ་ལ་སོགས་པ་ལ་ཆུ་ཤེལ་དང་པུ་འུ་རཱ་ག་དང་བནྡྷ་ཀ་དང་། གསེར་ཞུན་མའི་ཁ་དོག་རྣམས་སོ།། མ་ལ་ཏི་དང་ག་བུར་དང་། ཨ་ཀ ་རུ་དྲང་། ཙམྦ་ཀའི་དྲི་རྣམས་སོ།། པི་ཝང་རྒྱུ་མངས་དང་། བྷྲིང་བུ་དང་། སྲིང་ག་དང་། ཤིན་ཏུ་དྲུག་པའི་སྒྲ་རྣམས་སོ།། དཔལ་བེའུ་དང་། གདུགས་དང་། རལ་གྲི་དང་ཧཱུ~ཾ། པདྨ་དང་། བུམ་པ་ལ་སོགས་པའི་གཟུགས་རྣམས་སོ།། གཅིག་དང ་གཉིས་དང་གསུམ་དང་བཞི་ལ་སོགས་པ་བཟང་ངོ་།། ཤིན་ཏུ་གཡོ་བ་དང་། ཐིག་ལེ་ནག་པོ་ཅན་དང་། མེ་ཏོག་འཕྲོ་བ་དང་། རང་གི་ཕྱོགས་སུ་ཕྱོགས་པ་དང་། གཡོ་ཞིང་འབར་བ་དང་། ཁ་དོག་སྣ་ཚོགས་པ་དང་། ཤིན་ཏུ་གནག་པ་དང་། ཚིག ་སྒྲ་དང་། ཐོག་སྒྲ་རྣམས་ནི་བསད་པ་ལ་བཟང་ངོ་།། དེ་ནས་འབྲུ་ལ་སོགས་པ་རྣམས་སྔོན་དུ་སོང་བའི་སྔགས་ཀྱི་ཚོགས་ཏེ། ངགང་གཟར་ཡང་ངོ་།། དེ་ཉིད་མེད་ན་ལག་པ་གཡོན་པ་གན་ཀྱལ་དུ་བྱས་ཏེ། ལག་པ་གཡས་པ་མཆོད་སྦྱིན་བྱས ་བའི་མཐེ་བོས་པོ་སྦྱོར་ཞིང་སྔོན་གྱི་རྫས་རྣམས་ལ་བསྟན་པར་བྱའོ།། ཤྲཱི་བ་ལ་ན་མཿའོ་མཐའ་ཅན་ནོ།། རྒྱས་པ་ལ་སྭ་ཧཱ་མཐའ་ཅན་ནོ།། དགུག་པ་ལ་པོ་ཥ་ཌའོ།། གསད་པ་དང་བསྐྲད་བ་དང་དབྱེ་བ་རྣམས་ལ་ཧཱུ~ཾ་ངོ་།། དབང་ལ་ཝ་ཥཱ་ཌ་ཞེས ་པའོ།། ཕུར་བུས་གངབ་པ་དང་། ངེས་པ་དང་རྨོངས་པོ་རྣམས་ལ་ཕཊ་གྱི་མཐའ་རྟེན་དང་བཅས་པ་བརྗོད་ཅིང་བསྣན་པར་བྱའོ།། དེ་ནས་བྷྲཱུཾ་སྟྭ~ཾ་ཞེས་པའི་སྔགས་ཀྱིས་མར་གྱི་དགང་གཟར་བཀང་ལོ་མཉམ་པར་གཞག་པའི་སློབ་དཔོན་དང ་ལས་ཀྱི་རྡོ་རྗེས་མེ་ལྷ་ལ་དགང་བླུགས་དབུལ་བར་བྱའོ།། དེ་ནས་མེ་ཏོག་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅུར་སྦྱིན་པ་ན།། ཨཾ་བྷུརྞྞ་ཝཱ་སཱཧཱ། ན་མྱོ་དེ་བེ་བྷྱཿསཱསྟི། བཱ་ཛཱ་བྷྱ། སྭཱ་ཧཱ་རཱ་ཛཱ་བྷྱ། སྭ་ཧཱ་པི་ཏཱཾ་བྷྱ། ཨ་ལཾ ་བྷུ་ཏེ་བྷཱུ་ཝཱ་ཤ་ཌིནྡྲཱ་ཡ་ཞེས་པས་སོ།། དེ་ལྟར་མེ་ཏོག་ལ་སོགས་པ་དབུལ་ལོ།། ཨོཾ་ཨཱཿཧཱུཾ་ཀཱ་ཡ་བཀྵིཏྟཱ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། ཞེས་པས་ཞལ་བསིལ་འབྲུ་ལོ།། དེ་ནས་ཨོཾ་ཛ་གཙྪ་གཙྪ་མ་ཧ་རསྨི། སྭསྠཱ་ནཾ་སནྟི་བྷོ་ཧ~ཾ།། པུ་ན་རཱི་གཱ་མི་ཥྱཱ་སི་ཡ་དེ་ལ ་ཧཱ་ན་ཡཱཾ་མི་སྭཱ་ཧཱ། ཞེས་པས་སྙིང་གའི་པདྨ་ལ་ཡེ་ཤེས་ཀྱི་མེ་ལྷ་གཤེགས་སུ་གསོལ་ཞིང་། ཐབ་ཀྱི་མི་ལྷ་ཡང་གཤེགས་སུ་གསོལ་ལོ།། འདི་ནི་སྦྱིན་སྲེག་གི་ཆོ་གའི་རིམ་པའོ།། དེ་ནས་སློབ་དཔོན་གྱིས་སྔ་མ་ལྟར་མཆོད་པ་བྱས་ལ། རྡོ་རྗེ་དང ་དྲིལ་བུ་བཟུང་སྟེ་རྡོ་རྗེའི་འདུག་སྟངས་ལ་གནས་ནས། རང་གི་སྙིང་གའི་པདྨ་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི་རིམ་པ་བཞིན་དུ། གཙུག་ཏོར་དང་། དཔྲལ་བ་དང་། མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་དང་། གསུང ་བའི་འཁོར་ལོ་རྣམས་སུ། ཨ་ཨཽ་རི་ཨུ་ལི་ཧཾ། ཡི་གེ་རྣམས་སྟོང་པ་ལ་སོགས་པའི་ཟད་པ་རྣམས་དང་ཕྱོགས་སྤྱོད་རྣམས་དང་། གཟའ་རྣམས་དང་། ཀླུ་རྣམས་དང་འབྱུང་པོ་རྣམས་དང་། ཁྲོ་བོའི་ཚོགས་རྣམས་གཤེགས་སུ་གསོལོ།། ་དེནས་བུམ་པའི་གོས་ཟུང་རྣམས་བུམ་པ་བསྲུང་བའི་གཞོན་ནུ་མ་རྣམས་ལ་སྦྱིན་དུ་གཞུག་གོ།། བྱང་ཆུབ་ཀྱི་ཤིང་གི་ལོ་མ་འམ། རང་གི་ལག་པ་འམ་རྡོ་རྗེས། ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་བར་བ་ཤིག་པ ་བྱའོ།། དེ་ནས་རང་གི་སྤྱི་གཙུག་ཏུ་རྡུལ་ཚོན་ཅུང་ཟད་བཞག་སྟེ། པདྨ་ལ་སོགས་པ་བསྡུ་བར་བྱའོ།། དེ་ནས་རྡུལ་ཚོན་བྱས་ཏེ་བུམ་པར་བླུགས་ནས་ཇི་ལྟར་འཛོམ་པ་ལྟར་གླང་པོ་ལ་སོགས་པའི་སྟེང་དུ་བཞག་སྟེ། གདུགས་དང་རྒྱལ་མཚན ་ལ་སོགས་པ་དང་བཅས་པར་ཁྱེར་ལ། རྒྱ་མཚོ་ལ་འགྲོ་བའི་ཆུ་བོ་ལ་འདོར་བར་བྱའོ།། བུམ་པ་དེ་ཉིད་ནས་བཀང་ལ། དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ་གཏོར་ནུས་པ་ལང་གི་ལྕི་བ་ལ་སོགས་པས་ཀྱང་བྱུགས་ཏེ། དེར་གནས་ནས་འོ་མ ་ལ་སོགས་པའི་དཀཀུར་བ་དང་མངར་བ་དང་། རས་ཟུང་རྣམས་ཀྱིས་གཞོན་ནུ་མ་རྣམས་མཉེས་པར་བྱས་ནས་གཤེགས་སུ་གསོལ་བ་དང་། མཚན་མོའི་དུས་སུ་སྔོན་གྱི་ཚོ་གས་དཔའ་བོའི་སྟོན་མོ་སྦྱིན་པར་བྱའོ།། འདིར་ནི་གཤེགསུ་གསོལ ་བའི་ཆོ་གའི་རིམ་པའོ།། སེམས་ཅན་དོན་ཕྱིར་རབ་ཏུ་སྤྲོ་བར་མཛད་པའི་མངའ་བདག་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། དཀྱིལ་འཁོར་ཆོ་གའི། ཡན་ལག་སྦྱིན་སྲེག་བྱས་པའི་དགེ་བར་གྱུར་པ་དཀར་པོའི་འོད་ཟེར་དང་ལྡན་པས། འགྲོ་ཀུན་མ་རིག ་མུན་པའི་སྒྲིབ་པ་ཟད་ནས་བླ་མེད་མཆོག་གི་ལམ་ལ་མྱུར་བར་བགྲོད་པར་འཤོག།། དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་སྦྱིན་སྲེག་སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ་རྫོགས་སོ།། ། པཎྜི་ཏ་ཝཱ་གཱི་ཤྭ་ར ་དང་ཆོས་རབ་ཀྱིས་བསྒྱུར་བའོ།། མཚན་ཡང་དག་པར་རྗོད་བདུད་རྩིའི་ཆེནས་པ་ཟུགས། @#།། རྒྱ་གར་སྐད་དུ། ཨ་མྲི་ཏ་ཀ་ཎྜི་ཀཱ་ནཱ་མཨཱརྱ་ནཱ་མ་སཾ་གི་ཏི་ཊི་བྱ་ཎི། བོད་སྐད་དུ། འཕག ་