| Wylie | e-texts produced with BDRC’s OCR application |
ཡང་གི་བྱ་བ་མདོར་བསྡུས་པ་ཨ་བ་དྷཱུ་ཏཱི་ཞབས་ཀྱིས་མཛད་པ་བཞུགས།། རྒྱ་གར་སྐད་དུ། སཾ་ཀཱིཔྟ་ཥེ་ཀ་པྲ་ཀྲྀ་ཡ། བོད་སྐད་དུ། དབང་གི་བྱ་བ་མདོར་བསྡུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཐུབ་པའི་སྐུ་ནི་བདེ ་ཆེན་པོ།། ཐོག་མ་མེད་པར་རྟག་ཤར་བའི།། ལྷན་ཅིག་སྐྱེས་དགའ་ཕྱག་འཚལ་ཏེ།། དབང་གི་ཆོ་ག་གསལ་བར་བཤད།། དེ་ལ་གཽ་རིམས་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་གནང་བ་ཐོབ་པའི་ཏིང་ངེ་འཛིན་གསུམ་ལ་མཁས་ཤིང་། ་བཟླས་པ་རིག་པའི་རྣལ་འབྱོར་པས།། རང་གི་སློབ་མ་ལེགས་པར་བརྟགས་པ་རྗེསུ་བཟུང་བར་འདོད་པས།། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་ཉེ་བར་འཚེ་བ་རྣམས་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་ཆོ་ག་ཇི ་ལྟ་བ་བཞིན་དུ་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཐང་ཀའི་དཀྱིལ་འཁོར་ལ་སོགས་པ་ལ་ལྔ་ཡིས་མཆོད་དེ། དགོངས་ཀའི་དུས་སུ་བུམ་པ་ལྷུག་པར་གནས་པར་བྱའོ།། བཅུ་དགུ་འམ། དགུ་འམ། ལྔ་འམ། གཅིག་ལ་རྡོ་རྗེ ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་པདྨ་དང་། ལས་ཀྱི་རིགས་རྣམས་དང་། གཏི་མུག་དང་། ཞེ་སྡང་དང་འདོད་ཆགས་དང་། རྡོ་རྗེ་དགའ་མ་རྣམས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས ་ཀྱི་རྡོ་རྗེ་རྣམས་དང་། གཤིན་རྗེ་གཤེད་དང་ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱིས་གོ་རིམས་ཇི་ལྟར་ཐོབ་པའི་མཚན་མ་བྲི་བར་བྱའོ།། སྣ་ཚོགས་རྡོ་རྗེ་སྔོན་པོ་རྩེ་ལྔ་གདེངས་པ་དང་། ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་། ནོར་བུ་མ་ར་ཀ་ཏ་ཆ་དགུ་པ་དང་། པདྨ་དམར་པོ་དང་། རལ་གྲི་སྔོན་པོ་དང་། མིག་འབྲས་སྔོན་པོའི་སྤྱན་དཀར་པོ་ཟུང་དང་རྡོ་རྗེ་ནག་པོ་རྩེ་ལྔ་པ་དང་། ཡལ་ག་དང་བཅས་པའི་པདྨ་དང་། ་ཨུཏྤལ་སྔོན་པོ་དང་། མེ་ལོང་དཀར་པོ་དང་། དྲི་ཟའི་པི་བང་སྔོན་པོ་དང་། དུང་སེར་པོ་དང་། རོའི་ལྷུང་བཟེད་ངམར་པོ་དང་། གོས་སྣ་ཚོགས་པ་དང་། ཆོས་འབྱུང་དཀར་པོ་དང་། རྡོ་རྗེ་ཐོ་བ་ནག་པོ་དང་། དབྱུག་པ་དཀར་པོ་དང་། པདྨ་དམཱར ་པོ་དང་། རྡོ་རྗེ་སྔོན་པོ་གདེངས་པའོ།། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། ལྷ་མོ་བཅུ་ནི་སྣ་ཚོགས་པདྨ་དང་ཟླ་བ་ལའོ།། ལྷག་མ་རྣམས་ནི་སྣ་ཚོགས་པདྨ་དང་། ཉི་མའི་གདུན་ལ་གནས་པའོ།། ལས་ཐད་པ་ལ་ནི་རྡོ་རྗེ ་སེམས་དཔའ་འམ། བདུད་རྩི་འཁྱིལ་པ་བྲི་བར་བྱའོ།། དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་མཆུ་ཡོ་བི་མེད་པ་རྩ་བ་ནག་པོ་མེད་པ། གསུས་པ་ཆེ་ག་མགྲིན་པ་རིང་བ། མཚན་མཱ་ལེགས་པར་བྲིས་པ། གོས་གཙང་མས་མགྲིན ་པ་དཀྲིས་པ། བུ་ཏ་ཏ་བ་བ་ལ་སོགས་པས་ཁ་བརྒྱན་པ། གསེར་དང་། དངུལ་དང་། ར་ཙཱ་བ་ར་ཏི་དང་། མུ་ཏིག་དང་། བྷུ་རྱ་དང་། ནས་དང་། གྲོ་དང་། སོ་བ་དང་། ཏིལ་དང་། མ་ཤ་དང་། པྲི་ཧ་ཏི་དང་། ཀཱཎྛ་ཀ་རི་དང་། སྭེ་ཏ་ཨ་པ་ར་ཧཱི་ཏཱ་ད ་ངཎ་ཌོ་ཏ་པ་ལ་དང་། ཧ་ས་དེ་བ་དང་། རིན་ཆེན་ལྔ་དང་། འབྲུ་ལྔ་དང་། སྨན་ལྔ་བུམ་པའི་ནང་དུ་བླུགས་ལ། དྲིའི་ཆུས་ཡོངསུ་བཀང་སྟེ། དེ་ལ་དཀྱིལ་འཁོར་བསམ་ཏེ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡེ་ཤེས། ་ཀྱི་བདུད་རྩི་ཞུ་བའི་གཟུགསུ་གཞུག་གོ།། དེའི་རྗེས་ལ་མེ་ཏོག་གི་ཕྲེང་བྱས་ཉེ་བར་མཛེས་པའི་རྡོ་རྗེ་སྟེང་དུ་ཡང་དག་པར་གཞག་སྟེ། རང་རིག་ལྷག་པའི་ལྷའི་སྔགས་བརྒྱ་རྩ་བརྒྱད་དུམ། བདུད་རྩི་འཁྱིལ་པའི་སྔགས ་ཀྱིས་མངོན་པར་བསྟག་གོ།། བུམ་པ་གཞན་རྣམས་ནི་ཇི་ལྟ་བའི་རྣལ་འབྱོར་དང་། དཀྱིལ་འཁོར་པའི་སྔགས་ཀྱི་སོ།། མེ་ཏོག་དང་སྤོས་ལ་སོགས་པས་ཡང་དག་པར་མཆོད་པ་དང་། གཏོར་མ་ཕུལ་ཏེ། མི་བསྐྱོད་པ་ནི་རྡོ་རྗེ་ཚེ།། ཞེས་བྱ་བ་ལ ་སོགས་པས་བསྟོད།། དྲི་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ།། བུམ་པ་ལྷག་པར་གནས་པའི་ཆོ་གའོ།། དེའི་རྗེས་ལ་རྡོ་རྗེ་སློབ་མས་མཎྜལ་བྱས་ལ། མེ་ཏོག་གི་ཕྲེང་བ་འཛིན་པས་པུས་མོའི་ལྷ་ང་ས་ལ་གཞོག་སྟེ། སྔགས་ཀྱི་ཐེག་པའི ་སྐལྟ་བ་དང་ལྡན་པ་ལྔ། སྔགས་ཀྱི་དངོས་གྲུབ་གཉེར་བུ་གླང་། དཀྱིལ་འཁོར་འདིར་ནི་གཞུག་པར་བྱ།། བསོད་ནམས་འདོད་པས་འདི་ལས་གཞན།། གཞན་དུ་འཇིག་རྟེན་ཕ་རོལ་གཉེར།། འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། སླར་ཡང་དད་པ་ལྡན ་པ་ཡིས།། བློ་ལྡན་དཀྱིལ་འཁོར་འཇུག་པར་བྱ།། འདི་ཡི་འབྲས་བུ་མི་རྙེད་དེ།། འཇིག་རྟེན་ཕ་རོལ་ཏུ་འགྲུབ་མི་འགྱུར།། དེ་བཞིན་ཕ་རོལ་དོན་དུ་ནི།། འཇིག་རྟེན་ཕ་རོལ་དོན་གཉེར་ན།། འབང་མེད་པར་ནི་འབྲས་བུ་འགྲུབ།། དེའི་རྗེསུ་དད་པའི ་སློབ་མ་བློས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེ་ནས་ཕྱུང་ནས་རང་གི་གསང་བའི་རིག་མའི་པདྨའི་ནང་དུ་གནས་པ་ལ་དེ་བཞིན་གཤེགས་ཞུ་བས་དབང་བསྐུར་བར་བལྟས་ཏེ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཉེ་བར་གནས་པར་གཞག་པར་བྱའོ།། ་དགའ་ཆེན་ཁྱོད་བདག་སྟོན་པ་ནི།། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར།། མགོན་པོ་ཆེན་པོ་བདག་འཚལ་ལོ།། བྱང་ཆུབ་ཆེན་པོའི་ཚུལ་བརྟན་པའི།། དམ་ཚིག་དེ་ཉིད་བདག་ལ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ།། སངས་རྒྱས་ཆོས ་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ཀྱང་བདག་ལ་གསོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོས་བདག་ནི་གཞུག་ཏུ་གསོལ།། ཞེས་པ་ནི་སློབ་མའི་གཙོ་བོ་གཅིག་གིས་བྱའོ།། བུ་ཚུར་ཐེག་པ་ཆེན་པོ་ལ་གསང་སྔགས་སྤྱོད་པའི ་ཆོ་གའི་ཚུལ།། ཁྱེད་ལོ་ཡང་དགྲ་བསྟན་པར་བྱ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས།། རྡོ་རྗེ་དབང་བསྐུར་མཐུ་སྟོབས་ཀྱིས།། ཡེ་ཤེས་མཉམ་པ་ཉིད་ཐོབ་པ།། ་གསང་སྔགས་སྦྱོར་བ་མཉམ་མྱེད་པསྱ།། ཤཱཀྱ་སྟེང་གི་མཆོག་སྔོགས་ཀྱིས།། དྲག་པོ་ཆེན་པོ་བདུད་ཀྱི་སྡེ།། སྟོབས་ཆེན་དག་ཀྱང་དེས་བཅོམ་ནས།། འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང་།། འཁོར་ལོ་བསྐོར་ནས་མྱ་ངན ་འདས།། དེ་བསོ་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡི་བློ་གྲོས་འདི་གྱིས་ཤྲྀག། ཅེས་བརྗོད་ལ། དཀོན་མཆོགེ་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས ་བྱང་ཆུབ་ཡིད་ཀྱིས་གཟུང་།། ཞེས་པས་གསུམ་ལ་སྐྱབསུ་འགྲོ་བའི་ཚིག་སུ་བཅད་པ་སློབ་མས་བཀླག་པར་བྱའོ།། ཨོཾ་ཨ་བིགྷ་ནཱནྟི་ཀྲྀ་ཏ་ཧཱུཾ། ཞེས་པས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་ངོ་།། དེ་དག་གི་སྙིང་ག་དང་། ་མགྲིན་པ་དང་སྤྱི་བོ་ལ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་ལྟེ་བ་རྣམས་ལ། ཨཱཿཧཱུཾ་ཨོཾ་བྱཱ་སམ་པར་བྱའོ།། དེ་ལ་ལྷག་པ་གཡས་པའི་ཁུ་ཚུར་གྱིས་འཛིན་པ་ལགས་ཏེ། སློབ་དཔོན་གྱིས་སློབ ་མ་རྣམས་ཀྱི་སྙིང་ག་དང་། མགྲིན་པོ་དང་མགོན་པོ་ལ་རེག་སྟེ། ཧཱུཾ་ཨཱཿོཾ་ཞེས་བརྗོད་པ་སྟེ། མེ་ཏོག་ནི་མགོ་བོ་ལའོ།། བདུག་སྤོས་ནི་མདུན་དུའོ།། དེ་བཞིན་དུ་དྲི་དང་མྲར་མེ་ནི་སྙིང་གར་སྦྱིན་ནོ།། དེའི་རྗེ་སུ་བདུད་རྩི་འཁྱིལ་པའི་སྔ་ཊ ་མངོན་པར་བཟླས་པའི་མ་གས་པ་དང་། འབུས་མ་ཟོས་པའི་ཨཻ་ཤྲེང་ཐའི་ཤིང་ལ་སོགས་པ་སོར་བཅུ་གཉིས་པའི་ཆང་ལ། རྩེ་མོ་རུ་མེ་ཏོག་གི་ཕྲེང་བས་བཅིངས་པའི་སོ་ཤིང་སློབ་མ་དག་ལ་སྦྱིན་པར་བྱའོ།། དེ་དག་གི ་ཀྱང་རྩེ་མོའི་ཆ་ཁ་ཤར་རམྦ་བྱང་དུ་བལྟས་པས་བཅའ་བར་བྱའོ།། བ་ལང་གི་པགས་པ་ཙམ་བྱུགས་པའི་ས་ལ་དོར་བར་བྱའོ།། དེ་ལ་ཞི་བ་ལ་སོགས་པའི་ལས་བསྟན་ཏེ། གང་ལ་མངོན་པར་ཕྱོགས་ལྷུང་པོ།། དེ་ཡི་དངོས ་གྲུབ་མཆོག་ཏུ་ཤེས།། དེ་ཡི་ཤར་ཕྱོགས་རྩེ་མོ་ནི།། དངོས་གྲུབ་འབྲིང་དུ་རབ་ཏུ་གྲགས།། བྱུང་དུ་ལྕེས་དང་དེ་བཞིན་ལོགས།། འཇིག་རྟེན་པ་ཡི་དངོས་གྲུབ་བཞེད།། གལ་ཏེ་ལྷོ་རུ་མངོན་ཕྱོགས་པས།། ཤིན་ཏུ་དྲག་པ་དེ་ནས ་འགྱུར།། ནུབ་ཏུ་མངོན་པར་ཁ་བལྟས་པ།། ཕྲ་མོའི་དངོས་གྲུབ་དེ་ལ་ཡོད།། དེ་བཞིན་དུ་ནི་སོ་ཤིང་དོར།། གལ་ཏེ་འོག་ཏུ་ཁ་ལྟས་འགྱུར།། དེ་ཡི་ས་འོག་དངོས་གྲུབ་འགྱུར།། ངེས་པར་འདི་ལ་དཔྱད་པ་མེད།། ་དེའི་རྗེ་སུ་འཐོར་འཐུང་དྲིའི་ཆུ་ཁྱོར་པ་གསུམ་གྱི་བཏུང་བ། ཨོཾ་ཧྲིཿབི་ཤུདྡྷ་དྷརྨ་སརྦ་པཱ་པ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ་བི་ཀལྤ་ཨ་པ་ནཱ་ཡ་ཧཱུཾ། ཞེས་པ་འདིའི་སྔགས་ཀྱིས་ཁ་བཀྲུ་བར་བྱའོ།། དེ་ལྟར་ཉེ་བར་གཏད་དེ་ཀུ་ཤ་ལ་བདུད་རྩི་འཁྱིལ ་པའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། དེ་དག་སྟན་དང་སྡུ་སུ་སྦྱིན་པར་བྱའོ།། དེའི་མངོན་པར་བསྔགས་པའི་སྐུད་པ་སུམ་སྒྲོལ་མེ་དུད་པ་གསུམ་བྱས་ལ་སྲུང་བའི་དོན་དུ་དཔུང་པ་གཡས་པར་བཅིང་བར་བྱའོ།། ཆོས་སྟོན་པ ་བརྗོད་དེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག། ཨུ་དུམ་པ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེག་འགའ་ཞིག། འབྱུང་འགྱུར་ཡང་ནཱ་མི་འབྱུང་སྲིད་ཀྱི་གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་དཀོན་པ་སྟེ།། གང ་གིས་མཉམ་མྱེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། བསྐལ་པོ་བྱེ་བ་དུ་མ་རུ། སྔོན་དུ་སྡིག་པ་བྱས་པ་གང་།། དཀྱིལ་འཁོར་འདྲི་ནི་མཐོང་མི་ཐག། དེ་མ་ཐེག་ཟད་འགྱུར་བ་ཡིན།། གང་གིས་སྤྱོད་པ་མཆོག ་འདི་ལ།། བློ་གྲོས་ཤིན་ཏུ་དྲི་མེད་ལ།། སྡུག་བསྔལ་ཐམས་ཅུང་འབྱུང་བ་ཡི།། དྲན་འགྲོ་དེ་ཡི་གཅོད་པར་འགྱུར།། བདག་ཉིད་ཆེན་པོ་ཁྱོད་རྣམས་ཀྱིས།། རྙེད་པ་བླ་མེད་དེ་རིང་རྙེད།། གང་གིས་ཁྱོད་རྣམས་རྒྱལ་བ་ཀུནོ།། སྲས ་བཅས་འདི་ཡི་བསྟན་པ་ལ།། ཐམས་ཅད་ཀྱིས་ནི་ཡོངས་འཛིན་པའོ།། བདག་ཉིད་ཐམས་ཅད་འགྲོ་བར་འགྱུར།། དེ་ཕྱིར་ཁྱེད་རྣམས་ཐིག་ཆེན་དུ།། ལེགས་པ་ཉིད་དུ་འགྲོ་བར་འགྱུར།། ཐེག་པ་ཆེན་པོ་ཆེར་འབྱུང་བའི།། ལམ ་མཆོག་འདི་ནི་དཔལ་དང་ལྡན།། ཁྱེད་རྣམས་དེར་ནི་དོང་བྱས་ན།། འཇིག་རྟེན་ཐམས་ཅད་མཁྱེན་པཱ་ཡི།། དེ་བཞིན་གཤེགས་པ་ཉིད་དུ་འགྱུར།། ཞེས་པའི་ཆོས་སྟོན་པ་རྣམས་མཉན་པར་བྱའོ།། དེ་ལྟར་བདུད་རྩི ་འཁྱིལ་པའི་སྔགས་ཀྱི་ཡང་དག་པར་བསྲུངས་ཏེ། སྡོམ་པའི་ཁྱད་པར་ཡོངསུ་བཟུང་བར་བྱའོ།། འཁོར་ལོ་མི་ལྡོག་པ་ཡི་དབང་།། མགྲོན་པོ་དེ་དག་བདག་ལ་གསོལ།། འཁོར་ལོ་ལྷ་ཡི་དེ་ཉིད་དང་།། སློབ་དཔོན་གྱིས་ནརྀ་ལས ་དང་ཡང་།། སངས་རྒྱས་ཀུན་གྱི་དམ་ཚིག་རྣམས།། གསང་བ་ཡི་ནི་སྡོམ་པ་མཆོག། སློབ་དཔོན་ཆེན་པོ་རྟག་ཏུ་ནི།། སེམས་ཅན་ཀུན་གྱི་དོན་བྱའོ།། དེ་ནས་སློབ་མ་ཀུ་ཤ་བཀྲམ་པ་ལ་ཉལ་བར་བྱའོ།། གང་ཅུང་ཟད་རྨི་ལམ ་དུ་མཐོང་བ་ནང་པར་དྲ་ལ་སྒྲོགས་ཤིག་ཅེས་བརྗོད་དོ།། སློབ་མ་ལྷག་པར་གནས་པའི་ཆོ་གའོ།། སླར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ།། སློབ་དཔོན་གྱིས་བསྲུང་བའི་དོན་དུ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཟླ ་བར་བྱའོ།། གཏོར་མུ་སྦྱིན་ནོ།། ཐོ་རངས་ཀྱི་སློབ་མ་རྣམས་བཀུག་སྟེ། དགེ་བ་དང་མི་དགེ་བའི་རྨི་ལམ་བལྟའོ།། གལ་ཏེ་སློབ་མེས་མི་དགེ་བའི་རྨི་ལམ་མཐོང་ན།། བདུད་རྩི་འཁྱིལ་པའི་སྔོགས་ཀྱིས་ཡང་དག་པར ་བསྲུང་བར་བྱའོ།། དེའི་རྗེསུ་བྲིས་པའི་དཀྱིལ་འཁོར་རྒྱ་ཆེན་པོ་འདི་མཆོད་པར་བྱས་ལ་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས། རང་གི་སློབ་མའི་ཆོ་ག་བཞིན་དུ་རང་འཇུག་གོ།། འཇུག་པ་ནི་ཆད་པར་འགྱུར ་བའི་རྗེ་སུ་གནང་བ་དང་། དབང་ལ་ཐུག་པའི་བར་དུ་བཅོམ་ལྡན་འདས་བདག་པོ་ལ་བློས་ཐོབ་པར་གྱུར་པའོ།། དེ་ནས་སློབ་མ་རྣམས་གཞུག་པར་བྱ་བའི་ཕྱིར་བདེན་པ་བརྗོད་པར་བྱའོ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གས ་ལ་རློག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་ལས་དེ་བཞིན་ཡང་དག་བྱུང་།། དེ་བཞིན་དེ་ཉིད་ངེས་པར་འབྱུང་།། བདེ་བ་འདི་ཡིས་དཀྱིལ་འཁོར་ནི།། གཟུགས་བརྙན་གསོལ་བར་སློབ་མ་རྣམས།། དྲི་མེད་ཐམས་ཅད་ཐོབ་པར ་ཤོག། ཅེས་པ་ལ་སོགས་པ་བརྗོད་པས།། ཡོལ་བའི་ཕྱི་རོལ་ཏུ་སློབ་མས་ཡོན་ཕུལ་ཏེ། སློབ་མ་དབང་བསྐུར་བའི་སྐལ་བ་དང་ལྡན་པ་རྣམ་པར་སྣང་མཛད་ཀྱི་གཟུགསུ་དམིགས་པ་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་བརྗོད་ཅིང་མེ ་ཏོག་གི་ཕྲེང་བ་དང་། གདོང་གཡོགས་ཅིངས་ཏེ་བུམ་པོའི་ཆུ་ཡི་བསངས་ཏེ། དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དྲི་བར་བྱའོ།། བུ་ཁྱོད་ཅི་ལ་དགའ་ཞེས་པའོ།། དེས་ཀྱང་བརྗོད་པར་བྱ་བ་ནི། བདེ་ཆེན་སྐལ་བཟུང་བདག་ལ་གསོལ་ཞེས་པའོ།། ་སློབ་མའི་སྙིང་གར་རྡོ་རྗེ་ཡང་དག་པར་བཞག་ལ། ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་ད་ཡ་མ~ཾ། ཨོཾ་སུ~ཾ་ར་ཏྭེ་ས་མ་ཡ་སྟྭཾ། བོ་དྷི་ཙིཏྟ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། དེང་ཁྱོད་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མོ་ཡི་མོ།། ཨོཾ་ཨཱ་ཛ་ཧཱུཾ། ་ཞེས་པ་འདི་ཡིས་བཀུག་སྟེ། ཡོལ་བའི་ནང་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཡང་དག་པར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགསུ་ཞུགས་ཀྱིས། ཡེ ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་བུའི་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས ་ཀྱི་མདུན་དུ་སྨྲ་བར་མི་བྱའོ།། ཁྱོད་དམ་ཚིག་ཉམས་པར་གྱུར་ཏཱ་རེ། སླར་མགོ་བོར་རྡོ་རྗེ་ཡང་དག་པར་བཞིག་སྤྱི་འདི་སྐད་བརྗོད་པར་བྱའོ།། དགའ་བར་ཁྱོད་ཀྱིས་འདི་སྨྲས་ན།། དམ་ཚིག་རྡོ་རྗེ་འདི་ཡིས་ནི།། མགྲོན་པོ་རྣམ་པར ་འགེམས་འགྱུར་ཞིང་།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། འདིས་ནི་མནའ་བསྒྲག་པར་བྱ་སྟེ། བདུད་རྩི་ལྔ་པདྨའི་སྣོད་དུ་ཡང་དྲག་པར་བཞག་སྟེ། ཡི་གེ་གསུམ་གྱིས་ཡང་དག་པར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཨ་མྲྀ ་ཏོངཀ་དྲ་ཐཱ་ལན་ཀམྦྷ་གྱིས་བར་དུ་འདི་བཟླས་པ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་མུ། དམ་ཚིག་ཉམས་ན་བསྲེག་པར་བྱེད།། དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ།། འཐུངས་ཤིག་རྡོ་རྗེ་བདུ་རྩིའི་ཆུ།། ཞེས་བཀླགས་པ་ནི་དམ་ཚིག། ་དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། དེང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་ཅི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་ལ།། ང་ལ་བརྙས་པར་ཡང་མ་བྱེད་ཅིག། བྱས་ན་ཡང་བ་མ་སྤངས་པར་འཆི་བའི་དུས ་བྱས་ནས་དམྱལ་བར་འགྱུར་ཏ་རེ་ཞེས་བྱ་བ་ནི་དམ་ཚིག་གི་ཆུ་སྦྱིན་པའོ།། དེ་ནས་སློབ་མས་འདི་སྐད་བརྗོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས། བདག་ལ་བྱང་ཆུབ་ཀྱི་སེམས ་ཕོབ་ཅིག་ཅེས་བྱའོ།། དེ་ནས་སློབ་མའི་སྙིང་གར་ལཾ་སེར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པས་མཚན་པ། སའི་དཀྱིལ་འཁོར་གྲུ་བཞི་པ་ལ་གནས་པའི་ཡི་གེ་ཧཱུཾ་ངོ་།། སྤྱི་བོར་བ~ཾ་ལས་བྱུང་བའི་བུམ་པས་མཚན་པོའི་ཆུའི་དཀྱིལ་འཁོ ་ཟླུམ་པོ་ལ་གནས་པའི་ཡི་གེ་ཧའོ།། མགྲིན་པར་ཡམ་ལས་སྐྱེས་པའི་གཡོ་བའི་བཱ་དན་གྱིས་མཚན་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལ་གནས་པའི་ཡི་གེ་ཨའོ།། རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་འབར་བ་རཾ་གྱི ་ཡི་གེ་ལས་སྐྱེས་པའི་ཁ་དོག་དམར་པོ་རྡོ་རྗེས་མཚན་པ།། འོད་ཟེར་འཕྲོ་བ་མེའི་དཀྱིལ་འཁོར་གྲུ་གསུམ་པ་ལ་གནས་པའི་ཛྷཻཾ་གྷི་ཡི་གེ་འོད་ཟེར་དང་བཅས་པ་བསམས་ལ། བསྙེམས་ཚུལ་དང་བཅས་པའི་དྲིལ་བུ་དཀྲོལ ་བར་བྱའོ།། ཨཱ་བེ་ཤ་ཡ་སྟཾ་བྷཱ་ཡ་ར་ར་ཙེ་ལ་ཡ་ཧཱུཾ་ས་ཨ་དྷྲྀ་ཞེས་བརྗོད་དོ།། ལྕེ་ལ་ཡི་གེ་ཨ་དམར་པོ་བསྒོམས། འོད་དཔག་མེད་ཀྱི་གཟུགསུ་བསྒོམ་པར་བྱའོ།། ཕེབས་པར་གྱུར་ན་སྨྲོས་ཤིག་བུ་ཡི་དགེ་མི་དགེ་ཞེས་བརྗོད ་པར་བྱའོ།། ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱ་སྟེ། མིག་དག་ལ་ཅི་སྣང་ཞེས་དྲི་བར་བྱའོ།། དེ་ནས་དེའི་དམར་པོ་དང་། དཀར་པོ་དང་། སེར་པོ་དང་། ནག་པོ་སྣང་ཞེས་པའོ།། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད ་རྣམས་གྲུབ་པའི་སྣོད་དུ་འགྱུར་རོ་ཞེས་བརྗོད་དོ།། བདྲེན་པའི་བྱིན་གྱིས་བརླབ་པར་བྱའོ།། ཡང་དག་པར་དཀྱིལ་འཁོར་ཞེས་བྱ་འདིར།། བདག་གི་སློབ་མ་གཞུག་པར་བྱ།། ལྷ་རྣམས་ཀྱི་ནི་རིགས་དྲི་བཞིན། ་ཇི་ལྟར་བསོད་ནམས་དེ་བཞིན་ཤོག། འདི་ཡི་དངོས་གྲུབ་འགྲུབ་པ་དང་།། རིགས་ནི་གྲོང་གིས་གྲུབ་པ་དང་།། གང་འདིར་བསོད་ནམས་རྗེས་འབྱུང་བ།། དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག། དེ་ནས་མེ་ཏོག་གི་འཕྲེང་བ་དཀྱིལ་འཁོར ་དུ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་པ་འདིས་དེར་རོ།། དེ་ནས་མེ་ཏོག་ལྟུང་བས་དམན་པ་དང་། འབྲིང་དང་མཆོག་གི་དངོས་གྲུབ་མཚོན་པར་བྱའོ།། དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུ་འམ། མཛོད་སྤུ་འམ། གཙུག་གཏོར་ལ་ལྷུང་ན་ཕྱག ་རྒྱ་ཆེན་པོའི་དངོས་གྲུབ་སྟེར་རོ།། མཆོག་གི་ཡན་ལག་ལས་ནི་མཆོག་གོ།། འབྲིང་གི་ཡན་ལག་ལས་ནི་འབྲིང་ངོ་།། ཐ་མའི་ཡན་ལག་ལས་ནི་མཐའོ།། གཟུགས་བརྙན་དང་རིང་པ་ལས་ནི་ཤིན་ཏུ་ཡུན་རིང་བ་ནའོ།། ཉེ་པོ་ལས་ནི་མྱུར ་བའི་དངོས་གྲུབ་བོ།། ལྷ་རྣམས་ཀྱི་རང་གི་གནས་རེ་མིག་ལ་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ།། གལ་ཏེ་ལྷ་གཉིས་པོའི་བར་དག་ཏུ་ལྷུང་ན་དེ་ཡང་གང་གི་ཉེ་བ་དེའི་རིགསུ་འགྱུར་རོ།། དཀྱིལ་འཁོར་གྱི་ཕ་རོལ ་ཏུ་ལྷུང་ན་དམན་པའི་དངོས་གྲུབ་བོ།། གལ་ཏེ་རེག་ལ་ལྷུང་ན་སླར་འཕང་ངོ་།། ལན་གསུམ་གྱི་བར་དུ་དེ་ཉིད་ལ་མ་ལྷུང་ན་དངོས་གྲུབ་མེད་དོ།། རྡོ་རྗེ་ར་བོའི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེདོ།། སྙིང་པོ་ལ་ལྷུང་བ་ཤིན་ཏུ་དཀའོ་ཞེས ་ནི་མེ་ཏོག་དོར་བརླ་བའི་ཆོ་གའོ།། དྭེ་ནས་ཕྲེང་བ་གཟུང་བ་མགོ་ལ་བཅིང་བ་ནི།། སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི།། འདི་ནི་རབ་ཏུ་བཟུང་བར་བགྱི་ཤེས་བརྗོད་དོ།། མིག་གཉིས་དག་ལ་ཡང་ཡི་གེ་ཨོཾ་བལྟས་ཏེ། ཨོཾ་རྡོ་རྗེ་སརྦྦ། ་དཔའ་དེང་ཁྱོད་ཀྱི། མིག་འབྱེད་པར་ནི་བརྩོན་པར་མཛད།། ཕྱེ་བས་ཐམས་ཅད་མཐོང་བར་འགྱུར།། རྡོ་རྗེའི་མིག་ནི་བླ་ན་མེད་ཅེས་བརྗོད་ལ་མིག་རས་གསལ་བར་བྱའོ།། དེ་ནས་དཀྱིལ་འཁོར་ཉེ་བར་བསྟན་པར་བྱའོ།། དབུས་ཀྱི་རྣམ ་ཤེས་ཕུང་པོ་ནི་མི་བསྐྱོད་པའོ།། ཤར་ལ་སོགས་པའི་ཕྱོགས་སུ་ནི་གཟུགས་ནི་རྣམ་པར་སྣང་མཛད་དོ།། ཚོར་བ་ནཱི་རིན་ཆེན་འབྱུང་ལྡན་ནོ།། འདུ་ཤེས་ནི་འོད་དཔག་ཏུ་མེད་པའོ།། འདུ་བྱེད་ནི་དོན་ཡོད་གྲུབ་པའོ།། མ་ལ་སོགས ་པའི་མཚམས་རྣམས་ས་ནི་སྤྱན་མའོ།། མུའི་ཁམས་ནཽ་ནྟུ་མྦྷ་ཀཱིའོ།། མོ་ནཱཾ་གོས་དཀར་མའི།། རླུང་ནི་སྒྲོལ་མའོ།། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་མེ་མེ་སོགས་པའི་མཚམ་སུ་ཤར་གྱི་ངོས་གཉིས་གཟུགས་རྡོ་རྗེ་དང་། སྣ་རྡོ་རྗེ ་རྡོ་རྗེ་རོ་རྡོ་རྗེ། རེག་རྡོ་རྗེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་རྣམས་སོ།། གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཤྭར་ལ་སོགས་པའི་སྒོ་རྣམསུ་གནས་པའོ།། དཀྱིལ་འཁོལ་དུ ་འཇུག་པའི་ཆོ་གའོ།། ཡིད་ཆེས་པའི་དབང་བརྗོད་པར་བྱའོ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས།། མཆོད་རྟེན་ཇི་ལྟར་སྩལ་བ་ལྟར།། བདག་ལ་དྲང་པོའི་དོན་གྱི་ཕྱིར།། ནམ་མཁའ་རྡོ་རྗེ་དང་བདག་སྩོལ།། ཞེས་གསོལ་བ་འདེབས་པ་དང ་ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགསུ་དམིགས་ལ། རིགས་པའི་སྐྱེས་བུ་དང་བཅས་པའི་ཆུ་རྣམ་པ་ཐམས་ཅད་ཀྱི་བུ་བླུགས་པར་བྱའོ།། ཧཱུཾ་ལས་རྡོ་རྗེ་བལྟས་ཏེ། རྡོ་རྗེ་སེམས་དཔའི་མཐུ་སྟོབས་ཀྱིས ་རྡོ་རྗེ་དང་བཅས་ཁུ་ཚུར་གྱིས་བུམ་པའི་ཆུ་བླུགསོ་ཏེ། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། ཁམས་གསུམ་པ་ཡི་ཕྱག་བྱས་ལོ།། གསང་བ་གསུམ་གྱི་གནས་ལསོ་བྱུང་།། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ།། ཨོཾ་བཛྲ་ཨོཾ་དྷིཉྩ ་སྟྭཾ་ཞེས་བརྗོད་པས། སློབ་མ་འཁོར་ལོ་སྒྱུར་བ་ལྟ་བུ་ལ་དབང་བསྐུར་བར་བྱའོ།། ཆུའི་དབང་གིས་ཆོ་ག་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། དེ་ནས་བསྟན་མ་ཐག་པའི་རིམ་པས་གསེར་རམ་གོས་ལ་སོགས་པ་ལས་བྱས་པའི ་ཅོ་པན་སློབ་མ་ལ་བྱིན་ཏེ། རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་སྟེ། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མཆོད།། མ་ཧཱ་མ་ཀུ་ཊ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་པས་ན་མཁའི་དཀྱིལ་འཁོར་དུ་སོན་པའི་དེ་བཞིན་གཤེགས་པ་ཐད ་རང་གི་རིག་ཅན་གྱི་ཅོད་པན་དུ་རྣམ་པར་བསམ་མོ་ཞེས་པ་ནི་ཅོད་པནྡ་གྱི་དབང་གི་ཆོ་གའོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་ནས་རྡོ་རྗེ་ལྔ་པ་ཆེན་པོ་སྙིང་གར་ལག་པ་བཞག། སློབ་མ་འཇིག་རྟེན་དབང་ཕྱུག་ཏུ་བྱས་པ་ལ ་རྡོ་རྗེ་སེམས་གྲགས་ཆུས་བཏབ་པར་བྱའོ།། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། འདི་དེ་སངས་རྒྱས་ཐམས་ཅད་དེ།། རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་ཟུང་།། ཞེས་བརྗོད་པས་རྡོ་རྗེ་སྙིང་ག་ལ་སོགས་པར ་རེག་པས། རྡོ་རྗེ་ལག་པ་གཡས་པར་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའོ།། དེ་ནས་དོན་ཡོད་གྲུབ་པའི་གཟུགསུ་དམིགས་ལ། ལག་པ་གཡོན་པར་དྲིལ་བུ་སྦྱིན་ཏེ། རྡོ་རྗེ་དང་དྲིལ་བུ་དང་། སློབ་མ་དག་ལྡན་པའི ་ལག་པ་དག་མངོན་པར་འཁྱུད་པའི་ཚུལ་གྱིས་ལག་པར་བྱིན་ལ། ཨོཾ་བཛྲ་ཨཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མཱ་ཡ་སྟྭཾ་ཞེས་བརྗོད་ཞེས་པ་ནི་དྲིལ་བུའི་དབང་གི་ཆོ་གའོ།། བྱ་བ་ནན་ཏན་གྱི་ཡེ་ཤེསོ།། དེ་ནས་རྣམ ་པབར་སྣང་མཛད་དུ་བལྟས་ལ་མིང་གི་དབང་བསྐུར་བར་བྱའོ།། མགོར་རྡོ་རྗེ་དང་དྲིལ་བུ་མཉམ་པ་རཱ་བཞག་སྟེ། ཨོཾ་བཛྲ་སཱཏྭ་སྟྭཾ་ཨ་བཻ་ཥཱིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཤེ་ཀ་ཏ། ཀྱེ་དཔལ་གཱཏི་མུག་རྡོ་རྗེ། ཀྱོ་དཔལ་འདོད་ཆགས་རྡོ་རྗེ། ཀྱེ ་དཔལ་ཕྲག་དོག་རྡོ་རྗེ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ་ཞེས་པ་ལ་སོགས་པ་རིགས་ཀྱི་རྗེ་སུ་མཐུན་པའི་མིང་བྱའོ་ཞེས་པ་ནི་མིང་གི་དབང་གི་ཆོ་གའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ།། དབང་བསྒྱུར་བ་འདི་རྣམས་ཀྱི ་རྒྱུད་མཉན་པ་དང་། བཤད་པ་དང་། སྔགས་སྒྲུབ་པའི་སྣོད་དུ་འགྱུར་རོ།། དབང་པོ་འདྲི་དག་ཉིད་རིག་པའི་དབང་ཞེས་བརྗོད་དེ། ཐམས་ཅད་ལ་སྤྱན་མ་ལ་སོགས་པ་རྣམས་ཀྱི་བྱ་བ་འཇུག་པའི་ཕྱིར་རོ།། དེའི་རྗེ་སུ། རྡོ་རྗེ་སློབ ་དཔོན་དབང་བསྐུར་བ་བདག་དང་གཞན་གྱི་དོན་གྱི་ཕྱིར།། ཐུགས་རྗེ་ཅན་གྱི་བཀའ་དྲིན་གྱིས།། དེ་རིང་བདག་ལ་སྩལ་དུ་གསོལ།། དེ་ལྟར་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེང་དུ ་གདུགས་དང་བླ་རེས་བརྒྱན་པ་ཤར་གྱི་སྒོར་སེང་གེའི་ཁྲི་ལ་གནས་པ་རྣམས་རྣམ་པ་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་སེམས་དཔའི་གཟུགས་དམིགས་ལ། ཡི་གེ་ཧཱུཾ་ལས་རྡོ་རྗེ ་བལྟས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུའོ།། ཞེས་བྱ་བས་དེ ་ཉིད་བླང་ངོ་།། དེའི་རྗེ་སུ་ཡི་གེ་ཨ་ལས་བསྐྱེད་པའི་དྲིལ་བུའོ།། འདི་དེ་སངས་རྒྱས་ཐམས་ཅད་དེ།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། སྲིད་པ་ངོ ་ཉིད་ཀྱི་བདག། ངོ་བོ་ཉིད་ཀྱི་གཉིས་མེད་བྱས།། རང་བཞིན་དག་པའི་སེམས་དཔའ་ནི།། སྲིད་པ་དམ་པ་བྱེད་པར་འགྱུར་ཞེས་བརྗོད་པས། སློབ་མས་དཀྲོལ་བར་བྱའོ།། དེའི་རྗེ་སུཿཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར།། ཕྱག་རྒྱ་དམ ་ཚིག་ཅེས་བརྗོད་དོ།། གང་ཕྱིར་ཡིད་ཀྱི་ལུས་ནི་བརྟན་པ་གང་།། དེ་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས།། ཞེས་པ་འདིའི་རང་གི་འདོད་པའི་ལྷར་དམིགས་ལ།། བདག་ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལོ་འཁྱུད་པར་བྱའོ།། ་དེའི་རྗེ་སུ་སློབ་དཔོན་རང་གི་སྙིང་གའི་ས་བོན་ལས་ཡང་དག་པར་བྱུང་བའི་ལྷ་མོའི་ཚོགས་ན་མཁར་གནས་པས་དབང་བསྐུར་བར་ཡུད་ཙམ་བསམ་མོ།། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། ཁམས་གསུམ་པ་ཡིས་ཕྱག་བྱས ་པཱཏ་གསང་བ་གསུམ་གྱི་གནས་ལས་བྱུང་།། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ།། ཞེས་པས་དབང་བསྐུར་རོ།། འདི་སྐད་དུ། ཤེས་རབ་བཅུ་དྲུག་ལོན་པ་ལཱ།། ལྷག་པ་གཉིས་ཀྱིས་འཁྱུད་ནས་ནི།། རྡོ་རྗེ་དྲིལ་བུ་རབ་སྦྱར་བ།། སློབ་། ་གྱིས་ནི་དབང་དུ་བཞེད།། ཅེས་པའོ།། དེའི་རྗེསུ་མདོར་བསྡུས་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་རྣམ་པར་དག་པ་བཤད་པར་བྱའོ།། པདྨའི་དཀྱིལ་འཁོར་ཞེསུ་བསྟན།། ཡིད་ཀྱི་དཀྱིལ་འཁོར་གྱིས་ནི་མཆོག ་ཁང་བུ་བརྩེགས་པ་ཡེ་ཤེས་སོ།། སེམས་ནི་གཞལ་ཡས་ཁང་གི་དངོས།། ཕུང་པོ་ལྔ་ལ་མཉམ་བརྟེན་ནས།། སངས་རྒྱས་སྔར་ནི་ཡོངསུ་གྲགས།། ཞེས་པ་ལ་སོགས་པའོ།། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པར་དམི ་པའི་སློབ་མ་ལ་རྗེསུ་གནང་བ་སྦྱིན་ཏེ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། ཇི་ལྟར་འདུལ་བ་སྣ་ཚོགས་པའི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་པས་ཆོས་ཀྱི་གནསུ་རྡོ་རྗེ་དང་། ་ནོར་བུ་དང་། པདྨ་དང་། ལས་ཀྱི་སྒྲ་བཅུག་སྟེ། ཚིགས་སུ་བཅད་པའི་རིམ་པས་རྗེ་སུ་གནང་བ་སྦྱིན་ནོ།། དེའི་རྗེ་སུ་མི་བསྐྱོད་པའི་གཟུགསུ་དམིགས་ལ། རྡོ་རྗེ་བརྟུལ་ཞུགས་སྦྱིན་ཏེ། འདི་དེ་སངས་རྒྱས་ཐམས་ཅད་དེ། ་རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན།། ཞེས་པ་འདིའི་ཡི་གེ་ཧཱུཾ་ལས་བྱུང་རྡོ་རྗེ་སྦྱིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི། ་ཧི་ཧི་ཧི་ཧི་ཧཱུ~ཾ་ཞེས་བརྗོད་དེ། སློབ་མས་རྡོ་རྗེ་བཟུང་ངོ་།། རྡོ་རྗེ་བརྟུལ་ཞུགས་སྦྱིན་པའོ།། དེའི་རྗེས་ལ་བདག་ཉིད་སངས་རྒྱས་ཀྱི་གཟུགས་དམིགས་ལ་སྙིང་གར་ལག་པ་གཡོན་པས་ཆོས་གོས་སྙིང་གར་བཟུང ་བའི་ཚུལ་དུ་བྱས་ལ། གཡས་པས་མི་འཇིགས་པའི་ཕྱག་རྒྱས་བཅིངས་ལ། སློབ་མོ་གང་གིས་ཀྱང་རིགས་དེའི་གཟུགསུ་དམིགས་པར་བྱས་ལ། དེ་ལ་ལུང་བསྟན་པར་བྱ་བ་ནི། ཨོཾ་དེ་རིང་ཁྱོད་ལ་ངས་ལུང་བསྟན་པར་བྱ་བ་ནི། རྡོ་རྗེས ་དཔའ་དེ་བཞིན་གཤེགས།། སྲིད་དང་ཤིན་ཏུ་དགའ་བས་མ་སྲིད་དང་ངན་འགྲོ་དག་ལས་བ་ཏྭོ་ནཽ།། ཧེ་མ་ཧཱ་མུ་ཀ་ནཱ་མ་ཏ་ཐཱ་ག་ཏཱ། སིདྡྷི་སཽ་མ་ཡ་སྟྭཾ། དྷུ་ར་བྷཱ་བ་སྭ་ཞེས་པས་ལུང་བསྟན་པོ་གང་ཚིགསུ་བཅད་པ་དང་ཕྱག་རྒྱ་འདི་དག ་གིས་ལུང་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅིས་པ་ཐམས་ཅད་དཀྱིལ་འཁོར་པ་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།། འདི ་ཉིད་ཤིན་ཏུ་ཕྱག་རྒྱའི་མཐུས་འདིའི་སྔགས་ཀྱི་སྟོབས་ཀྱིས་དད་པར་བྱ་ཞེས་སློབ་མ་ལ་བརྗོད་དོ།། ལུང་བསྟན་པའོ།། དེའི་རྗེས་སུ་མ་ཧཱ་ས་མ་ཡ་ཧཱུཾ་ཧན?་ཧ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པས་དབུགས་དབྱུང་བར་བྱ་སྟེ།། གསང་ཆེན་མཆོག ་གི་དཀྱིལ་འཁོར་དུ།། བཅུག་པ་དང་ནི་མཐོང་བ་ཡིས།། སྡིག་པ་ཀུན་ལོས་རྣམ་གྲོལ་ཏེ།། དེ་རིང་ཁྱོད་ནི་བདེ་བར་གནས།། ཐེག་ཆེན་ཐེག་པ་འདི་ལ་ནི།། ཕྱིན་ཆད་འཚེ་བ་ཡོད་མིན་པས།། སྲིད་པ་ཤིན་ཏུ་དག་པས་ན།། སྲིད་པའི་སྡུག་བསྔལ ་བཏོན་པའོ།། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དང་། བྱང་ཆུབ་སེམས་ནི་སྤང་མི་བྱ།། གང་ཞིག་སྐྱེས་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད།། དམ་པའི་ཆོས་ནི་མི་སྤང་ཞིང་།། ནམ་ཡང་སྤང་བར་མི་བྱའོ།། མི་ཤེས་པ་འམ་རྨོངས་པ་ཡ།། དེ ་ནི་བསྟན་པར་མི་བྱའོ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི།། ནམ་ཡང་སྤང་བར་མི་བྱའོ།། སངས་རྒྱས་ཀུན་དང་མཉམ་པས་ན།། སློབ་དཔོན་ནམ་ཡང་སྨད་མི་བྱ།། རང་གི་བདག་ཉིད་ཡོངས་བཏང་ནས།། དཀའ་ཐུབ་ཀྱིས་ནི་གདུང་མི་བྱ།། ཇི་ལྟར་བདེ ་བས་བདེ་བ་བཟུང་།། འདི་ནི་མ་འོངས་རྫོགས་སངས་རྒྱས།། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར།། སྔགས་དང་རྒྱུད་རྣམས་འཛིན་གྱུར་པས།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ལྷ་རྣམས་ཀྱང་ནི་བཞེད་པ་ཡིན།། སེམས ་ཅན་རྣམས་ནི་རྗེས་བཟུང་ཕྱིར།། དཀྱིལ་འཁོར་ཆོ་ག་བཞིན་དུ་ནི།། ཁྱོད་ཀྱིས་ནན་ཏཏཱན་བཞིན་དུ་བྲིས།། སྒྲུབ་པ་པོ་རྣམས་རྒྱུད་ལྔ་སྦྱོར།། དབུགས་དབྱུང་བ་སྦྱིན་པའོ།། འདི་ལ་རྗེ་སུ་གནང་བ་སྦྱིན་ཏེ། རིག་པའི་དབང་ལྔའི་རྗེས་དང་སློབ ་དཔོན་གྱིས་དབང་གི་རྗེ་སུ་སྦྱིན་པར་བྱའོ།། སློབ་དཔོན་གྱི་དབང་ནི་ཕྱི་མི་ལྡོག་པའི་དབང་ཞེས་བྱའོ།། ཐམས་ཅད་ལ་བུམ་པའི་བྱེ་བ་འཇུག་པའི་ཕྱིར་རོ།། དབང་བསྐུར་བ་འདི་དག་ནི་རྒྱུད་ཐམས་ཅད་དང་མི་འགལ་བའོ།། འདི་དག་ནི ་སློབ་དཔོན་གྱི་དབང་བསྒྱུར་བའི་སྐུ་རྡོ་རྗེ་རྣམ་པར་སྦྱོར་བའོ།། དེའི་རྗེ་སུ་སྒྲིབ་གཡོགས་པས་དབེན་པར་བྱས་པའི་ཕྱོགསུ་སློབ་མ་དང་ཡིད་དུ་འོང་བའི་གཟུགས་དང་ལང་ཚེ་དང་ལྡན་པ། དམ་ཚིག་དང་སྡོམ་པ་དང་ལྡན་པའི ་ཤེས་རབ་གསང་བའི་དབང་བསྐུར་བའི་ཕྱིར་བླ་མཱ་ལ་ཕུལ་ཏེ། འགྲོ་བའི་གནས་སྐབས་ཀྱིས་གསོལ་བ་གདབ་པར་བྱའོ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས།། མཆོད་རྟེན་ཇི་ལྟར་སྩལ་བ་ལྟར།། བདག་ཀྱང་དྲང་བ ་དོན་གྱིས་ཕྱིར།། ནམ་མཁའི་རྡོ་རྗེ་དིང་བདག་གསོལ།། བླ་མས་ཀྱང་ཏིང་འཛིན་གསུམ་མངོན་དུ་བྱས་རང་རིག་པར་བྱས་ཏེ། ན་མཁའི་ཁམས་ནས་སྤྲོས་པའི་ཤེས་རབ་ཀྱི་པདྨ་ནས་བླངས་ནས། ཤེས་རབ་གདོང་ནི་བཅིང་བ་དང་།། ཐབ ་ཀྱི་གདོང་ཡོང་དེ་བཞིན་ནོ།། རྒན་པོ་དང་མིད་མེད་དག་གིས་ནི་སློབ་མའི་ཁར་ལྷུང་བྱ། ཨ་ཧོ་མ་ཧཱ་སུ་ཁཱ་ཞེས་པས་ལོངས་སྤྱོད་ཀྱི་གནས་སུ་གཞག་པར་བྱའོ།། རྣམ་པར་སྣང་མཛད་བདག་ཉིད་དོ།། དེ་ནས་ལངས་ནཱས་འདི་དག་ཉིད་དུ་སྦྱིན།། ་གསང་བའི་དབང་བསྐུར་བ་ནི་ངག་གི་རྡོ་རྗེ་སྦྱོད་བའོ།། གསང་བའི་དབང་བསྒྱུར་པོའི་ཆོ་གའོ།། དེའི་རྗེསུ་ཕྱག་རྒྱ་གཅིག་གོམ། དེ་ལས་ཐ་དད་པ་གཞན་ལ་སོ་སོ་རང་གིས་རླིག་པའི་ཆོས་ཀྱི་སྐུ་རྟོགས་པའི་ཕྱིར།། གང་སྔར་བསྟོན་པ ་ཚིཀཱ་སུ་བཅང་པས་གསོལ་བ་འདེབས་པ་དང་ལྡན་པའི་སྐྱོབ་མ་དེའི་བྱུག་པར་དྭའི་ལོག་པཱ་རབ་ཏུ་གཏད་ངོ་།། སན་ཅིག་དེ་བཞིན་གཤེགས་པའི་སྒྲའི་རྡོ་རྗེ་གཞག་སྟེ། ཟླ་མ་རྡོ་རྗེ་འཛིན་པས་འདི་སྤྱང་བརྗོད་དོ།། ཡིད་དྨོ་འོང་བའི་གྲཝ་ཟུང་ས་མ ་འདི། བརྟེན་པར་སངས་རྒྱས་ཀུན་གྱིས་བེསྔགས།། འཁོར་ལོའི་རིམ་པའི་སྦྱོར་བ་ཡིས།། དམ་པའི་འདེ་བ་ཉམསུ་མྱོང་།། འགྲོ་གསུམ་དེ་ཡི་དག་པ་ནི།། ཐབས་གཞན་ལས་ནི་བྱང་ཆུབ་མེད།། དེ་བས་ཁྱོད་ཀྱི་ནམ་ཡང་ནི།། འདི་དང ་བྲལ་བར་མི་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རེག་པའི་བརྟུལ་ཞུགས་བླ་ན་མེད།། བླུན་པོ་འགའ་ཞིག་འདི་སྤོང་བ།། དེ་ལ་མཆོག་གི་དངོས་གྲུབ་མེད་ཅེས་བརྗོད་པས་སྦྱིན་ནོ།། དེས་ཀྱང་གུར་གུམ་དང་ཙན་ངན་དག ་བྱུགས་ཏེ་དྲི་ཞིམ་པོ་དང་མེ་ཏོག་གི་ཕྲེང་བས་མཛེས་པར་བྱས་ཏེ། གོས་དང་བྲལ་བས་ལེགས་པའི་པདྨ་གསལ་བར་བསྟན་ཏེ། འདི་སྐད་ཅེས་བརྗོད་།། གཤང་གཅི་ལ་སོགས་བཟའ་བ་དང་།། ཁྲག་དང་ཁུ་བ་དེ་བཞིན་ཤ། བུ ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། བུད་མེད་མཆོག་ལ་འདི་བཞིན་གོས།། བྷ་ག་པདྨ་འོ་བྱེད་དམ།། བུ་ཡི་ཇི་ལྟར་བདེ་བ་སྨོས་ཞེས་པ་དང་།། དེས་ཀྱང་ལྷ་མོ་ཅི་ཕྱིར་བདག་མི་སྤྲོ།། ཁུ་བ་ཁྲག་སོགས་བཟའ་བ་དང་།། རྟག་ཏུ་བུད་མེད་གུས་པ ་བྱེད། བྷ་ག་ཉིད་ལ་འོ་བྱེད་དོ་ཞེས་བརྗོད་དོ།། དེ་ནས་དགའ་བའི་བསྡམ་པ་དང་། ཙོ་བས་ལྷག་པར་བལྟ་བས།། ཁྱེད་བཞིན་དུ་རྣམ་པར་བལྟས་ཏེ། ལེགས་པའི་པདྨ་བསྟན་ཏེ། འདི་སྐད་ཅེས་བརྗོད་དོ།། ཀྵེ་མ་བདགྲ་གཱི་པདྨོ་འདི།། ་བདེ་བ་ཐམས་ཅད་ཡང་དག་ལྡན།། གང་གིས་ཆོ་ག་བཞིན་དུ་བསྟེན།། དྷ་ནི་དེ་ཡི་མདུན་ནཱ་གནས།། ཇི་ལྟར་པོདྨོའི་བྱ་བ་གྱིས།། རྫོགས་པའི་སངས་རྒྱས་བསྙེན་བཀུར་ལྷག། རང་ཉིད་བདེ་ཆེན་རྒྱལ་པོ་སྟེ།། འདི་ཉིད་དུ་ནི་ཡང ་དག་གནས།། བྷ་རྫ་ཧཱུཾ་མོཀྵ་ཧོ་ཞེས་པའོ།། དེས་ཀྱང་རང་གི་ལྷའི་རྣལ་འབྱོར་གྱི་བདག་ཉིད་ཀྱིས། མགོ་བོ་དང་། སྤྲིང་ག་དང་། ལྟེ་བ་དང་གསང་བ་དང་། རྐང་པ་རྣམས་གི་རོམས་ཇི་ལྟ་བར།། ཨོཾ་ཧཱུཾ་སཾ་ཨ་ཧ་ཞེས་པས་རིགས་སྤུ ་ཡང་དགོད་པར་བྱ་ལ། དེའི་རྗེ་སུ་ཡི་གེ་ཧཱུཾ་ལས་པདྨ་དང་རྡོ་རྗེ་ཨ་དང་ཡི་གེ་ཨོཾ་ངག་གི་ཟེ་འབྲུ་དག་གི་ནང་དུ་ཡི་གེ་ཕཊ་རྣམ་པར་བསྒོམ་མོ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་གྱི་ངོས་ན་གནས་པ། ་སོར་མོ་བསྐྱོད་དེ།། ཅུང་ཟད་ཤེས་པས་སོ།། འདི་ཡང་བླ་མའི་མན་ངག་ལས་སོ།། དེའི་རྗེ་སུ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་དགའ་བ་བརྩམ་པར་བྱའོ།། རྡོ་རྗེ་པདྨར་རབ་གཞགྲ་ནས།། བྱང ་ཆུབ་སེམས་ནི་ཤོར་མི་བྱ།། དགའ་བ་ཡིས་ནི་དཀྲུགས་པ་ཡི།། སེམས་ནི་གང་བས་སྒོམ་པར་བྱའོ།། བྱང་ཆུབ་སེམས་ནི་གཤེགས་གསིལ་བས།། ཇི་སྲིད་རྣལ་འབྱོར་པ་མི་བྱེད།། གང་ཡང་དགའ་བ་ལས་སྐྱེས་འདི།། དེ་སྲིད་རྒྱུན ་མི་ཆད་ཐོབ་པ།། བྱང་ཆུབ་སེམས་ནི་ལྷུང་བ་ཡི།། ཕུང་པོ་རྣམ་ཤེས་རྒྱལ་གྱུར་ནས།། ཇི་སྲིད་དངོས་གྲུབ་སྨད་པ་ཡིན།། མཁའ་དབྱིངས་རྡོ་རྗེ་ཡང་དག་སྦྱོར།། རེག་ལས་ཀྱང་མི་རྨད་བྱུང་ཚེ།། བདེ་བ་སྐྱེ་བར་འགྱུར་བ་གང་།། དེ་ནི་མཆོག ་དགའ་དམ་པའོ།། དགའ་བྲལ་གྱི་ནི་ནང་དག་ཏུ།། མཚོན་ཞིང་ལྟོས་ལ་བརྟན་པར་གྱིས།། པདྨའི་ནཱ་མཁར་ནོར་བུའི་ཟེ་འབྲུ་དག། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་མནན་པའི་གནས་དག་ཏུ།། སེམས་ཀྱི་ནོར་བུའི་ནང་དུ་ཆུད་པ་བལྟ།། ཡེ་ཤེས ་གང་སྐྱེས་ཡེ་ཤེས་གཟུགས་ཀྱིས་བརྒྱན།། འདོད་ཆགས་མ་ཡིན་ཆགས་བྲལ་མིན།། དབུ་མར་དམིགས་པར་མི་འགྱུར་རོ།། རྣལ་འབྱོར་ཡེ་ཤེས་མཐོང་བ་གང་།། བདེ་བར་གནས་པ་མཐོ་བ་མེད།། ཐུན་ཕྱེད་དམ་ནི་ཡང་ན་གཅིག། ཉིན ་དང་ཟླ་བ་ཟླ་ཕྱེད་ལོ།། བསྐལ་པ་བསྐལ་པ་སྟོང་ཕྲག་ཏུ།། ཡེ་ཤེས་ཀྱིས་ནི་རྣལ་འབྱོར་གནས།། སློབ་མས་སྙོམས་པར་འཇུག་བལྟས་ལ།། བླ་མའི་སྙིང་ག་ནས་འབྱུང་བའི།། གཎྜཱི་མུག་དགའ་མ་ལ་སོགས་བཞི།། དེ་ཡི་སེམས་ཉིད་ལ ་དགོད་དོ།། སློབ་མའི་མཚན་ཉིད་ལེགས་པར་གྱིས།། པདྨའི་ནང་དུ་འབྱུང་བར་བྱ།། དེ་ནས་བཅུད་ཀྱི་ལེན་གྱི་སེམས།། བྱང་ཆུབ་མངོན་དུ་འགྲོ་བས་བླང་།། ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། སེམས་ཀྱི་རྡོ་རྗེ་རྣམ ་པར་སྦྱོང་བའོ།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། ཇི་སྐད་བཤད་པའི་ཆོ་གས་ཤེས་རབ་ཀྱི་དབང་ཡོངསུ་འཛིན་པ་ལ་དེ་བཞིན་དུ་མངོན་པར་བརྗོད་པ་བཞི་པ་འབྲས་བུར་གྱུར་པའི་དབང་བསྐུར་བ་རིན་པོ་ཆེ་བརྗོད་པ ་བྱ་སྟེ། གཞན་དུ་དམ་ཚིག་ལ་སོགས་པས་འཕགས་པ་གསུངས་པ། གཞན་དུ་དབང་ནི་མ་བསྐུར་བར།། གང་ཞིག་རྣལ་འབྱོར་པ་ཉིད་འདོད།། མཁའ་ལ་ཁུ་ཚུར་རྡེག་པ་དང་།། སྨིག་རྒྱུའི་ཆུ་ལ་འཐུང་བ་མཚུངས།། དེའི་ཕྱིར་དེ་ཁོ་ན་ཉིད ་ཀྱི་དབང་ཆོ་ག་ཇི་ལྟ་བ་བཞིན་དུ་བྱིན་པས་སློབ་མའི་མོས་པ་ཡིང་བཱརྟས་ཏེ། ཟབ་ཅིང་རྒྱ་ཆེ་བ་ལ་ལྷག་པར་མོས་མ།། ཚིག་གི་དབང་བསྐུར་བ་རིན་པོ་ཆེ་སྦྱིན་ནོ།། གཞན་དུ་ན་མ་ཡིན་ནོ།། འོ་ན་ཇི་ལྟར་རང་བཞིན་རྒྱ་ཚོལ་མོས་པར ་རེག་ཅན། དེ་སྐད་དུ་ཡང་དུ་བ་ལོས་ནི་མེར་ཤེས་ཏེ། ཆུ་སྦྱར་ལས་ནི་ཆུ་ཡིན་ནོ།། བྱང་ཆུབ་སེམས་དཔའི་བློ་ལྡན་གྱི།། རིགས་ནི་མཚན་མ་རྣམས་ལས་ཤེལ།། བཞིན་ནི་རབ་ཏུ་དང་བས་སྟོན།། ལུས་ཀྱིས་ཀྱང་ནི་པདྨ་སྤྲོ།། ཁྱོད་རྒྱས་པ ་ཡི་དེ་ཉིད་མཐོང་།། མཁས་པ་ཡིས་སློབ་མ་དེ་ནི་རྗེ་སུ་བཟུང་ཞེས་པའོ།། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་ནི་རྣམ་པ་གསུམ།། རྒྱུད་འདི་རཱ་ནི་རབ་ཏུ་གྲགས།། སློབ་དཔོན་གསྡང་བ་ཤེས་རབ་དང་། ་དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་པའོ།། རྒོད་དང་བལྟས་དང་ལག་བཅངས་དང་།། དེ་ལྟར་སླར་ཡང་གཉིས་སྤྲོད་རྒྱུད།། དགའ་བ་དང་ནི་མཆོག་དགའ་དང་།། བྲལ་བ་དེ་བཞིན་ལྷན་ཅིག་སྐྱེས།། རྣམ་པ་སྣ་ཚོགས་རྣམ་སྨིན་དང་།། རྣམ་པར ་ཤེས་དང་མཚན་ཉིད་བྲལ།། དབང་བསྐུར་བ་ཡི་རིམ་པ་ཀུན།། ཐམས་ཅད་ཤེས་རབ་ལུས་ལས་སྐྱེས།། ཡང་གསུངས་པ། ཨེ་ཡི་ཆ་བྱད་བཟང་པོ་ལ།། དབུསུ་པ་མཾ་གྱིས་རྣམ་པར་བརྒྱན།། བདེ་བ་ཐམས་ཅད་ཀྱིས་ནི་གནས།། སངས་རྒྱ ་རིན་ཆེན་པ་མ་ཏོག། དེ་ལ་དགོད་པ་དག་ནི་སློབ་དཔོན་ཏེ།། ལྦུ་བ་དེ་བཞིན་གསང་བའོ།། འཁྱུད་པ་དག་ལྟ་ཤེས་རབ་དང་།། བཞི་པ་དྨོ་བཞིན་གཉིས་སྤྱད་རྒྱུད།། དགའ་བ་ཅིང་ཡང་བདེ་བ་སྟེ།། མཆོག་ཏུ་དགའ་བ་དེ་བས་ལྷག། དགའ ་བྲལ་དགའ་བྱ་ཆགས་བྲལ་འགྱུར།། ལྷན་ཅིག་སྐྱེས་དགའ་ལྕུག་མའོ།། དང་པོ་རེག་པ་འདོད་པ་སྟེ།། གཉིས་པ་བདེ་བར་འདོད་པ་ཡིན།། གསུམ་པ་འདོད་ཆགས་འཇིགས་པར་འགྱུར།། དེ་བས་བནྡེ་པ་བསྒོམ་པར་བྱ།། དགའ་བ་དང ་པོ་རྣམ་སྣ་ཚོགས།། མཆོག་ཏུ་དགའ་བ་རྣམ་པར་སྨིན།། དགའ་བྲལ་དགའ་བ་རྣམ་ཉིད་དང་།། ལྗིན་ཅིག་སྐྱེས་དགའ་མཚན་ཉིད་བྲལ།། རྣམ་པ་སྣ་ཚོགས་སྣ་ཚོགས་བརྗོད།། འཁྱུང་བ་འོབྱེད་ལ་སོགས་པ།། རྣམ་པར་སྨིན་པ ་དེ་ལས་བཟློག། བདྲེ་བའི་ཡེ་ཤེས་ཟ་བའོ།། རྣམ་པར་ཉེད་པ་དཔྱོད་པར་བརྗོད།། བདག་གི་བདེ་བ་སྤྱོད་དོ་ཞེས།། མཚན་བྲལ་དགའ་བ་གསུམ་ལས་གཞན།། ཆགས་དང་ཆགས་བྲལ་རྣམ་སྤངས་པའོ།། དེ་དག་ཉིད་ཀྱིས་གསུངས་པ།། ་འདོད་ཆགས་མ་ཡིན་ཆགས་བྲལ་མིན།། དབུ་མར་དམིགས་པར་མི་འགྱུར་རོ།། དགའ་བ་གསུམ་པོ་སྤངས་པ་ཉིད།། ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ།། དོན་འདི་ཉིད་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པ་ལས ་བསྟན་ཏྲེ། བསྒྲུབ་བྱ་སྒྲུབ་པའི་ཡང་དག་སྦྱོར།། གང་དེ་བསྙེན་པ་ཞེས་བྱར་བརྗོད།། རྡོ་རྗེ་པདྨ་མཉམ་པར་སྦྱོར།། ཉེ་བར་སྒྲུབ་པ་ཞེས་བཤད་དོ།། བསྐྱོད་པ་སྒྲུབ་པ་རུ་ནི་བཤད།། ཡི་གེ་ཧཱུཾ་ཕཊ་མཉམ་པར་ལྡན།། རང་བཞིན་རང ་གི་བདེ་ཞི་བ།། སྒྲུབ་པོ་ཆེན་པོ་ཞེས་བཤད་།། བསྒྲུབ་བྱ་ཤེས་རབ་སྒྲུབ་པ་ཐབས།། དེ་དགེ་སྦྱོར་བ་བསྙེན་པོ་ཡིན།། པདྨར་རྡོ་རྗེ་འཇུག་པ་ཉེ་བར་སྐྱོབ།། བསྐྱོད་པ་སྒྲུབ་པ་རང་བཞིན་གྱིས།། རང་གི་བདྲེ་ཞི་སྒྲུབ་པ་ཆེན་པོར ་བཤད།། བསྒྲུབ་བྱི་སྒྲུབ་པའི་རྡོ་རྗེ་གང་།། རབ་འཇུག་མཐར་ཐུག་དགའ་བའོ།། ཤིན་ཏུ་བསྐྱོད་པ་བྱང་ཆུབ་ཀྱི།། མཐར་ཐུག་མཆོག་ཏུ་དགའ་བའོ།། འཕོས་པ་ཡི་སོ་ནི་དགའ་བྲལ་ལོ།། འདི་དག་ནང་དུ་གནས་པ་ཡི།། བདེ་བ་བཞི་པར་གང ་གསུངས་པ།། དེ་ནི་ལྷན་ཅིག་སྐྱེས་པའོ།། སྒྲུབ་པ་ཤེས་པའི་དོན་ཏོ།། དེ་དག་ཉིད་གསུངས་པ།། ཐོག་མ་དབུས་དང་ཐ་མ་མེད།། སྲིང་མེད་མྱ་ངན་འདས་པ་མེད།། འདི་ནི་བདེ་ཆེན་མཆོག་ཡིན་ནོ།། བདག་དང་གཞན་ཡང་ཡོད་མ་ཡིན།། ་མཆོག་དགའ་སྲིད་པར་བཤད་པ་སྟེ།། མྱ་ངན་འདས་པའང་འདོད་ཆགས་བྲལ།། དགའ་བ་གསུམ་པོ་ཙམ་ཉིད་ནི།། ལྷན་ཅིག་སྐྱེས་དགའ་རྣམ་པར་སྤངས།། སྣ་ཚོགས་སྤངས་པའི་སྐད་ཅིག་གིས།། མཆོག་ཏུ་དགའ་བ་ཡང ་དག་རྙེད།། བླ་མས་བཀའ་སྩལ་སེམས་དཔའ་ཆེ།། བདེ་བ་ཆེན་པོ་ཡང་ངག་བཟུང་།། ཇི་སྲིད་བྱང་ཆུབ་མ་ཐོབ་པར།། སེམས་ཅན་དོན་གྱི་རྡོ་རྗེ་འཛིན།། ཅེས་པ་ལ་སོགས་པའོ།། ཇི་ལྟར་ཞེ་ན། གང་ཕྱིར་དབྱེ་བས་གསུམ་བསྟན་པ།། རྒྱུ་ལ་འབྲས ་བུ་གཞན་མེད་ཕྱིར།། དབྱེ་བ་གསུམ་ནི་སྔར་རབ་གྲུགས།། བྲལ་དང་དགའ་བ་ནང་དག་ཏུ།། རབ་ཏུ་གསལ་བར་བྱེད་པ་བཞི།། འོ་ན་ཇི་ལྟར་ཡིད་དག་ནང་དུ་རབ་གསལ་ཞེས་པ་ཇི་ལྟར་ཞེ་ནི། མཆོག་གི་མཐའ་ལ་བྲལ་བའི་དབུས།། སྟེང ་ལས་སྟོང་མིན་རྡོ་རྗེ་འཛིན།། ཅེས་པ་ལ་སོགས་པའི་ཚིག་གོ།། སྟོང་ལས་སྟོང་མིན་ཇི་ལྟར་ཞེ་ན། ཐོག་མ་ཐ་མ་མེད་ཞི་བ།། དངོས་དང་དངོས་མེད་ཁྱབ་པའི་བདག། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་དཔའ་ཞེས་བྱར་བརྗོད།། ་ཅེས་པ་ནི་གྲུབ་པའི་མཐུའོ།། འདི་དྲུག་གང་གི་ཐབས་ཀྱིས་བསྐྱེད།། དཀྱིལ་འཁོར་ལོ་སོགས་ཐབས་ཀྱིས་དང་།། རང་བྱིན་བརླབ་པའི་རིམ་པས་ཀྱང་།། ཞེས་པ་རྒྱས་པར་སྦྱར་རོ།། དེ་དོག་བདག་གིས་ནི་མ་བཤད་དོ།། ཅིའི་ཕྱིར་ཞེ་ན། གང་རང ་རིག་པའི་ཡེ་ཤེས་འདི་ནི་ངག་གི་སྤྱོད་ཡུལ་གྱིས་ལམ་ལས་འདས་པའི་ཕྱིར།། བྱིན་བརླབས་གོམས་པས་གང་དེ་ཡི།། ཐམས་ཅད་ཤེས་པ་དེ་རང་བཞིན།། གཞན་ཡོང་གསུངས་པ། གཞན་དུ་ལྷན་ཅིག་སྐྱེས་བཤད་མེད།། གང་ལས ་ཀྱང་ནི་རྙེད་མི་འགྱུར།། བླ་མའི་དུས་ཐབས་བསྟེན་པ་ལས།། རང་གི་བསོད་ནམས་ཀྱིས་ཤེས་འགྱུར།། བྷྲ་མའི་ཞབས་ཀྱིས་བཀའ་དྲིན་གྱིས།། རང་གི་བསོད་ནམས་ཆེན་པོར་འགྱུར།། སྐད་ཅིག་ཤེས་པའི་ཡེ་ཤེས་གང་།། ངག་གི་སྤྱོད་ཡུལ ་ལམ་ལས་འདས།། དེ་སྐད་གསུངས་པ། བདེ་ཆེན་རྒྱལ་པོ་གཅིག་པུ་ཤེས།། འགྲོ་བ་རྒྱུད་ལ་རྟག་ཤེས་པར།། གང་གིས་ཀྱང་ནི་སྟོན་པའི་དུས།། ཐམས་ཅད་མཁྱེན་པའང་ཚིག་ཕོངས་འགྱུར།། ས་ར་པ་ཡིས་གསུངས་པ། དེ་ནི་ཚིག་གི ་བླ་མས་མི་སྟོན་པས།། སློབ་མས་གོ་བཱར་མ་གྱུར་ཏེ།། གྲོགས་དག་མ་ལུས་འདི་དག་ལྷན་ཅིག་སྐྱེས་པ་ཡིས།། བདུད་རྩིའི་རོ་འགྱུར་སུ་ཅི་ཞིག་གིས་བསྟན།། བློ་ཡི་སྤྱོད་ཡུལ་མ་ཡིན་ངག་གི་རྒྱུ་བ་མེད།། བླ་མའི་བརྗོད་པ་དངོས་པོ་ལས ་རིང་གཏན་ལས་འཇུག། དེ་ཡང་རིམ་གྱིས་སྙིང་རྗེ་ལ་སོགས་རིམ་གྱི་ཡོན་ཏན་འཕེལ།། དད་ལྡན་སྙིང་གི་གནས་སུ་རང་ཉིད་སྟེར་བར་འགྱུར།། འོ་ན་བྱང་ཆུབ་སེམོས་ཀྱི་མཚན་ཉིད་ཅི་ཡིན་ཟེར་ན།། དེས་གསུངས་པ། དབང་པོ་རྣམས ་ནི་གཉིད་ལོག་དང་།། ཡིད་ནི་ནང་དུ་རྣམ་གནས་དང་།། སེམས་ནི་ཉམས་པ་ལྟ་བུར་སྣང་།། ལུས་ནི་དམ་པའི་བདེ་བས་རྒྱལ།། དབང་པོའི་ཚོགས་རྣམས་རྣམ་པར་ནུབ།། རྣམ་པར་རྟོགས་ཉམས་འཁོར་བའི་ས་བོན་མེད།། དགའ ་བའི་སྣང་བ་འདི་ནི་ནམ་མཁའ་དང་།། མཉམ་པའི་ངོ་མཚར་བསིལ་བའི་ཉམས།། དབང་པོ་རྣམས་ཀྱང་ནུབ་འགྱུར་ཞིང་།། རང་གི་ངོ་བོ་ཡང་ཉམས་པར་འགྱུར།། ལྷན་ཅིག་སྐྱེས་དགའ་མཆོག་འདི་ནི།། བླ་མའི་ཞལ་ལ་གསལ་བར་དྲིས།། ་དེ་ཉིད་གསུངས་པ། གང་ཞིག་ཉམས་པའི་དུས་སུ་ཤར་བས་འདུད།། ཡུལ་དང་དབང་པོ་མཉམ་པར་ནུབ་འགྱུར་པ།། གང་ཡང་མངོན་དགའ་རྒྱལ་བས་མཛེས་པ་གཅིག་པའི་ལུས།། སྙིང་ལ་མྱུར་དུ་འཆར་བ་མི་ལྡོག ་མཁས་པ་ཡིན།། རྣམ་པར་རྟོག་པ་མཐའ་དག་སྤངས་པའི་བློ།། གང་དེ་བདེ་བ་དམ་པའི་སྟོབས་སུ་འགྱུར།། དེ་ཡང་བྱ་བ་བྱས་པའི་མཁས་པའོ།། གང་གཞན་ཕྱུགས་ནི་རྐང་གཉིས་པ་ཞེས་པའོ།། དེའི་ཕྱིར་ཡང་དག་པའི་བླ་མའི་བསྙེན་བཀུར་སློབ། ་མ་དམ་པས་བྱའོ།། སྐུ་གསུམ་རྗེསུ་འཇུག་པའི་བདེ་བ་ཆེན་པོའི་ངོ་བོ་རང་གིས་རིག་པར་བྱའོ།། དབང་བསྐུར་བ་ཐོབ་པའི་བྱ་བ་བྱས་པས་འདི་སྐད་བརྗོད་པར་བྱ་སྟེ། དི་རིང་བདག་སྐྱེས་འབྲས་བུར་བཅས།། བདག་གི་རྩོལ་བ་འབྲས་བུར་བཅས།། ་དཱི་རིང་སངས་རྒྱས་རིགསུ་སྐྱེས།། སངས་རྒྱས་སྲས་སུ་ང་གྱུར་ཏོ།། དེ་ནས་བླ་མ་དམ་པ་དག་ལ་དབུལ།། དེ་བཞིན་གཤེགས་པས་གསུང་མཚན་ཉིད།། སྣ་ཚོགས་རྒྱན་ནི་གོས་ལོ་སོགས།། རང་གི་ལུས་ནི་ཁྱད་པར་འཕགས།། ཞེས་སོ།། ་དེའི་རྗེསུ་སྦྱིན་སྲེག་བྱས་ཏེ། གཏོར་མ་བྱིན་ལ་སྐྱེ་བོ་འདུལྟ་བ་དང་བརྙས་པའི་དགེ་འདུན་ལ་ཆོས་སྟོན་དེ་ནས་བྱའོ།། སྡུག་བསྔལ་མགོན་མེད་པ་རྣམས་ཚིམ་པར་བྱའོ།། དབང་ཆོ་ག་མདོར་བསྡུས་བྱས་པ་ལས། གང་ཡང་བསོད་ནམས་ལ ་ཟུང་དེ་ཡི་ཕེཾ་ཞལ་མོ་པས།། དེ་ཡིས་གཉིས་མོད་བསམ་མི་ཁྱབ་པ་ཡིས།། བདེ་བ་ཆེན་པོའི་བདག་ཉིད་ཐོབ་པར་ཤོག། སྐྱེ་བོ་རྡོ་རྗེ་འཛིན་པར་གང་གྱུར་ཅིག། དབང་གི་ཆོ་ག་མདོར་བསྡུས་པ་རྫོགས་སོ།། ། དཔལ་གཉིས་མེད་རྡོ ་མཛད་པའོ།། @#།། དཔལ་གཉིས་མེད་རྡོ་རྗེས་མཛད་པའི་རང་བཞིན་ལྔ་པ་ཞེས་པའོ།། རྒྱ་གར་སྐད་དུ། པཉྩ་སྭ་བྷཱ་བ། བོད་སྐད་དུ། རང་བཞིན་ལྔ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྤྲོས་པ་མེད་ཅིང་བླ་ན་མེད།། རྡོ་རྗེ་སེམས་དཔའ ་