| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཏཏྟྭ་པྲ་ཀ་ས་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་རབ་ཏུ་བསྟན་པ་ཞེས་བྱ་ག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་སྐུ་གསུམ་ངོ་བོ་ཅན།། གང་གིས་མཐུ་ལས་སྐྱེས་གྱུར་པ། ་སྲིད་དང་མྱ་ངན་འདས་པ་མཆོག། ཤེས་རབ་ཐབས་བདག་ཕྱག་འཚལ་ལོ།། སྐྱེ་བོ་རབ་རིབ་ཅན་དག་ལྔ།། མཁའ་ལ་སྐྲ་ཤང་སྣང་བ་ལྟརརོ།། དེ་བཞིན་མ་རིག་མུན་སྒྲིབས་པའི།། བྱིས་པ་རྣམས་ནི་འགྲོ་སྙམ་སེམས།། འཁྲུལ་པས ་མཁའ་ལ་མཚོན་པ་ཡིས།། སྐུ་ལ་དག་པའི་མིག་གིས་ལྷོ།། མཐོང་བ་དག་པོའི་རྣལ་འབྱོར་པས།། སྲིད་པ་ཐམས་ཅད་དེ་ལྟར་རྟོགས།། ཀྱེ་ལགས་ན་མཁའི་དཀྱིལ་ལྟོས་དང་།། སྒྲ་བཤང་འཛིངས་པ་བདག་གིས་མཐོང་།། དག ་བའི་མིག་ཅན་དེས་སྨྲས་པ།། ཡོད་མིན་ཁྱོད་ཀྱི་བློ་གྲོས་འཁྲུལ།། རབ་རིབ་ཀྱིས་འཁྲུལ་བསལ་བའི་ཕྱིར།། ཕྱི་ནས་ཡོད་མིན་ཞེས་བརྗོད་ཀྱི།། གསལ་དང་མི་གསལ་སྟོང་པའི་ཕྱིར།། དེ་ཉིད་དུ་ནི་དགག་སྒྲུབ་མེད།། དེ་བཞིན་ཟག་པ ་མེད་ཆོས་རྣམས།། ལྗོངས་སྤྱོད་སྤྲུལ་པའི་སྐུ་དག་གིས།། རྟེན་འབྲེལ་སྨོན་ལམ་ངག་གིས་ནི།། སེམས་ཅན་དོན་དུ་རབ་ཏུ་འཇུག། དེ་དག་དེ་ལས་ཐ་དྲད་མིན།། དེ་དག་དེ་ཡི་རང་བཞིན་ཕྱིར།། ་དེ་དག་རང་བཞིན་མ་བཅོས་གྲུབ།། དེ་དབྱེས་སེམས་ཀྱི་ངོགས་པ་སེལ།། གལ་ཏེ་སྐྱེ་མེད་མིན་འདོད་ནི།། ལྡོག་པས་དངོས་ལ་ཐ་དད་པས།། རྣལ་འབྱོར་སྤྱོད་གཞུང་ལས་གཞན་པའི།། དབུ་མའི་དོན་དུ་ཇི་ལྟར་འགྱུར།། ་གལ་ཏེ་མཐའ་བཞི་རྣམ་སྦྱངས་པས།། དབུ་མའི་དོན་ནི་ཁྱད་འཕགས་ན།། རྣམ་རིག་ལ་ཡང་ཐལ་བར་འགྱུར།། དེ་ཡང་འདི་དག་རྣམ་སྤངས་ཕྱིར།། མཐའ་བཞི་ལས་ནི་རྣམ་གྲོལ་བའི།། ཤེས་པ་གཉིས་མེད་རྗེས ་བདེན་པ།། བརྟགས་པས་སྟོང་ཞིང་གཉིས་མེད།། རྣམ་རིག་སྨྲ་བའི་མཁས་པས་རིག། ཡང་དག་མཐའ་ལས་སྣ་ཚོགས་འདི།། རྟེན་ཅིང་འབྲེལ་ལས་འབྱུང་བར་འགྱུར།། དེ་ནི་མཱ་སྐྱེས་རྫས་ཀྱིས་སྟོང་།། མ་འདྲེས ་མིང་ཙམ་པ་ཉིད་དོ།། བདག་བྱིན་རླབས་དང་འོད་གསལ་བའི།། དབྱེ་བ་ཀུན་མཁྱེན་གྱིས་གསུངས་པ།། གང་ཚེ་དེ་དག་གཅིག་བསྟན་པ།། དེས་ནི་ཆད་པར་ལྟ་བ་སྤངས།། འབྲས་བུ་དེ་ཉིད་མི་མཐུན་ཕྱོགས།། གང་ལ་ཚུགས ་པ་ཡོད་མིན་པ།། འབོད་མེད་སྦྱོར་བ་དེ་ཡིས་ནི།། སངས་རྒྱས་གོ་འོ་ཕང་ངེས་རྫོགས་བྱེད།། དེ་བཞིན་གཤེགས་པས་ལུང་བསྟན་པའི།། འཕགས་པ་ཀླུ་སྒྲུབ་ཀྱིས་བཞེད་པ།། སངས་རྒྱས་ཆོས་ཀྱི་རྗེས ་འཟུ་ད།། མ་ཀྱང་ན་མ་སྨྲ་བག། དནང་རབ་ཏུ་བསྟན་བྱས་ལས།། བདག་གས་བསོད་ནམས་གང་ཐོབ་པ།། ངས་ནི་འཇིག་ཏམ་མ་ལུམ་པ།། རླུང་དུ་འཇུག་པའི་སྒྲད་སྒྱུ་ཆེ། འཁོན་ཉིད ་རབ་རྒྱ་བཛིནི་མནས་བྱག་ཐོབ་པོར་གཉིས་མང་རྗེས་མཛད་འརྫོགསས།། པཏི་ཏ་འཛྲ་གྲོ་བ་ཟའམ་ནི་ཚི་མི་འཐོར་གྱིམ་པོ་རྒྱའོ ་