CLOSE WINDOW

GT110: dpal dus kyi 'khor lo'i tshogs 'khor gyi cho ga zhes bya ba
Wyliee-texts produced with BDRC’s OCR application

ཝཱ་གཱི་ཤྭ་ར་དང་ཆོས་རབ་ཀྱིས་བསྒྱུར་རོ།། ། རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ག་ན་ཙཀྲ་པཱ་ཡི་ཀཱ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་ཚོགས་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ ་ལ་ཕྱག་འཚལ་ལོ།། དེ་ཡང་ཚོ་གས་ཀྱི་འཁོར་ལོ་ནི།། རིགས་སུམ་ཅུ་སོ་དྲུག་གི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་བྱ་སྟེ། དེ་ཡང་དང་པོར་གདན་བཤམ་པ་ནི།། དབུས་སུ་བ་ཡང་དང་ཕག་གི ་ལྤགོས་པའི་སྟན་ལ། ཤེས་རབ་དང་བཅས་པའི་གཙོ་བོ་སྟེ། སློབ་དཔོན་བསྡད་ཅིང་མིའི་པགས་པའི་སྟེང་དུ་སྣོང་ངོ་། དེའི་གཡས་ཕྱོགས་སུ་མིའི་ལྤགས་པའི་སྟེང་དུ་གཡུང་མོའོ།། ཕྱོགས་རྣམས་ལ་ཁྱི་དང་རྟ་དང་བ་ལང་དང་། གླང ་པོའི་ལྤགས་པའི་སྟན་རྣམས་ལ་དམངས་རིགས་མ་དང་རྒྱལ་རིགས་མ་དང་། བྲམ་ཟེ་མ་དང་། རྗེ་རིགས་མ་རྣམས་དང་། མཚམས་རྣམས་ཀྱི་བྱང་ཤར་ནས་དྲི་ཆུ་དང་དྲི་ཆེན་དང་ཁྲག་དང་རྐང་རྣམས་ཀྱི་སྣོད་རྣམས་སོ།། དེ་ནས་ཐུགས ་ཀྱི་དཀྱིལ་འཁོར་གྱི་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ། ལུག་དང་ནགས་ཀྱི་ཁྱི་དང་རྔ་མོ་དང་འདམ་སེང་གི་ལྗགས་པ་རྣམས་ལ་ཁོར་མགར་མ་དང་། ཨུམ་པའི་སྟེང་དུ་གར་བྱེད་མ་དང་། ནོར་བུ་བྱེད་མ་དང་། ཁྲོན་པ ་བྱེད་མ་རྣམས་སོ།། མཚམས་རྣམས་ལཾ་ར་དང་རི་དགས་དང་བོང་བུ་དང་ཕག་པའི་ལྤགས་པའི་སྟན་རྣམས་ལ་ཐིག་མ་དང་ཆང་འཚོང་མ་དང་གསེར་མགར་མ་དང་ཕྲེང་བ་མ་རྣམས་སོ།། དེ་ནས་གསུམ་པ་གསུང་གི་འཁོར ་ལོའི་གནས་ལ་ཕྱོགས་དང་ཕྱོགས་མཚམས་ལ་ཆུ་སྦྱིན་དང་ཀུམ་བྷི་ར་དང་། འགྲོན་བུའི་ཕུང་པོ་དང་། ཉ་སྐམ་དང་། ཆུ་སྲིན་དང་། སྦལ་པ་དང་། རུས་སྦལ་ཁྲོག་པ་དང་། དུང་གི་གདན་རྣམས་ལ། བཤན་པ་མ་དང ་བུམ་པ་བྱེད་མ་དང་། ཁུར་བུ་བྱེད་མ་དང་། སྨད་འཆང་མ་དང་། ཁྱོགས་མཁན་མ་དང་། ཉ་བླ་མ་དང་། གར་མ་དང་། ཁྲུས་མཁན་མ་རྣམས་སོ།། དེ་ནས་བཞི་པའི་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ་བས་དང་སྟག ་ངདང་ངེད་དང་སྲེ་མོ་རྣམས་ཀྱི་ལྤགས་པ་ལ། ལྕགས་མགར་མ་དང་། རྒྱ་སྐྱེགས་མཁན་མ་དང་། སྲིན་བལ་མཁན་མ་དང་། མར་ཁུ་མཁན་མ་རྣམས་སོ།། མཚམས་རྣམས་སུ་མེའི་མཚམས་ནས་འབྲི་དང་ལྕེ་སྤྱང་དང་སྲམ ་དང་བྱི་ལའི་ཀླགས་པ་རྣམས་ལ། སྒྲ་མཁན་མ་དང་། ཤིང་མཁན་མ་དང་། ཀོ་པགས་མཁན་མཱ་དང་། འབྲེག་མཁྱེན་མ་རྣམས་སོ།། ཡོངས་སུ་བསྐོར་བ་ལྔ་པ་ལ། གོ་ཏ་བ་དང་བྱི་བ་དང་ས་ལི་ཛ་ཏ་ཀ་དང་། སྤྲེར ་རྣམས་ལ། ཀླ་ཀློ་མོ་དང་མི་གཙང་ཕྱུག་མ་དང་དྲུང་ཁྲོ་ང་གནས་མ་དང་། ཚོན་རྫི་མ་རྣམས་སོ།། མཚམས་ཀྱི་མེ་མཚམས་ནས་རི་བོང་དང་གཟུགས་མོ་དང་།། ཨི་ཤུ་ཀཱ་པ་ཤུ་དང་། སྦལ་བ་རྣམས་ལ་ཀོ་སྒྱུ་མ་དང་། མཐུ་མ་དང ་མི་རྒོད་མ་དང་རི་ཁྲོང་མ་རྣམས་སོ།། པགས་པ་འདི་རྣམས་མེད་ན། ཤར་དང་མེར་ཁྱིའི་པགས་པའོ།། ལྷོ་དང་བདེན་བྲལ་དུ་རྟའི་ལྤགས་པའོ།། ནུབ་དང་རླུང་དུ་གླང་པོ་ཆེའི་པགས་པའོ།། བྱང་དང་དབང་ལྡན་དུ་བ་ལང་གི་སྤགས་པའོ།། དབུས་སུ་མིའི ་པགས་པའོ།། རྣལ་འབྱོར་མ་འདི་རྣམས་མ་ལུས་པ་གོས་དང་བྲལ་བ་སྐྲ་གྲོལ་བ་ཕྱག་རྒྱུ་ལྔ་དང་ལྡན་པ། དེ་རྣམས་ཀྱི་གཡས་རྣམས་སུ་དཔའ་བོ་ཡང་དེ་རྣམས་དང་མཉམ་པར་ཕྱག་རྒྱ་ལྔ་དང་ལྡན་པས། དེ་རྣམས་ལ་པགས་པའི་གདན་སྦྱིན ་བབར་བྱའོ།། དེ་ནས་བཏུང་བའི་སྣོད་ནི་ཤར་དང་མེར་ཉ་ཕྱིས་སོ།། ལྷོ་དང་ལྷོ་ནུབ་ཏུ་ནི་རི་ཀཽ་ལིའི་སྣོད་དོ།། ནུབ་དང་རླུང་དུ་ཁམ་ཕོར་རོ།། བྱང་དང་དབང་ལྡན་དུ་མིའི་ཐོད་པའོ།། དབུས་སུ་ཤིང་གི་ཕོར་པ་རྣམས་སོ།། དེ་ནས་དམ་ཚིག་གི་རྫས་རྣམས ་ནི་ལྷ་མོ་རྣམས་ཀྱི་རང་བཞིན་ཏེ། གདན་གྱི་སྲོག་ཆགས་སུམ་ཅུ་སོ་དྲུག་གི་སྟོབས་རྣམས་དང་། ཆུ་ལ་སྤྱོད་པའི་དམ་ཚིག་གོ།། ཡ་ཙ་ཏ་ཀ་དང་། ནེ་ཙེ་དང་། ཁུ་བྱུག་དང་། ས་རི་ཀ་དང་། ཏྱ་ཝང་དང་། ཕུག་རོན་དང་། སོ་བྱ་དང་། ་མཆིལ་པ་དང་། ངུར་པ་དང་། ངང་པ་དང་། བྱ་ལོང་དང་། ཁུ་བྱུག་དང་། མིག་དང་། ར་མ་ཛ་ཀ་དང་། བ་ག་བི་ཏ་དང་། པོ་ཏ་ཀི་དང་། སྲེག་པ་དང་། གཞང་དང་། ཆུ་བྱ་དང་། ཆུ་སྦྱར་དང་། ཁཱ་ཏ་དང་། བྱ་རྒོད་དང་། འུག་པ་དང་། ཧོར་པ ་དང་། རྨ་བྱ་དང་། ཁྱིམ་བྱ་དང་། ཁྭ་དང་། འོལ་པ་དང་། བྱན་ལག་དང་། ཤིང་གི་དགྲ་དང་། མིག་སྟོན་དང་། ཙ་ཀོ་ར་དང་། གོ་བོ་དང་། པགས་པའི་བྱ་ཆེན་པོ་དང་། ད་ཏུ་ཧ་དང་། པ་དོར་དང་། ས་ཧི་དང་། ཉ་ཟ་དང་། ཁྲུང་ཁྲུང་དང་། ཨ་པ་རི་ཀ་རྣམ ་ཀྱི་སྟོབས་ཏེ། འདི་རྣམས་ནི་མཁའ་ལ་སྤྱོད་པའི་དམ་ཚིག་གི་རྫས་སུམ་ཅུ་སོ་དྲུག་གོ།། དེ་ནས་ཡང་སོ་དང་སྐྲ་དང་པགས་པ་དང་ཤ་དང་ཆུ་བ་དང་། རུས་པ་དང་གྲོང་པ་དང་བག་དང་ཤིག་དང་། བ་སྤུ་དང་སྲིན་བུ་དང་གློ་བ་དང་རྒྱུ་མ་དང་མཚན་མ་དང ་བད་ཀིན་དང་མཁྲིས་པ་དང་། ཆུ་སེར་དང་། ཁྲག་དང་། རྡུལ་དང་ཚིལ་བུ་དང་། མཆི་མ་དང་། མཆིལ་མ་དང་། སྣབས་དང་། དྲི་ཆུ་དང་། ཞག་དང་། རྣག་རྣམས་ཏེ། ཁ་དོག་སྣ་ཚོགས་དང་དྲི་སྣ་ཚོགས་དང་། ཕྱི་ས་དང་། ལྕེ་དང་། མིག་དང་། རྣ་བ་དང་། སྣ་དང་། ་ཁུ་བ་དང་། རྡུལ་རྣམས་ཏེ་འདི་རྣམས་ནི་སེམས་ཅན་རྣམས་ཀྱི་ལུས་ཀྱི་དམ་ཚིག་གོ།། ཁུ་བ་དང་། དྲི་ཆུ་དང་། བཤུང་བ་དང་། རྐང་མར་དང་། ཤ་དང་མཆར་པ་དང་། མཁྲིས་པ་དང་། ཁྲག་དང་རྒྱུ་མ་དང་པགས་པ་རྣམས་དང་། ཆུ་དང་ཡོན་ཆབ་དང་བདུག་སྤོས ་དང་མེ་ཏོག་དང་འབྲས་བུ་དང་། འབྲུ་མ་ཉམས་པ་དང་མར་མེ་དང་། ལྷ་བཤོས་རྣམས་ནི་སྣོང་དུ་གཞག་སྟེ། ཕྱོགས་མཚམས་བརྒྱད་དུ་བཞག་གོ།། དེ་ནས་སློབ་དཔོན་གྱིས་བསྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་སོང་བས་སྟོང་པ་ཉིད་ཀྱི་རྗེས་སུ་བདག ་ཉིད་ཀྱི་ས་བོན་གྱི་འོད་ཟེར་ལས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པ་སྔོན་དུ་སོང་བས། ཐུགས་ལ་སོགས་པའི་དཀྱིལ་འཁོར་ལ་གཞུགས་པར་བྱའོ།། དེ་རྣམས་ཀྱང་ལྷའི་གཟུགས་སུ་བསྒོམས་ལ། དེ་ནས་སློབ་དཔོན་གྱིས་སྟོན ་དུ་སོང་བའི་དམ་ཚིག་གི་རྫས་དང་། སྟོབས་དང་མྱོས་བྱེད་དང་། ཟན་ལ་སོགས་པ་སྔོན་དུ་བཞག་ལ་གཏོར་མ་སྦྱང་བར་བྱའོ།། སྒྲ་ང་ལུགས་ནི། ཨོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦ་ད་བྱཱ་ནི་བི་ཤོ་དྷ་ཡ་ཧཱུཾ་ཕཊ་ཅེས་པས་བདུད་རྩི་ལྔ་མྱོས་བྱེད་ཀྱིས་བཞུ་བར་བྱ་སྟེ་བསང་ག ་བྱའོ།། དེ་ནས་སྲིན་ལག་གིས་བླངས་ནས། གྲུ་གསུམ་བྱས་པའི་དབུས་སུ་མཎྜ་ཟླུམ་པོ་བྱས་པ་དང་། དེ་ལས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ངོ་།། དེ་ནས་སྤྲིན་ལག་གིས་བླངས་ནས། སྔོན་དུ་སོང་བའི་སྔགས་ཀྱིས་ཡང་དག་པར་མཉེས་པར་བྱའོ།། དེ་ནས་སྡིག ་པ་བཤགས་པ་ལ་སོགས་ཏེ། འདོད་པའི་དོན་ལ་གསོལ་བ་གདབ་པ་བྱས་ནས་གཤེགསུ་གསོལ་བར་བྱའོ།། དེ་ནས་ཞིང་སྐྱོང་རྣམས་ལ་སྔོན་དུ་སོང་བའི་སྔགས་ཀྱིས་གཏོར་མ་སྦྱིན་ལ། དེ་ནས་ཨོཾ་ཧེ་རཾ་ཏི་པཎྜི་ཀཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དཱུ་ཏི་གྲ་ས~ཾ་པྲ་ཏཱིཙྪ་སྭཱ་ཧཱ། ་ཞེས་པས་འཕྲོག་མ་དང་། ཕོ་ཉ་དག་ལ་ཆང་ཟན་དང་ཕུང་ཡི་གེ་གསུམ་མངོན་པར་བཟླས་ཏེ། ས་ལ་བཞག་ནས་ཟ་བ་ཟོས་པ་དང་སྦྱིན་ནོ།། དེ་ནས་ཡོན་བདག་གིས་མཎྜལ་བྱས་ཏེ་ཅི་བདེ་བར་གསོལ་བར་ཞུ་ཞེ་སོ།། དེ་ནས་ལས་ཀྱི་རྡོ་རྗེ་བླ་མ་ལ་གུས་པས ་བག་ཡོད་པ་དང་དམ་ཚིག་གི་རྫས་དེ་རྣམས་གུས་པ་དང་བཅས་པས་དབུལ་བར་བྱའོ།། མྱོས་བྱེད་ཀྱི་སྣོད་པདྨའི་ཕྱག་གིས་དྲང་བར་བྱ་ཞིང་། ལེན་པས་ཀྱང་པདྨའི་ལག་བསྐོར་གྱིས་སོ།། སློབ་དཔོན་ལ་ཐམས་ཅད་ཉིས་འགྱུར་དུ་དྲང་བར་བྱའོ།། དེ་རྣམས ་ཀྱི་མྱོས་བྱེད་ཀྱི་ཕུང་དང་པོར་སློབ་དཔོན་ལ་ཕུལ་ཏེ་ཕྱག་བྱས་ལ་བཏུང་བ་བྱའོ།། གནང་བ་མ་བྱིན་བར་དུ་མྱོས་བྱེད་ས་ལ་མི་བཞག་ཅིང་། ས་ལ་བཞག་ན་གཅིག་ལ་གཅིག་པདྨའི་ལག་པས་བླང་བར་བྱའོ།། དེ་ལྟར་སྟོབས་དང་མྱོས་བྱེད་ལ་སོགས ་པ་དང་ལྡན་པ་དང་། བཏུང་བ་དང་བཟའ་བ་དང་བཅའ་བ་རྣམས་འདྲེན་པའི་དུས་སུ་དེ་དག་གི་བརྗོད་པ། ཆོས་རྣམས་རང་བཞིན་རྣམ་པར་དག། དེ་ལ་ཐེ་ཚོམ་མ་བྱེད་པར།། བྲམ་ཟེ་ཁྱི་དང་གདོལ་པ་རྣམས།། རང་བཞིན་གཅིག་ཏུ་བཟའ་བར་གྱིས།། བདེ ་གཤེགས་ཆོས་རྣམས་ཟག་པ་མེད།། ནམ་མཁའ་དང་མཚུངས་དྲི་མ་མེད།། གཟུང་དང་འཛིན་པ་རྣམས་དང་བྲལ།། འདི་ལ་འཁྲུལ་པ་མེད་པར་གྱིས།། ཞེས་སོ།། གཞན་ཡང་འཁོར་ལོའི་གཙོ་བོས་མ་གནང་བར།། ཚོགས་ཀྱི་འཁོར་ལོ་བྱ་བ་མིན།། ་ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས།། བྱ་བ་ཐམས་ཅད་དལ་གྱིས་བྱ། གཞན་དུ་ན་རྣམ་པར་གཡེང་པར་འགྱུར་རོ།། འགྲོ་བར་འདོད་ན་འཁོར་ལོའི་གཙོ་བོ་ལ་སོགས་པ་ལ་ཕྱག་བྱས་ནས་གནང་བ་ཞུ་བའོ།། འཇུག་པའི་དུས་སུ་ཕྱག་བྱས་ལའོ།། དེ་ལྟར་མཉ ་བར་བཞག་པས་ལོངས་སྤྱོད་དོ།། སྟོབས་དང་མྱོས་བྱེད་ལ་སོགས་པས་ཤེས་པ་བཏེག་ན།། བླ་མ་ལས་རྗེས་གནང་ཐོབ་པ་དང་ཡིད་དུ་འོང་བའི་རྡོ་རྗེའི་གླུ་ཅུང་ཟད་སློང་ལོ་བླང་བ་ནི།། ལྷ་དེ་དང་དེའི་ཕྱག་རྒྱ་དང་གར་དང་བཅས་པས་སྔོ།། དེ་ནས ་སྟོབས་དང་མྱོས་བྱེད་ལ་སོགས་པས་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་ནས་དང་། སོ་སོའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམས་དང་། ཟུར་གྱི་མིག་གིས་སྡུག་པའི་ལྟ་བས་བལྟ་བར་བྱ་ཞིང་། མཐོ་ལ་མཁྲེགས་པའི་ནུ་མ་དང་པདྨ ་ལག་པའི་པདྨས་རེག་ཅིང་། མཆུ་བཞིཔ་ཅིང་འཁྱུད་པ་ལ་སོགས་པའི་ཀ་ར་ནའི་བྱེ་བྲག་བྱའོ།། འདིར་རྣལ་འབྱོར་མ་རྣམས་ཀྱིས་ཐ་སྙད་ཀྱི་ངོ་ཚ་དང་རིགས་དང་རིགས་མིན་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་ཏེ། སོ་སོའི་གནས་ན་གནས ་པའི་སྲིང་མོ་ལ་སོགས་པ་སྣ་དང་རྣ་བ་དང་། མཆུ་ལ་སོགས་པ་ཆང་པ་དང་གཟུགས་ངན་པ་ལ་སོགས་པ་རྣམས་དེ་རུ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱའོ།། རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ངོ་།། དེ་ཡང་ལང་ཚོམ་གང་ཞིག་ཨུཏྤ་ལའི ་སྤྱན་དང་ལྡན་པས་སློབ་དཔོན་དང་དཔའ་བོ་རྣམས་དང་བཅས་པའི་རྡོ་རྗེ་ལ་མཆོད་པ་བྱེད་ན། དེའི་བསོད་ནམས་ཀྱིས་གཞི་དང་གླང་པོ་ཆེ་དང་རྟ་དང་བུ་མོ་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་བས་ཀྱང་མཆོག་ཏུ་འགྱུར་རོ།། འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱག་དང་མཚན ་མོ་དང་རིགས་ཀྱི་དབྱེ་བ་ལ་སོགས་པ་གཞུང་ཆེས་ཀྱི་ངོགས་ནས་མ་བྲིས་སོ།། དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་ལ་ལོངས་སྤྱད་ལ་འདི་ལྟར་ཐམས་ཅད་བྱ་སྟེ། རྫོགས་པ་དང་། ཟོས་པ་དང་འཐུངས་པའི་ལྷག་མ་སློབ་དཔོན་གྱིས་སྡུད་དུ་བཅུག་ལ། མདུན་དུ་བཞག་ལ ་སླར་ཡང་མྱོས་བྱེད་ལ་སོགས་པ་བླུགས་ཏེ། སྔགས་གསུམ་གྱིས་མངོན་པར་བྱིན་གྱིས་བརླབས་པའི་ཆང་གིས་ཁ་ཕྲུ་བཏབ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨཱཙྪིཥྛ་བྷཀྵ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལྷག་མའི་གཏོར་མ་ལ་སྟེ། མར་མེ་དང་བཅས་པས་ཕྱི་རོལ་ཏུ་གཏོང་དུ་གཞུག། ་དེ་ནས་གོས་ཟུང་དང་ལག་གདུབ་དང་རྣ་རྒྱན་ལ་སོགས་པ་དང་དྲི་ཞིམ་པོ་དང་བཅས་པའི་སོ་རྩི་ལ་སོགས་པ་གཙོ་བོ་དང་དཔའ་བོ་དང་དཔའ་མོ་རྣམ་ལ་དབུལོ།། དེ་ནས་མཎྜལ་བྱས་ཏེ་བརྗོད་པ། བསོད་ནམས་འདི་ཡིས་སེམས་ཅན་གྲངས་མེད་ཁམས་གསུམ་ལ་གནས་རྣམས་ཀྱིས ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤོག། ཅེས་པས་ཡོན་གྱི་བདག་པོ་ལ་སྨོན་ལཱམ་གདབ་པར་བྱའོ།། དེ་ནས་ལྷག་མ་ལུས་པ་དོང་དུ་སྦ་བར་བྱའོ།། དེ་ཚོགས་ཀྱི་འཁོར་ལོ་ས་བདག་རྒྱལ་པོ་འམ་གཞན་གྱིས་བྱ་བའོ།། དེ་ལས་གཞན་པ་ནི་ཚོགས་པའི་བྱེ་བྲག་ཇི་ལྟར་རྙེད་པའི་ཐ ་མལ་པའི་བུད་མེད་དམ་སྐྱེས་པ་རྣམས་ལས། ལྔ་འམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གམ་རྩ་དགུ་འམ་ཡོངས་སུ་རྫོགས་པ་ལ་སྨན་གསན་ཕབ་སྟེ། ཇི་ལྟར་སྙེད་པའི་གདན་ལ་སོགས་པ་ལ། དེ་ལྟར་ཐམས་ཅད་བྱའོ།། དེ་ནས་དཔའ་བོའི་སྟོན་མོ་རྡུལ་ཆེན་གྱི ་དཀྱིལ་འཁོར་མེད་ན། དབུས་སུ་བ་ལང་གི་ལྕི་བས་གྲུ་བཞི་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་སོགས་པ་སློབ་དཔོན་གྱིས་སྔ་མ་ལྟར་བྱས་ལ། དེ་ཡང་ཚོགས་ཀྱི་གཙོ་བོ་ཤར་དུ་ཁ་ཕྱོགས་པའོ།། དེའི་གཡོན་དུ་ཕྱག་རྒྱ་གཅིག་ཡོན་བདག ་གི་དབུལ་བར་བྱའོ།། གཞན་དུ་ཕྱག་རྒྱ་དང་བྲལ་བའི་བཏུང་བ་བཀག་པའི་ཕྱིར་རོ།། དེའི་གཡས་ཕྱོགས་སུ་སློབ་དཔོན་དགེ་སློང་རྣམས་ཀྱི་གྲལ་ཤེར་དུ་ཁ་ཕྱོགས་པས་སོ།། བདེན་བྲལ་དུ་སློབ་དཔོན་དགེ་ཚུལ་རྣམས་བྱང་དུ་ཁ་ཕྱོགས་པས་སོ།། དབང ་ལྡན་ནས་སློབ་དཔོན་ཁྱིམ་པ་རྣམས་ལྷོར་ཁ་ཕྱོགས་པས་སོ།། དེ་ལྟར་དགེ་སློང་མ་དང་དགེ་ཚུལ་མ་དང་དགེ་བསྙེན་མ་རྣམས་ཀྱིའོ།། ཚེགས་ཀྱི་གཙོ་མོའི་གཡོན་དུ་དཔའ་བོ་གཅིག་ཡོན་བདག་གིས་དབུལ་བར་བྱའོ།། གཞན་དུ་ཐབས་དང་བྲལ་བའི ་སྟོབས་ཀྱི་བཟའ་བ་བཀག་པའི་ཕྱིར་རོ།། ལྷག་མ་སྔ་མ་དང་མཚུང་སོ།། འདི་ནི་དཔའ་བོའི་སྟོན་མོ་དང་བཅས་པའི་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པའོ།། ཚོགས་ཀྱི་འཁོར་ལོའི་མཆོད་པ། སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ་རྫོག་སོ།། ཏྟི་ཏ་ལ་གཱི་ཤྭ་ཛཚས་ས་ཀྱིས་བསྒྱུ་། ་